CLOSE WINDOW

N1898: mi zad pa'i gter mdzod yongs su gang ba'i glu zhes bya ba gnyug ma'i de nyid rab tu ston pa'i rgya cher bshad pa
Wyliee-texts based on the ACIP/ALL Input

པྲ་ཤ་སྟྲ་མིན་ཏི་ཡོ་ཊཱིཀའི་ཛ་ཧ་ར། མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་གཉུག་མའི་དེ་ཉིད་རབ་ཏུ་སྟོན་པའི་རྒྱ་ཆེར་བཤད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། དོ་ཧ་ནི་དྷི་ཀོ་ཥ་གཱི་ཏི་ནཱཾ་པ་རི་པཱུར་པ་ཤསྟྲ་མིན་ཏི་ཡོ་ཊཱིཀཱ། བོད་སྐད་དུ། ་མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་གཉུག་མའི་དེ་ཉིད་རབ་ཏུ་སྟོན་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་འཇམ་དཔལ་སྨྲ་བའི་སྐྱེས་མཆོག་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེས ་བུ་མཆོག་རྣམས་དེ་ཉིད་ཐུགས་སུ་ཆུད་པའི་ངོ་བོ་དང། །ཤེས་རབ་རལ་གྲིས་ཉོན་མོངས་གཅོད་པར་བྱེད་པའི་རྗེ་བཙུན་པ། །དམ་པའི་སྐྱེས་མཆོག་དེ་ཉིད་སྟོན་པར་བྱེད་པའི་བླ་མ་ལ། །བསམ་གྱིས་མི་ཁྱབ་དོན་གྱི་ཡང ་དག་བསྟོད་བྱས་ཏེ། །སངས་རྒྱས་ཉིད་ལས་སངས་རྒྱས་རྟོགས་པའི་ངོ་བོ་དཔལ། །མི་ཤེས་གཉུག་མའི་ངོ་བོ་ཐ་མལ་ཤེས་པ་དེ་དག་ནི། །དམ་པ་རྣམས་ཀྱི་གདམས་ངག་ཇི་ལྟ་བུའི་དོན་ཉིད་དུ། །ཐ་དད་རྟོག་པ་དཔྱད་ཕྱིར་མཉམ་འདི་མེ་ཏྲེས་བཤད།། ་དེ་ལ་ཆོས་ཀྱི་སྐུ་དང་དེའི་དགོངས་པ་ཐ་མི་དད་པ་དག་རྗེ་བཙུན་པ་དཔལ་གྱི་རི་བོ་པ་བདག་གི་རྟོག་པའི་དོན་གླུར་བླངས་ཏེ་བསམ་གྱིས་མི་ཁྱབ་པའི་དོན་དེ་དག་བདག་གིས་རབ་ཏུ་རྙེད་དོ། །དེ་ཡང་མཁའ་འགྲོ་མ་དག་གིས་རྗེས་སུ་དཔག་པས་ཉེ་བར་མི་རྙེད ་པའི་ཕྱིར་ལྐུགས་པའི་སྐད་བརྗོད་དེ། དུ་མ་མེ་ལིའོ། །དེའི་དོན་ནི། མུ་སྟེགས་སྒྲ་དང་ཚད་མ་དང། །མངོན་སུམ་རྗེས་དཔག་རིག་པའི་མདུང། །བློ་རབ་མངོན་ཤེས་ཕྲ་མོས་ཀྱང། །རྟོགས་པར་མི་ནུས་མན་ངག་ཡིན། །ཞེས་བྱའོ། །དེ་བས་ན་འདི་ནི་ཏུག་ཀན་ཙ་མ་ན་ཞེས ་བྱའོ། །དེའི་དོན་ནི་འབྱུང་པ་འབྱུང། །མིན་འབྱུང་བ་འབྱིན། །ལེན་པ་ལེན་མེད་ལེན་ལོང་བ། །སྨྲ་བ་སྨྲ་མིན་སྨྲ་མེད་བརྡ། །དོན་མིན་མེད་དོན་མེད་མིན་ནོ་ཞེས་བྱ་སྟེ། བླ་མ་དག་ལས་ངེས་པར་རྙེད་པའི་དོན་ཏོ། །དེ་བས་ན་ཧི་མ་ཧཱུཾ་མངས་ར་ཧཱུཾ་ཧོ ་ཞེས་བྱ་སྟེ། དེ་དག་གི་དོན་ནི། མགོ་བཅད་ནམ་མཁའ་དག་ལ་འཕངས། །ནང་གྲོལ་ཚོགས་ཀྱི་སྟོན་མོ་བྱས། །རྐང་མཐིལ་སྤྱི་གཙུག་དག་ཏུ་བཀུར། །ལྟེ་བའི་འཁོར་ལོ་བསྐོར་བར་བྱ། །དེ་ནི་ངེས་པར་སྦྱར་བའི་ཆའོ། །དེ་བས་ན་རྟག་ལ་ཨ་རི ་ཏ་ཞེས་ཏེ། དེ་དག་གི་དོན་ནི། གྲུབ་པ་མེད་ཕྱིར་རྨི་ལམ་སྟོན། །བརྒྱུད་པ་ཡིན་ཕྱིར་གླུ་ལེན་ཏེ། །གསང་བ་ཡིན་ཕྱིར་མཁའ་འགྲོའི་སྐད། །གདམས་ངག་ཡིན་ཕྱིར་ཉམས་སུ་བླང། །ཞེས་བྱ་བ་ནི་གནས་པར་བྱ་བའི་ཡན་ལག་གོ་། ་དེ་བས་ན་ཨེ་ཀ་ན་ཞེས་བྱ་སྟེ། སྐྱེ་བ་མེད་པ་དེ་དག་གི་དོན་ནི། །སྐྱེ་མེད་མཁའ་ལས་ཐིག་ལེ་ཤར། །རྒྱུད་གཞན་འབྲས་བུའི་ཐིགས་པ་སྟེ། །སྒྲ་ནི་དུས་ཆེན་འགྱུར་དུས་སྟོན། །མུ་རིག་ཚལ་དུ་བྲམ་ཟེས་སོ། །ཞེས་པས་ནི་ཐོས་པ་ཅན་ལ་སྦྱར་བར ་བྱའོ། །དེ་བས་ན་ཧ་ཧི་ཧ་མ་ནི་ཞེས་བྱ་སྟེ་དེ་དག་གི་དོན་ནི། གཞན་གསལ་སྙིང་པོའི་ཁྱད་པར་དང། །བླ་མ་བཟང་ལས་དེ་རྟོགས་ཏེ། །གཉུག་མར་སྦྱངས་པའི་སྤྱོད་པ་ཡིན། །འདིར་ནི་ཉམས་སུ་བླང་བ་སྟེ། །འབྲས་བུ་དེ་ལས་འབྱུང་བའོ། །དེ ་དག་གོ་བར་བྱ་བའི་དོན་ཉིད་དུ་སྦྱར་རོ། །དེ་བས་ན་མ་ཀིའུ་ཀྵ་ན་རེ་ཞེས་བྱ་སྟེ་དེ་དག་གི་དོན་ནི། །གཡས་པ་གཞན་དང་གཞན་དེར་མིན། །གཡོན་པ་གསལ་བ་བརྟགས་ཕྱིར་མིན། །དེ་ཉིད་དེ་ཉིད་རྟོག་པ་མིན། །མིན་པ་རྒྱལ་པོའི་ཤེས་པ་མིན། ་ཞེས་བྱ་བ་ནི་ཁྱད་པར་གྱི་དོན་བརྗོད་པའོ། །དེ་བས་ན་དོ་ཧ་ཞེས་བྱ་སྟེ། དེ་དག་དོན་ནི་རང་ལ་མེད་པ་ཨ་ཨིའོ། །རང་དང་ལྡན་པ་ནི་ཨེ་ཨུའོ། །ཕན་ཚུན་གཉིས་ལ་མི་སྨྲ་བ་ནི་ཨ་ཨི་ཨེའོ། །ངོ་བོ་ནི་ལི་ར་ཨའོ། །གཞན་གཅོད་པར་བྱེད་པ་ནི ་ཨཽ་ལའོ། །མཚན་ཉིད་ཀྱི་དོན་ནི་ཨི་ཨཾ་རའོ། །གནས་བརྟན་པར་བྱ་བ་ནི་ཨོ་ལི་ཨིའོ། །ཉམས་སུ་མྱོང་བ་ནི་ཨ་རའོ། །དེ་ཉིད་ཀྱི་བརྗོད་པ་ནི་ཨ་ཨཾ་ཨིའོ། །དེ་ནི་མཁའ་འགྲོ་མའི་སྒྲའི་དོན་དང་པོའོ། །སྒྲའི་ཚིག་མང་པོ་བཟང་པོའོ་ཅན་ལ་སྦྱར ་བ་ནི། ཁུར་ཆེན་ཁྱེར་དང་འགྲོ་བ་མགྱོགས། །ཕྱིན་པ་མེད་དེ་དང་པོའི་ས། །གཤོག་པ་སྤར་བས་ནམ་མཁའ་ཨི་མཚོ། རི་རབ་ནོར་བུ་གླིང་ན་བདེ། །ཞེས་བྱ་བའི་དོན་ཏོ། །སྒྲའི་ཚིག་བཀའ་ལ་སྦྱར་བའི་ནི། །ཆུ་སྲིན་གདུག་པའི་ཁང་འགྲོ་དང། །རུས་སྦལ ་རྒྱབ་ན་གནས་པ་དང། །ཉི་མད་ཆེན་པོའི་ལྟོ་བ་ནི། །ཉི་མའི་དཀྱིལ་ན་མཛེས་པ་ཆེ་ཞེས་འབྱུང་བའི་ཕྱིར་རོ། །བསྟན་པའི་སྒྲ་སྦྱར་བ་ནི། །མེ་ཡིས་སྐམས་པའི་བདུད་རྩི་དང། །དུར་ཁྲོད་ཚོགས་ཀྱི་རུས་པ་བཏུང། །རྒྱ་མཚོའི་སྟེང་ན་གཞོན་ནུ་མོ།། ་རྒྱལ་པོས་ས་འཛིན་གདོལ་པའི་མཆོག་།ཅེས་འབྱུང་བའི་ཕྱིར་རོ། །སྒྲ་མཁས་པས་སྦྱར་བ་ནི། །རྐང་མཐིལ་སྤྱི་གཙུག་སྙིང་དུ་བསྙམ། །ཁ་རྐུབ་བརྒྱུད་པ་ཁྱི་ཡི་ཟས། །སྲིན་བུ་མེ་ཁྱེར་ཆུ་བོའི་རྒྱུན། །ཐལ་མོ་བརྡབས་པ་ནམ ་མཁའ་ཨི་སྒྲ། །ཞེས་འབྱུང་བའི་ཕྱིར་རོ། །བསྟན་པ་ཐུན་མོང་པའི་སྦྱར་བ་ནི། །བར་སུ་ནེ་གི་ཧ་ཏ་ཀོ་ཤ་བུ་ཧ་ས་ན་གི་ཏ་ན་མའོ། །དེ་དག་གི་དོན་ནི། མ་ཟད་མི་ཟད་ཟད་པ་མེད། །མཐར་ཐུག་རྡོ་རྗེ་ཉིད་ཀྱི་རང། །སངས་རྒྱས་སངས་རྒྱས་རྟོགས་པ་མིན། །ལག ་པའི་ནོར་བུ་མཐོང་བའོ། །བདེ་གཤེགས་སྣང་བ་སེམས་ཀྱི་རང། །ངེས་པའི་དོན་སྨྲ་ང་ཡི་སྙིང། །རྟོགས་པར་བྱེད་པ་ནོར་བུ་རྟེན། །དེ་ཡང་ས་བོན་ཆུ་ཡི་སྐྱེད། །གདོལ་པ་ལྟ་བུའི་སྨྱོན་པ་ལས། །ནོར་བུ་ཆེན་པོ་ལག་ཏུ་འོངས། །སངས་རྒྱས་དམ་པ་རྣམ ་ཀྱིས་གསུངས། །མཁའ་ལ་མི་སྨྲ་སྨྲ་རུ་མེད། །ཐམས་ཅད་ཆོས་ཀྱི་འཁོར་ལོ་ཆེ། །ཕྱག་རྒྱ་ཆེན་པོ་གཉུག་མའི་དང། །བདེ་དང་བྲལ་བ་ཆོས་ཀྱི་སྐུ། །གསལ་དང་མི་རྟོག་ལོངས་སྤྱོད་རྫོགས། །སྣང་དང་སྟོང་པ་སྤྲུལ་པ་སྟེ། །རང་བཞིན་ལམ་ལ་ཤིན ་ཏུ་གནས། །སྨྲས་ཀྱང་གྲུབ་པ་མེད་པ་ནི། །རྨི་ལམ་གྱིས་ནི་ནོར་བཞིན་དུ། །མཚན་ཉིད་བྲལ་བ་རྡོ་རྗེའི་གླུ། །བླ་མའི་ཞལ་ལས་ངེས་པར་བླངས། །དེ་བས་ན་ཨ་ཨི་ཨུ་ཨེ་ར་ལི་ཨོ་ཞེས་བྱ་སྟེ། དེ་དག་གི་དོན་ནི། དང་པོ་བཟང་པོ་མཆོག ་གི་སྟོབས་སོ། །གཉིས་པ་གླུ་བླང་བར་བྱ་བ་ཉིད་དོ། །གསུམ་པ་ནི་མཚུངས་པའོ། །བཞི་པ་ནི་ལོངས་སྤྱོད་དོ། །ལྔ་པ་ནི་གྲུབ་པར་བྱེད་པའོ། །དྲུག་པ་ནི་དེ་བཞིན་ཉིད་དོ། །བདུན་པ་ནི་གནས་པའོ། །བརྒྱད་པ་ནི་སྤྲོས་པའོ། །དེ་བས་ན་བརྡའི་དོན་འདི ་དག་ནི་རྗེ་བཙུན་དཔལ་གྱི་རི་བོ་དང། བདག་དང་བདག་གི་ཆ་ལས་སྦྱར་བ་དག་གིས་རྟོགས་པར་བྱ་བ་ཉིད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། མཁའ་འགྲོ་མ་ལམ་དང་དུ་མ་དི་རི་ནི་ནི་དེ་བཞིན་གཤེགས་པའོ། །ཀང་ཀ་དང་གཏུམ་མོ་དང་ཕག་མོ་དང་རོ་ལངས ་མ་དང་འཇིག་པའི་གདོང་ཅན་མ་ནི་འཕགས་པ་ཆེན་པོ་དག་གི་ཡུམ་མོ། །ཡཎ་ཌ་རོ་ཧི་དང། པི་ཏ་ལི་ནི་རྗེ་བཙུན་པའི་ཡུམ་མོ། །རྡོ་རྗེ་དཔལ་མོ་སུ་ཁ་མཧཱ་སིདྡྷི་ནི་བདག་བྱིན་གྱིས་རློབ་པའི་མར་གྱུར་པ་སྟེ། འདི་དག་ནི་གཞན་དང་མ་འབྲེལ་བའི་ཕྱིར་རོ།། ་དེར་ཡང་མ་ཟད་དེ། གནས་པ་ཆེན་པོ་ན་བདག་ཉིད་གནས་པ་དེའི་ཚེ་ཙིན་ད་མ་དང་སྟོབས་མཆོག་མ་དང་དཀར་མོ་མ་དང་བཤན་པ་མོ་དག་གིས་རོའི་བརྡ་བསྟན་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་འབྱུང་གནས་དམ་པ་དག་ཏུ་ཡང་ཧེ་རུ ་ཀ་ནི་དང་དུར་ཁྲོད་མ་དང་རྣལ་འབྱོར་མ་ཆེན་མོ་སྣ་ཆེན་མ་དག་གིས། བསོད་ནམས་ཀྱི་འཁོར་ལོའི་བརྡ་བསྟན་པར་འགྱུར་རོ། །རྡོ་རྗེ་རྗེ་བཙུན་མོའི་སྤྱན་སྔར་ཡང་ས་འོག་མ་དང་འཕར་མ་དང། བརྟུལ་ཞུགས་མ་དང་སྤྱོད་པས་རྒྱུ་བ་དག་གིས་ཀྱང ་བྱིས་པའི་བརྡ་བསྟན་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་དག་གིས་བརྡའི་དོན་ལ་མཁས་པར་བྱ་སྟེ། འདི་དག་གི་དོན་ནི་བདག་གིས་ཀླ་ཀློའི་སྐད་དུ་བརྗོད་དོ། །ཧོ་ས་ར་ན་ཨ་ས་ར་ན། ཨེ་ཏ་ཨ་ས་ར། ཧེ་དུས་དབུལ། ཨ་ཏ་ཀ་ཏ། མུ ་ལུ་ས། ལ་ཧི་མུས་རས་ཏྲིས། ཏྲ་ས་ར། ཨཾ་ཙ་བ་མ། ཨ་ཙ་པ་མ། ཨ་ཙ་པ་མ། ཨ་ཨ་ཏི་མ། ཨ་ཨི་སུ་མིག་།པོ་ལི། ཀའི་སྣིག་།ཤ་ཧོ་ས་ར། ཀི་པི་ཙ་ཏ། ཡོ་པི། ཙན་ཧེ་ཏྲན། ཧེ་ཧོ་མ་ཧེ། ཧི་མ་རི། ཏ་མ་བེ། ཨ་སིག་།མ་ལ ་པོ་ཡི་ཧ། བོ་ཡི་ན་ལ། ཧ་ཧི་ཧོ། །ེ་ན་ས་སུག་དོ་ཡི་ལ། དོ་པ་ན། རུ་མིག་ས་ར་ཧ་ཧི་ཧོ། ཨི་པ་ཏ་ན། ཧ་ཧི། ཨི་པ་ན་ཧ། བོ་ཙ་ན་ཏོ་ཡི་ལ། དུ་མ་ཧཽ་ལ། ཙན་དོ། །སྨི་རི་སུ་པ་རི། སྨི་རི་ཀའི་ལ། ཙན་དོ་པ་ཡི་ལ། ད་ཀི་ས། ཕེཾ་ཕེཾ ་ཕེཾ་ཧ་ཧ་ཧོ་ཞེས་པ་སྟེ། འདིར་ནི་སྲིད་པའི་འཁོར་ལོའི་བརྡར་གྱུར་པ་ཐམས་ཅད་དེ། རྗེ་བཙུན་ནི་པ་མཉམ་པ་ལ་བཞུགས་པ་སྟེ། བདག་འབའ་ཞིག་གི་ཤེས་པ་ཁོ་ནར་ཟད་དོ། །དེ་ཡང་མདོར་བསྟན་པའི་ཚུལ་ནི། དང་པོ་པ་ཉིད་རྣམ་པར ་ཞི་བའོ། །དེ་དག་ནི་ཅན་ནོ། །འབྱུང་བ་ཆེན་པོའོ། །བྱིན་གྱིས་བརླབས་པའོ། །གཏེར་རོ། །བཞིའོ། །དག་པའོ། །བཟང་པོའི་སྤྱོད་པའོ། །ཡང་དག་པར་སྤྱོད་པའོ། །ཆེན་པོའོ། །སྟོབས་སོ། །རྣམ་པར་རྒྱལ་བའོ།། ་ཕྱག་རྒྱའོ། །སྙོམ་པར་ཞུགས་པའོ། །འོད་གསལ་བའོ། །བདེ་བ་ཆེན་པོའོ། །སྦྱོར་བ་བཟློག་པའོ། །སྔོན་དུ་གྱུར་པའོ། །ལྔའོ། །གསུམ་མོ། །གཅིག་གོ་།ཐམས་ཅད་པའོ། །ཐམས་ཅད་པ་མེད་པའོ། །གཟུང་བའོ། །གཟུང་བ་མེད་པའོ།། ་ཐམས་ཅད་པའོ། །དུས་མཚུངས་པའོ། །སྟེགས་སོ། །དགེ་བའོ། །རྣམ་པར་དགེ་བའོ། །སྨྲ་བའོ། །ཐ་སྙད་དོ། །འཁོར་ལོའོ། །ཅེ་སྤྱང་ངོ། །རྒྱན་ནོ། །སྐུའི་འཁོར་ལོའོ། །གསུང་གི་འཁོར་ལོའོ། །ཐུགས་ཀྱི་འཁོར་ལོའོ། །མཉམ་པ ་ཉིད་ཀྱི་འཁོར་ལོའོ། །འདིས་ནི་བརྡའི་དོན་རྣམ་པར་ཕྱེ་བའོ། །དེ་ཡང་རྗེ་བཙུན་པ་དཔལ་གྱི་རི་བོ་བདག་གིས་སྙིང་རྗེ་ཆེན་པོ་དག་གི་བླང་བའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་ཕྱེ་བའི་དོན་དེ་དག་བདག་གིས་དགྲོལ་ཞིང་གསལ ་བའི་བདག་ཉིད་དུ་བཤད་པར་བྱ་སྟེ། དེ་ཡང་དང་པོ་སྙིང་པོའི་དོན་དངོས་ཀྱི་མཚན་ཉིད་ལ་ཐ་དད་ཀྱིས་ཡང་དག་པའི་དོན་གཏན་ལ་ཕབ་ཅིང་དེ་བཞིན་ཉིད་ཇི་ལྟ་བ་དེ་དག་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བརྗོད་ནས་།བཤད་པར་དམ ་བཅའ་བྱ་སྟེ། འདི་དག་ནི་སྤྲོས་པ་དང་བཅས་པའི་ཐ་སྙད་ཀྱི་དབེན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་རྟོགས་པའི་དོན་ཡིན་ནོ། །དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། དབང་ཕྱུག་ཆེན ་པོ་དག་གིས་ཉམས་སུ་མྱོང་བ་འདི་ནི་དམ་པ་རྣམས་ཀྱི་གདམས་ངག་གོ་།ཞེས་འབྱུང་བའི་ཕྱིར་འདི་དག་གི་དོན་ངེས་པར་ཤེས་པར་བྱེད་པ་ཡང་གཉིས་མེད་བརྗོད་བྱ་དང་བྲལ་བ་སྟོན་པའི་ལུང་དང། དམ་པ་རྣམས་ཀྱི་རྟོགས་པ་ལས་བྱུང་བའི ་ཞལ་གྱི་བདུད་རྩི་དང། སེམས་ཉིད་བསམ་མི་ཁྱབ་པ་ཆེན་པོར་རྟོགས་པའི་ལུས་ཏེ། གླེགས་བམ་ཐ་དད་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ཡང་རྒྱུད་དེ་ཉིད་ལས། །འདི་ནི་གཉིས་མེད་རབ་ཏུ་སྦྱོར་བའི་ལུང། །དམ་པ་རྣམས་ཀྱིས་རྣམ་པར་སྤྲེལ་བའི ་ངག་།བསམ་གྱིས་མི་ཁྱབ་སེམས་ཀྱི་ཀློང་རྣམས་ནི། །དབང་ཕྱུག་ཆེན་པོ་རྣམས་ཀྱི་དབང་པོའོ། །ཞེས་འབྱུང་བའི་ཕྱིར། །དོན་དེ་ཉིད་ཉམས་སུ་མྱོང་བར་བྱས་ལ་ཐམས་ཅད་བདེ་བ་ཆེན་པོའི་རིག་པར་སྦྱར་བར་བྱའོ། །ཡང་རྒྱུད་དེ་ཉིད་ལས་རྣལ་འབྱོར་རྣམས ་བ་རིག་པ་ཆེ། །དབང་ཕྱུག་རིག་པ་བླ་ན་མེད། །ཉམས་སུ་མྱོང་བ་དོན་གྱི་གཙོ། །ཐམས་ཅད་བདེ་བ་ཆེན་པོར་སྦྱོར། །ཞེས་འབྱུང་བའི་ཕྱིར། །མན་ངག་གི་ཐོགས་པ་དེ་ཉིད་སྙིང་གི་པདམོ་ཟེ་འབྲུ་ལ་ཐིམ་པས་རང་བཞིན་གྱིས་འོད་འབྱུང་བར་འགྱུར་ཏེ། ་འདིས་ནི་རྟོག་པའི་འཆིང་བ་ཐམས་ཅད་གྲོལ་བར་འགྱུར་རོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སྙིང་གི་པདྨའི་ཐ་མལ་ཤེས་པ་དག་།མཉམ་ཉིད་རྩི་ཡིས་ཀུན་ནས་ཁྱབ་པ་སྟེ། །སེམས་ཀྱི་བུང་བ་དག་གིས་འཇིགས་གྱུར་ན། །? ་ཉིད་མ་བཅོས་བདེ་བ་ཆེན་པོའི་སྐུ། །ཞེས་འབྱུང་བའི་ཕྱིར་དང། ཡང་དེ་ཉིད་ལས། ཐ་མལ་ཤེས་པ་ནང་ནས་སྒྲོ་འདོགས་གཅོད། །གཅད་དུ་མེད་དེ་ཆོས་དབྱིངས་འཁོར་ལོ་ཆེ་ཞེས་འབྱུང་བའི་ཕྱིར། སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །གཉུག་མའི་ངོ་བོ ་ཉིད་དུ་ཤེས་པར་བྱ་ཞིང་དུས་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཏུ་བལྟའོ། །དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། སྣང་སྲིད་ཕྱག་རྒྱ་ཆེན་པོ་སྟེ། །བདེ་བ་ཆེན་པོ་ཀུན་ཏུ་བཟང། །འདི་ནི་སེམས་ཀྱི་འཁོར་ལོ་སྟེ། །རྣལ་འབྱོར་དབང་ཕྱུག་ལྟ་བར་བྱོས ་ཞེས་འབྱུང་བའི་ཕྱིར་དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ཚུལ་དུ་སྤྱད་པར་བྱའོ། །དེ་ཡང་རྒྱུད་དེ་ཉིད་ལས། བདག་ཏུ་མི་རྟག་གཞན་དུ་མིན། །གཉིས་ཀ་དག་ཏུ་བརྟག་མི་བྱ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །གཉིས་མེད་སྦྱོད ་པ་ཆེན་པོའོ་ཞེས་འབྱུང་བའི་ཕྱིར། ཆོས་ཀྱི་སྐུ་དེ་དག་ནི་གཞན་དུ་བརྟག་པར་མི་བྱ་སྟེ་རང་གི་སེམས་ཇི་བཞིན་པ་ལ་བྱའོ། །ཡང་དེ་ཉིད་ལས། སངས་རྒྱས་གྲུབ་པ་མེད་ཅིང་གཞན་མི་རྟག་།གྲུབ་མེད་སེམས་ནི་རྡོ་རྗེ་ལྟ་བུ་སྟེ། །སེམས་ཅན ་ཀུན་གྱི་རྒྱུད་ལ་དེ་གནས་ཤིང། །གནས་པ་མེད་པ་རྡོ་རྗེའི་སྙིང་པོ་ཆེ། །ཞེས་འབྱུང་བའི་ཕྱིར་དེ་དག་ནི་འབད་རྩོལ་གྱི་བསྒྲུབ་པ་དང་འགྲུབ་པ་ཡང་མ་ཡིན་ཏེ། གཉུག་མའི་དོན་ཕྱིན་ཅི་མ་ལོག་པ་དེ་དག་གོམས་པ་མཐར་ཕྱིན་པ་ལས་ནི་སྐྱེ་བ་འདི་ལས་སངས ་རྒྱས་ཞེས་བྱ་བ་འབྱུང་བར་འགྱུར་རོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། འབད་དང་རྩོལ་བས་དེ་ཉིད་འགྲུབ་པ་མིན། །རྟོག་པའི་དོན་ལ་གོམས་པར་གྱུར་པ་ན། སྐྱེ་བ་འདི་ཡིས་སངས་རྒྱས་འབྲས་བུ་ཐོབ། །བཟང་པོ་ཧེ་རུ་ཀ་སྣ་རྣམ་པར ་སྨྲས། །ཞེས་འབྱུང་བའི་ཕྱིར་དུས་དེ་དག་ཀྱང་ཐུན་མོང་དུ་རྣམ་པར་བཤད་པར་བྱའོ། །ཁྱད་པར་གྱི་དོན་ཐ་མལ་གྱི་ཤེས་པ་འདི་དག་ནི་བླ་མ་དམ་པའི་དྲིན་གྱི་བདུད་རྩི་ཁུ་བ་འཐུངས་པས་རང་གི་དེ་ཁོ་ན་ཉིད་རྟོགས་ཏེ། སྐད་ཅིག་ལ་མངོན ་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་རྟོགས་དང་གོམས་པ་མཐར་ཕྱིན་པ། །འདི་ལ་ཡོད་པ་མ་ཡིན་ཏེ། །རྟོགས་པའི་སྐད་ཅིག་དེ་ཉིད་ལ། །བཅུ་བཞི་ས་ལ་ངེས་པར་གནས། །ཞེས་འབྱུང་བའི ་ཕྱིར་དེ་ཉིད་ཀྱི་དོན་གསལ་བར་བྱ་བ་ནི། །ཀུན་ལྡན་ཀུན་མིན་ལྡན་པ་ཡི། །ལྷན་ཅིག་སྐྱེས་པའི་ངོ་བོ་དཔལ། །བདེ་དང་སྟོང་པ་དབྱེ་མེད་སྐུ། །གཉུག་མའི་དོན་ལ་ཕྱག་འཚལ་ཏེ། །བདག་གི་དེ་ཉིད་བདག་འདྲ་བ། །བདག་འདྲ་གཞན་ལ་དེ་ཉིད ་གཞན་ལ་སྟོན། །བརྡ་ལས་ཤེས་ཤིང་མྱོང་བ་ཉིད། །སྨྲར་མེད་དོན་ནི་དེར་བཤད་བྱ་ཞེས་བྱ་བའི་དོན་ནི། བླ་མ་རྣམས་ཀྱི་གདམས་པའི་དོན་དེ་དག་སྨོས་པར་བྱ་སྟེ། དེ་ཡང་ཀུན་ལྡན་ཞེས་པ་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་དོ།། ་དེ་དག་གང་དང་ལྡན་ཞེ་ན། སེམས་སངས་རྒྱས་ཀྱི་བདག་ཉིད་ལ་ལྡན་པའོ། །ཀུན་མིན་ཞེས་བྱ་བ་ནི་དེ་ལ་ཞེན་ཤེས་ཀྱི་རྟོག་པ་ཇི་སྙེད་པ་དེ་དག་མིན་ནོ། །ལྡན་པའི་ཞེས་བྱ་བ་ནི་སེམས་གཉུག་མའི་ངོ་བོ་ཕྱིན་ཅི་ལོག་པ་དག་ལ་དུས་གསུམ་གྱི་སངས་རྒྱས ་ཐམས་ཅད་ཀྱི་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ལྡན་པའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། སྣང་བ་ལྷན་ཅིག་སྐྱེས་པ་དང། སེམས་ཉིད་ལྷན་ཅིག་སྐྱེས་པའོ། །དེ་བས་ན་དེ་དག་གློ་བུར་བ་མ་ཡིན་ཏེ། །ཐོག་མ་ཉིད ་ནས་ཆོས་ཀྱི་སྐུའི་ངོ་བོ་རྟོགས་པ་དཔལ་དུ་གྱུར་པ་དག་གོ་།དེ་དག་ནི་བདེ་བ་ཆེན་པོའི་རང་བཞིན་ཡིན་ཏེ། ཟག་པ་དང་བཅས་པའི་བདེ་བ་དང་ཟེག་པ་མེད་པའི་བདེ་བའོ། །དེ་དག་ཀྱང་ལུས་དང་སེམས་དག་ལས་འབྱུང་བ་སྟེ། དེ་ལ་བརྟགས་པའི་འཁྲུལ་པ ་མེད་པ་ནི་སྟོང་པའོ། །དེ་ལྟར་བདེ་བ་དང་སྟོང་པ་དབྱེར་མེད་པ་ནི་ཆོས་སྐུ་ཡིན་ཏེ། དེ་ཉིད་ཐ་མལ་གྱི་ཤེས་པའི་ངོ་བོ་འགྱུར་བ་མེད་པ་ནི་མཆོག་སྟེ་སྐུ། དེ་ནི་སེམས་མ་བཅོས་པ་གཉུག་མའི་དོན་ཉིད་ཡིན་ཏེ། དེ་ཡང་མར་ལ་མར་བཞག་པ་དང་ཆུ ་ལ་ཆུ་བཞག་པའི་ཚུལ་དུ་སེམས་ལ་སྣང་བ་བཞག་པ་འདི་དག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཀུན་ལ་གནས་ཤིང་དོན་དང་ལྡན་པ་ཡིན་པའི་ཕྱིར་ཕྱག་འཚལ་ཞིང་བཏུད་པར་རིགས་སོ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པའི་དོན་ཏེ། གང་གི ་མཆོད་པར་བརྗོད་པའི་གནས་བསམ་གྱིས་མི་ཁྱབ་པའི་དོན་ཇི་བཞིན་པར་གསལ་བར་བྱ་བའི་ཚིག་གོ་།དེ་ཡང་བདག་གི་ཞེ་བྱ་བ་ནི་ཐ་སྙད་ཀྱི་བློ་ལ་བརྗོད་པར་བྱ་སྟེ། རྗེ་བཙུན་པ་ཉིད་དོ། །དེ་ཉིད་ཅེས་བྱ་བ་ནི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སོ།། ་བདག་འདྲ་ཞེས་བྱ་བ་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བྱ་སྟེ། དེ་དག་ཐ་མལ་གྱི་ཤེས་པ་བདག་ཉིད་ཀྱི་དབང་དུ་གྱུར་ཅིང་དེ་དུས་ཐམས་ཅད་དུ་མཚུངས་པར་དེ་ལས་མི་གཡེང་བའོ། །དེ་ལྟར་དོན་དེ་ཉིད་ཀྱང་སུ་ལ་སྟོན་ཞེ་ན། བདག་འདྲ་ཞེས་བྱ ་སྟེ། རྗེ་བཙུན་བ་དེ་དང་མཚུངས་པའམ། གང་ཟག་སྐལ་བ་དང་ལྡན་པ་དབང་པོ་རབ་ཏུ་གྱུར་བ་དོན་གཉིས་སུ་མེད་པ་འདི་དག་ལ་མོས་ཤིང་གཞོལ་བ་འཚོགས་པའི་མཐུ་ལས་ངེས་པར་གྲུབ་པའོ། །གཞན་ལ་དེ་ཁོ ་ན་ཉིད་བསྟན་པ་འམ་སྟོན་པའོ། །དེ་དག་ཀྱང་བསྟན་དུ་ཡིད་དམ་ཞེན་མ་ཡིན་ཏེ། ཨེ་དུ་བ་ཀ་དང། ཀ་ལ་མུ་སུ་ད་དང། ཙི་ཏྲིད་ཀ་ནི་ཀ་དང། ནི་བ་ལོ་བི་ཀ་དང། །ཧསྟ་ནི་མ་ད་ར་ལ་སོགས་པའི་བརྡ་ལས་ཤེས་ཤིང་སློབ་པ་པོ་ལ་མྱོང་དུ་མེད་པའི ་མྱོང་བ་ཉིད་སྟོན་ཏོ། །དེ་དག་ཉམས་སུ་མྱོང་བ་དང་སྨྲར་མེད་དེ་མེད་པའི་དོན་དེ་ཉིད་ནི་རྟོག་གེ་བསྣམས་ལ་གསལ་བར་བྱ་བའི་ཕྱིར་སྒྲོ་བཏགས་ཏེ་བཤད་པར་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་བཤད་པར་བྱ་ཞེ་ན། ལོག་པར་རྟོགས་པ་གསལ་བ་དང།། ་སྙིང་པོའི་དོན་གྱི་ཁྱད་པར་དང། །བླ་མ་བསྟན་ལ་རྟོགས་པར་བྱ་ཞིང། གཉུག་མ་ལ་སྦྱངས་པའི་གང་ཟག་གི་སྤྱོད་ཡུལ་ཡིན་པ་དང། དེ་ཉིད་ཉམས་སུ་བླང་བ་དང། འབྲས་བུ་འབྱུང་བའི་རིམ་པ་བསྟན་པའོ། །དེ་ཡང་དང་པོར་མི་མཐུན་ཞིང་ལོག ་པའི་གང་ཟག་དང་མི་འགྲོགས་པར་སྟོན་ཏེ། དུག་སྦྲུལ་ལྟ་བུའི་སྐལ་མེད་ཀྱི། །ངེས་པའི་སྐྱེ་བོ་དམ་པ་ལ། །སྐྱོན་གྱི་དྲི་མས་གོས་བྱེད་ཅིང། །སྨན་ཚིག་མངོན་པར་སྒྲུབ་པ་ལ། །རོ་སྙོམས་ལྡན་པའི་སྐྱེས་བུ་ཡིས། །མཐོང་བ་ཙམ་གྱིས་འཇིགས་པར ་བྱོས། །ཞེས་བྱ་བའི་དོན་ནི་ལོག་པར་རྟོག་པའི་སེམས་ཅན་ཐམས་ཅད་ཀྱི་བག་ཆགས་འཐུག་པོས་ནོན་པ་དག་ལ་བྱ་སྟེ། དུག་སྦྲུལ་ཞེས་བྱ་བ་ནི་སྦྲུལ་དུག་ཅན་ལ་བྱ་སྟེ། དེ་དག་མཐོང་བས་ནི་སྐྱེས་པ་དང་བུད་མེད་དག་འཇིགས་པར་འགྱུར་ལ། ་རེག་པས་ནི་སྡངས་པར་འགྱུར་ཏེ། བསྔགས་ཤིང་སོས་བཏབ་པས་ནི་སྐྲངས་པ་དང་འཆི་བར་འགྱུར། དེ་ལྟ་བུའི་གང་ཟག་སྐལ་པ་མེད་པ་དག་གིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དག་ལ་སྐུར་པར་གྱུར་ཏེ། མཐོང་བའི་དུས་སུ་ཡང་ཁོང་ཁྲོ་བ་དང ་བཅས་པས་བལྟ་བར་བྱེད་ཅིང་ལྷན་ཅིག་ཏུ་གནས་པ་ན་ཡང་དེ་དག་གིས་སངས་རྒྱས་ཀྱི་གཉུག་མ་ཉམས་སུ་མྱོང་བའི་སླུ་བ་མེད་པའི་དོན་ངེས་པར་སྦྱར་བའི་སྐྱེ་བོ་དམ་པ་དག་ལ་རྣམ་པར་རྟོག་པའི་སྐྱོན་གྱིས་དེ་ཁོ་ན་ཉིད་ལ་མི་འཇུག་ཅི་ཞུགས་པ་དག ་ཀྱང་ཕྱིར་ཟློག་པར་བྱེད་ལ་ཐེ་ཚོམ་སྐྱེད་པ་སྟེ། དེ་ལ་སོགས་པ་དྲི་མས་གོས་པར་བྱེད་ཅིང་འདི་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ལ་དམ་པ་རྣམས་ཀྱིས་གདམས་པ་མ་ཡིན་ནོ་ཞེས་པའི་སྨད་པའི་ཚིག ་མངོན་པར་སྒྲུབ་པ་རྣམས་ལ་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པའི་རོ་སྙོམས་དང་ལྡན་པའི་སྐྱེས་བུ་དམ་པ་དེ་ཡིས་མི་མཐུན་པའི་གང་ཟག་དེ་དག་མཐོང་བ་ན་དེ་ཙམ་གྱིས་འཇིགས་པར་བྱ་བ་ཉིད་ཡིན་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན ་པོ་རྣམས་ཀྱིས་ནི་སེམས་ཉིད་གཉུག་མའི་རང་བཞིན་དུ་བལྟ་བ་དང། དེ་མ་ཡིན་པ་དོན་གྱི་གཞི་ཉམས་སུ་མྱོང་བའི་རྣལ་འབྱོར་པ་རྣམས་ཀྱིས་ནི་གཞན་དང་གཞན་དུ་འགྲོ་བར་བྱོས་ཤིག་།དེ་ཅིའི་ཕྱིར་ཞེ་ན། སེམས་ལ་གནོད་པའི ་ཕྱིར་ཏེ། དེ་ཉིད་རྣམ་པར་སྨིན་པ་མ་ཡིན་པ་མྱོང་ཞིང་སྐྱེད་པར་བྱེད་དོ། །ད་ནི་བྲམ་ཟེའི་བརྟུལ་ཞུགས་ཀྱིས་མི་གྲོལ་བར་སྟོན་ཏེ། དེ་ཉིད་ལ་འཁྲུལ་མུ་སྟེགས་ནི། །བྲམ་ཟེའི་སྤྱོད་པ་ལ་གནས་ཤིག། །སྒྱུ་མའི་རིག་བྱེད་བཞི་དང་ནི། །ཐུན ་བཞིས་རྣམ་པར་གནས་ཤིང་འདོན། །སྒྱུ་མའི་དངོས་པོ་གཅོད་པར་བྱེད། །ལྟ་བ་སྐྱེ་ཉིད་རྣམ་པར་འཛིན། །ཞེས་བྱ་བའི་དོན་ནི་གཉུག་མ་དང་བྲལ་བའི་ཚངས་པར་སྤྱོད་པས་མི་གྲོལ་བར་སྟོན་ཏེ། དེ་ཡང་དེ་ཉིད་ཅེས་བྱ་བ་ནི་ཆོས་ཉིད་མ ་བཅོས་པའི་རྣལ་མ་ཇི་ལྟ་བ་ལ་བྱའོ། །དེ་ཉིད་ལ་འཁྲུལ་པ་ནི་མུ་སྟེགས་ལོ་མ་ཅན་རྣམས་ཏེ། དེ་དག་ནི་བྲམ་ཟེ་ལྟ་བུའི་སྤྱོད་པ་ལ་གནས་པར་བྱེད་ཅིང་རྟག་ཏུ་གཙང་སྦྲ་དང་ཁྲུས་ལ་བརྩོན་པར་བྱེད་པ་སྟེ་ཚངས་པའི་སྐུད་པ་དང་འགུ་སྟེ ་འཆང་བ་ཡང་བྱེད་དོ། །དེ་དག་གིས་བྱ་བའི་རིམ་པ་ནི་ནུས་པ་མི་འབྱིན་ཅིང་ཡིད་བརྟན་དུ་མི་རུང་བ་སྟེ་སྒྱུ་མའོ། །རིག་པ་ནི་ཐུན་མོང་གི་དངོས་གྲུབ་སྐྱེད་པར་བྱེད་དོ། །དེ་ལ་ཡང་ཕོའི་རིག་བྱེད་དང་མོའི་རིག་བྱེད་དང ་མཚུངས་པའི་རིག་བྱེད་དང་ལས་ཀྱི་རིག་བྱེད་དེ་དག་ནི་འབའ་རི་ཧ་དང། རུ་ན་ཧ་ཏ་དང་ཀི་ཧཾ་ན་དང། པུ་རུ་ཧ་ནའོ། །དེ་དག་གིས་ནི་ས་འོག་གི་དངོས་གྲུབ་དང་མཁའ་སྤྱོད་ཀྱི་དངོས་གྲུབ་དང་མིག་སྨན་གྱི་དངོས་གྲུབ་དང་རྐང་མགྱོགས་ཀྱི་དངོས ་གྲུབ་འགྲུབ་པར་བྱེད་དོ། །དེ་ཡང་སྔ་དྲོ་དང་ཕྱི་འཕྲེང་དང་སོད་དང་ཐོ་རངས་དང་ཐུན་བཞིའི་རྣམ་པར་རིག་པ་དང་ལྡན་པའི་ལོ་མང་བ་བཅུ་གཅིག་གི་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་གནས་ཤིང་འདོན་པར་བྱེད་དོ། །དེ་ཡང་སྒྱུ་མའི་དངོས་པོ་སྐྱེས་པ་དང་བུད་མེད ་དང་བྱོལ་སོང་གི་ཚོགས་ཇི་སྙེད་པ་བྱུང་ན་འཕྲོ་གཅོད་པར་བྱེད་དོ། །ལྟ་བ་ནི་དབང་ཕྱུག་ཏུ་འཛིན་པ་སྟེ། དེ་དག་གི་འདོད་པ་ཡང་དང་པོ་ནམ་མཁའ་ལ་རླུང་གི་རྡུལ་ཕྲ་རབ་ལྷ་དབང་ཕྱུག་ཆེན་པོའི་ཐུགས་རྗེ་དང་སེམས་ཅན་གྱི་ལས་ཀྱི་མཐུལ ་བྱུང་བར་གྱུར་ཏེ། དེ་གཉིས་ཕྲད་ཅིང་འདུས་པ་ལས་རླུང་གི་དཀྱིལ་འཁོར་ཆེན་པོ་སྲ་ཞིང་རྔམས་འཐུག་ལ་འབྱུང་བར་འགྱུར་རོ། །དེའི་སྟེང་དུ་སའི་རྡུལ་ཕྲ་རབ་གཉིས་འགྲུབ་པར་འགྱུར་ཏེ། དེ་གཉིས་ཕྲད་ཅིང་འདུས་པ་ལས་གསེར ་གྱི་ས་གཞི་ཆེན་པོ་འབྱུང་བར་འགྱུར་རོ། །དེའི་སྟེང་དུ་ཆུའི་རྡུལ་ཕྲ་རབ་གཉིས་འགྲུབ་པར་འགྱུར་རོ། །དེ་གཉིས་ཕྲད་ཅིང་འདུས་པའི་སྐད་ཅིག་མ་དེ་ཉིད་ལས་ཆུའི་དཀྱིལ་འཁོར་ཆེན་པོ་འབྱུང་བར་འགྱུར་རོ། །དེའི་སྟེང་དུ་མེའི་རྡུལ་ཕྲ ་རབ་གཉིས་འགྲུབ་པར་འགྱུར་ཏེ། དེ་གཉིས་ཕྲད་ཅིང་འདུས་པའི་སྐད་ཅིག་མ་དེ་ཉིད་ལ་མེའི་སྒོ་ང་ཆེན་པོར་འགྱུར་རོ། །དེ་དག་གིན་དང་ནས་མེས་པོ་རལ་པ་ཅན་ཞེས་བྱ་བ་ཚངས་པ་གདོད་བཞི་པ་བྱུང་སྟེ། དེ་དག་གི་གདོང་བཞི་ལས ་མངལ་ནས་སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པ་དང། སྒོ་ང་ལས་སྐྱེས་པ་དང་རྫུས་ཏེ་སྐྱེས་པ་འབྱུང་བར་འགྱུར་རོ། །དེ་ལ་མཆོད་པས་མཉེས་ཤིང་མགུ་བར་གྱུར་པ་ལས་ནི་ལེགས་པ་དང་དངོས་གྲུབ་ཐམས་ཅད་སྐྱེ་བ་ཉིད་དུ་བྱེད་དོ། །དེ ་དག་མཉེས་པར་མ་བྱས་པ་དག་གིས་ནི་འབད་པ་དང་རྩོལ་བ་ཇི་སྙེད་ཅིག་བྱས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་མངོན་པར་ལོག་པའི་ལྟ་བ་འཛིན་པར་བྱེད་དོ། །དེ་དག་གི་འཁྲུལ་གཞི་གང་ལས་འཁྲུལ་ཞེ་ན། ཡུལ་བཱ་ར་ཎ་སེའི་གྲོང་ཁྱེར་ཆེན་པོ་ལིག་ཏན་ཞེས ་བྱ་བ་ན་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་པའི་ཚངས་པར་སྤྱོད་པའི་རྣལ་འབྱོར་པ་སིང་ཧ་པ་ན་ཧ་ཞེས་བྱ་བ་ཞིག་གིས་འཇམ་དཔལ་དཔའ་བོ་རིག་པའི་རྒྱལ་མཚན་གྱི་རྒྱུད་ལ་བརྟེན་ནས་བྱ་བའི་རྒྱུད་དང་ཀྲི་ཡའི་བརྟུལ་ཞུགས་ཉེ་བར་སྤྱོད་པ་ལ་གནས་པ་ཚུལ་ཉེ་བར་སྤྱོད་པ་ནི་རྒྱུད་དེ་དག ་དང་མི་འགལ་བར་སྒྲུབ་པ་སྟེ། དེ་ཡང་ལུང་དེ་ཉིད་ལས། རྟག་ཏུ་ཚངས་པར་སྤྱོད་པར་བྱ། །ཁྲུས་དང་གཙང་སྤྲས་གནས་བྱས་ཏེ། །ཤ་ཆང་སྒོག་བཙོང་རྣམ་པར་སྤངས། །རྟག་ཏུ་བྲམ་ཟེའི་སྤྱོད་པ་ནི། །མུ་ཏིག་ཤེལ་སྐུད་དང་ལྡན་པ། །དེ་བཞིན་མགོ་བོ་རྐང ་པ་རྐེད། །ལུས་ཀྱི་རྣམ་པར་དཀྲི་བྱའོ། །ལྷ་དང་ལྷ་མོའི་རིག་པ་དང། །མཆོད་དང་རིག་པའི་བཟླས་པ་ནི། །ཚངས་པར་སྤྱོད་པ་དང་ལྡན་པའི། །བཅུ་གཅིག་དག་ནི་ཐུན་བཞིར་བཟླས། །རྡོ་རྗེ་སྐྱིལ་ཀྲུང་གནས་བྱས་ཏེ། །ལྷ་ཡི་ང་རྒྱལ་ལྡན་པར་བྱ། །སྨྲ་དང ་རྒོད་དང་གཡེང་བ་དང། །བར་དུ་གཅོད་པའི་མི་རྣམས་ནི། །སྤངས་ནས་ངེས་པར་འགྲུབ་པར་འགྱུར། །ཞེས་བྱ་བའི་དོན་དེ་དག་ལ་བརྟེན་ཏེ་བསྒྲུབས་པས་ལས་ཁྱིམ་བདག་རྒྱལ་མཚན་གྱི་དབང་པོར་སྐྱེས་ཏེ། དེར་ལོངས་སྤྱོད་ཐམས་ཅད་དང་ལྡན་ཏེ་དེ ་ནས་སྐྱེ་བ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་འོད་ཀྱི་རྒྱལ་མཚན་འབར་བ་བྱ་བར་སྐྱེ་བ་མཐོང་ངོ། །དེ་དག་ལས་འཁྲུལ་ནས་མུ་སྟེགས་ལོ་མ་པ་སྟེ། ལོ་ཏན་ཏ་ཞེས་བྱ་བས་བརྟུལ་ཞུགས་དེ་ལ་ཉེ་བར་ཞུགས་ཏེ་དེ་དང་མཚུངས་པར་སྤྱོད་པ་ནི་དེའི་རྗེས་སུ་འཛིན ་པ་རྣམས་སོ། །ད་ནི་རི་ཁྲོད་ཀྱི་མུ་སྟེགས་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པས་མི་གྲོལ་བ་བསྟན་ཏེ། སྦྲང་བུ་ལ་ལའི་བརྟུལ་ཞུགས་ནི། །ས་ཆུ་ཀུ་ཤ་པ་ཡུ་ཡིས། །གདན་དང་ཟས་དང་འཁྲུད་པར་བྱེད། །ཙན་དན་ཤིང ་ལ་མེ་སྦར་ཏེ། །རླངས་པ་ཡིན་ཞེས་ལུས་ལ་གདུང། །དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ལ་གནོད་པར་ཟད། །ཅེས་བྱ་བའི་དོན་ནི་འཁྲུལ་པའི་བརྟུལ་ཞུགས་པ་དག་སྟོན་ཏེ། དེ་ཡང་སྦྲ་ཞེས་བྱ་བའི་དོན་ནི་རི་ཁྲོད་ཀྱི་འཇིགས ་པའི་གནས་ལ་བྱའོ། །བུ་ཞེས་བྱ་བ་ནི་མུ་སྟེགས་ཀྱི་མཁའ་འགྲོ་མ་ཚོགས་པའི་སའོ། ལ་ལ་ཞེས་བྱ་བ་ནི་ལོག་པའི་བསམ་གཏན་དོན་དུ་གཉེར་བ་ལ་བྱ་སྟེ། བརྟུལ་ཞུགས་ནི་ཐ་མལ་གྱི་སྤྱོད་པ་ལ་བརྟུལ་ནས་དྲག་པོའི་བརྟུལ་ཞུགས ་ལ་འཇུག་པ་སྟེ་དེ་དག་ནི་བྱེ་མ་དག་པའི་སའི་ཚོམ་བུ་གསུམ་གྱི་ལུས་ཀྱི་སྟོད་དང་སྨད་དང་རྐེད་པ་འཁྲུ་བར་བྱེད་དོ། །མཚོ་དག་གི་ནང་དུ་སོང་སྟེ། སྤྱི་གཙུག་ནས་བརྩམས་ཏེ་ཁྲུས་ལ་རྩན་པར་བྱེད་པ་པ་དང། བ་ཡུ་རྣམ་པ་ལྔས་མཎྜལ ་བྱས་པའི་སྟེང་དུ་རྩཝ་ཀུ་ཤ་དག་ལེགས་པར་བཏིང་སྟེ་འདུག་པ་དང། བ་སྤོས་ཀྱི་རྩཝ་ཡིད་དུ་འོང་བ་དག་ཟོས་པའི་བ་ཡུ་རྣམ་པ་ལྔས་ཟས་བྱེད་པ་དང། དེ་ཡང་རུས་པའི་ཁད་པ་དག་ཏུ་གནས་ཏེ་ཡང་དང་ཡང་དུ་ཀུ་ཤའི་གདན་དང། བ ་ཡུ་ཟ་བ་དང་ས་དང་ཆུའི་འཁྲུད་པ་ལ་བརྩོན་པར་བྱེད་དོ། །ཉི་མ་ཕྱེད་ཀྱི་དུས་དག་ན་ཡང་ཙན་དན་གྱི་ཤིང་ལ་གུ་གུལ་གྱི་དུད་པས་བདུགས་པ་དག་ལ་མེ་སྦར་ཏེ། རས་ཀྱི་ཁ་ཚར་མང་པོ་དག་གིས་གཡབས་པའི་དུད་པ་ལྷོ་ཕྱོགས་སུ་འབུད་པར་བྱེད ་དོ། །དེ་དག་ལ་བརྟུལ་ཞུགས་པ་དག་གིས་ལུས་ཉེ་བར་བསྙེན་ཏེ་འདི་ནི་ལྷ་དང་དབང་ཕྱུག་ཆེན་པོའི་ཁའི་རླངས་པ་ཡིན་ནོ་ཞེས་ལུས་ལ་བདུག་པར་བྱེད་ཅིང་དེ་ཡང་ལུས་ཀྱི་ཕྱི་ནག་པོར་ནམ་སོང་བ་ན་བདག་སྒྲིབ་པ་ཐམས་ཅད་འདག་པར་བྱེད ་པ་སྟེ། ཆོས་ཉིད་མི་འགྱུར་བའི་རྟགས་ཐོབ་པ་ཡིན་ནོ་ཞེས་དོན་མེད་པར་སྦྱིན་སྲེག་བྱེད་པ་དེ་ནི་དུ་བས་མིག་ལ་གནོད་པ་ཁོ་ནར་ཟད་དོ། །གྲོང་ཁྱེར་བ་རྣམས་ཀྱི་མེ་དང་ཁྱད་མེད་པར་འགྱུར་རོ། །དེ་ཡང་འཁྲུལ་གཞི་གང་ལས་འཁྲུལ་ཞེ་ན། རྣལ་འབྱོར ་པ་ཆེན་པོ་ཏེ་ལོ་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་བཟང་པོའི་བརྟུལ་ཞུགས་ལ་ཞུགས་ཏེ་རི་ཁྲོད་དག་ན་ཉེ་བར་གནས་པ་དེ་ཡང་རྒྱུད་དེ་དག་ན་གནས་པའི་སྤྱོད་པ་ལ་གནས་ཏེ་དེ་ཡང་ཅི་ཞེ་ན། ཧེ་རུ་ཀ་མཆོག་སངས་རྒྱས་གྲུབ་འདོད་པས། །དུར་ཁྲོད་སྒོམ་པའི་ཕྱོགས་ཉིད ་དམ་པ་རུ། །ཕྱི་ནང་ཟང་ཟིང་གཡེང་བ་རྣམ་སྤངས་ཏེ། །ཀུ་ཤ་སྔོན་པོའི་གདན་ལ་འདུག་ནས་ཀྱང། །བ་ཡུ་རྣམ་ལྔ་ཟས་སུ་བཟའ་བྱ་ལ། །ཐོ་རངས་དུས་སུ་ས་དང་ཆུ་ཡི་བཀྲུ། །མཎྜལ་བཟང་པོ་ཡིད་དུ་འོང་བའི་སྟེང། །མེ་ཏོག་ཆལ་པ་ལེགས་པར་བཀྲམ ་ནས་ཀྱང། །ཙན་དན་དཀར་པོའི་ཤིང་ནི་ལེགས་བརྩིགས་ཏེ། །བདེ་གཤེགས་མཉེས་ཕྱིར་རྟག་ཏུ་སྦྱིན་སྲེག་དབུལ། །ཧཾ་ཏི་ཏ་དང་བྱིལ་པའི་སྙིང་པོ་དང། །སྨ་ཀ་དང་ཀྲེ་ཡ་ཨ་ཀརཱུ། སྦྱར་བའི་ཁུ་བས་ལུས་ལ་བྱུག་ཕར་བྱ། །དེས་ནི་ཐུན་མོང་མཆོག་གི་དངོས ་གྲུབ་རྣམས། །མྱུར་དུ་སྟེར་ཞིང་དམ་པར་འགྱུར་བའོ། །ཞེས་འབྱུང་བའི་ཕྱིར། ཚུལ་དེ་བཞིན་དུ་གནས་པ་དག་སྐྱེ་བ་འཕོས་ནས་རྒྱལ་པོ་ཆེན་པོ་སྟོབས་ཀྱི་གླང་པོར་སྐྱེ་བར་འགྱུར་རོ། །དེར་ཚོགས་གཉིས་ཡོངས་སུ་བསགས་པ་དག་གིས་ཕུང་པོ་ལྷག་མ་མེད ་པའི་རིག་འཛིན་གྱི་སར་ཚོགས་ཀྱི་འཁོར་ལ་སོང་བ་མཐོང་ངོ། །དེ་དག་ལ་མུ་སྟེགས་པ་ལ་ཀིན་ཏི་ཞེས་བྱ་བ་འཁྲུལ་ནས་རི་ཁྲོད་ཀྱི་བརྟུལ་ཞུགས་དེ་དག་ལ་ཞུགས་ཏེ། དེ་དག་གི་ཚུལ་འཛིན་པ་ནི་དེ་དག་གིས་རྗེས་སུ་འབྲང་བ་དང་བཅས་པའོ། །ད་ནི་མུ་སྟེགས་རྒྱང ་པན་པས་མི་གྲོལ་བ་སྟོན་ཏེ། སྤྲེའུ་བརྟུལ་ཞུགས་འཛིན་པ་ནི། །གཙུགས་དང་དབྱུ་གུ་གཉིས་ལ་གནས། །སོས་ཀའི་རྩལ་ཤིང་རྩེ་ལ་བཏབ། །ཟགས་པས་ཉོན་མོངས་བཅོམ་ཟེར་ཏེ། ལེགས་ལྡན་དག་གིས་ང་རྒྱལ་གནས། །མངོན་པའི་ང་རྒྱལ་ཐ་དད ་མེད། ཅེས་བྱ་བའི་དོན་ནི་མུ་སྟེགས་ནགས་ཁྲོད་པའི་བརྟུལ་ཞུགས་འཛིན་པ་སྟེ། སྤྲེའུ་ཞེས་བྱ་བ་ནི་ཤིང་ཁ་ན་གནས་པ་དག་གི་ཚུལ་ལ་གདགས་པའོ། །བརྟུལ་ཞུགས་ཞེས་བྱ་བ་ནི་བག་ཡངས་པ་ལ་བརྟུལ་ནས ་སྡུག་བསྔལ་གྱི་བག་ལ་བརྟེན་པ་ལ་ཞུགས་པའོ། །དེ་ཡང་ནགས་ཚལ་དག་ཏུ་ས་གཞི་ལེགས་པར་སྙོམས་པར་བྱས་ཏེ། དེ་དག་གི་སྟེང་དུ་ཤིང་སྟག་ཤ་ནའི་སྡོང་པོ་ཆེན་པོ་བཙུགས་ཏེ། ཤིང་ཁ་ཏེ་རའི་རྒྱ་སྤྲེལ་བ་འཁོར་ལོའི་ཚུལ་དུ་དབྱུ་གུ་གཉིས ་བྲེས་པའི་སྣ་ལ་སྤྲེའུ་བཞི་གནས་པར་བྱས་ཏེ་དེ་དག་གི་སྟེངས་སུ་གནས་ནས་གསལ་ཤིང་ཤིན་ཏུ་རྣོ་བ་དག་ལ་སྣུམ་བྱུགས་ནས་ལེགས་པར་བརྡར་བས་རྣོ་བར་བྱས་པ་དག་གིས་རྩེ་མོས་ཁྲག་རྒྱུ་བའི་ཕྱིར་རྩ་ཐམས་ཅད་ལ་བཏབ་སྟེ། །ཁྲག་དང་ཆུ་སེར ་ཟགས་པས་བདག་གི་ཉོན་མོངས་པ་བཅོམ་པ་ཡིན་ནོ་ཞེས་ཟེར་ཏེ། སེང་ལྡེང་གི་བརྒྱ་མ་དག་ལ་ཉི་མ་རེ་རེ་ཞིང་འཇལ་བར་བྱེད་དོ། །དེ་ཡང་ཇི་བཞིན་དུ་ཡང་དུ་སོང་བ་ལྟར་བདག་ནི་ལྷ་ལེགས་ལྡན་ཆེན་པོ་དག་དང་ཁྱད་མེད་པ་ཡིན་ནོ་ཞེས་ང་རྒྱལ ་གནས་པའོ། །བདག་ནི་འབྲས་བུ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་བྱེད་ཅིང། སངས་རྒྱས་དང་ཐ་དད་མེད་པར་སྨྲའོ། །དེ་དག་ཀྱང་འཁྲུལ་གཞི་གང་ལས་འཁྲུལ་ཞེ་ན། ལྷོ་ཕྱོགས་ཀྱང་ཀྱི་ཡུལ་ངག་ན་སློབ་དཔོན་ཌོཾ་བི་ཧེ ་རུ་ཀའི་སློབ་མ་ཤེས་རབ་ཀྱི་རྒྱུད་ལ་བློ་གནས་པར་བྱེད་པའི་རྣལ་འབྱོར་པ་འདའ་སྙ་རུ་བ་ཞེས་བྱ་བ་ཞིག་གིས་རྒྱལ་པོ་ཆེན་པོ་དཔའ་བས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་གསང་སྔགས་ཀྱི་ཐེག་པ་ལ་རབ་ཏུ་གཞོལ་བར་གྱིས་ཤིག་། ་དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་འདི་ཉིད་ལ་དངོས་གྲུབ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་པ་དང། རྒྱལ་པོས་སྨྲས་པ། རི་ཁྲོད་པ་ཁྱོད་ལ་ནུས་པ་ཅི་ཡོད་བདག་ལ་སྟོན་ཅིག་དང་བདག་དང་པར་འགྱུར་རམ་མི་འགྱུར་བལྟ་བར་བྱའོ་ཞེས་པ་དང། རྣལ་འབྱོར་པས ་སྨྲས་པ། ཀྱེ་རྒྱལ་པོ་བདག་གིས་ནི་གསང་སྔགས་ཀྱི་ཐེག་པ་འདི་དག་ལ་ཞུགས་ནས་རིང་པོ་མ་ལོན་ཏེ། དེ་ལྟར་ཡིན་ཡང་ལུས་ཀྱི་ཁྲག་དང་ཆུ་སེར་ཐམས་ཅད་ནི་འོ་མར་འགྱུར་རོ་ཞེས་པ་དང། རྒྱལ་པོས་སྨྲས་པ། དེ་བདག་གིས་བལྟ་བར་བྱའོ། ། ་རྣལ་འབྱོར་པས་སྨྲས་པ། ཞག་ཉི་ཤུ་སྙེད་ན་སྦྱོན་ཅིག་ཅེས་ནས་དུར་ཁྲོད་དུ་ཕྱིན་ཏེ། ལུས་ཀྱི་ཁྲག་དང་ཆུ་སེར་ལ་སྲོག་ཆགས་མི་འཇུག་པའི་ཕྱིར་ཤིང་གི་སྐོང་བུ་ལེགས་པར་བྱས་པའི་སྟེང་དུ་འདུག་སྟེ། གསལ་ཤིང་གི་རྩེ་མོས་ལུས་ཕུག་ནས ་ཁྲག་དང་ཆུ་སེར་ཟགས་ནས་འོ་མ་འཐུངས་སོ། །དེ་ནས་རིགས་བཞིའི་མཁའ་འགྲོ་མ་བཞིས་རྣལ་འབྱོར་པ་དེ་དག་ལ་བསྲུང་བ་བྱེད་པ་དང། འཇིག་རྟེན་པའི་མི་རྣམས་ཀྱིས་སྤྲེའུ་བཞིར་མཐོང་བར་གྱུར་ཏོ། །དེ་ནས་རྒྱལ་བ་དེ་དག་གིས་ཕྱིར་ཏེ་རྣལ་འབྱོར ་པའི་ལུས་དུམ་བུ་དུམ་བུར་གཅོད་དོ། །བཅད་ཀྱང་དེ་དག་ལ་ཁྲག་དང་ཆུ་སེར་མ་བྱུང་སྟེ་འོ་མ་འཛག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དག་ངོ་མཚར་ནས་རྣལ་འབྱོར་པ་དག་ལ་སྐྱབས་སུ་སོང་སྟེ། རྒྱལ་སྲིད་ཐམས་ཅད་བོར་ནས་ཏིང་ངེ་འཛིན ་ལ་ཞུགས་སོ། །དེ་ནས་སྐྱེ་བ་དེ་ཉིད་ལ་ཐུན་མོང་གི་དངོས་གྲུབ་དཔག་ཏུ་མེད་པ་འབྱུང་བར་འགྱུར་ནས་མུ་སྟེགས་ཧ་ལ་བཀག་གོ་ཞེས་བྱ་བས་དེ་དག་གི་ཚུལ་དུ་སྤྱོད་དེ། དེ་དག་ཉེ་བར་འཛིན་པ་ནི་དེའི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་སོ། །ད ་ནི་སྤྱོད་པའི་བརྟུལ་ཞུགས་ཀྱིས་མི་གྲོལ་བ་སྟོན་ཏེ། རྒྱུ་བ་དུར་གྱི་ངང་པའི་སྐད། །བསྟན་པས་གཞན་འདུལ་ཆོས་སྟོན་པ། །སྙིང་པོའི་དོན་དང་གཞན་མ་སེལ། །དེ་ལྟར་མངོན་པར་ཞེན་པ་ཡིས། །འགྲོ་བ་བརྫུན་པ་ཉིད་དུ་གོལ། །ཞེས་བྱ་བའི ་དོན་ནི་མུ་སྟེགས་རོ་ལངས་པ་དག་གི་སྤྱོད་པ་སྟེ། གྲོང་ཁྱེར་དུ་བསོད་སྙོམས་ལ་རྒྱུ་བའི་དུས་སུ་དུར་ཁྲོད་ན་གནས་པའི་དད་པ་དག་གི་སྐད་ཀྱིས་རྒྱུ་བར་བྱེད་དོ། །ཀང་ཀ་དང་ཞེས་བྱའོ། །དེ་ཡང་མངོན་པར་འདོད་པའི་སྒྲས་ཕྱེ་བ་ནི། ཀང་བརྟུལ ་ཞུགས་སོ། །ཀ་ར་དབང་ཕྱུག་གི་ང་རྒྱལ་ལོ། །ང་དེ་དག་གི་མཆོད་པའོ། །ཞེས་ལི་ཀ་རུའི་མཆོད་པ་ཆེན་པོ་ལ་གཏོགས་པའི་མི་རྣམས་ལ་དོན་དེ་བསྟན་པས་མུ་སྟེགས་ཀྱི་བསྟན་པ་ལ་འཇུག་ཅིང་གཞན་འདུལ་བར་བྱེད་པ ་དེ་གོང་མ་ལྟ་བུའི་ཆོས་སྟོན་པའོ། །གཞན་དག་ནི་ཆོས་མ་ཡིན་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་སྙིང་པོའི་དོན་འདི་དག་དང་ནང་པ་སངས་རྒྱས་ཀྱི་ཆོས་གཞན་མ་སེལ་བར་བྱེད་དོ། །དེ་ལྟར་བདག་དང་བདག་གིར་འཛིན་པ་ལ་མངོན་པར ་ཞེན་པའི་མུ་སྟེགས་ཀྱི་འགྲོ་བ་དེ་དག་ནི་དོན་གྱི་འབྲས་བུ་འབྱིན་པར་མི་ནུས་ཏེ། སླུ་བར་བྱེད་པའི་ཕྱིར་བརྫུན་པ་ཉིད་དུ་གོལ་བའོ། །ང་ནི་ཕྱི་རོལ་པའི་བསམ་གཏན་གྱི་བརྟུལ་ཞུགས་ཀྱི་མི་གྲོལ་བར་སྟོན་ཏེ། བསམ་གཏན་ཚུལ་བྱེད་མུ་སྟེགས ་ནི། །གུན་ཏེ་ཨེ་རེ་ཐལ་བས་བཀང། །ཉལ་དུས་ཐལ་བྱུགས་རལ་པ་འགྲོལ། །བསོད་སྙོམས་ཐིག་ལེ་སྤྱི་བོར་སྡུད། །གཙང་མ་ལ་བའི་སྟོང་ཉིད་དུ། །བདུགས་ནས་ཚངས་པའི་ང་རྒྱལ་བྱེད། །ེ་རན་མར་མེས་དབང་ཕྱུག་མཆོད། །མཚམས ་སུ་གཏོར་གཏོང་དྲིལ་བུ་དཀྲོལ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམ་སྟེ། །བརྡ་མེ་ཚིག་གི་གཡོ་སྒྱུ་བྱེད། །སྐྲ་མེད་རྒྱན་བྲལ་རིག་མ་སྟོན། །ཐོད་པས་དུར་ཁྲོད་དབང་བསྐུར་བྱེད། །བླ་མའི་ང་རྒྱལ་ཡོན་ཏན་ལེན། །ཞེས་བྱ་བ་ནི་ཕྱི་རོལ་གྱི་བརྟུལ་ཞུགས ་ཀྱི་སྤྱིར་མི་འགྲོལ་བ་སྟོན་ཏེ། དེ་ཡང་བསམ་གཏན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དགོངས་པ་དངོས་གཞིའོ། །དེ་དག་པ་རྟོགས་པའི་བསམ་གཏན་ནི་བསམ་གཏན་གྱི་ཚུལ་དུ་བྱེད་པ་སྟེ་ལོག་པར་རྟོགས་པའོ། །དེ་དག་ལ་གནས་པའི ་མུ་སྟེགས་ནི་འགུན་དེ་འཕྲག་པར་བཀལ་ཏེ། བྲམ་ཟེའི་རོ་བསྲེགས་པའི་ཐལ་བ་ནི་ཨེ་རིའོ། །མུ་སྟེགས་དེ་དག་འགུན་དེའི་ནད་ཐལ་བས་བཀང་སྟེ་ཉལ་བའི་དུས་སུ་ཡང་ལུས་པོ་ལ་ཐལ་བ་བྱུགས་ཏེ་རལ་བ་སྤྱི་གཙུག་ནས་བཀོལ་ནས་ལུས ་ལ་གོན་པར་བྱེད་དོ། །གྲོང་གསེབ་དང་དུར་ཁྲོད་ཐམས་ཅད་དུ་བསོད་སྙོམས་ལ་རྒྱུ་སྟེ། །ཁྲག་དང་ཞག་གི་ཐིག་ལེ་དག་གི་ལུས་ཐམས་ཅད་ལ་འགོད་པར་བྱེད་དོ། །སྦྲུལ་གྱི་ཆུན་པོ་དང་བཅས་པའི་རལ་པའི་སྤྱི་བོར་བསྡུས་ཏེ། སྤ་དང ་སྙུག་མ་ལས་བཏགས་པའི་སྟན་ལ་རྟའི་གཟུགས་བྲིས་ཏེ་ཤིན་ཏུ་གཙང་བར་བྱས་པ་ལ་ཙནདན་དང་གུར་གུམ་ལ་སོགས་པ་དྲིས་བསྒོས་པའི་སྟེང་དུ་འདུག་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཚངས་པ་གདོང་བཞི་པའི་ང་རྒྱལ་བྱེད་དོ། །ེ་རན་ཞེས ་བྱ་བ་ནི་སྦྲུལ་གདུག་པ་ཅན་ལ་བྱ་སྟེ། དེ་དག་གི་ཚིལ་བུས་ཐོད་པའི་ནང་དུ་མར་མེ་བཏང་སྟེ་དེས་དབང་ཕྱུག་ཆེན་པོའི་རྟེན་རྡོ་ལས་བྱས་པ་ལྷ་སྲིད་པའི་གདོང་ཅན་ལ་མཆོད་པར་བྱེད་དོ། །ཤར་ཕྱོགས་མཚམས་སུ་ཉི་མ་རེ་རེ་ལ་གཏོར་མ་བཅུ་བཅུ ་གཏོང་སྟེ། དུར་ཁྲོད་ཀྱི་ཀ་པཱ་ལ་རྙིང་པོ་ལ་ཁ་ཏི་རིའི་ཁུ་བས་པདྨ་བརྒྱད་པ་བྲིས་པས་དབུས་སུ་སྲིད་པའི་མེས་པོ་བཏགས་ཏེ་དྲིལ་བུ་དཀྲོལ་བར་བྱེད་དོ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས་མིག་བཙུམས་ཏེ་ཤེས་པའི་ཚོགས་དྲུག་མ་འགགས་པ་དག་ལ ་ཏིང་ངེ་འཛིན་མེད་དོ་ཞེས་རྣ་བ་ཡང་འགེགས་པར་བྱེད་དོ། །ད་རི་ཧ་ཞེས་བརྡ་མེད་པའི་ཚིག་དེ་དག་གིས་ཡོན་བདག་རྣམས་ལ་འདེབས་པར་བྱེད་ཅིང་གཡོ་སྒྱུར་བྱེད་དོ། །ཆུང་མ་སྐྲ་མེད་རྒྱན་དང་བྲལ་བ་སྲིད་པའི་མེས་པོ་སྦྲལ་བར་བྲིས་ནས་འདི་དག ་གསང་སྔགས་ཀྱི་རིགས་མ་ཡིན་ནོ་ཞེས་སྟོན་ཅིང་བདག་ནི་ཆགས་པ་དང་བྲལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིག་མ་འདི་དག་ལ་བལྟ་བར་བྱའོ་ཞེས་སོ། །དུར་ཁྲོད་ཀྱི་ཐོད་པ་དག་ལ་དབང་ཕྱུག་ཆེན་པཱི་གཟུགས་བྲིས་ཏེ་སྐྲ་ཤད་ཀྱི་དྲ་བར་བཅུག ་ནས་དུར་ཁྲོད་དུ་སོང་སྟེ། སྐྱེས་པ་དང་བུད་མེད་གཞོན་ནུ་དག་གི་རོ་བཤས་ནས་ཟ་བར་བྱེད་ཅིང་ཐོད་པ་དེ་དག་མགོ་བོ་ལ་གཞག་ནས་དབང་བསྐུར་བྱེད་དོ། །འདི་དག་ནི་ལྷ་ཆེན་པོ་དག་གིས་སྣང་བའི་དངོས་གྲུབ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་སྟན ་མཐོན་པོ་ལ་འདུག་ཅིང་ང་ནི་ཁྱེད་རྣམས་ཀྱི་བླ་མ་ཆེན་པོ་ཡིན་ནོ་ཞེས་ང་རྒྱལ་བས་སློབ་མས་ཕུལ་བའི་ཡོན་རྣམས་ལེན་པར་བྱེད་དོ། །འདི་དག་གིས་འཁྲུལ་གཞི་ནི་རྣལ་འབྱོར་པ་དན་ཏ་ཀོ་ལ་ཞེས་བྱ་བ་སྒྱུ་འཕྲུལ་ཆེན ་མོ་ལ་ཉེ་བར་གནས་པ་དག་གིས་དེའི་ཚུལ་དུ་སྒྲུབ་པར་བྱེད་དོ། །དེ་ཡང་རྒྱུད་དེ་ཉིད་ནས། རྟག་ཏུ་དུར་ཁྲོད་དག་ཏུ་གནས། །ཧེ་རུ་ཀ་ཡི་ང་རྒྱལ་དང། །མཁའ་འགྲོ་རྣམས་ལ་གཏོར་མ་སྦྱིན། །ཀང་རག་ར་དང་འབོད་པར་བྱ། །དཔའ་བོ་ཆེན་པོའི ་ང་རྒྱལ་བས། །དུར་ཁྲོད་ཆས་དང་ཐིག་ལེ་མགོ་།རལ་པ་སྤྱི་གཙུག་དག་ཏུ་བཀུར། །གདུག་པའི་མར་མེ་རྟག་ཏུ་མཆོད། །དུར་ཁྲོད་གནས་སུ་གཏོར་མ་སྐྱལ། །གཅེར་བུ་རྒྱན་བྲལ་སྐྲ་གྲོལ་བའི། །མཚན་དང་ལྡན་པའི་རིག་མ་ལ། །དབང་བསྐུར ་བདེ་བ་བསྐྱེད་པར་བྱ། །དེ་ནི་སྲིད་གསུམ་དག་པའི་དོན། །མི་ཟད་རྒྱན་གྱི་འཁོར་ལོའོ། །ཞེས་འབྱུང་བའི་ཕྱིར་དེ་དང་འཐུན་པར་སྤྱད་དེ། དེ་དག་སྐྱེ་བ་འཕོས་པ་ལས། །རྣལ་འབྱོར་པ་ཤཱ་ཏིང་དར་མ་ཀར་སྐྱེས་པར་གྱུར་ཏེ། དེ་ལ་མཁའ་འགྲོ ་མ་ཐམས་ཅད་ཀྱིས་དབང་བསྐུར་ནས་སྲིད་པ་གསུམ་གྱི་འཁོར་ལོ་ཐམས་ཅད་སྒྱུར་བར་ནུས་སོ། །དེ་དག་མུ་སྟེགས་གཅེར་བུ་པ་ལེགས་སྲུང་ཞེས་བྱ་བས་མཐོང་ནས་བརྟུལ་ཞུགས་ལ་ཞུགས་སོ། །དེ་དང་ཉེ་བར་མཚུངས་པ་ནི་དེའི་རྗེས་སུ་འབྲང་བ ་རང་བཅས་པ་རྣམས་སོ། །ད་ནི་ཕྱི་རོལ་བ་བརྟུལ་ཞུགས་ཀྱི་ཆ་དང་འཐུན་པ་དག་གིས་ཀྱང་གྲོལ་བར་མི་འགྱུར་ཏེ། སྐྲ་སེན་རིང་ཞིང་དྲི་མ་བསྐུ། །གོས་བྲལ་སྐྲ་ནི་རྣམ་པར་འབྲལ་ཞེས་བྱ་བའི་དོན་ནི། གསང་སྔགས་ཀྱི་ཚུལ་དག་དང་ཆ་འཐུན ་པར་སྤྱོད་པ་སྟེ། སྐྲ་ཤིན་ཏུ་རིང་བ་ལ་རྩ་བ་ཀླུ་ཤིང་གི་མེ་ཏོག་ཆུས་བྱུགས་ཏེ། སེར་སྐྱར་བྱས་པས་དེ་དག་སྤྱི་གཙུག་ཏུ་སྦྲུལ་གྱིས་འཆིང་བར་བྱེད་དོ། །སེན་མོ་འང་ཤིན་ཏུ་རིང་བཞིན་ལུས་པོ་ལ་ཐང་ཆུ་དང་བདུད་རྩི་བསྲེས་པའི་དྲི་མས་སྐུད ་པར་བྱེད་དོ། །གཅེར་བུའི་ཚུལ་གྱིས་གནས་པར་བྱེད་དེ་དུས་རྟག་ཏུ་གོས་དང་བྲལ་བའོ། །སྐྲའི་མཛའ་ཐམས་ཅད་ཀྱང་འབལ་བར་བྱེད་དེ། ང་ནི་ཆགས་པ་དང་བྲལ་བ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །དེ་དག་ཅི་ལས་འཁྲུལ་ཞེ་ན། བྱང་ཕྱོགས་འདམ ་བུའི་ཚལ་རྣལ་འབྱོར་པ་དཔལ་གྱི་ཞབས་ཆེན་པོ་ཞེས་བྱ་བ་བཅོམ་ལྡན་འདས་དགའ་བའི་རྡོ་རྗེའི་ང་རྒྱལ་དུ་ཞུགས་ནས། ལོ་བཅུ་དགུའི་བར་དུ་ཤིང་ལོའི་སྟན་ཅིག་གི་སྟེང་ནས་མ་ལངས་ཏེ། བཟའ་བ་དང་བཏུང་བ་ནི་དྲི་ཆེན་དང་དྲི་ཆུའི་རྒྱུན་ལོག་པས ་འཚོ་བར་བྱས་སོ། །དེ་ཡང་གཅེར་བུའི་ཚུལ་གྱི་གནས་པར་བྱས་ཏེ། སྐྲ་དང་སེན་མོ་ཐམས་ཅད་ཀྱང་རིང་བར་གྱུར་ཏོ། །དེ་ནས་ལྷའི་བུ་རྣམས་ཀྱི་ནམ་མཁའ་ལ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་མཆོག་ལྡན་དཔའ་བོ་ཧེ་རུ་ཀ་།རྗེ་བཙུན་བཞེས་ཤིང ་བསམ་གཏན་ལ་བཞེངས་ལ། །ལྷུང་བའི་ལས་ཅན་རྣམས་ཀྱི་ཚོགས་བསགས་ཕྱིར། །སུམ་ཅུ་རྩ་གསུམ་འཁོར་ལོས་སྒྱུར་བར་གཤེགས། །ཞེས་ནས་ནམ་མཁའ་ལ་རོལ་མོའི་ཚོགས་དཔག་ཏུ་མེད་པས་བསུ་བ་དང་བལྟ་བ་བྱས་ནས་སོང་ངོ། །དེ ་དག་གདོལ་པ་ཨུ་རི་ཏ་ན་ཞེས་བྱ་བས་མཐོང་ནས་དེའི་རྗེས་སུ་བརྟུལ་ཞུགས་སྤྱད་དོ། །དེ་དང་ཉེ་བར་མཚུངས་པ་ནི་དེའི་རྗེས་སུ་འབྲངས་པ་དང་བཅས་པ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་ཚུལ་འདི་ལྟ་བུ་དག་ཡིན་ཏེ། ཡིད་ནི་ནམ་མཁའ་ཨི་ཁམས་ལ ་རྟོག་།བསྟན་ལ་གནོད་བྱེད་ལམ་གཟུགས་སྟོན། །བདག་ནི་གྲོལ་འདོད་ཐར་ལ་མངོན་པར་དགའ་། །གནས་མིན་བཟོད་པ་ཅན་ལ་གནས། །ཐེག་ཆེན་རྣམས་ཀྱི་གཞའི་ས། །ཞེས་བྱ་བའི་དོན་ནི། དེ་ཐམས་ཅད་འཐུན་པའི་བདག་ཉིད་སྟོན་པར་བྱེད ་པ་སྟེ། དེ་ཡང་དེ་དག་གིས་ཡིད་ཀྱི་རྣམ་པར་ཤེས་པ་ནམ་མཁའ་ཨི་ཁམས་ལ་སྟོན་ཅིང་ནམ་མཁའ་བསྒོམ་པར་བྱེད་དོ། །སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་དེ་བདག་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་པའོ་ཞེས་བརྗོད་པས་སོ་སོའི་སྐྱེ་བོ་བློ་ཆུང་བ ་ཐོས་སུ་རིག་པར་བྱའོ། །དེ་དག་གི་བདག་ཉིད་ཉེ་བར་སྤྱོད་པ་རྣམས་ནི་སློབ་པ་པོ་དགུལ་ཞུགས་པ་རྣམས་ཏེ། ཐེག་པ་ཆུང་དུན་གྱི་རྒྱས་པར་གནས་པ་འོད་ཀྱི་མདོ་དང་འཕགས་པ་ལས་བརྒྱ་པའི་མདོ་དང་སྟོན་ཀཽ་དཱི་ནྱའི་མདོ་ལ ་སོགས་པ་ལ་སློབ་པར་བྱེད་ཅིང། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་བཞི་ལ་བརྟགས་པ་ཉིད་ཀྱི་འཁྲུལ་པ་སྟེ། མངོན་སུམ་དུ་རྨོངས་པ་ཁོ་ནར་ཟད་དོ། །དེ་དག་ནི་རྟོག་བཅས་འབའ་ཞིག་ལ་སྤྱོད་པ་ཁོ་ན་ཡིན་ནོ། ་སྡེ་པ་ཞེས་བྱ་བ་ནི་དགེ་སློང་དང་དགེ་ཚུལ་གྱི་བདག་ཉིད་འཛིན་པ་བཞིར་ཚོགས་པ་དང་དེ་ལས་ལྷག་པའོ། །དེ་ཡང་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་ནི་བཅོ་བརྒྱད། དེ་ཡང་རྩ་བའི་སྡེ་བཞི་ནི་དང་པོ་དགེ་འདུན་ཕལ་ཆེན་སྡེ་དང། ཐམས་ཅད་ཡོད ་པར་སྨྲ་བའི་སྡེ་དང། གནས་བརྟན་པའི་སྡེ་དང། མང་པོས་བསྐུར་བའི་སྡེའོ། །དང་པོ་ལ་ཡང་ཤར་གྱི་རི་བོའི་སྡེ་དང། ནུབ་ཀྱི་རི་བོའི་སྡེ་དང། གསང་རི་བའི་སྡེ་དང། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང། རྟག་པར་སྨྲ་བའི་སྡེ ་རྣམས་སུ་གྱེས་སོ། །གཉིས་པ་ལ་ཡང་གཞི་ཐམས་ཅད་ཡོད་པ་སྨྲ་བའི་སྡེ་དང། འོད་སྲུངས་སྡེ་དང། མང་དུ་ཐོས་པའི་སྡེ་དང། གོས་དམར་བའི་སྡེ་དང། རྣམ་པར་ཕྱེ་སྡེ་སྨྲ་བའི་སྡེ་རྣམས་སུ་གྱེས་སོ། །གསུམ་པ་ལ་ཡང་རྒྱལ་བྱེད་ཆེ་ལ་གནས ་སྡེ་དང། འཇིགས་མེད་ན་གནས་སྡེ་དང། གཙུག་ལག་ཁང་ཆེན་སྡེ་རྣམས་སུ་གྱེས་སོ། །བཞི་པ་ལ་ཡང་ས་སྒྲོགས་རིགས་པའི་སྡེ་དང། བསྲུང་བའི་སྡེ་དང། གནས་མ་བུའི་སྡེ་རྣམས་སུ་གྱེས་སོ། །དེ་ཐམས་ཅད་ཀྱང་སྤྱོད་པའི་སྒོ?་མི་མཐུན་ཏེ་སུན ་འབྱིན་ཅིང་གཞན་དུ་དོར་བར་བྱེད་དོ། །ལྟ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང། མདོ་སྡེ་པ་གཉིས་སུ་གཞི་མཐུན་ནོ། །དེ་ཡང་གཟུང་བ་རང་བཞིན་མེད་པར་ཤེས་པས་གང་ཟག་ལ་བདག་མེད་པར་རྟོགས་ལ། འཛིན་པ་རང་བཞིན་དུ་གནས་པས ་ཆོས་ལ་བདག་ཏུ་འཛིན་པར་གནས་སོ། །ཤེས་པ་ཡང་འདས་པ་དང་མ་འོངས་པ་དང། ད་ལྟར་གྱི་དུས་གསུམ་དུ་བསགས་པའི་རྫས་རྡུལ་ཕྲ་རབ་ཏུ་གྲུབ་པར་འདོད་དེ། དེ་ཡང་ནེ་གསིང་དང་གཡག་རྡའི་ཚུལ་དུ་སིལ་བུ་ཕྲག་ཅན་སྡུད་བྱེད་ཀྱི་རླུང་གིས་བསྡུས ་པ་གོ་འགེགས་པའི་ངོ་བོར་འདུག་པ་འམ་གོང་པོ་བར་མཚམས་མེད་ཅིང་མ་འབྱར་བར་སྨྲ་བར་བྱེད་ཅིང་ཡང་སྣང་བ་གཟུགས་ཀྱི་གཞི་དང། གཙོ་བོ་སེམས་ཀྱི་གཞི་དང། འཁོར་སེམས་ལས་བྱུང་བའི་གཞི་ནི་ཀུན་རྫོབ་ཀྱི་བདེན་པར་སྨྲ་ལ། གནས་སྐབས ་དང་མི་ལྡན་པའི་གཞི་དང། ཆོས་ཉིད་འདུས་མ་བྱས་ཀྱི་གཞི་ནི་སོ་སོར་བརྟགས་མིན་གྱི་འགོག་པར་སྨྲ་སྟེ། དེ་བཞིན་ཉིད་དང་ནམ་མཁའ་ཞེས་མཐར་ཐུག་བྱེད་དོ། །དེ་ལ་ཉན་ཐོས་མདོ་སྡེ་བ་བློ་རབ་ཏུ་གྱུར་པ་ནི་རང་སངས་རྒྱས་ཉིད་ཡིན་ཏེ། དེ་ཡང ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་རྒྱུ་ལས་འཁོར་བ་འབྱུང་བ་དང། ལུགས་དེ་དག་ལ་བཀག་ཅིང་བཟློག་པས་ནི་ཐར་པའི་འབྲས་བུ་ཐུན་མོང་མ་ཡིན་པ་ཐོབ་པར་འདོད་དོ། །དབུས་པ་བྱེ་བྲག་ཏུ་སྨྲ་བ་དག་ནི་ཐེག་པ་ཆེན་པོ་ལ་རྒྱུ་བྱས་པས ་འབྲས་བུ་དག་ཉིད་འདི་ལྟ་བུ་དག་འཐོབ་པར་འགྱུར་རོ་སྨྲ་བར་བྱེད་ཅིང། གཞི་དང་གཞི་ཡོངས་སུ་གྲུབ་པར་བྱེད་པ་དང། མངོན་སུམ་དང་རྗེས་སུ་དཔག་པ་དང་ཚིག་གི་མཚོན་ཆ་དང་སྨྲ་བའི་མཚོན་ཆ་དང། དབང་པོར་གྱུར་པའི་ཚད་མ་དང། ཚད ་མ་ཕན་པས་གྲུབ་ཅིང་རྗེས་སུ་ཕན་པའི་སྒྲས་ཁས་ལེན་པར་འདོད་པ་སྟེ། དེ་དག་གིས་མངོན་པར་བརྟགས་པའོ། །ཤེས་པ་ཕྲ་རབ་ཀྱི་རྡུལ་དུ་རང་ཉིད་ཀྱི་འདོད་པའི་བློས་གྲུབ་པ་ལ་དེས་ཤིང་འབད་ཀྱང་དགྲ་བཅོམ་པའི་འབྲས་བུ་རྡོལ་བསྐོས་པའི་རི་མོ ་ལྔ་བུ་མ་ཡིན་ཏེ་ཆུ་ལ་བྲིས་པ་བཞིན་ནོ། །དེ་ལས་གཞན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ནི་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཐར་པ་མི་ཐོབ་པ་བསྟན་པར་བྱ་སྟེ། རྟོག་གེ ་བློ་ཆུང་གང་ཟག་དག་།བརྟགས་ནས་ལྷ་ཡི་དཀྱིལ་འཁོར་བསྒོམ། །མུ་སྟེགས་བདག་བཞིན་འགྲུབ་པར་རྟོག་།བུམ་གསང་ཤེས་རབ་ཡེ་ཤེས་དང། །མཐར་ཐུག་མན་ངག་ཚིག་ཏུ་འདོན། །དོན་གྱི་རྣམ་པ་དེ་དང་བྲལ། །འབད ་ཅིང་འཁོར་ལ་རྣམ་པར་ཞེ་ན། །སྟོང་པ་མཁའ་བཞིན་གཞན་དུ་རྟོག་།ཅེས་བྱ་བའི་དོན་ནི། ཀུན་ཏུ་བརྟགས་པ་འབའ་ཞིག་ལ་ཞེན་པའི་ཤེས་པའི་རྣམ་པ་མཚན་མའི་རྟོག་གིས་ཡིད་དཀྲུགས་པའི་ཕྱིར་བློ་ཆུང་བ་སྟེ། དེ་དག་ནི་ཤིན་ཏུ་སྒྲུབ་པར་བྱེད ་པའི་གང་ཟག་དག་ནི་བདག་ཉིད་རྟེན་དང་བརྟེན་པའི་ངོ་བོར་བརྟགས་ཏེ་ལྷའི་དཀྱིལ་འཁོར་བསྒོམ་པ་དང། དེ་ཡང་ང་རྒྱལ་དང་ལྡན་པས་གྲུབ་པར་སྨྲ་སྟེ། དེ་དག་ནི་མུ་སྟེགས་ཀྱི་བདག་དག་དང་ཁྱད་མེད་པ་སྟེ། དེ་བཞིན་དུ་གྲུབ་པ་རྟོགས་པའོ། །དེ་ཡང ་དབང་གི་རང་བཞིན་ཇི་ལྟར་མ་ཤེས་པ་ལས་བྱུང་སྟེ། དེ་ཡང་བུམ་པའི་དབང་ནི་མ་རིག་པའི་ཉོན་མོངས་པ་ལས་ལོག་ནས། །རིག་པའི་ཡེ་ཤེས་ལྔ་སྐྱེད་པར་བྱེད་པ་སྟེ་ཆོས་ཀྱི་དབྱིངས་སོ། །དེ་ཉིད་ལས་སྤྲོས་པའི་རྣམ་པར་རྟོག་པར་འཛིན་པའོ། །གསང ་བའི་དབང་ནི་ཟག་པ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པ་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་འཇུག་པའི་རྣམ་པར་རྟོག་པར་འཛིན་པའོ། །ཤེས་རབ་ཡེ་ཤེས་དང་ཞེས་བྱ་བ་ནི་ཤེས་རབ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །ལྷན་ཅིག་སྐྱེས་བའི་ཡེ་ཤེས ་ཉམས་སུ་མྱོང་བར་བྱེད་པ་སྟེ་ཆོས་ཀྱི་སྐུའོ། །དེ་དག་ལ་འདོད་པའི་ཞེན་པར་རྟོག་པའོ། །མཐར་ཐུག་པའི་དོན་ནི་པྲཛྙཱ་ཨ་མུ་སྣིའོ། །དེ་དག་གི་དོན་ནི་ཤེས་རབ་ཆེན་པོ་སྟེ། གསལ་བ་དང་མི་རྟོག་པ་དང་བདེ་བའི་རང་བཞིན་དང་ལྡན་པ་སྟེ་གཉུག ་མའི་དེ་ཁོ་ན་ཉིད་དོ། །དེ་དག་ནི་མན་ངག་སྟེ་ཚིག་ཙམ་དུ་འདོན་པར་བྱེད་དོ། །དེ་པས་ན་དོན་སེམས་གཉུག་མའི་རང་བཞིན་དང་དེ་ཉམས་སུ་མྱོང་བར་བྱེད་པའི་ཚུལ་གྱིས་རྣམ་པར་དེ་དང་བྲལ་བ་སྟེ། ཚོགས་མ་བསགས་ཤིང་དམ་པ་དང ་ཉེ་བར་མི་ལྡན་པ་དག་གིས་བཅད་ཅིང་རྟུལ་ཕོང་ལ་གནས་ཀྱང་ཐ་དད་ཀྱི་རྟོག་པ་དང་བྲལ་བའི་ཕྱིར་འཁོར་བ་དང་འཁོར་ཞིང་རྣམ་པར་ཞེན་པའོ། །དེ་དག་གི་སྟོང་ཉིད་ནི་འཇིག་རྟེན་པ་དག་གིས་བལྟས་ལྟ་བུ་སྟེ། ནམ་མཁའ་བཞིན་གཞན་དུ ་རྟོགས་པར་བྱེད་དེ། དེ་ཡང་ཅིའི་ཕྱིར་ཞེ་ན། རྣལ་མ་ལ་བདེ་བ་ཆེན་པོའི་རོས་ཚིམ་པར་མ་བྱས་པའི་ཕྱིར་རོ། །ང་ནི་དབུ་མ་པས་ཐར་པ་མི་ཐོབ་པར་བསྟན་པར་བྱ་སྟེ། ཁ་ཅིག་སྟོང་ཉིད་ལ་ལྟ་འཆིང་ཞེས་བྱ་བ་ནི་སྟོང་པ་ཉིད་མི་རྟོག་པའི་ཆ་ལ ་གནས་པ་དག་ལ་མངོན་པར་ཞེན་པ་སྟེ། དེ་དག་ལ་དམ་པ་ཉིད་དུ་ལྟ་བས་འཆིང་བ་ཉིད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན་བལྟར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་དོན་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་ནི། །རྟོགས་པས་མངོན་པར་གྱུར་པ་སྟེ། །རང་ཉིད་མངོན་གྲུབ ་ཅེས་བྱ་བ་སྨོས་ཏེ། དེ་དག་གི་དོན་ནི་ལ་ཧ་ར་ན་ཀ་སྟེ་སེམས་སོ། །དེ་ནི་ལྷན་གྱི་རྣམ་པའོ། །པ་ན་ས་ཀ་རི་སྟེ་གཅིག་གོ་།དེ་ནི་སེམས་ཀྱི་རྣམ་པའོ། ། ན་ཨས་བུ་ཏ་སྟེ་བླ་མའི་གདམས་དག་ལས་སྐྱེས་པའོ། །དེ་ནི་ཐོག་མ་ཉིད་ནས་སངས་རྒྱས་པའི་ངོ ་བོའོ། །ེ་ཨི་ཐར་ཏེ་རྟོགས་པའོ། །དེ་ནི་ཐ་མལ་གྱི་ཤེས་པ་ཉིད་དོ། །ེ་བུད་ཏོག་ཀའོ་དེ་ནི་ཉམས་སུ་མྱོང་བས་མངོན་པར་གྲུབ་པ་སྟེ། དེ་ཐོག་མ་ཉིད་ནས་སངས་རྒྱས་པའི་ངོ་བོའོ། །ེ་ཨི་ཨད་མ་ཀི་ཏི་སྟེ་རང་ཉིད་ལ་མངོན་པར་གྲུབ་པའོ། །དེ་ནི ་ཀུན་ཏུ་བཟང་པོ་ཉིད། དེ་བས་ན་དོན་ཁྱད་པར་དུ་གྱུར་པ་ཉིད་དོ། །གཞན་དག་ནི་འདི་དང་མི་ལྡན་པ་དག་ཡིན་ཏེ། ཇི་ལྟར་ཞེ་ན། གཞན་ལ་ལྟ་རྒྱུ་འབད་པ་ལེགས་བྱས་བས། མྱ་ངན་འདས་པ་ཐོབ་གྱུར་སྨྲ་ཞེས་བྱ་བའི་དོན་ནི་འབྲས་བུ་གཞན་དུ་རྟོག་ཅིང་ལྟ་བ་ལྟ་བ ་ལ་རེ་བའི་ཕྱིར་རྟོག་པའོ། །རྟོག་པ་དེ་ཡང་རྟོག་པས་གྲུབ་པར་འདོད་དེ། རྒྱུ་བསོད་ནམས་ཀྱི་ཚོགས་ལ་འབད་པ་ལེགས་པར་བྱས་པས་རྣམ་པར་རྟོག་པ་རྡང་ནས་མྱ་ངན་ལས་འདས་པའི་དོན་འཐོབ་པར་འགྱུར་པར་སྨྲ་སྟེ་རྟོག་པའོ། །རྟོག་པས་རྟོག་པ་ཉིད་སླུ་བ་ཁོ་ནར་བྱེད ་དེ་འཁོར་བའོ། །འཁོར་བ་ཉིད་ཀྱི་རྟོག་པ་མི་སླུ་བར་བྱེད་དེ་སྡུག་བསྔལ་ལོ། །དེ་ཡང་ཅི་ལས་བྱུང་བར་བརྟག་པར་བྱ་ཞེ་ན། ཚིག་དང་ལུས་ཀྱི་རྣམ་པ་ལ། ཤིན་ཏུ་མཁས་པ་ལྟར་སྣང་ཡང། །ཅི་ཤོས་དེ་ལ་རྣམ་མེད་ཕྱིར། །ནུས ་བར་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བ་ནི། ཚིག་གི་ཐ་སྙད་ཀྱིས་རྣམ་པར་རྟོག་པ་བསླང་སྟེ། དེ་ཉིད་མཛའ་མེད་པ་ལ་རྟོག་གོ་།སྣང་བ་དང་གྲགས་པའི་ལུས་ཀྱིས་རྣམ་པ་གཏན་ལ་ཕབ་ནས་དོན་མེད་པ་ལ་རྟོག་གོ་།དེ་དག་ཆ་ཤས་ཀྱི་རྣམ་པ་ལ་བདག ་ནི་ཤིན་ཏུ་མཁས་པ་ཡིན་ནོ། །ཞེས་ང་རྒྱལ་བར་བྱེད་དེ་འཁོར་བའོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་ལྟར་སྣང་ཡང་མཁས་པ་ནི་མ་ཡིན་ནོ། །རྒྱལ་པོའི་བར་མཛོད་དང་འདྲ་བས་རང་བཞིན་གྱི་ནོར་དུ་རིན་པོ་ཆེའོ། །ཅིག་ཤོས་དེ་ལ་མེད་ཅིང་དེའི ་རྣམ་པ་ཡང་མེད་པའི་ཕྱིར་ཀ་ཀ་ར་སྟེ། ནུབ་པར་མི་འགྱུར་པའི་དོན་ཏོ། །དེ་དག་ནི་འཁྲུལ་པར་བརྟགས་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ནོ། །འདི་ཉིད་ཀྱི་དོན་ནི། གདམས་ངག་བཞི་རུ་གྲུབ་པའི་ཕྱིར། གོང་མས་སྨྲ་ཚུལ་མི་རིགས་མིན་ཞེས་བྱ་བའི ་དོན་ནི་ཨུ་བ་ཧ་ར་སྟེ། དེ་ནི་མྱོང་བས་དོན་སྐྱེ་བར་བྱེད་པའི་དོན་ཏོ། །དེ་ཡང་འགུ་རེ་ཨུ་པིར་སྟེ་གདམས་ངག་གོ་།དེ་ནི་བླ་མ་དམ་པའི་གདམས་ངག་བཞིན་ཉམས་སུ་མྱོང་བས་ཆོས་ཀྱི་སྐུའོ། །དེ་དག་ཀྱང་ཅི་ཞེ་ན། རྒྱུ་མེད་པ་དང་མ་ནིང་གི་སྤྱོད ་ཡུལ་དུ་རུང་བ་དང། སོ་སོར་རྟོག་པའི་ཤེས་རབ་ཡང་བ་དང། རྒྱུ་འབྲས་དུས་མཚུངས་ཤིང་ཆུ་བོ་ལྟར་གནས་པ་སྟེ། དེ་ཡང་ཐོག་མ་ཉིད་ནས་སངས་རྒྱས་པ་ཡིན་པ་དང། ཐམས་ཅད་ལ་ཆོས་ཀྱི་སྐུ་གཉུག་མའི་རང་བཞིན་གནས་པ་དང། ཐམས ་ཅད་བདེ་བའི་ཕྱག་རྒྱར་རེ་གཅིག་པ་དང། རྒྱུ་འབྲས་དུས་མཚུངས་ཤིང་དུས་ཐམས་ཅད་བཞིན་དུ་གྲུབ་པའི་ཕྱིར། ཨིས་ཨ་ར་སྟེ་གོང་མ་སྟེ་ང་ཡིས་སོ། །འོག་མ་རྣམས་ལ་ཐར་པ་མི་ཐོབ་པ་སྨྲ་བའི་ཚུལ་མི་རིགས་པ་མིན་ཏེ་རིག་པའོ། །དེ་བས་ན ་དེ་ཐམས་ཅད་ཐབས་དང་ཡང་བྲལ་ཤེས་རབ་དང་ཡང་བྲལ་བ་སྟེ། ཐ་མལ་གྱི་ཤེས་པ་དང། དེའི་རང་བཞིན་མེད་པའི་ཕྱིར་ཐར་པ་མི་འཐོབ་པ་བཤད་པར་བྱ་སྟེ། གང་ཞིག་དོན་ལ་མོས་འགྱུར་ན། །སྤྱད་པས་འབྲས་བུ་ཐོབ་པར་འདོད་ཅེས་བྱ་བའི་དོན ་ནི་རིགས་གང་ཞིག་གོ་།དོན་དམ་པའི་ལྟ་བ་ཞེས་དེ་ལ་མོས་ཤིང་གཞོལ་བར་འགྱུར་ཏེ་ཞེན་ནས་དེ་འགྲུབ་པར་བྱེད་པ་ཡང་ཚངས་པའི་སྤྱོད་པ་ལ་སྤྱད་པས་འབྲས་བུ་དམ་པ་ཐོབ་པར་འདོད་པའི་ཕྱིར། དགག་སྒྲུབ་དང་བཅས་པ་ཉིད་དུ་ཟད་དེ་དེ་ཉིད་མ ་ཡིན་ནོ། །གང་ཞིག་གཉིས་མེད་མྱོང་བྲེལ་ན། །རྐང་དང་དམན་པའི་བསམ་གཏན་ནི། །དགོས་པ་མེད་ཕྱིར་ཕྱིར་བསལ་ཏེ། སྙིང་པོའི་དོན་མཆོག་རྟོགས་པ་ན། །མར་མེ་ལྷ་བཤོས་དེ་ཅི་དགོས། །གཉིས་མེད་ལྡང་དང་མཇུག་མེད་ན། །སྤྱོད་པ ་ཅི་བྱེད་སྔགས་མ་སྨྲ། །ལས་དང་བྱ་བ་གཙོར་གྱུར་པའི། །འབབ་སྟེགས་ཆུ་ལ་ཁྲུས་བྱེད་ཅིང། །བསྙུང་བའི་དཀའ་ཐུབ་ཅི་དགོས་ཏེ། །དེ་ཉིད་དོན་དང་མ་འབྲེལ་ན། །ཁྲུས་ལ་སོགས་པས་གྲོལ་མི་འགྱུར་ཞེས་བྱ་བའི་དོན་ནི་སྙིང་པོའི་དོན ་རྟོགས་པའི་གཉིས་མེད་ལ་གནས་ཤིང་ལྡང་འཇུག་མེད་པ་ན་སྤྲོད་པ་འདི་དག་ཤུགས་ཀྱིས་དགག་ཅིང་རྟོགས་པས་འཆིང་བའི་ཕྱིར་མི་དགོས་པ་སྟོན་པ་དང་སྤྱོད་ན་ཡང་དེ་ཉིད་དང་འབྲེལ་བར་ཤུགས་ཀྱིས་སྟོན་པ་སྟེ། དེ་ཡང་གང་ཞིག་ཅེས་བྱ་བ་ནི་རྟེན་གྱི་གང ་ཟག་ཁྱད་པར་དུ་གྱུར་པ་རྣམས་སོ། །གཉིས་མེད་ཅེས་བྱ་བ་ནི་ཐ་མལ་གྱི་ཤེས་པ་ཉིད་དོ། །མྱོང་ཞེས་བྱ་བ་ནི་གསལ་བ་དང་མི་རྟོག་པ་དང་བདེ་བའོ། །བྲལ་ཞེས་བྱ་བ་ནི་མྱོང་དུ་མེད་པའི་མྱོང་བ་སྟེ་ཅི་ཡང་མ་ཡིན་པ་ཉིད་དོ། །དེ་ཉིད་ཀྱི་བདག་ཉིད ་ཅན་བདག་ལ་དཀའ་བའི་མུ་སྟེགས་ཀྱི་བརྟུལ་ཞུགས་དང། དམན་པའི་ཉན་ཐོས་ཀྱི་སྦྱོད་པ་དང་ལྡན་པ་ལྟ་བ་དང་སྒོམ་པ་དང། རྣམ་པར་རིག་པ་དང་དབུ་མའི་དགག་སྒྲུབ་དང་བཅས་པའི་བསམ་གཏན་ནི་དགོས་པ་མེད་པའི་ཕྱིར་བསལ་བ་སྟེ་སྙིང་པོའི ་དོན་མཆོག་ཏུ་གྱུར་པ་འདི་རྟོགས་པ་ན་སོགས་ནས་སངས་རྒྱས་གྲུབ་པ་མེད་པའི་ཕྱིར། མར་མེ་དང་མེ་ཏོག་དང་བདུག་པ་དང་དྲི་དང་ལྟ་བཤོས་ལ་སོགས་པ་དེ་ཅི་དགོས་བསྒྲུབ་ཏུ་མེད་པའི་ཕྱིར་རོ། །གཉིས་སུ་མེད་པའི་ངང་དེ ་ལས་མི་གཡོ་ཞིང་ལྡང་བ་དང་འཇུག་པ་ལ་ཁྱད་མེད་ན། སྦྱིན་པ་བཏང་བ་ལ་སོགས་པའི་སྤྱོད་པས་ཅི་བྱེད་པ་དེ་དོན་མེད་པའི་ཕྱིར་རོ། སྔགས་ཀྱང་མི་སྨྲ་སྟེ་འབྲས་བུ་གྲུབ་ཏུ་མེད་པའི་ཕྱིར་རོ། །བླ་མ་གཉེས་པར་བྱ་བ་ལ་སོགས་པའི་ལས་དང། ཚོགས ་བསོག་པའི་བྱ་བ་གཙོར་གྱུར་པའི་ཆུ་འབབ་པའི་སྟེགས་སུ་འདུག་སྟེ། ཆུ་ལ་ཁྲུས་བྱེད་ཅིང་གཙང་བར་སྤྱོད་པ་དང། སྨྱུང་བའི་དཀའ་ཐུབ་དང་དཀའ་སྤྱད་རྣམས་ཅི་དགོས་ཏེ་དེ་དག་ཉིད་ཀྱིས་འཆིང་བའི་ཕྱིར་རོ། །དེ་ཡང་རྣམ་པར་གཅད་པ་ལྟ་བུ་ནི་མ ་ཡིན་ཏེ། ཤུགས་ཀྱིས་འགགས་པ་ཡིན་པའི་ཕྱིར་ཆེད་དུ་སྒྲུབ་པ་ལྟ་བུ་ནི་མ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་དོན་དང་མ་འདྲེལ་ན་ཁྲུས་ལ་སོགས་པ་གོང་དུ་སྨོས་པའི་སྤྱོད་པས་གྲོལ་བར་མི་འགྱུར་རོ། །འབྲེལ་ན་དོན་དང་ལྡན་པར་འགྱུར ་བ་ནི་ཤུགས་ལས་ཤེས་པར་བྱའོ། །མ་རྟོགས་པ་དང་ལྡང་འཇུག་ཡོད་པ་དང་དོན་དང་མ་འབྲེལ་བ་རྣམས་ཀྱིས་ཀྱང་དེ་ལྟར་བྱ་བ་ཡིན་ནམ་ཞེ་ན། ལས་དང་པོ་པའི་སྐྱེས་བུ་ཡིས། །དེ་ཉིད་ཉམས་སུ་མྱོང་འགྱུར་ཏེ། །མ་རྟོགས་བར་དུ་དེ་མི ་གཏང། །རྟོགས་ན་གཉུག་མའི་ལམ་ཡིན་ནོ་ཞེས་བྱ་བའི་དོན་ནི་ལས་དང་པོ་པའི་གང་ཟག་སྐལ་པ་རབ་ཏུ་གྱུར་པ་དེ་དག་ལ་སྐྱེས་བུ་དམ་པའི་གདམས་ངག་གིས་ཉེ་བར་འགྱུར་ཏེ། དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་རྣམ་པ་དེ་ཁོ་ན་ཉིད་དང་མི་འབྲལ ་ཡང་གཉིས་སུ་མེད་པ་གློང་དུ་མ་གྱུར་གྱི་བར་དུ་དེ་བཞིན་ཉིད་མ་ཡིན་ཏེ། མ་རྟོགས་བར་དུ་མི་བཏང་དེ། །རྟོགས་ན་བསོད་ནམས་ཀྱི་ཚོགས་དེ་དག་ཀྱང་སེམས་གཉུག་མའི་ངོ་བོ་ཉིད་ཀྱི་མཉམ་པའི་ལམ་ཆེན་པོ་ཡིན་ནོ། །དེ་དག་ཀྱང་མན་ངག་གི ་སྟོབས་གང་ལས་སྐྱེ་ཞེ་ན། ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པ་ལ་སྐྱེ་སྟེ། དེ་དག་བྱེ་བྲག་ཏུ་གནས་པ་ལས་མི་འགྲུབ་ཅིང་དབྱེར་མི་ཕྱེད་པའི་ངོ་བོ་བསྟན་པར་བྱ་སྟེ། སྙིང་རྗེ་བྲལ་བའི་སྟོང་ཉིད་ནི། །སྙིང་པོ་རྟོགས་པར་མི་འགྱུར་ཏེ། །ལཾ ་མཆོག་མངོན་པར་བོར་ནས་ཀྱང། །ཉན་ཐོས་ས་ལ་ངེས་པར་གནས། །སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང། །ལུས་དང་སེམས་ནི་གདུང་འགྱུར་བས། །མུ་སྟེགས་དག་དང་ཁྱད་མེད་དེ། །བདུད་ཀྱི་ལས་སུ་རིག་པར་བྱ། །སྐྱེས་བུ་མཆོག ་ལྡན་གང་ཞིག་གིས། །གང་ཡང་གཉིས་པོ་སྦྱོར་ནུས་པ། །འཁོར་དང་མྱ་ངན་འདས་སྤངས་ཏེ། །མི་གནས་མཛའ་ལ་མངོན་པར་གནས། །ཞེས་བྱ་བའི་དོན་ནི། སྙིང་རྗེ་དང་བྲལ་བའི་སྟོང་ཉིད་ཀྱང་བདུད་ཀྱི་ལས་སུ་རིག་པར་བྱའོ། །སྟོང་ཉིད ་དང་བྲལ་བའི་སྙིང་རྗེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །གཉིས་སུ་མེད་པའི་དོན་འདི་ནི་སངས་རྒྱས་ཀྱི་དགོངས་པར་རིག་པར་བྱའོ། །དེ་དག་གསལ་བར་བྱ་བ་ནི་རྣལ་འབྱོར་བ་ཐམས་ཅད་ཀྱི་ལས་ངེས་པར་བསྟན་པའི་རྒྱུད་ལས་བཅོམ་ལྡན ་འདས་ཀྱིས་གསུངས་ཏེ། ལྷོ་ཕྱོགས་ཨི་ཤ་ནའི་ཡུལ་གྲོང་ཁྱེར་མཆོད་རྟེན་བརྩེགས་པ་ཞེས་བྱ་བ་ནས་ཡོད་དེ། དེས་ཡུལ་གཞན་གྱི་བྲམ་ཟེ་མོ་ལེགས་སྦྱིན་མེ་ཏོག་ཅེས་བྱ་བ་ཞིག་ཁྱིམ་ཐབ་ཏུ་བླངས་པར་གྱུར་ཏོ། །གཞོན་ནུ་དེ་ཡང་བཞིན ་མཛེས་པ་བལྟ་ན་སྡུག་པ་ཡིད་དུ་འོང་བ་སྐྱེ་བོ་ཐམས་ཅད་ཀྱི་བློ་མོས་པར་གྱུར་པ་ཞིག་སྟེ། དེ་ཡང་ཚངས་པར་སྤྱོད་པའི་སྒོམ་པ་ལ་གནས་པ་དམ་པའི་ཆོས་དཀར་པོ་ལ་གཞོལ་བ་ཕ་མ་ལ་སྲི་ཞུ་ཆེ་བ། འཁོར་འབངས་རྣམས་ཡོངས་སུ ་སྐྱོང་བ། བྲན་དང་གཡོག་རྣམས་ལ་བྱམས་པའི་སྙིང་རྗེ་ཆེན་པོས་དགེ་སློང་བཞིན་དུ་ཚངས་པར་སྦྱོར་བ་ཞིག་སྟེ། དེ་ནས་ཟླ་བ་བཟང་པོའི་ཚེས་བཅུ་བཞི་ལ་གཙུག་ལག་ཁང་དུ་མཆོད་པ་ལ་ཕྱིན་ཏེ། དག་པའི་དགེ་སློང་དམ་པ་རྣམས་མཐོང་སྟེ་། ་ཤིན་ཏུ་ཡིད་དང་བར་གྱུར་ཏེ། བདག་ལ་ཡང་བུ་དམ་པ་དག་བཅས་པར་གྱུར་ཏེ། དེ་ནས་རབ་ཏུ་བྱུང་སྟེ་བསྟན་པའི་ལམ་དང་མཐུན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེ་ནས་དེའི་ནུབ་མོ་བྲམ་ཟེ་མོ་ཉལ་བའི་རྨི་ལམ ་ན་རལ་གྲི་གསུམ་སྤྱི་གཙུག་ཏུ་སྐྱེས་པར་གྱུར་ཏེ། རལ་གྲི་གཅིག་ནི་གཡང་ས་ཆེན་པོ་ལ་ལྟུང་བར་གྱུར་ཏོ། །གཅིག་སྣུམ་དུ་བཙོས་ནས་དར་ཤི་བར་གྱུར་ཏོ། །གཅིག་ནས་འོད་དཔག་ཏུ་མེད་པ་བྱུང་སྟེ། ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པས་མེ་ཏོག ་ཏུ་གྱུར་ནས་ཆར་གྱི་རྒྱུན་ཆེན་པོ་ཕབ་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་ཤིང་འབྲས་བུ་གཅིག་ཏུ་སྨིན་པར་རྨིས་སོ། །དེ་ནས་ནང་བར་ལངས་ནས་ཁྲུས་བྱས་ཏེ་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཁྱིམ་བདག་བདག་ལ་དགོངས་སུ་གསོལ། །བདག ་གི་ཉལ་བའི་རྨི་ལམ་ན། །སྤྱི་གཙུག་རལ་གྲི་གསུམ་སྐྱེས་ཏེ། །གཡོན་པ་གཡང་ས་ཆེན་པོར་ལྷུང། །གཡས་པ་སྣུམ་བཙོས་དར་དང་བྲལ། །དབུས་མའི་གྲི་ལས་འོད་བྱུང་སྟེ། །ནམ་མཁའ་ཨི་ཁམས་ཀུན་མེ་ཏོག་རྒྱས། །ཆར་གྱི་རྒྱུན་བབས་སེམས་ཅན་ཚིམ།། ་འབྲས་བུ་གཅིག་ཏུ་སྨིན་པར་གྱུར། །འདི་དག་བཟང་དང་ངན་པའི་ལྟས། །གང་ཡིན་ཁོ་མོས་མི་ཤེས་ཏེ། །འདི་དག་ཅི་རིགས་སྨྲ་བར་གྱིས། །ཞེས་སྨྲས་པ་དང། དེ་ནས་བྲམ་ཟེས་བཙུན་མོ་དམ་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་བཙུན་མོ་དམ་པ་ཁྱོད ་རྟག་ཏུ་ཚངས་པར་སྤྱོད་ལ་གནས། །རྨི་ལམ་དམ་པ་འདི་དག་ནི། །ངན་པར་མི་འགྱུར་གཞན་ལ་དྲིས། །ཞེས་ནས་ཡུལ་བ་ཎ་སེ་ནས་བྲམ་ཟེ་ཨ་ཤ་ཏ་ན་ཞེས་བྱ་བའི་མཚན་མཁན་བཀུག་གོ་།བྲམ་ཟེས་སྨྲས་པ། ཀྱེ་གཙང་མ་ཡབ་ཡུམ་བདག་ལ ་གསོན་ཅིག་།ལྟས་དེ་དག་ནི་སྲས་གསུམ་བཙས་པར་འགྱུར་བ་ལགས་ཏེ་དེ་ཡང་གཅིག་སྟོང་པ་ལ་མངོན་པར་ཞེན་པས་ཆད་པའི་གནས་ས་ལ་ལྷུང་བར་འགྱུར་རོ། །གཅིག་སྙིང་རྗེ་ལ་མངོན་པར་ཞེན་པས་སྙིང་རྗེའི་སྣུམ་གྱི་ཤིན་ཏུ་གདུང་བར་གྱུར་ཏེ། ་བདུད་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །གཅིག་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པའི་དང་ལས་འོད་གསལ་ཆེན་པོ་ངང་གིས་སྐྱེ་བར་འགྱུར་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་མེ་ཏོག་དང་སྤྲུལ་པའི་སྐུའི་ཆར་གྱི་རྒྱུན་ཕབ་སྟེ། ཆོས་ཀྱི་སྐུ་འབྲས་བུ ་གཅིག་ཏུ་འགྲུབ་པར་འགྱུར་བའི་རྟགས་སོ། །འདི་གསུམ་ཡང་འཐུན་པར་སངས་རྒྱས་ཀྱི་ཆོས་ལ་གཞོལ་བ་སྟེ། སྨོན་ལམ་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་དེ་ལྟར་འགྱུར་ཏེ། དེ་དག་གི་མིང་ཡང་ཆེན་པོའི་སྟོབས་དང་སྙིང་རྗེ་སྟོབས ་དང་བླ་མེད་སྟོབས་ཞེས་བྱ་བར་གདགས་པར་བྱའོ་ཞེས་སོ། །དེ་ནས་གོ་རིམས་ཀྱི་ཚུལ་གྱི་མཚན་དང་ལྡན་པའི་བུ་གསུམ་བཙས་པར་གྱུར་ཏོ། །དེ་ནས་ཕུ་པོ་འཕགས་པ་ག་ཡ་ཏེ་ཞེས་བྱ་བ་ལ་རྣལ་འབྱོར་གྱི་ལམ་ལ་ཡུན་རིང་དུ་བརྟེན་ནས ་གསོལ་བ་བཏབ་པ་ལས་བདག་ཏུ་ལྟ་བ་ལས་མངོན་པར་ཞེན་ནས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་བསྟན་པས་ཁྱད་པར་དུ་ཞེན་པར་གྱུར་ཏོ། །དེ་དག་གིས་འཁོར་བའི་བདེ་བ་མ་ཡིན་པར་མྱ་ངན་ལས་འདས་པའི་བདེ་བ་མི་འཐོབ་ཅིང་འཐོབ་པའི་རྒྱུར་ཡང ་མི་འགྱུར་རོ། །དེ་ནས་འོད་མའི་ཚལ་ན་གནས་པའི་ཚེ་རྣལ་འབྱོར་པ་འདུས་པའི་དུས་སུ་མཁའ་འགྲོ་མ་བློ་གྲོས་མ་དང་ལེགས་སྦྱིན་མ་གཉིས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། སྟོང་པ་ཉིད་ལ་ཞེན་པ་ནི། །མྱ་ངན་མི་འདའ་འདའ་མི་འགྱུར། །གཟུགས་མེད ་ཁམས་སུ་སྐྱེས་ནས་ཀྱང། །འགྲོ་བའི་དོན་བྲལ་འཁོར་བར་ལྷུང་ཞེས་སོ། །དེ་ནས་དེ་དག་ཚེ་འཕོས་ནས་ཀྱང་གཟུགས་མེད་ཀྱི་ཁམས་སུ་སྐྱེས་སོ། །ནུ་བོ་རྣལ་འབྱོར་པ་འདུས་པ་རང་ན་ཞེས་བྱ་བ་ལ་ལོ་དཔག་ཏུ་མེད་པར་བརྟེན་ཅིང་གསོལ་བ་བཏབ་པ ་ལས་ཞེ་སྡང་ཆེ་བར་མཐོང་ནས་སྙིང་རྗེ་བསྒོམ་དུ་བཅུག་པ་ལས་སྙིང་རྗེས་ཁྱད་པར་དུ་གདུངས་ཏེ་སེམས་ཅན་རྣམས་མཐོང་བའི་དུས་སུ་དུ་ཞིང་འདྲེ་ལོག་པར་གྱུར་ཏོ། །དེ་ནས་རྣལ་འབྱོར་པ་འདུས་པའི་དུས་སུ་མཁའ་འགྲོ་མ་ཙིན་ད་མ་དང་ལམ་གཉིས་ཀྱི་ནམ་མཁའ་ ་ལ་ཚིགས་སུ་བཅད་དེ་སྨྲས་པ། སྙིང་རྗེ་ཆེ་བས་ཡིད་གདུངས་ཏེ། །སེམས་ནི་ངལ་གསོའི་གནས་དང་བྲལ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། །ཤི་འཕོས་དགའ་རབ་དབང་ཕྱུག་གོ་ཞེས་པ་དང། དེ་ནས་ཤི ་འཕོས་ནས་བདུད་དགའ་རབ་དབང་ཕྱུག་དག་ཏུ་སྐྱེས་པར་གྱུར་ཏོ། །དེ་ནས་བུ་བར་བ་དེ་དག་རྣལ་འབྱོར་པ་སྲིད་ར་ཞེས་བྱ་བ་ལ་ལོ་དཔག་ཏུ་མེད་པར་བསྟེན་ཅིང་གསོལ་བ་བཏབ་པ་ལས། ཤེས་རབ་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་དེ་ཁོ་ན་ཉིད་བསྟན ་པས་ཉམས་སུ་མྱོང་བས་ཟླ་བ་ཚེས་གཅིག་པ་དང་ཉ་གང་བའི་ཚུལ་དུ་འཕེལ་བར་གྱུར་ཏེ། བླ་མ་དམ་པ་དེ་དག་གིས་ཀྱང་ཅི་ཡང་མ་ཡིན་པའི་སྟོང་པ་ཉིད་དང། གདུང་བ་དང་བྲལ་བའི་སྙིང་རྗེའི་རྣམ་པ་བློ་ལ་མངོན་པར་སྦྱངས་ཤིང་ཉམས་སུ་མྱོང་བར ་བྱས་སོ། །དེ་ནས་རྣལ་འབྱོར་པ་འདུས་པའི་དུས་སུ་མཁའ་འགྲོ་མ་སིན་ད་ཧི་དང་ཉེ་བ་ཅན་གཉིས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། ཤེས་རབ་སྙིང་རྗེ་ཟུང་འཇུག་པས། །རྟོགས་པས་མྱ་ངན་འདས་པ་སྟེ། །འཁོར་དང་མྱ་ངན་འདས་སྤངས་ནས། །མི ་གནས་ས་ལ་མངོན་འཚང་རྒྱ། །ཞེས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་གྱུར་ཏོ། །དེ་བས་ན་རིགས་ཀྱི་བུ་རྣམས་ཀྱིས་དགེ་བའི་བཤེས་གཉེན་དམ་པ་ཡུན་རིང་དུ་བསྟེན་ཅིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་སྟོན་པར་བྱ་བར་རིགས་སོ ་ཞེས་འབྱུང་བའི་ཕྱིར་བཤད་པར་བྱ་སྟེ། སྙིང་རྗེ་ཞེས་བྱ་བ་ནི་ཕྲག་དོག་མེད་པའི་དགེ་བའི་རྩ་བ་སྟེ། ངོ་བོ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའོ། །དེ་ཡང་རང་གི་ཀླད་ནད་དང་བྲལ་བར་དགའ་བ་བཞིན་དུ་སྟེ། བདེ་བ་དང ་བྲལ་བ་སྟོང་པ་ཉིད་ཀྱིས་ནི་ཐེག་པ་ཆེན་པོ་དགེ་བའི་རྩ་བར་ཡང་མི་འགྱུར་ལ། སྙིང་པོའི་ཆོས་ཀྱི་སྐུ་རྟོགས་པར་ཡང་མི་འགྱུར་ཏེ། ལམ་གཉིས་སུ་མེད་པ་མཆོག་ཏུ་གྱུར་པ་མངོན་པར་བོར་ནས་ཀྱང་ཞི་བ་ཕྱོགས་གཅིག་ཏུ་བགྲོད་པའི་ཉན་ཐོས་ཀྱིས ་ལ་ངེས་པར་གནས་སོ། །སྟོང་པ་དང་བྲལ་བའི་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་ཀྱི་བུང་ཞེས་བྱེད་པ་དང་བ་སྤུ་ལྡང་བ་དང་སྐྲ་རྩ་ཟིང་ཞེས་བྱེད་པ་ལ་སོགས་པས་མི་བཟོད་པའི་ཕྱིར། ལུས་གདུང་བར་འགྱུར་ཏེ། ལུས་སེམས་ནི་བརྟེན་པའི་ཚུལ་དུ་གནས ་པས་སེམས་གདུངས་པར་འགྱུར་རོ། །དེ་བས་ན་ཕྱི་རོལ་གྱི་མུ་སྟེགས་པ་དག་དང་ཁྱད་མེད་དེ། སེམས་སངས་རྒྱས་ཀྱི་བདག་ཉིད་ཟད་པར་བྱས་པའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ། །སྐྱེས་བུ་བསོད་ནམས་ཀྱི་རྒྱུ་ལས་གྲུབ་པ་བླ་མ་མཆོག་དམ ་པ་དང་ལྡན་པ་གང་ཞིག་གིས། གང་ཡང་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པ་གཉིས་པོ་ཡིད་ལ་མི་བྱེད་པའི་ཚུལ་དུ་སྦྱོར་བར་བྱེད་དེ་འཁོར་བ་ལ་ཆགས་པ་དང་མྱ་ངན་ལས་འདས་པ་ལ་ཞེན་པ་ཡང་སྤངས་ཏེ། ཤེས་རབ་ཀྱིས་འཁོར་བ་ལ་མི་གནས ་ཤིང་སྙིང་རྗེས་མྱ་ངན་ལས་འདས་པ་ལ་མི་གནས་པ་སྟེ། ཐ་མལ་གྱི་ཤེས་པའི་མཛའ་སངས་རྒྱས་ཀྱི་དགོངས་པ་ལ་མངོན་པར་གནས་སོ། །དེ་བས་ན་དེ་ལྟ་བུའི་དོན་དེ་དག་ལ་གདམས་པར་བྱ་སྟེ། ཀྱེ་ཧོ་བདག་ཏུ་འཛིན་པ་ཐོང། །ལོག་པར་ཞེན་པ ་བརྫུན་དུ་སྨྲོས། །བརྫུན་ལ་ངེས་པར་ཆགས་མ་བྱེད། །ཞེན་པའི་རྣམ་རྟོག་མ་བྱེད་པར། །རེ་དོགས་རྩོལ་བའི་སེམས་དེ་ཐོང། །ཞེས་བྱ་བའི་དོན་ནི་ཁམས་གསུམ་པ་ཐམས་ཅད་ལ་ཀྱེ་ཧོ་ཞེས་བོས་ནས་ཡིན་པའི་དོན་ལ་གདམས་པར་བྱ་བའི་ཐ་ཚིག་གོ་། ་དེ་དག་ཀྱང་ཅི་ཞེ་ན། བདག་ཅེས་བྱ་བ་ནི་ཐ་དད་ཀྱི་རྟོག་པས་རྟགས་པའི་བདག་ཉིད་ལ་ཞེན་པའོ། །དེ་བདག་ཏུ་འཛིན་པ་ལས་འཁོར་བར་སྣང་ཞིང་སྡུག་བསྔལ་འབྱུང་བའི་ཕྱིར་ཐོང་ཞེས་པའོ། །དེའི་མཛའ་ལ་རྟོགས་པ་ནི་ལོག་པར་ཞེན་པ་སྟེ། དེས་ནི ་སླུ་བ་དང་བཅས་པ་ཡིན་པའི་ཕྱིར་ཡིད་བརྟན་དུ་མི་རུང་སྟེ། ཆགས་པ་དང་བྲལ་བ་ཉིད་ཀྱིས་བརྫུན་དུ་སྨྲོས་ཞེས་བྱའོ། །བདག་ནི་ཆགས་པ་དང་བྲལ་བ་ཡིན་ནོ་ཞེས་བརྫུན་པ་བཟློག་པའི་དོན་དེ་ཉིད་ལ་ཡང་ངེས་པར་ཆགས་པར་མ་བྱེད་ཅིག་ཅེས་གདམས་སོ།། ་ཇི་ལྟར་གནས་པར་བྱ་ཞེ་ན། ཐ་དད་དུ་ཞེན་པའི་རྣམ་པར་རྟོག་པ་མི་བྱེད་པར་གཉུག་མའི་དེ་ཁོ་ན་ཉིད་ལ་གནས་པར་སྟེ། འབྲས་བུ་རེ་བ་དང་འཁོར་བ་ལ་དོགས་པ་དང་མཉམ་པའི་དོན་ལ་རྩོལ་བར་བྱས་པའི་སེམས་དེ ་དག་ཐོང་ལ་ཅིར་ཡང་མ་ཡིན་པའི་སེམས་རང་དགའ་རྣལ་མ་འདི་ཉིད་དམ་པའོ། །དེ་ལྟར་གཉིས་མེད་ཀྱི་དོན་བསྟན་ནས། ད་ནི་རྟོགས་ན་ཐམས་ཅད་དེའི་ངོ་བོ་ཡིན་པ་བཤད་པར་བྱ་སྟེ། རྟོགས་པར་གྱུར་ནས་ཐམས་ཅད་དེ་ཡིན་ཏེ། དེ་ལས ་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཀློག་འཛིན་བསམ་དང་བསྒོམ་པ་དེ་ཉིད་ཡིན། །བསྟན་བཅོས་སེམས་ལ་བཤད་ཅིང་གོ་བར་ངེས། །ཡིན་མིན་མཚོན་པའི་ལྟ་བ་ཡོད་མིན་ཏེ་ཞེས་བྱ་བའི་དོན་ནི། གཉུག་མའི་དོན་རྟོགས་པར་གྱུར་ན་སྣང ་ཞིང་གྲགས་པ་ཐམས་ཅད་དེའི་ངོ་བོ་ཉིད་ཡིན་ཏེ། དེ་ལས་གཞན་པའི་མཛའ་ཞིག་ནི་ཐམས་ཅད་མཁྱེན་པ་ཉིད་དང་རྗེ་བཙུན་པ་ལ་སོགས་པ་སུས་ཀྱང་ཤེས་པར་མི་འགྱུར་རོ། །དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། སེམས་ཉིད་ཀློང་དུ ་གྱུར་པ་ཀུན་ཏུ་བཟང། །ཐ་མལ་ཤེས་པ་དེ་ཉིད་ཉམས་སུ་མྱོང། །དམ་པ་དག་གིས་དེ་ཉིད་རྟོགས་པ་ན། །འདི་ནི་ཧེ་རུ་ཀ་སྟེ་ཀུན་གྱི་བར?། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་ཀློག་པ་དང་འཛིན་པ་དང་བསམ་པ་དང་སྒོམ་པ་ཐམས ་ཅད་ཀྱང་དེ་ཉིད་ཀྱི་བྱེ་བྲག་གིས་འདོད་པ་ཡིན་ཏེ། དེའི་ངོ་བོ་ལས་མ་འདས་པའི་ཕྱིར་རོ། །དེ་ཡང་རྒྱུད་དེ་ཉིད་ལས། ནམ་མཁའ་ངོ་བོ་དག་པའི་རང་བཞིན་ལས། སྤྲིན་སོགས་གློ་བུར་དུ་མ་བྱུང་གྱུར་ཡང། །དེ་ཉིད་ཡིན་ཏེ་ནམ་མཁའ་ཉིད་ཀྱི་དང། ། ་སེམས་ཉིད་གནས་པ་རྡོ་རྗེ་ཡེ་ཤེས་ནི། །སྣ་ཚོགས་སྣང་ཡང་གཉུག་མའི་ངོ་བོ་ཉིད། །བྱེད་སྒོ་ཐ་དད་རྣམ་པའི་ཚུལ་སྣང་ཡང། །དེ་ཉིད་དོན་ལས་གཞན་པ་ཡོད་མ་ཡིན། འདི་ནི་རང་བཞིན་ཉིད་དེ་བདེ་བ་ཆེ་ཞེས་འབྱུང་བའི་ཕྱིར་ཐམས་ཅད་དེ ་བཞིན་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་བརྡ་དང་ཐ་སྙད་ཀྱིས་འདི་དག་གཞན་ལས་བསྟན་པར་མི་ནུས་ཏེ། བསྟན་པའི་ཆོས་དམ་པ་རྣམས་ཀྱི་ཞལ་གྱི་བདུད་རྩི་ལས་འབྱུང་བ་འདི་དག་།སེམས་ཅི་ཡང་མིན་པ་སེམས་ཅི་ཡིན་པ ་ལ་བཤད་ཅིང་དེ་ཉིད་དུ་གོ་བར་བྱས་ཏེ་འདི་ནི་ངེས་པའོ། །དེའི་ངོ་བོ་དེ་ཡང་ཡིན་པ་དང་མིན་པར་མི་རྟོག་སྟེ། མཚོན་པར་ནུས་པའི་ལྟ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་འདི་དག་ལ་གཞལ་བར་བྱ་བ་ནི་མ་ཡིན་ཏེ། རྟོགས་ན་རྟོགས་སུ ་མེད་པ་ཉིད་དོ། །དེ་ལྟར་སྙིང་པོའི་དོན་གྱི་ཁྱད་པར་བསྟན་ནས། དེ་ཡང་བླ་མ་དམ་པ་ལས་རྟོགས་པར་བྱ་བ་སྟོན་ཏེ། བདག་གི་དེ་ཉིད་རྟོགས་པའི་མན་ངག་དེ། །ཉ་གཅིག་བླ་མའི་ཞལ་ལ་ལྟོས་པ་ཡིན། །བླ་མས་སྨྲས་པ་གང་ཞིག་སྙིང་ཞུགས་པ།། ་ལག་མཐིལ་དག་ཏུ་སྐྱུ་རུ་རློན་བཞག་དང། །ནོར་བུ་རིན་ཆེན་མི་རྟོག་གསལ་ལྟ་འདྲ་ཞེས་བྱ་བའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་བདག་ཏུ་འཛིན་པའི་ཤེས་པ་དེ་ཉིད་ཀྱང་ཆོས་ཀྱི་སྐུ་དག་ལས་མི་གཞན་ཏེ། དེ་ཉིད་རྟོགས་པར་བྱ་བའི་མན་ངག་དེ ་དག་ཀྱང་སྲིད་ཏ་སྣ་ཨེ་ག་རི་སྟེ་བླ་མ་ཉག་གཅིག་གི་ཞལ་ལ་བལྟོས་པར་བྱ་བ་ཡིན་ནོ། །དེ་དག་ཀྱང་ཅི་ཞེ་ན། ཨ་སྨི་ར་ག་ཏྲ་ན་ཞེས་བྱ་སྟེ། དེ་དག་གི་དོན་ནི་མགོན་པོ་གང་གི་ལུང་བསྟན་ནུས། །རིང་བའི་བླ་མ་ཉིད་ཡིན་ནོ། །དེ་ཉིད་ཉམས་སུ་མྱོང་བ ་ནི། །ཉེ་བའི་བླ་མ་ཉིད་ཡིན་ཏེ། །དུས་གསུམ་སངས་རྒྱས་སྐྱེ་བའི་ཕྱིར། །བླ་ན་མེད་པའི་མ་ཡིན་ནོ། །དམ་པའི་ཞལ་ལ་གུས་པ་དང། །སྒྲ་ལ་ངེས་པར་བྱེད་པ་སྟེ། །ལྟོས་པ་སྤངས་ན་ཐེ་ཚོམ་མེད། །བསྒྲུབ་དང་བདེ་བྲལ་དེ་ཡིན་ནོ། །ཞེས ་སྒྲའི་དོན་དུ་ངེས་པར་འབྱུང་ངོ། །དེ་བས་ན་བླ་མ་དག་གིས་སྨྲས་པའི་རྣལ་མའི་ཤེས་པ་དེ་དག་ཤུགས་ཀྱིས་གོ་བ་སྟེ་དེ་ཉིད་ཀྱི་ངོ་བོས་བདེ་བ་ལུས་ལ་འགྱེལ་བ་དང། སེམས་ལ་འགྱེལ་བ་དག་གི་ཚུལ་གྱི་གང་བར་འགྱུར་ལ། དེ་ལ་ཡང་ཞེན་པ ་མེད་པའི་ཕྱག་རྒྱ་ཆེན་པོས་བདེ་བ་ཞིག་ཅིང་སྙིང་པོ་གཉུག་མའི་ངོ་བོ་ཉིད་ལ་གོམས་པས་མཉམ་པ་ཉིད་ཀྱི་དོན་སྙིང་ལ་ཞུགས་པར་གྱུར་ཏེ། ཇི་བཞིན་པའི་དོན་དེ་བཞིན་པར་རྟོགས་སོ། །དེ་དག་ཀྱང་དཔེར་ན་ལག་པའི ་མཐིལ་དག་ཏུ་སྐྱུ་རུ་ར་དང་ཨ་འབྲས་ལ་སོགས་པ་རློན་པ་བཞག་པ་ན་དེ་དག་ཕྱི་ནང་བར་མེད་པར་གསལ་བའི་ངོ་བོར་ཤེས་པར་འགྱུར་བ་བཞིན་དང། ནོར་བུ་རིན་པོ་ཆེ་ཨ་སྨྲི་སར་མེ་ལོང་སྟེང་དུ་བཞག་སྟེ་བལྟས་ན་འོད་མི་རྟོག་ཅིང་གསལ་བའི་ངོ་བོར ་ལྟ་བ་དང། ལྟོས་པ་མེད་པར་འབྱུང་བ་དང་འདྲ་བར་གཉུག་མའི་དོན་འདི་དག་རྟོགས་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་ངོ་བོ་ཉིད་དུ་རྟོགས་ཤིང་བདེ་བ་ཆེན་པོའི་རིས་ཐམས་ཅད་ང་བདག་མེད་པའི་མཉམ་པའི་དོན་ལ་ཤུགས་ཀྱི་འཇོག་།དོན ་དེ་ཉིད་ཀྱང་རྟག་པར་མི་ནུས་ཤིང་བརྟག་པར་ཡང་དཀའ་གཞན་ལ་ལྟོས་པར་བྱ་བ་ཡང་མ་ཡིན་ཏེ། མི་རྟོག་ཅིང་གསལ་ལ་རང་བཞིན་གྲུབ་པར་མེད་པ་ནི་དཔེ་གོང་མ་ལྟ་བུ་དང་མཚུངས་སོ། །དོན་དེ་ཉིད་ཀྱང་དབུ་མ་ལ་སོགས་པ་གཞན་གྱིས་མི་རྟོགས ་པས་དེ་དག་ལ་སྨྲ་བར་བྱ་བ་ནི་གཉུག་མའི་རང་བཞིན་བྱིས་པས་མཚོར་བས། འཁྲུལ་བས་བྱིས་པས་བསླུས་ཞེས་སྙིང་པོས་སྨྲས། །ཞེས་པའི་དོན་ནི། གཉུག་མའི་རང་བཞིན་དེ་ཁོ་ན་ཉིད་བྱིས་པ་ལྟ་བུའི་རྟོག་པ་དང་ལྡན་པ་རྣམས་ཀྱིས་མཚོར་ཏེ། དེ ་ཁོ་ན་ཉིད་ལས་ལོག་པར་འཁྲུལ་པས་བྱིས་པ་དེ་དག་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏོ། །ཞེས་སྙིང་པོས་སྨྲས་སོ། །དེ་ཉིད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། བསམ་གཏན་མེད་ཅིང་རབ་ཏུ་བྱུང་བ་མེད་ཅེས་བྱ་སྟེ། དེ་དག་གི་དོན་ནི་བསྒོམ་བྱ་དང་སྒོམ་བྱེད་དུ་རྟོགས་པས ་བསམ་པར་བྱ་བ་ལྡན་ཏེ། དེ་དག་ནི་ཟུག་རྔུའོ། །དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་ལ་ཞེན་ཅིང་ཆགས་པ་དང་དེ་ལས་གཞན་པ་ལ་ཞེ་སྡང་བའོ། །དེ་བས་ན་ཆགས་སྡང་མངོན་པར་འཕེལ་བ་ནི་འཁོར་བ་འབའ་ཞིག་ཏུ་ཟད་དོ། །འདི་ནི་བཟའ་གཏད་དང་བྲལ་བའི་ཕྱིར ་བསམ་གཏན་མེད་ཅིང་རྟོགས་པས་ཚང་རྒྱ་བའི་ཕྱིར་རྩོལ་བའི་བདག་ཉིད་ཐམས་ཅད་ཀྱི་གཞིར་གྱུར་པའི་བརྟུལ་ཞུགས་རབ་ཏུ་བྱུང་བ་ལ་སོགས་པ་ཡང་མེད་དོ། །འོ་ན་ཁྱིམ་ན་གནས་ཤིང་འཇིག་རྟེན་པ་ཕལ་པ་དང་འཐུན་པའི་སྤྱོད་པ་ལས་འགྲུབ་བམ ་ཞེ་ན། མ་ཡིན་པའི་ཕྱིར་བཤད་པར་བྱ་སྟེ། ཁྱིམ་གནས་ཆུང་མ་འཁོར་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་ཆགས་དགའ་བཅིངས་མི་གྲོལ་ན། །སྙིང་པོའི་དོན་མཆོག་ལྡན་པ་ངས་སྨྲས་པས། །དེ་ཉིད་དོན་ལ་རེག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ནི། རི ་ཁྲོད་དང་དགོན་པ་དང་ཆུ་འགྲམ་དང་ཕུག་སྟོང་དང་ནགས་ལ་སོགས་པ་དབེན་པའི་གནས་དོར་ནས་ཁྱིམ་ན་གནས་ཤིང་ཡོ་བྱད་དང་ཆུང་མ་དང་འཁོར་རྣམས་དང་ལྷན་ཅིག་ཏུ་མཚུངས་པར་སྤྱོད་པ་གང་ཞིག་བདག་ནི་བསམ་གཏན་པ་ཡིན་ནོ་ཞེས་དེ་དེ ་བཞིན་ཉིད་སྒོམ་ཡང་ཡུལ་ལ་ཆགས་པ་དང། འདོད་པའི་ཡོན་ཏན་ལ་དགའ་བའི་བཅིངས་པས་གྲོལ་བས་ན་དེའི་རྒྱུས་ཆགས་སྡང་མངོན་པར་འཕེལ་བར་འགྱུར་ཏེ། སྙིང་པོའི་དོན་མཆོག་དམ་པ་དང་ལྡན་པས་སྨྲས་པ། དེ་ཁོ་ན་ཉིད་ཀྱི་དོན་ལ ་རེག་པ་མ་ཡིན་ནོ་ཞེས་སོ། །ད་ནི་དེ་ཉིད་ཀྱི་དོན་དེ་དག་བརྟགས་པས་མི་འཐོབ་པ་བཤད་པར་བྱ་སྟེ། གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་གང། །གལ་ཏེ་ལྐོག་ན་ཡོད་ན་མུ་ཚོད་དཔོག་།ཅེས་བྱ་བའི་དོན་ནི་ཁོ་བོས་དབུ་མ་པ་དག་ལ་སྨྲས་པ ་སྟེ། ཤེས་བྱ་ནང་དུ་འདོད་པ་དག་ནི་སྣང་བ་སེམས་ལས་བྱུང་བ་ཡིན་ནོ་ཞེས་སྨྲས་པ་དག་ལ་གལ་ཏེ་སེམས་ལས་བྱུང་བ་ཡིན་ན་སེམས་སངས་རྒྱས་ཡིན་པའི་ཕྱིར་མངོན་དུ་གྱུར་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུ་སྟེ། ་བསྒོམ་དུ་མེད་པའི་ཕྱིར་བསྒོམ་པར་བྱ་བའི་དོན་ཁྱོད་ཀྱི་བསམ་གཏན་ནི་གང་ཡིན་སྨྲོས་ཤིག་།གལ་ཏེ་ཕྱི་རོལ་ན་སྣང་པ་དེ་དག་ནི་ལྐོག་ན་སྐྱེད་པར་བྱེད་པ་ཡོད་པ་སྟེ། ཤེས་པའི་རྣམ་པ་ཡིན་པར་སྨྲ་ན་ཐ་དད་པའི་ཕྱིར་ཁྱོད་ཀྱི་གཞལ་བར་ཡང་མི ་ནུས་ཏེ། མུན་པ་ལ་ཚོད་དཔོགས་པ་དང་འདྲ་བའི་ཕྱིར་བསྒོམས་ཀྱང་དོན་མེད་པར་འགྱུར་རོ། །ད་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་བསྟན་པར་བྱ་སྟེ། ལྷན་ཅིག་སྐྱེས་པའི་འགྲོ་བའི་ཡེ་ཤེས་དེ། །རང་བཞིན་ཉིད་ཀྱི ་དངོས་དར་དངོས་མེད་པར། །སྙིང་པོའི་དོན་ནི་འོ་དོད་རྟག་ཏུ་འབོད། །ཅེས་བྱ་བའི་དོན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མའི་ཡེ་ཤེས་དེ་དག་ཐོག་མ་དག་ནས་རང་བཞིན་ཉིད་ཀྱི་དངོས་པོར་རྟོག་པ་དང ་དངོས་པོ་མེད་པར་རྟོག་པ་དང་བྲལ་བས་སྙིང་པོའི་དོན་འདི་ནི་ཐ་མལ་གྱི་ཤེས་པ་ཡིན། རྟོགས་པས་སངས་རྒྱས་པ་ཡིན་ནོ། །ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ནོ་ཞེས་སྙམ་པའི་འོ་དོད་དང་བདེ་བའི་འོ་དོད་དང། གྲགས་པའི་འོ་དོད་རྟག་ཏུ་འབོད། ་འདི་དག་གིས་ངེས་པར་འཚང་རྒྱ་བར་ཇི་ཙམ་ན་ནུས་ཤེ་ན། ལྟ་བའི་ཁྱད་པར་བསྟན་པར་བྱ་སྟེ། གང་ཞིག་བླངས་ནས་སྐྱེ་འཆི་གནས་གྱུར་པ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་གྲུབ་ཅེས། །སྐད་སྙན་གྲགས་པས་སྙིང་པོ་སྨྲ་བྱེད་ཀྱང། །བྱོལ ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱས་ཞེས་བྱ་བའི་དོན་ནི། བླ་མའི་གདམས་ངག་དེ་ཉིད་ཉམས་སུ་མྱང་བ་ལས་གང་ཞིག་གིས་རྒྱས་གདབ་སྟེ། ཐ་མལ་གྱི་ཤེས་པ་བླངས་ནས་རྟག་ཆད་ཀྱི་སྐྱེ་འཆི་གནས་གྱུར་པས། དེ་ཁོ་ན་ཉིད་འབྲས་བུ་ཐམས་ཅད་ཀྱི ་མཆོག་བདག་ཉིད་ཀྱིས་བདག་ཉིད་ལ་བླངས་ཏེ། དེ་ནས་སྐད་ཅིག་མ་དེ་ཉིད་ལ་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོག་གྲུབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སྐད་སྙན་པར་བསྒྲགས་པས་སྙིང་པོའི་དོན་གྱིས་སྨྲ་བར་བྱེད་ཀྱང་ཚོགས ་མ་བསགས་པའི་གང་ཟག་རྟོག་པས་རྨོངས་པས་བྱོལ་སོང་གི་འཇིག་རྟེན་དང་འདྲ་བ་རྣམས་ཀྱིས་མི་གོ་བའི་ཕྱིར་ད་ཇི་ལྟར་བྱ་ཞེས་པའི་དོན་ཏོ། །ད་ནི་ཕྱིན་ཅི་མ་ལོག་པའི་དོན་བསྟན་པར་བྱ་སྟེ། བསམ་གཏན་བྲལ་བས་ཇི་ཞིག་བསམ་བྱར་ཡོད། ། ་བརྗོད་དུ་མེད་ལ་གང་ཞིག་བཤད་དུ་ཡོད་དོ། །སྲིད་པའི་ཕྱག་རྒྱར་འགྲོ་བ་མ་ལུས་ཞུགས། །རང་བཞིན་གཉུག་མ་སུས་ཀྱང་རྟོགས་པ་མེད། །རང་བཞིན་སྙིང་པོ་ཉམས་སུ་མྱོང་དུས་སུ། །རྒྱུད་མེད་སྔགས་མེད་སེམས་དང་བསམ་གཏན་མེད། །མཉམ ་དུས་དེ་ཀུན་རང་བཞིན་འཁྲུལ་པའི་རྒྱུ། །རང་བཞིན་ཤེས་པས་འཁྲུལ་པ་སྙིང་པོའི་དོན། །རང་བཞིན་དག་པའི་སེམས་ཀྱི་པདམོ་ལ། །རྟོག་གེ་བསམ་གཏན་དག་གིས་མི་བསླད་དེ། །བདག་ཉིད་བདེ་ལ་གནས་ཀྱང་མ་ཞེན་ཅིག་།ཅེས་བྱ་བའི་དོན་ནི ་དེ་ཁོ་ན་ཉིད་གཉུག་མའི་དོན་དེ་དག་ལ་སྒོམ་དུ་མེད་པའི་ཕྱིར་བསྒོམ་པར་བྱ་བ་མ་ཡིན་ཏེ། གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས་ཅི་ཞིག་བསམ་དུ་ཡོད་དེ་མེད་དོ། །བསམ་གཏན་གྱི་ངོ་བོ་སྒྲུབ་པར་བྱེད་པའི་ཚིག་དག་ཀྱང་ཡུལ་གྲུབ་པ ་མེད་པའི་ཕྱིར་གང་ཞིག་གིས་བཤད་དུ་ཡོད་པ་མ་ཡིན་ཏེ་མེད་དོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཀྱིས་བསྒོམ་པར་བྱ་བའི་ཡུལ་དང་དེ་ཉམས་སུ་བླངས་པའི་ཐབས་ཀྱི་ཐ་སྙད་ཀྱི་ཐིག་བརྗོད་དུ་ཡོད་པའི་ཕྱིར་སྲིད་པ་སྟེ་ཁམས་གསུམ ་པའོ། །དེ་ནི་རྟོགས་པ་ལས་བྱུང་བ་ཡིན་པའི་ཕྱིར་དམ་པ་རྣམས་ཀྱི་གདམས་ངག་དང་ཉེ་བར་མ་འབྲེལ་བས་རྣམ་རྟོག་གི་ཕྱག་རྒྱར་འགྲོ་བ་མ་ལུས་པ་ཐམས་ཅད་ཞུགས་སོ། །རང་བཞིན་གཉུག་མའི་དེ་ཁོ་ན་ཉིད་ནི་སུས་ཀྱང་རྟོགས་པ་མེད་དེ ་རང་བཞིན་གཉུག་མའི་སྙིང་པོའི་དོན་དེ་ཉམས་སུ་མྱོང་བའི་དུས་སུ་རྒྱུད་མེད་དེ་དེ་བཞིན་གཤེགས་པའི་བཀར་གྲུབ་པ་མེད་དོ། །སྔགས་མེད་དེ་དེ་ལ་བརྟེན་པའི་བསྟན་བཅོས་སུ་གྲུབ་པ་མེད་དོ། །དེ་དག་གིས་བསྒྲུབ་པའི་སེམས་ཉིད་དང ་ཉམས་སུ་མྱོང་བའི་བསམ་གཏན་དུ་གྲུབ་པ་མེད་དོ། །དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དུས་སུ་གོང་དུ་བཤད་པ་དེ་ཀུན་ཐམས་ཅད་ཆོས་ཉིད་ཀྱི་དོན་རྣལ་མའི་རང་བཞིན་འཁྲུལ་བའི་རྒྱུའོ། །དེ་དག་ཀྱང་འཁྲུལ་དུ་ཡོད་དམ ་ཞེ་ན། སྣང་སྲིད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་རྟོགས་ཤིང་ཐ་མལ་གྱི་ཤེས་པའི་དོན་ཅི་ཡང་མེད་པའོ། །རང་བཞིན་ཤེས་པ་རྣམས་ཀྱིས་ནི། །འཁྲུལ་པའི་ལོགས་སུ་མི་རྟོག་སྟེ། །དེ་ཉིད་སྙིང་པོའི་དོན་ཡིན་པའི ་ཕྱིར་རོ། །དེ་ལྟར་རང་བཞིན་གྱིས་དག་པའི་སེམས་ཀྱི་རང་བཞིན་རྟོག་པའི་དྲི་མས་མ་གོས་པའི་པདམོ་ལ་རྟོག་གེ་བའི་བསམ་གཏན་དག་གིས་བསླད་པར་མི་བྱ་སྟེ། རང་བཞིན་གང་དགའ་བའི་ཚུལ་དུ་གཞག་པ་དེ་ཉིད་ཉམས་སུ་མྱོང་བའི་བདེ་བ་ལུས ་དང་སེམས་ལ་གནས་ཀྱང་དེ་ལ་མ་ཞེན་ཅིག་།ཅེས་དམ་པ་རྣམས་ཀྱིས་གདམས་པའི་དོན་ཏོ། །ད་ནི་རང་བཞིན་དེ་ཁོ་ན་ཉིད་ཀྱི་གནས་ལུགས་བསྟན་པར་བྱ་སྟེ། བདག་ཉིད་བདེ་ཡིད་དག་ལ་འདུག་མི་བྱ། །བདག་ཉིད་ཟ་ཞིང་འཐུང་ལ་གཉིས་སྦྱོར ་ཏེ། །དགའ་བའི་ཡིད་ཀྱིས་སྤྲོད་པར་བྱེད་པ་ནི། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པས་འཇིག་རྟེན་འགྲོར་རྟོག་གཞག་ནས་སོ། །ཞེས་པའི་དོན་ནི་རྣལ་མའི་དོན་གཉུག ་མའི་དེ་ཉིད་ཉམས་སུ་མྱོང་བ་ནི་རྣལ་འབྱོར་པ་བདག་ཉིད་ལ་བདེ་བ་སྐྱེས་ཀྱང་ཡིད་དེ་དག་ལ་འདུག་པར་མི་བྱའོ། །འོ་ན་བསྒོམ་པར་བྱ་བ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་བདག་ཉིད་གཉུག་མའི་ཏིང་ངེ་འཛིན་དེ་དག་གི་ཟས་ཟ་ཞིང་བླ་མའི་གདམས ་ངག་དམ་པའི་སྐོམ་འཐུང་ལ་བདེ་བ་དང་སྟོང་པ་གཉིས་དེ་ཉིད་དུ་སྦྱོར་བར་བྱེད་པ་ནི་རང་དགའ་ཨི་ཚུལ་གྱིས་ཏེ། དྲན་པ་རྒྱུན་ཆགས་ཀྱི་ཡིད་ཀྱི་སེམས་སེམས་སུ་སྤྲོད་པར་བྱེད་པ་ནི་སྣང་བ་སེམས་ལ་མ་ཐིམ་པར་དུ་རྟག་ཏུ་ཡང་གོམས་པར་བྱ་སྟེ། ་ལུས་བདེ་བ་ཆེན་པོའི་འཁོར་ལོ་ལ་སེམས་སངས་རྒྱས་ཀྱི་བདག་ཉིད་ཀྱིས་འགེངས་ཤེས་བྱའོ། །དེ་བས་ན་རང་བཞིན་གྱི་ཆོས་འདིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཚོན་པའི་འཇིག་རྟེན་ཕ་རོལ་འགྲུབ་པར་འགྱུར་ཏེ། དེ་ནི་སེམས ་ཉིད་དུ་འགྲུབ་ཅིང་རྟོགས་པའོ། །ཐ་དད་ཀྱི་སྒྲིབས་པའི་རྨོངས་པས་འཇིག་རྟེན་གྱི་ཁམས་རྣམ་པར་རྟོག་པས་བརྟགས་པའི་མགོར་སེམས་རྣམ་རྟོག་ཏུ་བརྟགས་གཞག་ནས་སོང་ངོ། །དེ་དག་གིས་ནི་འབྲས་བུ་ལ་ཉེ་བར་བྱེད་པ་ཡང་མ་ཡིན་ནོ། །ད་ནི ་དམན་པའི་བསམ་གཏན་དག་གིས་དོན་མེད་པར་འགྱུར་བ་བཤད་པར་བྱ་སྟེ། གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང། །ཐབས་དང་ཤེས་རབ་འཇུག་པ་མེད་གྱུར་པ། །སྐྱེས་བུ་མི་ཤེས་པ་དག་གནས་དོར་ནི། གནས་ཤིང་གནས་སྐབས་སེམས་ནི་དབུགས ་དབྱུང་ཞིང། །ཞེས་བྱ་བའི་དོན་ནི་རྨོངས་པའི་བསམ་གཏན་པ་དག་གི་སྟེང་འོག་གི་རླུང་བསྡམས་ཤིང་མནན་པ་དང། རྩའི་ནཱ་ད་ཐིག་ལེའི་རྣམ་པ་ལ་བློ་ཞེན་དུ་འཇུག་པ་དང། ཤེས་པ་ཁ་ནང་དུ་བལྟས་པའི་ཞི་གནས་བསྒོམ་པ་དང། ཕྱི་རོལ ་གྱི་ཡུལ་སྐུ་དང་ཕྱག་རྒྱ་ལ་སོགས་པ་ལ་དམིགས་པ་ཉེ་བར་འཛིན་པ་སྟེ། དེ་དག་གི་དུས་སུ་ཡུལ་གང་དུ་ཡང་རླུང་དང་སེམས་མི་རྒྱུ་བ་སྟེ། འཕྲོས་པར་གྱུར་ན་ཡིད་ཀྱི་ཞིང་དེ་དག་ལ་རང་ལྡོག་པར་འགྱུར་རོ་ཞེས་སྨྲ་བར་བྱེད་ཀྱང་ཤེས་པ་ཁུགས ་སུ་བཅུག་ནས་ཤེས་པ་དེ་དག་ནན་གྱིས་སྡུད་པར་འགྱུར་ཏེ། སྡུག་བསྔལ་འབའ་ཞིག་ཁོ་ན་སྐྱེད་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ཐ་མལ་གྱི་ཤེས་པ་དང། ཤེས་རབ་གསལ་བ་དང་མི་རྟོག་པ་དང་བདེ་བ་དང་འཇུག་པའི་ཆོས ་ཀྱི་སྐུ་བདེ་བ་ཆེན་པོའི་རང་བཞིན་དང་བྲལ་ཏེ་མེད་པར་འགྱུར་བས་ཐབས་ཞི་གནས་ལ་ནན་ཏན་བྱས་པས་འབྲས་བུ་ལྷག་མཐོང་གི་ཤེས་རབ་སྐྱེད་པར་འདོད་དེ། དེ་དག་ཀྱང་བསྒོམ་བྱ་དང་སྒོམ་བྱེད་དུ་བརྟགས་པས་སྐྱེས་བུ་མི་ཤེས་པ་དག་གཉིས ་འཛིན་གྱི་ཤེས་པའི་གནས་དེར་ནི་མཉམ་པར་གཞག་པ་ལ་ཤིང་རྗེས་ལ་ཐོབ་པའི་གནས་སྐབས་སུ་སེམས་ཀྱི་ངོ་བོ་ནི་དབུགས་དབྱུང་ཞིང་གནས་པར་བྱེད་པ་སྟེ། འདི་དག་ལ་ནི་བྱེ་མ་ལ་མར་བརྩིར་བ་བཞིན་ནོ། །སློབ་དཔོན་ཆེན་པོ་དག་གི ་ཞལ་གྱི་བདུད་རྩི་གཉིས་པ་རྗེ་བཙུན་པ་ལས་ཐོས་པ་ནི་མན་ངག་ཏུ་གནས་པ་སྟེ་ཞལ་ལས་ཤེས་པར་བྱའོ། །ད་ནི་ཇི་ལྟར་བསྒོམ་པར་བྱ་བ་ཡིན་ཞེ་ན། སྙིང་པོའི་དོན་གྱི་ཡེ་ཤེས་དེ་ཁོ་ན། །བདག་མེད་མས་ནི ་མན་ངག་བསྟན་ནས་སོང། །གཉིས་སུ་མི་བྱ་གཅིག་ཏུ་རྟོག་ན་རྣལ་འབྱོར་སྤྲོས་པའི་ལམ་ཞེས་བྱ་བའི་དོན་ནི་སེམས་གཉུག་མའི་རང་བཞིན་སྙིང་པོའི་དོན་དེ་ཉིད་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་དཔག་ཏུ་མེད་པར་སྣང་སྟེ། དེ་ཐམས་ཅད་ཀྱང་རྣལ་མའི་དེ་ཁོ ་ན་ཉིད་ཀྱིས་ཉམས་སུ་མྱོང་བར་བྱེད་དེ། དེ་ཉིད་ཀྱང་སེམས་ཉིད་ཀྱི་ངོ་བོ་སྟེ་ང་བདག་གི་ཆ་དང་བྲལ་བའི་ཕྱིར་བདག་མེད་མ་ཡིན་ལ་འབྲས་བུ་ཐམས་ཅད་སྐྱེད་པར་བྱེད་པས་ན་མ་ཡིན་སྟེ། དེས་དེ་ཉིད་ལ་ནི་ཅི་ཡང་མིན་པའི་མན་ངག་བསྟན་ནས་སོང ་དེ་འཛིན་པར་བྱེད་པའི་མན་ངག་གིས་བསྒོམ་བྱ་དང་སྒོམ་བྱེད་གཉིས་སུ་མི་བྱ་ཞིང་ངོ་བོ་གཅིག་ཏུ་བྱ་བ་སྟེ། བདག་ཉིད་ཀྱི་ངོ་བོ་ཡིན་ནོ་ཞེས་གཅིག་ཏུ་རྟོགས་ན་རྣལ་འབྱོར་པའི་རྟོག་པ་དང་སྤྲོས་པའི་ལམ་སྟེ། འབྲས་བུ་ཟད་པ་བྱེད་པ་ཉིད་དོ། འདི ་དག་གི་བྱེད་པའི་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། རིགས་ལ་བྱེ་བྲག་བཟང་ངན་མ་འབྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་རྣམ་སྤངས་འདོད་ཆགས་ཉིད་ཡིན་ཏེ། །འདོད་ཆགས་ཆེན་པོས་གཅིག་ཏུ་ཁ་དོག་བསྒྱུར་ཞེས ་བྱ་བའི་དོན་ནི་སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཏེ་ནམ་མཁའ་དང་འདྲའོ། །དེ་ལ་བྱེ་བྲག་དང་བཟང་ངན་མ་འབྱེད་པར་ཆོས་ཀྱི་སྐུར་བལྟ་བར་བྱའོ། །དེ་ཉིད་ལ་རིགས་གསུམ་དུ་སྣང་སྟེ། འདོད་པའི་ཁམས ་ནི་རིན་པོ་ཆེའི་རིགས་སོ། །གཟུགས་ཁམས་པདྨའི་རིགས་སོ། །གཟུགས་མེད་པའི་ཁམས་ནི་རྡོ་རྗེའི་རིགས་ཏེ། དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། ཁམས་གསུམ་སེམས་ཅན་བདེ་གཤེགས་རིགས། །ཐམས་ཅད་ཆོས་ཀྱི་སྐུ་རུ་བལྟ། ། ་འདོད་ཁམས་རིན་ཆེན་རིགས་ཡིན་ཏེ། །འདོད་པའི་ཡོན་ཏན་རྣམ་པར་འབྱུང། །གཟུགས་ཁམས་པདྨའི་རིགས་ཡིན་ཏེ། །ལུས་རྣམ་དག་ཅིང་དྲི་མ་མེད། །གཟུགས་མེད་རྡོ་རྗེའི་རིགས་ཡིན་ཏེ། །མཚོན་གྱིས་བཅད་ཀྱང་བསྙད་མི་ནུས། ། ་རིགས་གསུམ་སྐུ་ཡི་འཁོར་ལོ་འདི། །རིགས་གཅིག་དག་ལས་ངེས་པར་འབྱུང་ཞེས་འབྱུང་བའི་ཕྱིར་ཁམས་གསུམ་པ་མ་ལུས་འདི་དག་ཐམས་ཅད་ནི་ཐ་དད་ཀྱི་འདོད་ཆགས་རྣམ་པར་སྤངས་ཏེ། སྤང་དུ་མེད་པའི་དོན་སེམས་ཉིད་གཉུག་མའི་ངོ་བོ ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་འདོད་ཆགས་སྤང་དུ་མེད་དེ་ཐ་མལ་གྱི་ཤེས་པའི་འདོད་ཆགས་ཆེན་པོ་ཉིད་ཡིན་ཏེ། དེ་ཡང་ངེས་པའི་འདོད་པ་དང་ཅི་ཡང་མ་ཡིན་པའི་ཆགས་པ་ཆེན་པོས་ཆོས་ཀྱི་སྐུ་ཉག་གཅིག་ཏུ་ཁ་དོག་བསྒྱུར་བར་བྱའོ། །ད ་ནི་མཚན་ཉིད་ཀྱི་རྣམ་པ་བརྗོད་པར་བྱ་སྟེ། དེ་ལ་ཐོག་མཛའ་དབུས་ནི་ཡོད་མིན་ཏེ། །སྲིད་དང་མྱ་ངན་འདས་པ་གཉིས་མི་རྟོག་།མ་བཅོས་བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་གྲུབ་པ་ཡང་མ་ཡིན། །མདུན་དང་རྒྱབ་དང་གཡས་གཡོན ་ཕྱོགས་བཅུ་རུ། །གང་དུ་རྟོག་དང་མྱོང་བ་དེ་དག་ནི། །དེ་ནི་འཁྲུལ་པའི་ལམ་ལ་མངོན་པར་གནས། །རང་བཞིན་མཚོན་ཆ་ཆེན་པོ་རྟོགས་པ་ན། །ད་ནི་སུ་ལང་དྲི་བར་མི་བྱའོ་ཞེས་བྱ་བའི་དོན་ནི་གོང་དུ་སྨོས་པའི་གཉུག་མའི་ངོ་བོ་དེ་དག་ལ་ཐོག་མ ་དང་མཛའ་ཡོད་པ་མ་ཡིན་ཏེ་ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་ཡོད་པ་མིན་ཏེ་བདག་གིས་སྨྲ་བར་མི་ནུས་སོ། །དེ་ལྟར་ཉམས་སུ་མྱོང་བའི་དོན་དེ་ཉིད་ལ་སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་སུ་མི་རྟོག་སྟེ་དབྱེར་མི་ཕྱེད་པའི ་ཕྱིར་རོ། །དེ་ལྟར་རང་བཞིན་ངོ་བོ་ནི་སེམས་མ་བཅོས་པ་ཡིན་ཏེ། དེ་ཉིད་ཀྱི་ཁྱད་པར་ནི་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་པས་རྟོག་པ་མཆོག་ཏུ་གྱུར་པ་འདི་ལ་བདག་དང་གཞན་དུ་གྲུབ་པ་ཡོད་པ་ནི་མ་ཡིན་ཏེ། །དེའི་ཕྱིར་རྣལ་འབྱོར་པ་རྣམས ་ཀྱི་སེམས་ཉིད་རྟོགས་པ་དང། བསྐྱེད་པའི་རིམ་པ་བརྟགས་པའི་ཐོབ་ཅིང་དེ་ཉིད་ལ་འབྱུང་བ་དང། རྩ་བའི་རྒྱལ་པོ་དང། བློན་པོ་དང་དམངས་རྣམས་དང་སྟེང་དུ་རྒྱུ་བའི་རླུང་དང་ཐུར་ལ་རྒྱུ་བའི་རླུང་དང་འཕྲེད ་ལ་གནས་པའི་རླུང་དང་གནས་པའི་བྱང་ཆུབ་ཀྱི་སེམས་དང་འཕོ་བ་བྱང་ཆུབ་ཀྱི་སེམས་དང་འགྱུར་བ་བྱང་ཆུབ་ཀྱི་སེམས་ལ་བདེ་བ་བསྐྱེད་ཅིང་བློ་གནས་ཤིང་བརྟན་པ་དང་ཤེས་པ་མི་རྟོག་པ་འབའ་ཞིག་ལ་གནས་པ་དང། བུམ་པའི་དབང ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བལྟ་བ་དང། གསང་བའི་དབང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བལྟ་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་སོ་སོར་རྟོག་པའི་ཡེ་ཤེས་སུ་བལྟ་བ་དང། ་མཛའ་ཨི་དབང་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བལྟ་བ་རྣམས་དང། དེ་ཐམས་ཅད་རྟེན་པར་བྱེད་པ་ཡང་དམ་ཚིག་ལས་འབྱུང་བ་ཡིན་པ་དང། དེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མ་འདས་སོ། །ཞེས་མདུན ་དང་རྒྱབ་དང་གཡས་གཡོན་ཕྱོགས་བཅུ་རུ་བརྟགས་དཔྱད་དེ་གང་དུ་རྟོགས་པ་དང་ཉམས་སུ་མྱོང་བ་དེ་དག་གི་ཟུག་རྔུ་སྟེ། སྐྱེས་བུ་དེ་ནི་འཁྲུལ་པའི་ལམ་ལས་མངོན་པར་གནས་པ་ཁོ་ནའོ། །གཉུག་མའི་དོན་ཕྱིན་ཅི་མ་ལོག་པ་མི་མཐུན ་པའི་ཕྱོགས་སྐད་ཅིག་མ་དེ་ཉིད་ལ་ཞི་བར་བྱེད་པའི་རང་བཞིན་གྱིས་མཚོན་ཆ་ཆེན་པོ་འདི་རྟོགས་ན་ད་ནི་བདག་གི་སུ་ལ་ཡང་དྲི་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བརྟགས་པ་ཐམས་ཅད་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ད་ནི་རྟོགས་པའི་ཚད ་བསྟན་པར་བྱ་སྟེ། སྣང་བའི་དབང་པོ་གང་དུ་ནུབ་འགྱུར་ཞིང། །རང་གི་ངོ་མ་ཉམས་དངོས་ཉམས་འགྱུར། །ཞེས་བྱ་བའི་དོན་ནི་གཉུག་མའི་ངོ་བོར་བཞག་པ་ལ་ཁྱད་མེད་ཀྱང་རྣམ་པ་ལ་ཡོད་པའི་ཕྱིར་དང་པོར་མྱོང་དུ་མེད་པའི་མྱོང་བ་དང། ་གོམས་དང་མཐར་ཕྱིན་པའི་དུས་སུ་སྣང་བ་དང་དབང་པོ་ཡུལ་དུ་གྱུར་བ་ཐམས་ཅད་གཉུག་མའི་ངོ་བོ་ཉིད་དུ་ནུབ་པར་འགྱུར་ཞིང། དེ་ཡང་རང་བཞིན་གྱི་ངོ་བོ་མ་ཉམས་ཏེ་ཇི་བཞིན་པར་རྟོགས་པའོ། །བྱིས་པ་རྣམས་ཀྱིས་བརྟགས་པའི ་དངོས་པོ་ཉམས་པར་མི་འགྱུར་རོ། །ད་ནི་དེ་ཉིད་ཀྱི་དོན་དེ་དག་བླ་མ་མ་ཡིན་པ་གཞན་ལས་མི་རྟོགས་པར་བྱ་སྟེ། ཀྱེ་ཧེ་གྲོགས་དག་ལྷན་ཅིག་སྐྱེས་པ་སྟེ། །གཞན་ནས་མི་རྙེད་བླ་མའི་ཞལ་ལས་དྲིས། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན།། ་ཡིད་ནི་འཆིང་མེད་རླུང་ཡང་འཆད་པ་མེད། །ཁམས་གསུམ་འདི་ནི་ཐམས་ཅད་དེ་ཡི་བདག་།དེ་མ་རྟོགས་པས་འཆིང་དང་འཆད་པར་འགྱུར་ཞེས་བྱ་བའི་དོན་ནི་ཀྱེ་ཧོ་ཞེས་བྱ་བ་སྟེ་བླ་མ་ལ་བརྟེན་པ་ལ་གདམས་པ་ཡིན་པའི་དོན་ཏེ། གྲོགས་དག ་ཅེས་བྱ་བའི་དོན་ནི་བློ་ཤིན་ཏུ་ཆེན་པོར་འགྱུར་བའི་གང་ཟག་རྗེ་བཙུན་པ་རྣམས་དང་མཚུངས་པར་སྤྱོད་ནུས་པ་རྣམས་ལའོ། །དེ་དག་སྦྱངས་པའི་དོན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དག་གཞན་ནས་རྙེད་པ་མ་ཡིན་ཏེ་མི་རྙེད་པའི་ཕྱིར་རོ། ། ་དེ་བས་ན་བླ་མའི་ཞལ་གྱི་བདུད་རྩི་ལ་དྲིས་ནས་དོན་དང་ལྡན་པར་འགྱུར་རོ། །དེ་བས་ན་དམ་པའི་གདམས་ངག་དེ་དག་རྟོགས་ན་ཡོན་ཏན་དང་ལྡན་པར་འགྱུར་ལ། མ་རྟོགས་ན་དུག་ཏུ་འགྱུར་བའི་ཕྱིར་གཉིས་མེད་ཀྱི་དོན་དམ་པ་དེ་དག་བླ་མའི ་ཞལ་གྱི་ངོ་བོ་དེ་ལས་རྟོགས་ན་ཡིད་འཆིང་བ་མེད་དེ། ཤེས་པ་རྣལ་མ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །རྟོག་པ་ཡང་ཆད་པ་མེད་པ་སྟེ་སྣང་གྲགས་ཀྱི་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་ཁམས་གསུམ་པ་འདི་དག་ཐམས་ཅད ་ནི་བདེ་བ་ཆེན་པོའི་བདག་ཡིན་ཏེ། དེ་ཉིད་ཀྱི་ངོ་བོ་ལ་རྟོགས་པས་རྟོགས་པར་འདོད་པའི་ཕྱིར་ཡིད་འཆིང་བ་དང་རླུང་བཟློག་ཅིག་འཆད་པར་འགྱུར་ཏེ། སེམས་བསད་ཅིང་དགག་སྒྲུབ་བྱས་པའི་ཕྱིར་རོ། །ད་ནི་རྟོགས་པའི་དོན་ལས་ ་སྙིང་པོ་ལོགས་ན་མེད་པར་བཤད་པར་བྱ་སྟེ། ཁམས་གསུམ་འདི་ན་ཡན་ལག་དངོས་པོ་གནས། །དེ་ནི་རྨོངས་པས་རབ་ཏུ་ཤེས་པར་གྱིས། །མ་རིག་མི་རིག་གཏི་མུག་རྒྱ་མཚོ་ཆེ། །ཆད་པའི་ཚུལ་སྣང་དེ་ལ་མ ་ཞེན་པའི། །འདི་ནི་སྙིང་པོ་བདེ་ཆེན་མཆོག་ཡིན་ནོ། །འདི་ནི་སངས་རྒྱས་དགོངས་པ་སངས་རྒྱས་ཉིད། །གཞན་གྱི་སྤྱོད་མིན་ས་ར་པ་ཡི་བསྟན། །རྗེས་སུ་འགྲོ་བ་གླུ་ཡི་གང་བླང་བྱ། །ཞེས་བྱ་བའི་དོན་ནི་ཁམས་གསུམ་པ་འདི་ན་གསལ་བ་དང ་མི་རྟོག་པའི་ཡན་ལག་དང། བདེ་བ་ཆེན་པོའི་དངོས་པོ་གནས་ཏེ་དེ་ནི་ཤེས་པ་མེད་པའི་ཕྱིར་རྨོངས་པ་ཡིན་པས་དོན་དེ་ཉིད་རབ་ཏུ་ཤེས་པར་གྱིས་ཤིག་ཅེས་བྱ་བའི་དོན་དང་ཁམས་གསུམ་པ་འདི་དག་ཡན་ལག་ཅན་གྱི་རྫས་དང་བསགས ་པ་དང་འདུས་པའི་དངོས་པོ་དང། སེམས་ལས་བྱུང་བ་དང་རྣམ་པ་ཡིན་པར་འདོད་པ་སྨྲ་སྟེ། དེ་ནི་ཀུན་ནས་དཀྲིས་པའི་ཕྱིར་རྨོངས་པས་འཁོར་བའི་བདག་ཉིད་ལ་གནས་པ་ཁོ་ན་སྟེ། དེ་ནི་གཡང་ས་ཡིན་པའི་ཕྱིར་རབ་ཏུ་ཤེས་པར་གྱིས ་ཤིག་པའི་དོན་ཏོ། །དེ་ནི་ཉོན་མོངས་པ་དང་དེ་ཁོ་ན་ཉིད་ཐ་མི་དད་པ་ཡིན་ཏེ། ཁམས་གསུམ་པ་ཐམས་ཅད་ཀྱི་མ་རིག་པ་ནི་ཡེ་ཤེས་ཉིད་ཡིན་ཏེ་རིག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་མི་རིག་པའི་དོན་དེ་ཉིད་གཏི་མུག་ཆེན་པོ་སྟེ་མི ་ཤེས་ཤིང་ཤེས་པ་མེད་པའི་ཕྱིར་རོ། །དེ་ནི་ཟབ་ཅིང་དཔག་དཀའ་བའི་ཕྱིར་རྒྱ་མཚོ་ཆེན་པོ་དང་འདྲའོ། །དེ་བས་ན་ཅི་ཡང་མ་ཡིན་པའི་ཕྱིར་ཆད་པའི་ཚུལ་དུ་སྣང་སྟེ། མ་ཡིན་ཞེས་དེ་ལ་མ་ཞེན་པའི་བདག་ཉིད་དུ་བྱའོ། །དོན་འདི་ནི ་སྙིང་པོ་ཡིན་ཏེ་དེ་རྟོགས་པ་ན་བདེ་བ་ཆེན་པོ་མཆོག་གིས་རབ་ཏུ་ནོན་པ་ཡིན་ནོ། །འདི་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། ཐ་མི་དད་པའི་ཕྱིར་སངས་རྒྱས་ཉིད་ཀྱང་དེ་ཉིད་ཡིན་ནོ། །དོན་འདི་དག་གང་ཟག ་གཞན་གྱི་སྤྱོད་པ་འམ་སྨྲ་བར་ནུས་པ་མ་ཡིན་ཏེ། རྗེ་བཙུན་པའི་སྤྲུལ་བའི་སྐུ་ས་ར་བའི་བསྟན་པ་ཁོ་ནའོ། །སྐལ་བ་དང་ལྡན་པ་གང་ཟག་དེའི་རྗེས་སུ་འགྲོ་བ་རྣམས་ཀྱིས་ནི་རང་བཞིན་ཐམས་ཅད་འགྲུབ་པ་མེད་པའི་ཕྱིར་གླུའི་ཚུལ ་དུ་ཤེས་པར་བྱ་བ་དང། ཉམས་སུ་མྱོང་བ་བརྟག་ཏུ་མེད་པའི་ཕྱིར་གང་གྱི་ཚུལ་དུ་བླང་བར་བྱའོ། །ང་ནི་རྣལ་འབྱོར་པ་རྣམས་ཀྱི་རང་གི་བློ་ལ་གདམས་པར་བྱ་སྟེ། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་དེ། །འདི་ལ་ཐེ་ཚོམ་རྟོག་པར་མ་འཁྲུལ་ཅིག་། ་དངོས་དང་དངོས་མེད་བདེ་གཤེགས་འཆིང་བ་སྟེ། །གཉུག་མའི་ཡིད་ལ་ལྟོས་དང་རྣལ་འབྱོར་བ། མར་ལ་མར་གཞག་ཆུ་ལ་ཆུ་བཞག་བཞིན། །དཔེས་མཚོན་དོན་དེ་དེ་བཞིན་ཤེས་པར་གྱིས། །བསམ་གཏན་གཞན་རྟགས་དམན་ལ་དེ་མེད ་དེ། །དངོས་གཞི་འཁྲུལ་པས་ཐར་པ་མི་རྙེད་དོ། །སྒྱུ་འཕྲུལ་དྲ་བས་ཇི་ལྟར་ཉམས་སུ་ལེན། །རང་གི་བློ་ལ་བོས་ནས་གདམས་པའི་དོན་འདི་ཡིན་ནོ་ཞེས་པ་ནི། ཀྱེ་ཧོ་དེ་ལྟར་གོང་དུ་བསྟན་པའི་དོན་འདི་ནི་རང་རིག་པའི་ཡེ་ཤེས་རང་བྱུང ་བ་སྟེ། འདི་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་སེམས་ཉིད་དུ་རྟོགས་པ་དང་བསྐྱེད་པའི་རིམ་པ་བརྟན་པ་ཐོབ་ཅིང་དེ་ཉིད་ལས་བྱུང་བ་དང། རྩའི་རྒྱལ་པོ་དང་བློན་པོ་དང། འབངས་རྣམས་སྟེང་དུ་རྒྱུ་བའི་རླུང་དང། ཐུང་དུ་རྒྱུ ་བའི་རླུང་དང། འཕྲེང་ལ་གནས་པའི་རླུང་དང་གནས་པ་བྱང་ཆུབ་ཀྱི་སེམས་དང། འཕོ་བ་བྱང་ཆུབ་ཀྱི་སེམས། འགྱུར་བ་བྱང་ཆུབ་ཀྱི་སེམས་ལ་བདེ་བ་བསྐྱེད་ཅིང་བློ་གནས་ཤིང་བརྟན་པ་དང། ཤེས་པ་མི་རྟོགས་པ་འབའ་ཞིག་ལ་གནས ་པ་དང། བུམ་པའི་དབང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ལྟ་བ་དང་གསང་བའི་དབང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བལྟ་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་སོ་སོར་རྟོག་པའི་ཡེ་ཤེས་སུ་བལྟ་བ་དང། མཛའ་ཨི་དབང་བྱ་བ་ནན་ཏན་གྱི་ཡེ ་ཤེས་སུ་བལྟ་བ་རྣམས་དང། དེ་ཐམས་ཅད་བརྟེན་པར་བྱེད་པ་ཡང་དམ་ཚིག་ལས་བྱུང་བ་ཡིན་པ་དང། དེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མ་འདས་སོ། །ཞེས་མདུན་དང། རྒྱབ་དང། གཡས ་དང་གཡོན་དང། ཕྱོགས་བཅུ་རུ་བརྟགས་ཤིང་དཔྱད་དེ་གང་དུ་རྟོགས་པ་དང། ཉམས་སུ་མྱོང་བ་དེ་དག་གིས་ཟུག་རྔུ་སྟེ། སྐྱེས་བུ་དེ་ནི་འཁྲུལ་པའི་ལམ་ལ་མངོན་པར་གནས་པ་ཁོ་ནའོ། །གཉུག་མའི་དོན་ཕྱིན་ཅི་ལོག་པ་མི་མཐུན་པའི ་ཕྱོགས་སྐད་ཅིག་མ་དེ་ཉིད་ལ་ཞི་བར་བྱེད་པའི་རང་བཞིན་མཚོན་ཆ་ཆེན་པོ་འདི་རྟོགས་པ་ན། དེ་ནི་བདག་གིས་སུ་ལའང་དྲི་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བརྟག་པ་ཐམས་ཅད་དུ་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ད་ནི་རྟོགས་པའི་ཚད་བསྟན་པར ་བྱའོ། །སྣང་བའི་དབང་པོ་གང་དུ་ནུབ་གྱུར་ཅིང། །རང་གིས་ངོ་བོ་མ་ཉམས་དངོས་ཉམས་གྱུར་ཞེས་བྱ་བའི་དོན་ནི་གཉུག་མའི་ངོ་བོ་ལ་བཞག་པ་ལ་ཁྱད་མེད་ཀྱང། རྣམ་པ་ལ་ཡོད་པའི་ཕྱིར། དང་པོ་མྱོང་དུ་མེད་པའི་མྱོང་བ་དང། གོམས་པ ་དང། མཐར་ཕྱིན་པའི་དུས་སུ་སྣང་བ་དབང་པོའི་ཕུལ་དུ་གྱུར་པ་ཐམས་ཅད་གཉུག་མའི་ངོ་བོ་ཉིད་དུ་ནུབ་པར་གྱུར་ཞིང། དེ་ཡང་རང་གི་ངོ་བོ་མ་ཉམས་ཏེ། ཅི་བཞིན་པར་རྟོགས་པའོ། །བྱིས་པ་རྣམས་ཀྱིས་བརྟགས་པ་འདི་དངོས་པོ་ཐམས ་ཅད་ཉམས་པར་འགྱུར་རོ། །ད་ནི་དེ་ཉིད་དེ་དག་བླ་མ་མ་ཡིན་པ་གཞན་ལས་མི་རྟོགས་པར་བསྟན་པར་བྱ་སྟེ། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ལས་མི་རྙེད་བླ་མའི་ཞལ་ལས་དྲིས། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། ། ་ཡིད་ནི་འཆི་མེད་རླུང་དང་འཆད་པ་མེད། །ཁམས་གསུམ་འདི་ན་ཐམས་ཅད་དེ་ཡི་བདག་།དེ་མ་རྟོགས་པར་འཆིང་དང་འཆད་པར་འགྱུར། །ཞེས་བྱ་བའི་དོན་ནི། ཀྱེ་ཧོ་ཞེས་བྱ་སྟེ། བླ་མ་ལ་བསྟེན་པ་ལ་གདམས་པ་ཡིན་པའི་དོན་ཏོ། །གྲོགས་དག་ཞེས ་བྱ་བ་ནི་བློ་ཤིན་ཏུ་ཆེན་པོར་གྱུར་པའི་གང་ཟག་རྗེ་བཙུན་པ་རྣམས་དང་མཚུངས་པར་སྤྱོད་ནུས་པ་རྣམས་ལའོ། །དེ་དག་ལ་སྤྱད་པའི་དོན་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དག་གཞན་ནས་རྙེད་པ་མ་ཡིན་ཏེ། མི་རྙེད་པའི་ཕྱིར་རོ། །དེ་བས་ན ་བླ་མའི་ཞལ་གྱི་བདུད་རྩི་ལ་དྲིས་ནས་དོན་དང་ལྡན་པར་འགྱུར་རོ། །དེ་བས་ན་དམ་པའི་གདམས་ངག་དེ་དག་རྟོགས་ན་ཡོན་ཏན་དང་ལྡན་པར་འགྱུར་ལ་མ་རྟོགས་ན་བདུག་ཏུ་འགྱུར་བའི་ཕྱིར་གཉིས་མེད་དོན་དམ་པ་དེ་དག་བླ་མའི་ཞལ་གྱི ་ངོ་བོ་དེ་རྟོགས་ན་ཡིད་ནི་འཆི་བ་མེད་དེ། ཤེས་པ་རྣལ་མ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །འདི་ལ་ཐེ་ཚོམ་དང་ཐ་དད་ཀྱི་རྟོག་པ་འཁྲུལ་པར་མ་བྱེད་ཅིག་།རྣམ་པར་རྟོག་པ་ནི་འཁོར་བ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་བས་ན་སེམས་དངོས་པོ ་ཡོད་པར་རྟོགས་པ་དང། དངོས་པོ་མེད་པར་རྟོགས་ཀྱང། བདེ་བར་གཤེགས་པ་ཆོས་ཀྱི་སྐུའི་འཆིང་བ་སྟེ། སྔོན་གྱི་འབྲས་བུས་བསྐྱེད་པར་མི་ནུས་སོ། །དེ་བས་ན་སེམས་གཉུག་མའི་རང་བཞིན་ཅི་ཡང་མ་ཡིན་པ་ཡིད་ལ་དེ་ཉིད་ཀྱིས ་ཚུལ་གྱི་ལྟོས་པ་དང། རྣལ་འབྱོར་པ་ཀུན་གྱིས་སོ། །དེ་ཡང་ཇི་ལྟར་ཞེ་ན། མར་གྱི་ཁུ་བ་ལ་མར་གྱི་ཁུ་བ་བཞག་པ་དང། ཆུ་ལ་ཆུ་བཞག་པ་བཞིན་དཔེས་མཚོན་པའི་དོན་དག་ཀྱང་སེམས་ལ་སེམས་བཞག་པ་སྟེ། དེ་བཞིན་དུ་གཉིས་སུ ་མེད་པར་ཤེས་པར་གྱིས་ཤིག་།རྟོག་པ་དང་ལྡན་པའི་གང་ཟག་གིས་ནི་བསམ་གཏན་བསྒོམ་བྱར་གཞན་དུ་རྟོགས་པའི་ཕྱིར་དེའི་ཕྱིར་བློ་དམན་པ་སྟེ། དེ་ལ་དེ་ཁོ་ན་ཉིད་མེད་དེ། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོ་དངོས་གཞི་ཡིས། །འཁྲུལ ་པས་ཐར་པ་མི་རྙེད་དོ། །སྣང་བ་འདི་ཐམས་ཅད་སེམས་ཉིད་སྣང་བ་སྟེ། ཅི་ཡང་མ་ཡིན་བཞིན་དུ་སྣང་བས་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་ལྟ་བུ་སྟེ། དེ་ལ་ཐ་དད་དུ་བརྟགས་པ་ནི་སྡུག་བསྔལ་གྱི་རྣམ་པ་སྟེ། དེ་ཇི་ལྟར་ཉམས་སུ་ལེན་ཞེས་གདམས་པའོ ་ད་ནི་བདེ་བ་ཆེན་པོ་བླ་མའི་ཞལ་ལས་རྟོགས་སུ་མེད་པའི་རྟོག་པ་བཤད་པར་བྱ་སྟེ། བླ་མ་དམ་པའི་བཀའ་ལས་ཡིད་ཆེས་པའི། །ཉམས་མྱོང་མྱོང་མེད་ཡེ་ཤེས་སྙིང་པོ་སྟེ། །ང་ཡིས་བརྗོད་དུ་ཡོད་པ་མ་ཡིན་ཞེས། །སྙིང་པོ་དོན ་མཆོག་དག་ནི་དེ་སྐད་སྨྲ། །ཞེས་བྱ་བའི་དོན་ནི་བླ་མ་དམ་པའི་བཀའ་དག་ལས་སློང་པ་པོས་ཡིད་ཆེས་པར་བྱ་བའི་ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བ་དེ་དག་ནི་མྱོང་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་སྐུ་གསུམ་དང་ཡེ་ཤེས་རྣམ་པ་ལྔའི ་བདག་ཉིད་དེ། དེ་དག་ནི་བརྟག་པར་མི་ནུས་པའི་ཕྱིར་ངའི་ཞེས་བྱ་སྟེ། རྗེ་བཙུན་པ་དག་གིས་ཀྱང་བརྗོད་པར་ནུས་པའམ་བརྗོད་དུ་ནུས་པ་མ་ཡིན་ནོ་ཞེས་སྙིང་པོ་གཉུག་མའི་དོན་གྱི་མཆོག་དེ་དག་གི་ཤུགས་ཀྱིས་དེ་སྐྱད་སྨྲ་བར་འགྱུར་རོ། །ད་ནི་དཔེ ་ཁྱད་པར་ཅན་གྱི་སྒོ་ནས་བསྟན་པར་བྱ་སྟེ། གདོད་ནས་དག་པའི་རང་བཞིན་ནམ་མཁའ་ལ། །བལྟས་ཤིང་བརྟགས་ཀྱང་མཐོང་བར་མི་འགྱུར་ཏེ། །ལྷན་ཅིག་སྐྱེས་པའི་ངོ་བོ་དེ་དག་ལ། །སྐྱེས་འགགས་མཐོང་མེད་སྨྲ་བའི་བརྡ་དང་བྲལ། །ཞེས་བྱ ་བའི་དོན་ནི་གདོད་མ་ནས་དག་པའི་རང་བཞིན་གྱིས་ཅིར་ཡང་མ་ཡིན་པའི་ནམ་མཁའ་དེ་དག་ལ་རྟོག་གེ་དང་ལྡན་པ་དག་གིས་འབད་པ་དང་བརྩོལ་བས་བལྟས་ཤིང་བརྟགས་ཀྱང་མཐོང་བར་མི་འགྱུར་ཏེ། སྡུག་བསྔལ་ལོ། །མཁས་པ་ཤེས་རབ ་ཅན་དག་གིས་ནི་ནམ་མཁའ་ཨི་ངོ་བོ་ཡེ་ནས་དག་པ་ཡིན་པ་དེ་དག་ལ་བལྟས་ནས་མི་རྙེད་པ་ཡིན་པའི་ཕྱིར་འབད་པ་དང་རྩོལ་བས་མ་བརྟགས་ཧེ་བདེ་བ་དང་ལྡན་ནོ། །དེའི་རང་བཞིན་དུ་ལྷན་ཅིག་སྐྱེས་པའི་ངོ་བོར་རང་བྱུང་གི་ཡེ་ཤེས་དེ་དག་དང། དང་པོར ་སྐྱེ་བ་དང། བར་དུ་གནས་པ་དང། ཐ་མར་འགག་པར་ཡོད་པ་མ་ཡིན་ཏེ། ཉམས་སུ་མྱོང་བའི་དེ་ཉིད་རྣམ་རྟོག་གི་བློས་མཐོང་བ་ཡང་མེད་དོ། །དེའི་ཕྱིར་དེ་བརྗོད་པར་བྱ་བའི་སྨྲ་བའི་བརྡ་དང་ཐ་སྙད་གདགས་པ་དང་བྲལ་བའོ། །དེ་ནི་བདེ་བ་ཆེན ་པོའི་རང་བཞིན་ཏེ་དེ་དག་ལ་རྩོལ་ཞིང་བསྒྲུབས་པ་ནི་སྡུག་བསྔལ་ལོ། །ད་ནི་ཆོས་ཀྱི་སྐུ་ལ་འཁྲུལ་པ་མི་རིག་པ་བསྟན་པར་བྱ་སྟེ། གཉུག་མའི་ངོ་བོ་སྣ་ཚོགས་པར་སྣང་ཡང། །གཅིག་ཏུ་མ་ཤེས་ཐ་དད་ཡུལ་ལ་བརྟགས། །མ་རྟོག་ང་རྒྱལ་སྐྱོན་གྱིས་སྐྱེ ་བོ་བསླུས། །ཚིག་གི་མཚོན་ཆས་གཞན་དག་སུན་འབྱིན་ཀྱང། །རྣམ་རྟོག་སྐྱོན་གྱིས་དེ་ཉིད་མཚོན་མི་ནུས། །ཞེས་བྱ་བའི་དོན་ནི་ཐམས་ཅད་སེམས་གཉུག་མའི་རང་བཞིན་ཆོས་ཀྱི་སྐུ་ཉིད་ཡིན་ཏེ། དེ་དག་གི་ཆོ་འཕྲུལ་སྣང་གྲོགས་སྣ་ཚོགས་པར ་སྣང་བ་ལ་སོ་སོའི་སྐྱེ་བོ་རྟོག་པ་དང་ལྡན་པ་རྣམས་ཀྱིས་དུས་ཐམས་ཅད་བདེ་བ་ཆེན་པོའི་རོ་གཅིག་ཏུ་མ་ཤེས་པས་ཐ་དད་ཀྱི་ཡུལ་ལ་བརྟགས་པའི་ཕྱིར་རྣམ་པར་རྟོག་པའི་ང་རྒྱལ་གྱིས་སྐྱོན་དེ་དག་གིས་སོ་སོའི་སྐྱེ་བོ་རྣམས་བསླུས་སོ། །མངོན་སུམ ་དང་རྗེས་སུ་དཔག་པའི་ཚིག་གི་མཚོན་ཆས་གཞན་དག་སུན་འབྱིན་པར་བྱེད་ཀྱང་རྣམ་པར་རྟོག་པའི་སྐྱོན་དེ་དག་གི་དེ་ཁོ་ན་ཉིད་མཚོན་པར་མི་ནུས་སོ། །ད་ནི་དེ་ཁོ་ན་ཉིད་གཞན་གྱིས་མི་རྟོགས་པ་བསྟན་པར་བྱ་སྟེ། འཇིག་རྟེན་ལོག་པའི་བསམ་ ་གཏན་གྱིས་རྨོངས་ཏེ། །རང་བཞིན་གཉུག་མ་སུས་ཀྱང་མཚོན་མ་ཡིན། །སེམས་ཀྱི་རྩ་བ་རང་བཞིན་འབྲས་མི་མཐོང། །སྐྱེ་འགག་གནས་པར་ཤེས་པ་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་ངོ་བོ་དེ་ཉིད་ནི། །བསྟན་དུ་མེད་ཀྱི་རང་བཞིན་ཆོས་སུ་ཁྱེར།། ་ཞེས་བྱ་བའི་དོན་ནི་འཁོར་བ་མི་རྟག་པའི་མཚན་ཉིད་འཇིག་ཅིང་རྟེན་པའི་ངོ་བོ་ལ་གནས་པའི་སེམས་ཅན་དེ་དག་དེ་བཞིན་ཉིད་ཀྱི་དོན་ལས་ལོག་པའི་བསམ་གཏན་གྱིས་རྨོངས་ཏེ། དེ་ཅིའི་ཕྱིར་ཞེ་ན། བླ་མ་དམ་པ་དང་བྲལ་བཾ་སྟེ། རང་བཞིན ་གཉུག་མའི་དེ་ཁོ་ན་ཉིད་སུས་ཀྱང་མཚོན་པ་མ་ཡིན་ནོ། །དེ་བས་ན་རང་གིས་བརྟགས་པས་ཀྱང་མི་རྙེད་དེ། སེམས་ཀྱི་རྩ་བ་དེ་དང་པོ་གང་ནས་བྱུང་བ་དང་གནས་པ་དང་རང་བཞིན་ཇི་ལྟ་བུ་ཡིན་པ་དང། དེ་བསྒོམས་པའི་འབྲས་བུ་ཐོབ་པའི་དོན་མ ་མཐོང་སྟེ། སྐྱེ་བ་དང་འགག་པ་དང་གནས་པ་མེད་པར་འབྱུང་བའི་ངོ་བོ་ཉིད་ཡིན་ཀྱང་དེ་ཉིད་ཤེས་པ་མ་ཡིན་ནོ། །དེ་ལྟར་རྟོགས་པ་རྣམས་ཀྱིས་ནི་སེམས་དེ་ཁོ་ན་ཉིད་དུ་ཁྱེར་བར་བྱ་སྟེ། ལྷན་ཅིག་སྐྱེས་པའི་གཉིས ་སུ་མེད་པའི་ངོ་བོ་དེ་ཉིད་ནི་བླ་མ་དམ་པ་རྣམས་ཀྱིས་ཀྱང་བསྟན་དུ་མེད་ཅིང། སློབ་པ་པོས་ཀྱང་ཉམས་སུ་མྱོང་དུ་མེད་ཀྱིས་དེ་བས་ན་ཤེས་པ་རྣལ་མ་རང་བཞིན་གྱིས་ཆོས་སུ་ཁྱེར་བར་བྱའོ། །ད་ནི་དེ་ལྟར་ཤེས་ནས་རྟོགས་པ་བརྟན་པར་བྱ་སྟེ། རྩ་བ་བྲལ་བའི ་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་དེ་ཡི་ཐོབ་པ་སྟེ། །རྒྱུ་མེད་སེམས་ལ་བྲལ་བ་མཆོག་ཏུ་གསུངས། །འཁོར་བ་སྣང་བ་སེམས་ཀྱི་ངོ་བོ་སྟེ། །དེ་ལྟར་ཤེས་ནས་རྣལ་འབྱོར་སྙིང་པོ་ཆེ། །རྨོངས་རྣམས་མདའ་སྣུན་ངས་སྨྲས་ཤེས་པར ་བྱོས། །རང་བཞིན་གཉུག་མ་བརྗོད་བྱ་མ་ཡིན་ཏེ། །སློབ་དཔོན་མན་ངག་མིག་གི་དེ་མཐོང་འགྱུར། །དེ་ལ་ཆོས་དང་ཆོས་མིན་རྟོག་པ་དང། །ལམ་དང་གཉེན་པོས་བཅོས་པ་མ་ཡིན་ནོ། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ཡིན། །གཉུག་མའི་ཡིད་ནི ་གང་ཚེ་སྦྱངས་གྱུར་པ། །དེའི་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག་།ཅེས་བྱ་བའི་དོན་ནི་གཉུག་མའི་ཡིད་ལ་ཡུན་རིང་དུ་སྦྱངས་པའི་གང་ཟག་གི་སྤྱོད་པ་ཡིན་པ་སྟོན་ཏེ། རྩ་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྟེ། དེ་དང་བྲལ་བ་ནི་སེམས་སོ། །དེ་ཉིད ་ཉམས་སུ་མྱོང་བར་བྱ་བ་ནི་ཤེས་པ་རྣལ་མ་སྟེ། དེའི་མཐུས་ཟག་པ་དང་བཅས་པའི་བདེ་བ་དང་ཟག་པ་མེད་པའི་བདེ་བས་ལུས་དང་སེམས་གང་བར་འགྱུར་ཏེ། དེ་དག་ཐམས་ཅད་ལ་ཞེན་པ་མེད་པའི་སེམས་དེ་ནི་དྲན་པ་རྒྱུན་ཆགས་ཉིད་དོ། ། ་དེ་ལྟར་རྟོགས་པ་དེ་ནི་བླ་མ་དམ་པའི་ཞལ་གྱི་མན་ངག་དེ་ཡིས་ཐོབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐ་མལ་གྱི་ཤེས་པས་ཉམས་སུ་མྱོང་བར་བྱས་པ་ལ་ངེས་པའི་ཤེས་པས་བརྒྱན་ཏེ་དྲན་པའི་གྲོགས་དག་གིས་མཉམ་པ ་ཉིད་ཐོབ་པའོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་ངོ་བོ་ལ་རྒྱུ་མེད་པ་དང། སེམས་མཛའ་དང་དབུས་སུ་མི་གནས་པ་དང། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་དེ་ལྟར་གནས་ཤིང་རྒྱུ་དང་འབྲས་བུར་དབྱེར་མི་ཕྱེད་པའི་མཆོག་ཏུ་དམ ་པ་རྣམས་ཀྱིས་གསུངས་པའོ། །དེ་སྲིད་དུ་འཁོར་བའི་རྣམ་པར་སྣང་བ་དེ་སྲིད་ཐམས་ཅད་ནི་སེམས་ཀྱི་ངོ་བོ་སྟེ། དེ་ལྟར་ཤེས་ནས་རྣལ་འབྱོར་པ་རྣམས་ཀྱིས་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཆེན་པོ་རྟོགས་པའོ། །དེ་ལྟར་མ་རྟོགས་པའི་རྨོངས་པ་རྣམས་ལ་མདའ ་སྣུན་ངས་སྨྲས་པ་དེ་དག་ཤེས་པར་བྱོས་ཤིག་།དེ་དག་ཀྱང་ཤེས་སུ་མེད་པ་སྟེ། རང་བཞིན་གཉུག་མ་དེ་དག་གི་དོན་ནི་བརྗོད་བྱ་ཐམས་ཅད་ཀྱི་མཛའ་ལས་འདས་པའི་ཕྱིར་ཤེས་པར་བྱ་བའང་མ་ཡིན་ཏེ། མི་ཤེས་པ་ཉམས་སུ་མྱོང་བའི་སློབ་པ་པོ་དེ ་ཉིད་ཀྱིས་ནི་སློབ་དཔོན་གྱིས་མན་ངག་དམ་པ་མིག་གིས་དེས་མཐོང་བར་འགྱུར་རོ། །དེ་ལྟར་ཉམས་སུ་མྱོང་བའི་དོན་དེ་དག་ལ་མཛའ་གཉིས་ཀྱི་ཆོས་དང་མཚན་མའི་ཆོས་མིན་པར་རྟོགས་པ་དང། བགྲོད་པར་བྱ་བའི་ལམ་དང། ཉོན་མོངས་པའི ་གཉེན་པོས་གོ་རིམས་ཀྱི་ཚུལ་དུ་བློ་བཅོས་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཉུག་མའི་ངོ་བོ་འདི་དག་ལ་རྟོགས་པའི་ཉེས་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །གཉུག་མའི་ངོ་བོ་དེ་དག་སློབ་པ་པོའི་ཡིད་ལ་དེ་ཉིད་ཀྱི་དོན་ནི་གང་གི་ཚེ་མྱོང ་ཞིང་སྦྱངས་པར་གྱུར་པ་དེའི་ཚེ་བླ་མའི་ཡོན་ཏན་དམ་པ་སྙིང་ལ་འཇུག་ཅིང་ཞུགས་པའོ། །དེ་ལྟ་བུའི་དོན་དེ་ཉིད་ཀྱང་རྟོགས་པས་འགྲུབ་པ་ཡིན་པ་བསྟན་པར་བྱ་སྟེ། དེ་ལྟར་རྟོགས་ན་སྙིང་པོ་གླུ་ལེན་ཏེ། སྔགས་དང་རྒྱུད་རྣམས་ཀུན་ལ་འབད་བྱས་ཀྱང། ་རྟོག་གེ་དེ་བྲལ་གཅིག་ལ་མཐོང་ལམ་མེད། །འགྲོ་རྣམས་ལས་ཀྱིས་སོ་སོར་འཆིང་འགྱུར་ཏེ། །ལས་དང་སྡིག་ལས་གྲོལ་ནས་ཡིད་མཐོང་སྟེ། །རང་ཡིད་རྟོགས་ནས་གྲོལ་བ་གཞན་མེད་དོ། །མྱ་ངན་འདས་པ་མཆོག་ནི་ཐོབ་པར་འགྱུར། །ཐོབ་ཅེས ་མཚོན་ཀྱང་རྟོགས་པའི་དུས་ཉིད་ཡིན། །ཞེས་བྱ་བའི་དོན་ནི་གོང་དུ་བསྟན་པའི་ངོ་བོ་དེ་ལྟར་རྟོགས་ན་རྣལ་འབྱོར་པ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོར་འཁོར་བའི་སེམས་ཅན་ཐམས་ཅད་ལ་གདམས་པའི་དོན་གླུར་ལེན་ཏེ། ་འཕགས་པའི་གང་ཟག་རྣམས་ཀྱིས་བསྟན་བཅོས་ཀྱི་རིག་པ་དང། དེ་བཞིན་གཤེགས་པའི་བཀའ་དང་རྒྱུད་རྣམས་ལ་རིགས་པ་དང་འབྲེལ་པ་ཀུན་ལ་འབད་པར་བྱས་ཀྱང་ཐ་དད་ཀྱི་རྟོག་གེའི་དེ་དག་དང་མ་བྲལ་ན་གང་ཟག་གཅིག་ལ་ཡང་མཐོང་བའི ་ལམ་སྐྱེ་བའི་སྐལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་པའི་འགྲོ་བ་རྣམས་ཐ་དད་དུ་བརྟགས་པའི་དགེ་བ་དང་སྡིག་པའི་ལས་ཀྱི་རྣམ་པར་སྨིན་པའི་དོན་མི་སླུ་བས་སོ་སོར་འཆིང་བར་གྱུར་ཏེ། གང་དག་གིས་དགེ་བ་དང་སྡིག་པའི་ལས་དང་ཐ་དད་ཀྱི་རྟོག ་པའི་ཟུག་རྔུའི་སྡུག་ལས་ཐ་མལ་གྱི་ཤེས་པས་རང་གྲོལ་བར་འགྱུར་ཏེ། དེ་ལྟར་ན་རང་གི་ཡིད་སངས་རྒྱས་ཀྱི་བདག་ཉིད་དུ་མཐོང་སྟེ། དེ་ལྟར་རང་གི་ཡིད་རྟོགས་ན་གྲོལ་བའི་འབྲས་བུ་གཞན་མེད་དོ། །དེ་བས་ན་དེ་ཉིད་ལ་གོམས་ཤིང་? ་ཕྱིན་པས་ནི་མྱ་ངན་ལས་འདས་པའི་མཆོག་གཉིས་སུ་མེད་པ་ནི་ཐོབ་པར་འགྱུར་རོ། །དེ་དག་ཀྱང་ཐོབ་དུ་ཡོད་དམ་ཞེ་ན། ཐོབ་པོ་ཞེས་སློབ་པ་པོའི་བློ་ལས་མཚོན་དུ་ཟད་ཀྱང་རྟོགས་པའི་དུས་དེ་ཉིད་ཀྱི་ངོ་བོ་མཚོན་པ་ཡིན་ནོ། །ད་ནི་ཆོས་ཐམས་ཅད ་སེམས་ཉིད་ཡིན་པ་བསྟན་པར་བྱ་བ་སྟེ། སེམས་ཉིད་གཅིག་བུ་ཀུན་གྱི་ས་བོན་ཏེ། །དེ་ལས་འཁོར་དང་མྱ་ངན་འདས་སྣང་ངོ། །སྲིད་པ་སྣ་ཚོགས་དེ་ལས་འཕྲོས་པ་ཡིན། །འཕྲོས་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ཏེ། །ཆོས་ཀྱི་སྐུ་ལས་སྣང་བ་གཞན་མེད་དོ། ། ་རྟོགས་པས་མྱ་ངན་འདས་པ་ཉིད་ཡིན་ཏེ། །ཞེས་བྱ་བའི་དོན་ནི་སེམས་ཆོས་ཀྱི་སྐུ་རྣམ་པར་དག་པའི་ངོ་བོ་དེ་ལས་ཐམས་ཅད་ཀྱི་བདག་ཉིད་རྣམ་པར་འཕེལ་ཏེ་སྐྱེད་པར་བྱེད་པའི་ས་བོན་གཞན་གྲུབ་པ་མེད་པའི་ཕྱིར་དེ་བས་ན་སེམས་ཉིད་གཅིག་ཏུ་སྣང་གྲགས ་ཀྱི་ཆོས་ཀུན་གྱི་ས་བོན་ཡིན་ཏེ། དེ་བས་ན་དེ་ལས་འཁོར་བ་རྣམ་པར་རྟོག་པའི་བདག་ཉིད་དང་ཞི་བ་མྱ་ངན་ལས་འདས་པའི་ངོ་བོར་སྣང་སྟེ། ཁམས་གསུམ་གྱི་སྲིད་པའི་མྱ་ངན་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ཉི་མའི་འོད་ཟེར་བཞིན་ངོ་བོ་དེ་ལམ ་འཕྲོས་པ་ཡིན་ནོ། །ཉི་མ་དང་ཟེར་གཉིས་ཐ་མི་དད་པ་ལྟར་འཕྲོས་པས་སྣང་གྲགས་ཀྱི་ཆོས་དེ་ཉིད་དང། སེམས་ཉིད་དང་ཆོས་ཀྱི་སྐུ་གཉིས་ཐ་མི་དད་པ་ཡིན་ཏེ། ཆོས་སྐུའི་རྣམ་པ་དེ་ཉིད་ལས་སྣང་བ་གཞན་ཞིག་གྲུབ་པ་མེད་དོ། །དེ་ཉིད་རྟོགས་པས ་མྱ་ངན་ལས་འདས་པ་ཉིད་ཡིན་པ་སྟེ། གཞན་དུ་བརྟག་པར་མི་བྱའོ། །དེ་ལྟར་རྟོགས་པའི་དོན་དེ་ཉིད་ལ་བསྟོད་པར་བྱ་སྟེ། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་བུ་མཆོད་ལེགས་འབྱུང་བ་བཞིན། །མན་ངག་མཆོད་འབུལ་སེམས ་ལ་ནོར་བུའི་ཚུལ། །རྣལ་འབྱོར་ཁྱད་པར་སེམས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་དོན་ནི་དཔེར་ན་སེམས་ཅན་གྱི་འདོད་པའི་དོན་མི་སླུ་བར་མཁོ་བའི་ཡོ་བྱད་ཀྱི་འབྲས་བུ་སྟེར་བར་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟེ། དེ་ལ་མཆོད་པ་དག ་ལེགས་པར་ཕུལ་ནས་གསོལ་བ་བཏབ་ན། མཆོད་པའི་དོན་འདོད་པ་ལེགས་པར་འབྱུང་བ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་སེལ་བར་བྱེད་པ་ནི་སེམས་ཉིད་དེ་ཁོ་ན་ཉིད་ཡིན་ཏེ། དེ་དག་ལ་རྟེན་གྱི་གང་ཟག་སྐྱེས ་པ་དང་བུད་མེད་ཀྱི་ཐ་མལ་གྱི་ཤེས་པའི་མཆོད་པའི་རྫས་དག་བླ་མའི་གདམས་ངག་གི་མཆོད་པ་ཕུལ་ནས་སེམས་ཉིད་ཀྱི་དོན་ལ་ངེས་པའི་ཤེས་པས་གསོལ་བ་བཏབ་ནས་ནོར་བུའི་ཚུལ་དུ་སངས་རྒྱས་ཀྱི་འབྲས་བུ་འབྱུང་ངོ། དེ་ལྟར་རྟོགས་པའི་རྣལ་འབྱོར་པའི་སེམས ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ངོ་བོ་དེ་སེམས་རང་དགའ་ཨི་ཚུལ་གྱིས་སྒྲུབ་པར་བསྟན་པར་བྱ་སྟེ། སེམས་བཅིངས་ནས་ནི་འཁོར་བར་འཆིང་འགྱུར་ཏེ། །དེ་མ་བཅིངས་ན་གྲོལ་ཞིང་ཐར་པར་འགྱུར། །བླུན་པོ་གདམས་པ་བྲལ་བས ་བཅིངས་འགྱུར་བས། །བླ་མ་མཁས་པ་དག་གིས་མྱུར་དུ་གྲོལ་ཞེས་བྱ་བའི་དོན་ནི་རྣལ་འབྱོར་པའི་སེམས་ཉིད་དེ་དག་བཅིངས་ན་ནི་འཁོར་བར་འཆིངས་བར་འགྱུར་ཏེ། སེམས་མ་བཅིངས་པའི་ཚུལ་གྱིས་རང ་དགར་གློང་དེ་གཞག་ན་གྲོལ་ཅིང་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་ཐར་བར་འགྱུར་རོ། །བླུན་པོ་གང་ཞིག་བླ་མ་དམ་པའི་གདམས་ངག་དང་བྲལ་བས་ཡིད་འཆིང་བར་འགྱུར་ཏེ། དེ་དག་ལས་བདེ་བར་བྱེད་པ་ནི་བླ་མ་མཁས་པ་དག་གི ་ཞལ་གྱི་བདུད་རྩི་དག་གི་ཤེས་པ་གླང་པོ་ཆེ་སྨྱོན་པའི་ཚུལ་དུ་གར་དགར་བཏང་བས་མྱུར་དུ་གྲོལ་བར་འགྱུར་རོ། །ད་ནི་སེམས་ཡངས་པར་གཞག་པར་བསྟན་པར་བྱ་སྟེ། སེམས་ནི་ནམ་མཁའ་འདྲ་བར་བལྟ་བྱ་སྟེ། །ལུས་ནི་དེ་ཉིད་ཡིན་པས་ཆགས་མི ་བྱ། །ཆོས་རྣམས་ཀུན་དང་སེམས་ཉིད་མཉམ་པ་སྟེ། །སེམས་དེ་བསམ་གྱིས་མི་ཁྱབ་བསམ་བྱས་ནས། །དེས་ནི་བླ་ན་མེད་པ་ཐོབ་པར་འགྱུར། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པའི་སེམས་ཀྱི་ངོ་བོ་ཉིད་ནམ་མཁའ་དང་འདྲ་བར་བལྟ་བར་བྱ་སྟེ། དེ ་ནི་མི་ཤེས་ཤིང་མཉམ་ལ་སྨྲར་མེད་དེ་ཅི་ཡང་མ་ཡིན་པའི་ཕྱིར་དེ་དང་མཚུངས་པའོ། །དེ་བས་ན་ལུས་ཀྱི་ངོ་བོ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལས་མ་འདས་པ་མ་ཡིན་པས་ཆགས་པར་མི་བྱ་བ་ཁོ་ནའོ། །དེ་བས་ན་ལུས་སེམས་ཐམས་ཅད ་དོགས་པ་མེད་པའི་རྣམ་པས་བག་ཡངས་པའི་ཚུལ་དུ་བཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། སྣང་གྲགས་ཀྱི་ཆོས་ཀུན་དང་སེམས་ཉིད་ཀྱི་ངོ་བོ་མཉམ་པ་སྟེ། སེམས་དེ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་ངོ་བོ་སྟེ། དེ་ཉིད་ཅི་ཡང་མ ་ཡིན་པའི་ཚུལ་དུ་བསམ་པར་བྱས་ན་དེས་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ད་ནི་ཐམས་ཅད་སེམས་སུ་ཤེས་པར་བསྟན་པར་བྱ་སྟེ། ནམ་མཁའ་ལ་སྤྲིན་བྱུང་རླུང་གིས་ཐིམ། །སེམས་ཀྱི་དེ་ཉིད་རྟོག་བྱ་བརྟགས་པས་ཐིམ། །སྙིང་པོས་སྨྲས ་པ་ནམ་ཞིག་ནུས་ལྡན་ན། །མི་རྟག་གཡོ་བ་མྱུར་དུ་སྤོང་བར་འགྱུར་ཞེས་བྱ་བའི་དོན་ནི། ནམ་མཁའ་ཨི་རང་བཞིན་དག་པ་ལས་གློ་བུར་གྱི་སྤྲིན་བྱུང་སྟེ། དེ་དག་རླུང་གི་གཡོ་བས་ཐིམ་པ་བཞིན་དུ་སེམས་ཉིད་ཀྱི་ངོ་བོ་རྣམ་པར་དག་པ་ཉིད་ལ་ཕྱི་ནང་གི་རྣམ་པར་རྟོག ་པ་དུ་མ་ཕྱུང་སྟེ་བླ་མའི་གདམས་ངག་གིས་སེམས་སྐྱེ་མེད་རྟོགས་པར་བྱས་ནས་བརྟགས་པའི་བདག་ཉིད་རྟོག་པ་ཐམས་ཅད་རང་ཞི་ཞིང་ཐིམ་པར་འགྱུར་རོ། །དེ་ཉིད་དུ་ཤེས་པའི་ཕན་ཡོན་ནི་སྙིང་པོ་གཉུག་མའི་ངོ་བོ་སེམས་ལ་སྨྲས་པ་ནི་ཐ་མལ་གྱི ་ཤེས་པ་དེ་ཉིད་ལ་གོམས་ནས་ནམ་ཞིག་ནུས་པ་དང་ལྡན་པ་ན་རྟོག་པ་དེ་འཁོར་བ་མི་རྟག་པའི་རྣམ་པ་དང་མཚན་མའི་གཡོ་བ་ཐམས་ཅད་མྱུར་དུ་ཤུགས་ཀྱིས་སྤོང་བར་འགྱུར་རོ། །ད་ནི་སངས་རྒྱས་པའི་དུས་བསྟན་པར་བྱ་སྟེ། རླུང་དང་མེ་ཆུ་དབང་ཆེན ་འགགས་པ་ན། །བདུད་རྩིའི་དྭངས་མ་རླུང་ཆེན་ལ་ཞུགས་པས། །དྷཱུ་ཏཱི་རླངས་པ་སེམས་ལ་འཇུག་འགྱུར་ཏེ། །སྲིད་པའི་ས་རུ་རྫོགས་པའི་སངས་རྒྱས་ནས། །སྦྱོར་བ་བཟང་པོ་འདི་ལ་སྣང་བ་ཐིམ། །ནམ་ཞིག་སྦྱོར་བཞི་གནས་འགྱུར་ཚུལ་གྱིས ་ནི། །སེམས་ཞུགས་དུས་སུ་བདེ་བ་ཆེ་རྒྱས་ཏེ། །ནམ་མཁའ་ཨི་ཁམས་སུ་ཤོང་མིན་མྱོང་བའི་ཚུལ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དེ་ཉིད་གོམས་པར་བྱ་བ་ལ་བརྩོན་པ་རབ་དང་འབྲིང་དུ་གནས་པའོ། །ད་དག་གིས་ནི་གཉུག་མའི་དེ་ཁོ་ན་ཉིད་ལ ་གོམས་པས་མདའ་ཀ་མའི་ཡེ་ཤེས་དེ་ཁོ་ན་ཉིད་བསྒོམས་ཏེ། དེ་ཡང་དང་པོར་ས་ཆུ་ལ་ཞུགས་པ་དང་ཆུ་མེ་ལ་ཞུགས་པ་དང་མེ་རླུང་ལ་ཞུགས་པ་དང་རླུང་རྣམ་པར་ཤེས་པ་ལ་ཞུགས་པ་དང། རྣམ་པར་ཤེས་པ་འོད་གསལ་བདེ་བ་ཆེན་པོ་ལ་ཞུགས་པ ་དེ་ཆོས་ཀྱི་སྐུའོ། །དེ་ལྟར་གཡོ་བ་དང་བཅས་པའི་རླུང་དང་སྨིན་པར་བྱེད་པའི་མེ་ཆུ་སྲ་བའི་བདག་ཉིད་ཀྱི་དབང་ཆེན་དེ་དག་རྟོགས་པའི་དྲི་མ་སྟེ། ཤུགས་ཀྱིས་འགགས་པ་ན། བདུད་རྩི་རྣམ་པ་ལྔའི་དངས་མ་དེ་དག་གཡས་གཡོན་གྱི་ལ་ལ་དང་ར་སའི་རླུང་ཆེན་པོ་ལ ་ཞུགས་པས་དེ་ཉིད་ཀྱི་རྩ་བ་དབུ་མར་རིམས་ཀྱིས་འཇུག་པར་འགྱུར་ཏེ། ཤེས་པ་བར་མ་དོའི་ས་རུ་མངོན་པར་རྫོགས་པར་སངས་རྒྱས་ནས། བདེ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །བརྩོན་པའི་སྦྱོར་བ་དང་ལྡན་པ ་བཟང་པོས་ནི་སྐྱེ་བ་དེ་ཉིད་ལ་སྣང་བ་སེམས་ལ་ཐིམ་པར་འགྱུར་རོ། །བདེ་བ་འདི་ལུས་ལ་བརྟེན་པ་སྟེ་བར་མ་དོའི་ཤེས་པ་དེ་དག་ལུས་དང་བྲལ་བའི་ཕྱིར་བདེ་བ་དང་ལྡན་པར་མི་འགྱུར་བས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་གཉུག་མའི་ངོ་བོ་ཉིད་རྟོགས་པ་མ་ཡིན ་ནོ་ཞེ་ན། དེ་ཁོ་ན་ཉིད་གཉུག་མ་ལ་གོམས་པའི་ཤུགས་ཀྱིས་ནམ་ཞིག་འཕོ་བའི་དུས་ཀྱི་ཚེ། ས་ཆུ་ལ་ཞུགས་པ་དང་ཆུ་མེ་ལ་ཞུགས་པ་དང་མེ་རླུང་ལ་ཞུགས་པ་དང། རླུང་རྣམ་པར་ཤེས་པ་ལ་ཞུགས་པ་དང། རྣམ་པར་ཤེས་པ་འོད་གསལ ་བདེ་བ་ཆེན་པོ་ལ་ཞུགས་པའི་སྦྱོར་བ་བཞི་གནས་འགྱུར་བའི་ཚུལ་གྱིས་སེམས་འོད་གསལ་གྱི་བདེ་བ་ལ་ཞུགས་པའི་དུས་སུ་ཟག་པ་མེད་པའི་བདེ་བ་ཆེན་པོར་རྒྱས་ཏེ། གཟུགས་ཤིག་ཡོད་ན་ནི་ནམ་མཁའ་ཨི་ཁམས་སུ་ཡང་ཤོར་བ་མེད་དེ། ་མྱོང་བའི་ཡུལ་དུ་ཡང་རུང་ངོ། །གོང་མའི་ཚུལ་དེ་དག་བདེན་ན་ནི་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དང་མི་ལྡན་པར་འགྱུར་བའི་ཕྱིར་བསྒྲུབ་པར་ཡང་མི་རིགས་ལ། རང་བཞིན་ཅན་དང་དེ་ཉིད་ཀྱི་ངོ་བོ་ཡང་ཐ་མི་དད་པར་ཐལ་ཏོ་ཆོས་ལྷག་གོ་།ད་ནི ་རྟོགས་པས་ཁྱད་པར་དུ་གྱུར་པ་བསྟན་པར་བྱ་སྟེ། གནས་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་བསམ་པས་སུན་འབྱིན་མདའ་བསྣུན་སྨྲས། །བསམ་གྱིས་མི་ཁྱབ་སྒྲུབ་པ་འགའ་ཡང ་མེད། །ཅེས་བྱ་བའི་དོན་ནི་སེམས་ཅན་ཐམས་ཅད་རང་གི་དེ་ཁོ་ན་ཉིད་ལ་བརྟགས་པས་འཁྲུལ་པའི་དྲི་མས་བསྒྲིབས་པའི་ཕྱིར། དེ་བཞིན་གཤེགས་པའི་བཀའ་དག་གི་གནས་དང་མཁས་པའི་གང་ཟག་རྣམས་ཀྱི་ཁྱིམ་ན་བརྗོད་དུ་མེད་པའི་དེ ་ཁོ་ན་ཉིད་ཀྱི་གཏམ་སྨྲ་ཡང་སྣང་སྲིད་བདེ་བ་ཆེན་པོའི་ཕྱག་རྒྱའི་གནས་ནི་ཡོངས་སུ་ཤེས་པ་མིན་ཏེ། འགྲོ་ཀུན་རང་གི་བསམ་པ་ལས་བྱུང་བའི་རྟོག་པས་རང་ཉིད་སུན་འབྱིན་ཏོ་ཞེས་མདའ་བསྣུན་གྱིས་སྨྲས་སོ། །བསམ་གྱིས་མི་ཁྱབ་པའི་དོན་བདེ་བ་ཆེན ་པོ་གཉིས་སུ་མེད་ཅིང་ཅི་ཡང་མ་ཡིན་པའི་ཞལ་གྱི་བདུད་རྩི་ཐ་མི་དད་པའི་ཚུལ་དུ་བསྒྲུབ་པ་ནི་གཅིག་ཀྱང་མེད་དོ། །ད་ནི་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་བསྟན་པར་བྱ་སྟེ། སྲོག་ཆགས་ཐམས་ཅད་ཀུན་ལ་ཡང། །དེ་ཉིད་ཡོད་དེ་རྟོགས་པ་མེད། །ཐམས་ཅད ་རོ་མཉམ་རང་བཞིན་པས། །བསམ་ཡས་ཡེ་ཤེས་བླ་མེད་པའི། །དཔའ་བོ་རྣམས་ཀྱིས་བརྟགས་པའི་རིགས། །ཞེས་བྱ་བའི་དོན་ནི་ཏ་ཀ་ཧི་ཧན་སྟེ་སྲོག་ཆགས་སོ། །དེ་དག་གི་དོན་གྱི་ཁྱད་པར་ནི་སྣང་བའི་ངོ་བོ་གསལ་བའི་རྣམ་པ་དང་གནས་སྐབས་ཀྱི་མི་རྟོགས ་པའི་རང་བཞིན་དང་འདོད་པ་ཉམས་སུ་མྱོང་བའི་བདེ་བ་སྟེ་དེ་ལྟར་སངས་རྒྱས་ཀྱི་དགོངས་པ་དེ་དག་རང་བཞིན་གྱིས་ལྡན་པའི་དོན་ཏོ། །དེ་བས་ན་སེམས་ཅན་ཐམས་ཅད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རང་ཁྱབ་ཏུ་གནས་སུ་སྟེ་སྣང་གྲགས་ཀྱི་ཆོས་ཀུན་ལ་ཡང ་ཏིལ་དང་མར་གྱི་ཚུལ་དུ་དེ་ཉིད་ཀྱི་ངོ་བོ་ཡོད་དེ་གྱད་ཀྱི་ནོར་བུ་དང་འདྲ་བར་རྟོགས་པ་མེད་དོ། །དེ་བས་ན་ཐམས་ཅད་ཆོས་ཀྱི་སྐུར་རོ་མཉམ་པའི་རང་བཞིན་ཡིན་པས་བསམ་ཡས་པའི་ནམ་མཁའ་དང་འདྲ་བའི་ཡེ་ཤེས་བླ་མའི་གདམས་ངག་གིས་ཉམས་སུ ་མྱོང་བར་བྱས་པའི་རྣལ་འབྱོར་པའི་དཔའ་བོ་རྣམས་ཀྱིས་བརྟག་ཅིང་མཉམ་པ་ལ་བཞག་པའི་རིགས་སོ། །ད་ནི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པ་བསྟན་པར་བྱ་སྟེ། དི་རིང་སང་ཙམ་ལས་འདི་སྙམ། །སྐྱེས་བུ་ཕུན་སུམ་ཚོགས་འདོད་པས། །ཀྱེ་ཧོ་སྙིམ་པ ་ཆུས་བཀང་བཞིན། །འཛགས་པ་མཐོང་ངམ་སྐྱེས་བུ་རྣམས། །ཞེས་བྱ་བའི་དོན་ནི། སྙིང་པོའི་དོན་འདི་དག་རྟོགས་པས་འཚང་རྒྱ་བ་ཡིན་ནོ་ཞེས་མིང་ལ་ཞེན་པའི་སྐྱེས་བུ་དག་གི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ཅིང་བསྒོམ་པར་བྱ་བ་ཁོ་ན་སྟེ། ཚེ་འདི་ཡུན ་ཐུང་ཞིང་བྱ་བའི་རྣམ་པ་མང་པོས་འདི་ཉིད་ལ་གོམས་པར་འགྱུར་པ་ཡང་ཤིན་ཏུ་དཀའ་བའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་དི་རིང་སང་ཙམ་ལས་འདི་བྱས་ལ་དེ་ནས་བདེ་བ་བསྒྲུབ་པར་བརྟག་པར་མི་བྱ་སྟེ། ད་ལྟ་ཉིད་ནས་བརྟུན་ཏེ ་བསྒྲུབ་པར་བྱའོ། །ཕྱི་མའི་དུས་ལ་བདེ་བར་འདོད་པའི་སྐྱེས་བུ་ལེ་ལོ་དང་ལྡན་པ་ཕུན་སུམ་ཚོགས་པར་འདོད་པས་དེ་དག་ལ་སྐྱེ་ཧོ་ཞེས་གདམས་པར་བྱ་སྟེ། སྙིམ་པ་ཆུ་ས་བཀང་བ་དེ་དག་གི་དུས་དེ་ཉིད་ནས་ཟས་ལ་ཐུག་གི་བར་དུ་འགྲིབ་པ་བཞིན ་ཏེ་འཛགས་པ་དང་མཚུངས་པར་ཁྱེད་ཀྱི་ཚེ་འདི་དག་ཀྱང་རྟག་ཏུ་འགྲིབ་པ་མཐོང་ངམ་སྐྱེས་བུ་རྣམས་མཐོང་ངོ་ཞེས་རྟོགས་པ་རྣམས་ནི་འབད་དེ་བསྒྲུབ་པར་རིགས་སོ། །དེ་ལ་རྟོགས་པ་མེད་པའི་སྐྱེས་བུ་རྣམས་ནི་བླུན་པ་སྟེ་རྟག་ཏུ་སྡུག་བསྔལ་ཞིང་འཁོར ་བ་ན་གནས་པ་ཁོ་ནར་ཟད་དོ། །དེ་ཉིད་ཀྱི་ཕྱིར་མཉམ་ལ་བཞག་པར་བྱ་བ་བསྟན་ཏེ། བྱ་བ་བྱེད་དང་བྱ་མིན་མི་བྱེད་པ། །ངེས་པར་རྟོགས་ན་འགྲོ་རྣམས་འཆིང་མི་འགྱུར། །ཡི་གེ་མེད་ལ་ཆད་པའི་ཡིད་འཇུག་པ། །གང་ཞིག་རྣལ་འབྱོར་བརྒྱ་ལ་འགའ་ ་ཡིས་མཐོང། །ཞེས་བྱ་བའི་དོན་ནི་བྱ་བ་བྱེད་པའི་རྟོག་པའི་རྣམ་པར་སྣང་བ་ཐམས་ཅད་དང། བྱ་བ་མི་བྱེད་པ་སེམས་ཀྱི་ངོ་བོ་གནས་པ་ཐམས་ཅད་གཉུག་མའི་ངོ་བོ་སྟེ་དེ་ཉིད་ངེས་པར་རྟོགས་ན་འགྲོ་བ་རྣམས་རང་གྲོལ་བར་འགྱུར་ཏེ་འཆིང་བར་མི་འགྱུར་རོ། ་དེ་བས་ན་འདི་དག་ནི་ཐུན་མོང་མ་ཡིན་པ་སྟེ། ཏ་ཡ་ཤཊ་ནི་ཞེས་པ་སྟེ། ཡི་གེ་མེད་པའི་ཐ་ཚིག་གོ་།དེ་དག་གི་དོན་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་ངོ་བོ་དང་བྲལ་བ་སྟེ་བེམས་རིག་རྣམ་པ་གཉིས་ལས་གྲོལ་བའོ། །དེ་དག་ཉམས་སུ་བླང་བར་བྱ་བ་ནི་ཆད་པ་སྟེ ་ཐ་མལ་གྱི་ཤེས་པའོ། །དེ་དག་ཀྱང་དྲན་པ་རྒྱུན་ཆགས་ཀྱི་ཡིད་ལ་འཇུག་པར་འགྱུར་ཏེ། དོན་དེ་དག་ཀྱང་བླ་མ་གང་ཞིག་གིས་ཉེ་བར་གདམས་ཀྱང་སྐལ་བ་དང་ལྡན་པ་དག་ལ་མཚུངས་པའི་ཕྱིར། །བརྟགས་པའི་མིང་ཙམ་དུ་སྦྱར་བའི་རྣལ་འབྱོར་ ་པ་དཔག་ཏུ་མེད་པ་ཇི་སྙེད་ཅིག་གནས་ཀྱང་དོན་འདི་དག་ནི་གཅིག་ཙམ་གྱིས་མཚོན་པའི་དོན་ཉམས་སུ་མྱོང་བ་ལས་མི་སྲིད་དོ། །ད་ནི་དེ་ཉིད་ཀྱི་གྲོགས་བསྟན་པར་བྱ་སྟེ། ཤིན་ཏུ་བསྡམས་པའི་སེམས་དེ་ནི། །ཀློད་དེ་གཞག་ན་གྲོལ་བར་འགྱུར། །རྨོངས་པ་གང ་གིས་བཅིངས་པའི་ངོས། །མཁས་རྣམས་དེ་ཡི་རྣམ་པར་གྲོལ། །བཅིངས་པ་དག་ནི་ཕྱོགས་བཅུ་ཡིས། །གྲོལ་བར་བརྩོལ་བ་བྱེད་པ་རྣམས། །མཐོང་བར་འགྱུར་བའི་དུས་ཉིད་དུ། །མི་གཡོ་མི་འགྱུར་བརྟན་པར་གནས། །གོ་བཟློག་པ་དག་བདག་གིས་རྟགས། །བུ ་ཁྱོད་སྙིང་པོ་ལེན་པ་རྣམས། །དེ་ལྟར་རང་ལ་མཚོན་ཏེ་ལྟོས། །ཞེས་བྱ་བའི་དོན་ནི་ཁམས་གསུམ་པ་རྣམས་ཀྱི་བློ་ནི་རྩའི་བོན་ལྟ་བུ་སྟེ། རྣམ་པར་རྟོག་པས་རྣམ་པར་རྟོག་པ་ཤིན་ཏུ་བསྡམས་ཤིང་བཅིངས་པ་སྟེ། དེ་ལྟ་བུའི་སེམས་འདི་ནི་བླ་མ་དམ་པའི་ཞལ་གྱི ་བདུད་རྩིས་ཀློད་དེ་བཞག་ན་རང་གྲོལ་བར་འགྱུར་རོ། །ཐ་དད་ཀྱི་རྨོངས་པ་ལ་གནས་པའི་སེམས་ཅན་གང་གིས་ཡིད་བཅིངས་པའི་དངོས་པོ་དེ་དག་བླ་མ་མཁས་པ་དེ་ཉིད་ཉམས་སུ་མྱོང་བ་རྣམས་ཀྱིས་རྣམ་པར་གྲོལ་བར་འགྱུར་རོ། །ཐ་དད་ཀྱི་རྟོག་པས་བཅིངས ་པ་དག་ནི་ཡེ་ཤེས་ལྔ་དང་རིགས་ལྔའི་ངོ་བོས་བདག་ཉིད་རྣམ་པ་བཅུ་བློ་ལ་གནས་པར་བྱ་སྟེ། དེ་ཡིས་སྤང་བྱ་དང་སྤོང་བྱེད་ཀྱི་ཚུལ་གྱིས་བཅིངས་པ་ལས་གྲོལ་བར་བརྩོལ་བ་བྱེད་པ་རྣམས་དེ་ཉིད་ཀྱི་ཉམས་སུ་མྱོང་བས་མཐོང་བར་འགྱུར་བའི་དུས ་ཉིད་དུ་སེམས་མི་གཡོ་སྟེ། མཚན་མ་ལ་འཕོ་བར་མི་བྱེད་དོ། །མི་འགྱུར་ཏེ་གློ་བུར་གྱི་རྐྱེན་གྱིས་གནོད་པར་མི་འགྱུར་རོ། །བརྟན་པར་གནས་ཤེས་བྱ་སྟེ། ཤེས་པ་ཤིན་ཏུ་ཡུན་རིང་ཞིང་གཞན་དུ་བསྒྱུར་བར་མི་ནུས་པའོ། །དེ་ཉིད་ནི་བློ་ཆུང་བ་སྟེ ་འཆིང་བ་དང་བཅས་པར་ཟད་དོ། །དེ་ལ་གོ་བཟློག་པ་དག་ནི་བདག་སྟེ་རྗེ་བཙུན་པ་དག་གིས་རྟོགས་སོ། །དེ་དག་ཀྱང་ཅི་ཞེ་ན། ཞེན་པ་བཟློག་པར་བྱ་བ་ནི་མ་ཡིན་ཏེ། སྣང་སྲིད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར་ནི་མི་གཡོ་བར་འགྱུར་རོ། །དེ་ཉིད་ལ་ ་བརྟེན་པར་བསྒོམ་པ་མ་ཡིན་ཏེ། བསྒོམ་དུ་མེད་པར་ཐ་མལ་གྱི་ཤེས་པ་རྣལ་མར་བཞག་པས་ཕྱི་ནང་གི་གཡེང་པས་གནོད་པ་མི་འགྱུར་རོ། །དེ་ལྟར་ཤེས་པ་ཕྱིར་ཞིང་ཡུན་རིང་བ་དག་ལ་ཡོན་ཏན་དུ་ལྟ་བར་མི་བྱ་སྟེ། གར་ཡང ་འགྱུར་ཞིང་དེ་ལ་ཞེན་པ་མེད་པ་ནི་དྲན་པ་ཡང་དང་ཡང་དུ་བསྟེན་པ་སྟེ་བརྟན་པར་གནས་སོ། །དེ་བས་ན་རྗེ་བཙུན་པ་དག་གི་ཞལ་ནས་བུ་ཞེས་བོས་ཏེ། ཁྱེད་སྙིང་པོ་ཆོས་ཀྱི་སྐུ་ལེན་པར་འདོད་པ་རྣམས་དེ་ལྟར་རང་ལ་མཚོན་ཏེ་ལྟོས་ཤིག་ཅེས་བྱ་བའི ་དོན་ཏོ། །ད་ནི་དཔེ་ཉེ་བར་བསྒྲུབ་པར་བྱ་བ་བསྟན་པར་བྱ་སྟེ། ཀྱེ་ལགས་དཔའ་བོ་ལྟོས་ཤིག་དང། །འདི་ལ་ང་ནི་མི་རྟོགས་སོ། །ལས་ཟིན་པ་ཡི་སྐྱེས་བུ་ཡིས། །དྲུང་དུ་སེམས་ཐག་གཅད་པར་བྱོས། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་རྣམས་ལ ་ཀྱེ་ཞེས་བོས་ཏེ་ཅི་ཡང་མ་ཡིན་པའི་དོན་དེ་དག་ལགས་སོ་ཞེས་བྱ་བའི་དོན་ཏོ། །དཔའ་བོ་ཞེས་བྱ་བ་ནི་དེ་ཉིད་དོན་དུ་གཉེར་བའི་རྣལ་འབྱོར་པའོ། །ལྟོས་ཤིག་དོན་ཞེས་བྱ་བ་ནི་གོང་གི་ངོ་བོ་ཉིད་ལའོ། །སྡུག་བསྔལ་ཐམས་ཅད་ནི་ང་བདག་གི་རྣམ་པ ་ལས་སྐྱེས་པའོ། །དེ་དག་ལ་གནས་པ་རྣལ་འབྱོར་པས་དེ་ཉིད་ཀྱི་དྲུང་དུ་རྟོག་པའི་སེམས་ཀྱི་ཐག་ཤུགས་ཀྱིས་གཅོད་པར་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི་གཉིས་མེད་ཀྱི་དོན་དེ་དག་ལ་གདམས་པར་བྱ་སྟེ། རླུང་བཅིངས་པ་ལ་རང་ཉིད་མ་སེམས ་ཀྱེ། །ཤིང་གི་རྣལ་འབྱོར་སྣ་རྩེར་མ་སེམས་ཤིག་།ཀྱེ་མ་ཧོ་མ་ཡིན་ལྷན་ཅིག་སྐྱེས་པ་ཡིན། །གཉིས་མེད་དང་དུ་མཉམ་པའི་འདོད་ཆགས་བྱོས། །ཞེས་བྱ་བའི་དོན་ནི་རྣམ་རྟོག་གི་རྟ་རླུང་གི་རྣམ་པ་དེ་དག་བཅིངས་པའི་དོན་མི་རྟོགས་པ་འབའ་ ་ཞིག་ལ་ཞེན་ན་མ་སེམས་ཀྱེ་ཞེས་གདམས་སོ། །དེ་བས་ན་ཤིང་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་གཉུག་མའི་རང་བཞིན་ཏེ་དེ་དག་ནི་འཕེལ་ཞིང་སྐྱེ་བའི་འདི་ཉིད་ཀྱི་འབྲས་བུ་སྨིན་པར་བྱེད་པ་སྟེ། དང་པོའི་ཆ་མ་ཡིན་པའི་རྣལ་འབྱོར་གྱི ་ཤེས་པ་མཉམ་པ་ཉིད་དེ་དག་སྣ་རྩེ་ལ་སོགས་པ་རྣམས་སུ་རྣམ་པར་རྟོག་པ་གཏད་དེ་མ་སེམས་ཤིག་།དེ་བས་ན་དེ་ལྟར་རྟོག་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཀྱེ་མའོ་མ་ཡིན་ཞེས་བྱའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དག་ནི་བདེ་བ་ཆེན་པོའི་ངང ་དུ་མཉམ་པ་ཉིད་ཀྱི་འདོད་ཆགས་བྱོས་ཞེས་བྱའོ། །ད་ནི་བཟུང་བའི་སྐྱོན་བསྟན་པར་བྱ་སྟེ། སྲིད་པའི་སྣ་རྩེར་འཆིང་བ་ཡོངས་སུ་སྤངས། །འདི་ནི་ཡིད་འདུས་པ་ལ་རླུང་གི་རླབས། །གཡོ་ཞིང་འབར་བས་ཤིན་ཏུ་མི་བསྲུན་འགྱུར། །ཞེས་བྱ་བའི་དོན ་ནི་ཡིད་བཅིངས་པ་དག་ནི་སྲིད་པ་སྟེ་འཁོར་བའི་རྣམ་པ་ཡིན་ནོ། །དེའི་ཕྱིར་སྣ་རྩེར་འཆིང་བ་ལ་སོགས་པ་ཡོངས་སུ་སྤང་ངོ། །དེའི་མི་རྟོགས་པ་འདི་ནི་ཡིད་འདུས་པ་སྟེ་འཕྲེད་ལ་གནས་པའི་རླུང་ཟིན་པའོ། །དེ་ལ་སྟེང་འོག་གི་རླུང་གིས་བརླབས་ན ་སེམས་གཡོ་ཞིང་ལུས་འཕར་བས་ཤིན་ཏུ་མི་བསྲུན་བར་འགྱུར་ཏེ། སྨྱོན་པ་དང་མཚུངས་པའི་ཕྱིར་དོན་མེད་པར་འགྱུར་རོ། །དེ་ལྟར་མ་བཅིངས་པའི་ཕན་ཡོན་བསྟན་པའི་ཕྱིར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་གྱུར་ན། །དེ་ཡི ་བདག་ཉིད་བརྟན་པར་འགྱུར་བ་སྟེ། །གང་ཞིག་ཡིད་ནི་ཉེ་བར་འགགས་གྱུར་ན། །ལུས་ནི་འཆིང་བ་རྣམ་པར་འཆད་པར་འགྱུར། །ཞེས་བྱ་བའི་དོན་ནི་སྣང་བ་དང་སེམས་ལྷན་ཅིག་སྐྱེས་པའི་རང་བཞིན་ཅི་ཡང་མ་ཡིན་པའི་ངོ་བོར་གནས་གྱུར་ན། ་ཆོས་ཀྱི་སྐུ་དེའི་བདག་ཉིད་བརྟན་པར་འགྱུར་བའི་ཕྱིར། གང་གི་ཚེ་གཉུག་མ་ལ་གོམས་པར་འགྱུར་བ་དེའི་ཕྱིར་ཡིད་ཀྱི་རྟོག་པ་ནི་ཉེ་བར་འགགས་པར་འགྱུར་བས་ན། ལུས་ཀྱི་འཆིང་བ་འཕྱར་བར་འགྱུར་བ་དང། །བདེ་བ་ལ་ཞེན་པ་ལ ་སོགས་པ་རྣམ་པར་འཆད་པར་འགྱུར་རོ། །ད་ནི་ཉམས་མྱོང་གི་རྟགས་བསྟན་པར་བྱ་སྟེ་།དབུས་སུ་ལྷན་ཅིག་སྐྱེས་དང་རོ་མཉམ་པས། །དེ་ཚེ་དམངས་རིགས་དག་དང་བྲམ་ཟེ་མེད། །ཅེས་བྱ་བའི་དོན་ནི་སེམས་དང་སྣང་བ་གཉིས་ཀྱི་དབུས་སུ་ལྷན་ཅིག ་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རོ་མཉམ་པར་འགྱུར་བས་རོ་དོགས་མེད་པའི་དོན་དེ་ཉིད་རྟོགས་ཤིང་གཉིས་འཛིན་མེད་ཅིང་གཟའ་བཏད་དང་བྲལ་པའི་ངོ་བོ་ཉམས་སུ་མྱོང་བ་ལས་བླང་དོར་མེད་པའི་སྤྱོད་པ་དག་འབྱུང ་བར་འགྱུར་ཏེ། དེའི་ཚེ་ཉམས་བར་འགྱུར་བ་མེད་པའི་ཕྱིར་ཐ་དད་ཀྱི་རྟོག་པ་དང་བྲལ་བས་དམངས་རིགས་དང་བྲམ་ཟེ་མེད་དོ་ཞེས་བྱའོ། །ད་ནི་གྲགས་པའི་དཔེའི་སྒོ་ནས་དོན་མཚོན་པར་བྱ་སྟེ། འདི་ནས་ཟླ་བའི་རྒྱ་མཚོ་ཉིད་དང་ནི། །འདི་ནས ་གངྒའིའི་རྒྱ་མཚོར་བར་དག་དང། བ་ར་ཎ་སེ་འཁོར་ཡུག་པར་དག་ནི། །འདི་ནི་ཟླ་བ་རྒྱས་པ་གསལ་བྱེད་ཉིད། །བྱང་ཆུབ་སེམས་ཀྱི་རི་བོང་གིས། །སེམས་ཅན་རྒྱ་མཚོ་གསལ་བར་བྱེད། །དྲན་པ་གང་གིས་མཚོ་དག་གིས། །ཡུལ་ཆེན་བ་ར་ཎ་སེར ་གསལ། །ཟླ་བ་འགྲིབ་དང་རྒྱས་པ་དང། །ཟླ་བར་འགྱུར་བ་མ་ཡིན་ཏེ། །ཉི་མའི་རྐྱེན་གྱིས་འཕེལ་འགྲིབ་སྣང། །ཟླ་བ་ལྟ་བུའི་སེམས་ཉིད་ལ། །འཕེལ་དང་འགྲིབ་པ་ཡོད་མེད་དེ། །རྟོག་པའི་དབང་གིས་དེ་ལྟར་སྣང། །དེ་ཕྱིར་རྟོག་པ་གསལ་བའི ་ཕྱིར། །གཉུག་མའི་གྲོགས་དང་བཅས་པ་འབད། །འབད་པ་ར་ལ་མེད་འགྱུར་ཏེ། །ཀྱེ་ཧོ་དང་པོའི་རྟེན་ལ་སྨོས་ཞེས་བྱ་བའི་དོན་ནི་དཔེ་དག་གིས་ཉེ་བར་མཚོན་པའང། གཉུག་མའི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། འདི་ནས་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་སོ། །ཟླ་བའི་རྒྱ་མཚོ་ཞེ་བྱ་བ་ནི་ལྷོ་ཕྱོགས་ཀྱི་ངོས་དཔག་ཚད་བཅུ་གཉིས་པ་དག་ནའོ། །དེ་དག་ནི་ཆུ་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ་ཁོར་ཡུག་ཏུ་དཔག་ཚད་བཞི་བཅུ་རྩ་བརྒྱད་ཡོད་པ་སྟེ། དེ་དག ་གི་ནང་ན་ནོར་བུ་རིན་པོ་ཆེ་ཧུ་ལུ་ཨིནྡྲ་ཞེ་བྱ་བ་ཆུ་ལས་དཔག་ཚད་གཅིག་གྱེན་དུ་འཕགས་པ་ཡོད་དེ། དེ་དག་ལ་ཟླ་བའི་འོད་ཀྱིས་ཕོག་པའི་དུས་སུ་ཆུའི་རྒྱུན་འབྱུང་བར་འགྱུར་ཞིང་འོད་ཀྱང་ཕྱོགས་བཅུར་འཕྲོའོ། །འདི་ནས་གང་གའི་རྒྱ་མཚོར ་དཔག་ཚད་བཅུ་གཉིས་ཏེ། དེ་དག་གི་བར་དག་ཏུ་རིན་པོ་ཆེའི་འོད་ཀྱིས་ཁྱབ་ཅིང་ཁྱད་པར་དུ་ཆུ་དེ་དག་གསལ་བར་བྱེད་དོ། །འོད་དེ་དག་དང་འབྲེལ་བའི་གངཱའི་ཆུའི་ནད་ན་རིན་པོ་ཆེ་ཨ་སྨྲ་གར་པ་ཞེས་བྱ་པ་ཡོད་དེ་དེའི་འོད་ཀྱིས་ཡུལ་བ ་ར་ན་སེའི་གྲོང་ཁྱེར་གྱི་དབུས་ན་མཆོད་རྟེན་དག་ཤཀ་ཞེས་བྱ་བ་ཡོད་དེ། དེ་དག་གི་རྩེ་མོ་ལ་ནོར་བུ་རིན་པོ་ཆེ་མུ་ས་ལ་གར་པ་ཞེས་བྱ་བ་གནས་ཏེ། དེ་དག་ལ་ཁྱབ་པར་བྱེད་དོ། །དེའི་འོད་ཀྱིས་བ་ར་ཎ་སེའི་འཁོར་ཡུག་གི་བར་ཐམས་ཅད་འོད ་ཀྱིས་གང་བར་བྱེད་ཅིང་ཁྱད་པར་དུ་ཡོ་བྱད་ཐམས་ཅད་ཀྱི་མདོག་ཀྱང་གསལ་བར་བྱེད་དོ། །དེ་བས་ན་གྲོང་ཁྱེར་འདི་ནི་ཟླ་བ་རྒྱས་པ་གསལ་བར་བྱེད་པ་སྟེ་ཟླ་བ་ཉིད་ཀྱི་མཐུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས ་ཆོས་ཀྱི་སྐུའི་རི་བོང་གིས་སེམས་ཅན་གྱི་རྒྱ་མཚོ་ཐམས་ཅད་ལ་གསལ་བར་བྱེད་དོ། །དེ་དག་ལ་ཡེ་ཤེས་ཀྱི་ནོར་བུ་རིན་པོ་ཆེ་རང་འབྱུང་དུ་གནས་སོ། །དེའི་འོད་ལེན་པར་བྱེད་པ་ཡང་དྲན་པ་རྒྱུན་ཆགས་ཏེ་གང་གཱའི་མཚོ་ལྟ་བུའོ། །དེ་དག་གི་ནང་ན ་ཆོས་ཀྱི་སྐུ་རྟོགས་པར་བྱེད་པའི་ནོར་བུ་གནས་ཏེ། སྐལ་བ་དང་ལྡན་པའི་ཡུལ་ཚོགས་ཆེན་པོ་བསགས་པའི་གང་ཟག་བ་ར་ཎ་སེར་གསལ་ལོ། །དེ་དག་ནི་ཐ་མལ་གྱི་ཤེས་པའི་མཆོད་རྟེན་གྱི་རྩེ་མོ་ལ་ཉམས་སུ་མྱོང་བའི་ནོར་བུ་རིན་པོ ་ཆེ་གནས་སོ། །སྣང་སྲིད་བདེ་བ་ཆེན་པོའི་འོད་འབྱིན་པར་བྱེད་དོ། །དེའི་འོད་ཀྱི་ཁྱད་པར་དུ་སྣ་ཚོགས་དུ་མའི་ཡོ་བྱད་ཐམས་ཅད་རོ་གཅིག་ཏུ་མདོག་འབྱིན་ཏོ། །དེ་ཡང་རྟོག་པ་དང་ལྡན་པའི་གང་ཟག་རྣམས་ལ་མི་སྣང་བའི་ཕྱིར་དཔེར་བརྗོད ་པར་བྱ་སྟེ། ཟླ་བ་ཉིད་ལ་འགྲིབ་པ་དང་རྒྱས་པ་ནི་ཡོད་པ་མ་ཡིན་ཏེ་ཟླ་བ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་འཕེལ་འགྲིབ་ཀྱི་རྣམ་པར་སྣང་བ་ཡང་ཉི་མ་དང་ཉེ་བའི་རྐྱེན་གྱིས་འཕེལ་བ་དང་འགྲིབ་པར་སྣང་ངོ། །དཔེ་དེ་བཞིན་དུ་ཟླ་བ་ལྟ ་བུའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་ནི་ཐོག་མ་ཉིད་ནས་མ་བཅོས་པ་རྣལ་མའི་རང་བཞིན་ཡིན་པའི་ཕྱིར་སྐལ་པ་དང་ལྡན་པ་རྣམས་འཕེལ་བ་དང་སྐལ་པ་མེད་པ་རྣམས་ལ་འགྲིབ་པ་ནི་ཡོད་མེད ་དེ། བློ་ཆུང་བའི་གང་ཟག་རྣམས་ཀྱི་ཐ་དད་ཀྱི་རྟོག་པའི་ངོ་བོར་བརྟགས་པའི་དབང་གིས་དེ་ལྟར་སྣང་བ་དང། ཆོས་ཐམས་ཅད་ཅི་ཡང་མ་ཡིན་པའི་ངོ་བོ་ཐ་མལ་གྱི་ཤེས་པས་ཉམས་སུ་མྱོང་བར་བྱ་བ་རྟོགས་པས་འཕེལ་འགྲིབ་ཀྱི་ཚུལ་དུ་སྣང ་སྟེ། དེ་ལྟར་མ་རྟོགས་པ་རྣམས་ཀྱིས་ནི་རྟོགས་པར་བྱ་བའི་ཕྱིར་རྟོགས་པ་གསལ་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གཉུག་མའི་དེ་བཞིན་ཉིད་བསྒོམ་ཞིང་དེའི་གྲོགས་བསོད་ནམས་ཀྱི་ཚོགས་དང་སྙིང་རྗེ་དང་བཅས་པ་ལ་འབད་པར་བྱའོ། །བརྩོལ་སྒྲུབ་དང ་བཅས་པར་ཐལ་ལོ་ཞེ་ན། བྱིས་པའི་ངང་ཚུལ་ཅན་རྣམས་ལ་རྟོགས་པར་བྱ་བའི་ཡན་ལག་ཏུ་སྨྲས་པ་སྟེ་ཆེན་པོ་པ་རྣམས་ལ་ནི་འབད་པ་ང་ལ་མེད་འགྱུར་ཏེ་ཞེས་བྱ་བ་སྟེ་རྩོལ་བར་བྱ་བ་མ་ཡིན་པའི་ཐ་ཚིག་གོ་།དེ་བས་ན་ཐབས་ཁྱད་པར ་ཅན་ལ་གདམས་པའི་ཕྱིར་ཀྱེ་ཧོ་ཞེས་བྱའོ། །དང་པོའི་རྟེན་ཞེས་བྱ་བ་ནི་ཐ་མལ་གྱི་ཤེས་པ་སྟེ་དེ་དག་ཉམས་སུ་མྱོང་བར་བྱ་བ་ལ་སྨོས་ཞེས་བྱའོ། །ད་ནི་གྲོགས་དང་བཅས་པས་དེ་ཁོ་ན་ཉིད་མཐོང་བར་འགྱུར་བར་བྱ་བ་བསྟན་པར་བྱ་སྟེ། ཞིང་ཀུན་གནས ་དང་ཉེ་བའི་གནས་ཚོགས་སུ། །ཕྱིན་ཏེ་བལྟས་པས་རྟོགས་པར་ངས་སྨྲས་པ། །ལུང་དང་དྲན་པའི་མུ་ནས་བཟུང་བའི་ཚེ། །དགེ་བ་ང་ཡི་ཡན་དག་ངེས་པར་མཐོང། །ང་ཡི་རྨི་ལམ་དུ་ཡང་མཐོང་བ་ཏེ། །རི་བོའི་ཁྲོད་དུ་གནས་ཏེ་བག་ཡོད་བྱོས། །ཞེས ་བྱ་བའི་དོན་ནི་ཏ་ན་ཏ་ཧ་ར་ཞེས་བྱ་བ་སྟེ་དེ་དག་ནི་ཞིང་དང་ཉེ་བའི་ཞིང་ངོ། །དེའི་དོན་བསྙད་པར་བྱ་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། སློབ་མ་སྐལ་ལྡན་མཚུངས་པ་དང་པོ་ཞིང། །བླ་མ་ཉམས་མྱོང་གཉིས་མེད་ཞི་ཞེས་འབྱུང་བའི་ཕྱིར་སྐལ་པ་ཉེ ་བར་མཚུངས་པ་དང་ལྡན་པའི་སློབ་མ་དང། དེ་ཁོ་ན་ཉིད་ཉམས་སུ་མྱོང་བར་བྱེད་པའི་བླ་མ་སྟེ་དེ་དག་ལ་སྦྱར་བར་བྱའོ། །དེ་ལ་ཇི་ལྟར་ཞེ་ན། ཀེང་རི་པ་ཧ་ན་ཙ་ན་ར་ཞེས་བྱ་སྟེ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དོ། །དེ་དག་གི་དོན་ནི་རྒྱུད་དེ་ཉིད་ལས། སློབ ་མའི་དུར་ཁྲོད་ངེས་པས་གསོལ་བ་འདེབས། །རྫོགས་པའི་སངས་རྒྱས་འབྱུང་བ་ལུས་ཀྱི་ཁྲོད། །བླ་མ་དེ་ཡི་ཉེ་བར་སྨིན་པར་བྱེད། །དག་པའི་གདམས་ངག་དག་གིས་ཉེ་བར་སྟོན་ཞེས་འབྱུང་བའི་ཕྱིར་སློབ་པ་པོ་དག་གིས་གུས་པ་དང་ལྡན་པས་བླ ་མ་ལ་གསོལ་བ་བཏབ་སྟེ། བཏབ་པའི་དོན་དེ་ཉིད་མི་སླུ་བའི་དོན་དུ་ཞལ་གྱི་བདུད་རྩི་དག་གི་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ་དག་ལ་སྦྱར་བར་བྱའོ། །དེ་ཡང་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འགི་སྭ་ར་ན་སཱུ་ཧ་ཞེས་བྱ་སྟེ། ཚན་དོ་ཧ་དང་ཉེ་བའི་ཚན ་དོ་ཧའོ། །དེ་དག་གི་དོན་ནི་ཡང་རྒྱུད་དེ་ཉིད་ལས། ཐ་མལ་ཤེས་པས་བརྒྱན་པ་མཚན་དོ་ཧ། །དེ་ཉིད་གོམས་པར་གྱུར་པ་ཉ་བའི་མཆོག་ཅེས་འབྱུང་བའི་ཕྱིར་། བླ་མ་ལས་ཐོས་པའི་དོན་དེ་དག་ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བར་བྱས་ཤིང་དུས ་ཐམས་ཅད་དུ་གོམས་པར་བྱེད་པ་སྟེ་དེ་དག་ཏུ་སྦྱན་པར་བྱའོ། །དེ་དག་ཀྱང་གང་དང་ལྡན་པར་འགྲུབ་ཅེ་ན། ཨུ་ཎི་ལཾ་མཧཱ་པོ་ཧི་ཧ་ར་ཎི་ཞེས་བྱ་སྟེ། གནས་དང་ཉེ་བར་གནས་སོ། །དེ་ཉིད་གསལ་བར་བྱ་བ་ནི་ཡང་རྒྱུད་དེ་ཉིད་ལས། སྣང་སྲིད་བདེ ་ཆེན་བླ་མ་དྲན་པ་དང། །སེམས་ཉིད་བླ་མ་མཆོག་སྟེ་གནོད་མི་བྱེད། །གནས་དང་ཉེ་བའི་གནས་ལ་རྙེད་ནས་ཀྱང། །སྐད་ཅིག་གཅིག་ལ་རྡོ་རྗེ་ཆོས་ཀྱི་སྐུ། །ཞེས་འབྱུང་བའི་ཕྱིར་དུས་རྟག་ཏུ་བླ་མ་མི་བརྗེད་པར་བྱ་བ་དང། སྣང་སྲིད་ཐམས་ཅད་ཆོས་སྟེ ་གཉུག་མའི་ངོ་བོ་ཉིད་དུ་རྟོགས་པར་བྱ་བ་ནི་གནས་སོ། །དུས་རྟག་ཏུ་སེམས་ཉིད་བླ་མ་ལ་དམ་པའི་ཚུལ་དུ་བསྐུར་བར་བྱེད་ཅིང་སེམས་ལ་མོ་གནོད་པ་ལས་ཀྱི་དུས་ཐམས་ཅད་དུ་ཆུ་བོ་ལྟ་བུར་སེམས་ཆོས་ཀྱི་སྐུར་གཞག་པ་ནི་ཉེ་བའི་གནས་སོ ་དེ་དག་ཀྱང་ཇི་ལྟ་བའི་ཚུལ་དུ་བཅས་པར་བྱ་ཞེ་ན། ཀ་ན་ཏོ་བི་ཧའི་ན་ར་སྟེ་འདུ་བ་དང་ཉེ་བའི་འདུ་བའོ། །དེ་ཡང་རྒྱུད་དེ་ཉིད་ལས་གསལ་དང་མི་རྟོགས་བདེ་བ་དང། །དཔྱེར་མི་ཕྱེད་ཀྱི་དེ་ཉིད་ནི། །སྤྱོད་ལམ་བཞི་ལ་ཁྱད་མེད་བ། ་གོམས་པའི་གནས་ཏེ་འདུ་བའོ། །དུར་ཁྲོད་གྲོང་ཁྱེར་ཚོགས་རྣམས་སུ། །འཇིགས་པ་མེད་པར་རྒྱུ་བྱེད་ཅིང། །ཚིགས་པ་མེད་པར་སློངས་མ་བྱེད། །ཁ་ཊཝཱཾ་འཛིན་ཅིང་མུ་ཅོར་སྨྲ། །འདི་ནི་ཉེ་བའི་འདུ་བ་སྟེ། །དམ་པ་རྣམས་ཀྱི་ལམ་ཡིན་ནོ་ཞེ་བྱ་བའི ་དོན་ནི་ཞིང་ཀུན་གནས་དང་ཉེ་བའི་གནས་དང་ཆགས་སུ་ཞེས་སྦྱར་རོ། །ཕྱིན་ཉེ་ཞེས་བྱ་བ་ནི་གོ་རིམས་དེ་ཉིད་ཀྱི་ཚུལ་ལོ། །བལྟས་པས་ཞེས་བྱ་བ་ནི། དེ་དག་གི་ཚུལ་ཉམས་སུ་བླངས་པའོ། །དེ་ཉིད་ཀྱི་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ཡེ་ཤེས ་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ་ཞེས་རྗེ་བཙུན་པ་དག་གིས་གསུངས་སོ། །དེ་ཉིད་ཀྱིས་ཀྱང་བླ་མ་དམ་པའི་ལུང་དང་དྲན་པ་རྒྱུན་ཆགས་ཀྱིས་གཉུག་མའི་མུ་ནས་བཟུང་སྟེ། ཅི་སྣང་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོར་སྣང་བའི་ཚེ་དེ་ནི་ཐུན་མོང ་མ་ཡིན་པའི་དག་པར་ཡང་དག་པའི་མངོན་པར་ཤེས་པས་ངེས་པར་གཟིགས་སོ། །དེ་དག་ལ་རྒྱུ་འབྲས་ཀྱི་ཚུལ་དུ་འཐོབ་པར་འགྱུར་བ་ཡོད་དམ་ཞེ་ན། ང་ཡིས་ཞེས་བྱ་སྟེ། རྗེ་བཙུན་པ་དག་གིས་ཀྱང་དེ་ཉིད་མི་སྲིད་པའི་ཕྱིར་རོ། །རྨི་ལམ་དུ་ཡང་མཐོ ་བ་མེད་དོ། །དངོས་སུ་རྒྱུ་འབྲས་ཀྱི་ཚུལ་དུ་འབྱུང་བར་ལྟ་སྨོས་ཀྱང་ཅི་དགོས། འོ་ན་འབྲས་བུ་དེ་དག་འཐོབ་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ལུས་ཀྱི་རི་བོའི་ཁྲོད་དུ་ཐལ་གྱི་ཤེས་པའི་རྣལ་འབྱོར་པ་གནས་ཏེ། དྲན་པ་རྒྱུན་ཆགས་ཀྱི་བག ་ཡོད་པར་བྱོས་ཤིག་ཅེས་པའམ། ལས་དང་པོ་པ་རྣམས་ཀྱི་རི་བོ་དང་དགོན་པ་དང་ཆུ་འགྲམ་དང་དུར་ཁྲོད་དུ་གནས་ཏེ་སྤྱོད་ལམ་ཐམས་ཅད་དུ་དེ་ཁོ་ན་ཉིད་ལས་མི་གཡེང་བར་བག་ཡོད་པར་བྱོས་ཤིག་དན་རྟོག་པའི་སྐད་ཅིག་དེ་ཉིད་ལ་སངས་རྒྱས ་པར་འགྱུར་རོ། །ད་ནི་གཉུག་མའི་དོན་དེ་ཉིད་ཀྱི་རྟེན་མཚོན་པར་བྱ་སྟེ། འདབ་ལྡན་པར་སྡོང་གེ་སར་གྱི་དབུས་ན། །ཤིན་ཏུ་ཕྲ་བའི་རྣལ་མའི་ཁ་དོག་ལྡན། །བྱ་བྲག་བོར་ཅིག་རྨོངས་པ་མྱ་ངན་གྱིས། །གདུངས་པ་འབྲས་བུ་མེད་པར་མ ་བྱེད་ཅིག་ཅེས་བྱ་བའི་དོན་ནི། འདབ་ཅེས་བྱ་བ་ནི་ཤིང་བརྩེགས་པའི་འདབས་མ་སྟེ་དེ་དང་ལྡན་པ་ནི་ཀེང་རུས་ཀྱི་རུས་པའི་ཚོགས་སོ། །པདྨའི་ཅེས་བྱ་བ་ནི་མདངས་ཉེ་བར་འཛིན་པ་སྟེ། །ཁྲག་གོ། སྡོང་ཞེས་བྱ་བ་ནི་ལུས་བརྟན་པར་བྱེད་པ ་སྟེ། རྩའི་རྒྱལ་པོ་ཨ་བ་དྷཱུ་ཏཱི་ལ་སོགས་པའི་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་སོ། །གེ་སར་ཞེས་བྱ་བ་ནི་འཁོར་ལོ་རྣམ་པ་དྲུག་གི་པདྨའོ། །དེ་དག་གི་དབུས་ན་གནས་པའི་ཐིག་ལེ་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་གནས་པ་ན ་རྟོག་པ་མེད་པའི་ཐིག་ལེའོ། །དེ་ཡང་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཤ་ཡི་འདབ་མ་ཡོངས་སུ་རྫོགས་པའི་ནང། །ཀེང་རུས་ཚོགས་ཀྱིས་ཡོངས་སུ་གང་བར་བྱས། །པདྨ་ཁྲག་གི་མདངས་ཀྱིས་དྲོད་འཛིན་ཏེ། །རྩ་རྩེགས་སྡོང་པོའི་ཚུལ ་དུ་ངེས་པར་གནས། །གེ་སར་འཁོར་ལོ་དྲུག་གི་རྣམ་པར་བཀྲམ། །སྡོང་པོ་བྱང་ཆུབ་སེམས་ཀྱི་ལུང་བསྟན་ཏེ། །ཆོས་ཀྱི་འཁོར་ལོའི་དབུས་ན་ཐིག་ལེ་མཆོག་།ཤིན་ཏུ་ཕྲ་བ་རྣལ་མའི་ཁ་དོག་ལྡན། །ཞེས་འབྱུང་བའི་ཕྱིར་རྟོག་པ་མེད་པའི་ཐིག་ལེ ་དེ་དག་ནི་གཉུག་མའི་དེ་ཁོ་ན་ཉིད་སྐྱེ་བར་བྱེད་དེ། དེ་དག་ནི་ཤིན་ཏུ་བརྟག་དཀའ་བའི་ཕྱིར་ཟབ་ཅིང་ཕྲ་བའི་རྣམ་བ་སྟེ་རྒྱ་མཚོ་ལྟ་བུའོ། །དེ་ཡང་ཐ་མལ་གྱི་ཤེས་པས་གསལ་བ་དང་མི་རྟོག་པ་དང་བདེ་བ་དང་ཉམས་སུ་མྱོང་བར་བྱེད་པ་སྟེ་ཆོས་ཀྱི་སྐུ ་ཉིད་ཡིན་པའི་ཕྱིར་རྣལ་མའི་ཁ་དོག་དང་ལྡན་ཞེས་བྱའོ། །དེ་ཉིད་ཀྱི་ངོ་བོ་ཉམས་སུ་མྱོང་བ་ལ་ནི་རེ་དོགས་གཉིས་འཛིན་བླང་དོར་གྱི་རྣམ་པ་ཡོད་པ་མ་ཡིན་ཏེ། འབྲས་བུ་ཐམས་ཅད་ཀྱི་མཆོག་གོ་།དེ་བས་ན་དེ་ཅིའི་ཕྱིར་ཞེ་ན། ཐ་དད་ཀྱི་རྟོག་པས ་སྒྲིབས་པའི་རྨོངས་པ་དེ་དག་ལ་འཁོར་བའི་མྱ་ངན་གྱིས་གདུངས་པས་སྡུག་བསྔལ་བར་འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་འབྲས་བུ་མེད་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །ད་ནི་སྤྱི་དང་མཚུངས་པའི་དཔེ་བརྗོད་པར་བྱ་སྟེ། ་གང་དུ་ཚངས་པ་ཁྱབ་འཇུག་མིག་གསུམ་པ། །འཇིག་རྟེན་མ་ལུས་ཞི་བར་འགྱུར་ཞེས་པ། །རིག་མེད་དག་ལ་མཆོད་གནས་ལས་ཀྱི་མཛའ་། །རྟོག་པ་དེ་ཉིད་ཡང་དག་ཟད་པར་འགྱུར། །ཞེས་བྱ་བའི་དོན་ནི། གཉུག་མའི་དེ་ཁོ་ན་ཉིད་མ་ཡིན་པའི ་ཕྱི་རོལ་པ་དག་གིས་ཀྱང་འདི་དག་ཉེ་བར་མཚུངས་པར་གྱུར་ཀྱང་དོན་མེད་པར་འགྱུར་རོ། །དེ་དག་ཀྱང་ཅི་ཞེ་ན། གང་དུ་ཞེས་བྱ་བ་ནི་ཕྱི་རོལ་པ་རྣམས་ཀྱི་རིགས་སོ། །ཚངས་པ་ཁྱབ་འཇུག་མིག་གསུམ་པ་ཞེས་བྱ་བ་ནི་ལྷ་དབང་ཕྱུག་ཆེན་པོའི་རྟེན་ལ ་བྱའོ། །དེ་དག་གི་སྨྲ་བའི་ཚུལ་ནི་ལྷ་ཆེན་པོ་དག་ལ་མཆོད་པ་ཕུལ་ནས་དེ་དག་མཉེས་པར་གྱུར་པས། འཇིག་རྟེན་མ་ལུས་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བ་སྟེ། འབྲས་བུ་རྫོགས་པར་སངས་རྒྱས་ཀྱི་རིགས་མེད་པ་དེ་དག་ལ ་མཆོད་པ་ལ། ལུས་ཀྱི་མཛའ་ཨི་རྟོག་པ་དེ་ཉིད་ཟད་པར་འགྱུར་ཞེས་ཏེ་འགྱུར་བ་མ་ཡིན་ཏེ་དོན་མེད་དོ། །དེ་བས་ན་བདག་དང་གཞན་དུ་འཛིན་པ་ཐམས་ཅད་ཀྱང་ཐ་དད་དུ་རྟོག་པའི་ཕྱིར་དེ་དང་མཚུངས་པ་ཉིད་དོ། །དེ་ནི་མི་ཐུན་པ་དེ་ཉིད་དཔེར ་བསྒྲུབ་པར་བྱ་སྟེ། གང་དུ་ཞེས་བྱ་བ་ནི་རྣལ་འབྱོར་པ་གང་གིས་སོ། །ཚངས་པ་ཞེས་བྱ་བ་ནི་ཐ་མལ་གྱི་ཤེས་པ་སྟེ། དེ་དག་ལ་རྟོག་པའི་སྐྱོན་གྱིས་མ་གོས་པའོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་དེའི་ངོ་བོར་ཁྱབ་པའོ། །བླ་མ་དམ་པ་དག་གིས ་བསྟན་པའི་དེ་ཉིད་ལ་འཇུག་པར་ནུས་པ་ན་གསལ་བ་རང་མི་རྟོག་པ་དང་བདེ་བའི་མིག་གསུམ་དང་ལྡན་པ་སྟེ་དེ་ལྟར་རྟོག་པ་ནི་འཇིག་རྟེན་གྱི་རྣམ་པར་རྟོག་པ་ཐམས་ཅད་མ་ལུས་པར་ཞི་བར་འགྱུར་རོ་ཞེས་པ་ནི་བླ་མ་དམ་པས་གདམས་པའོ། །དེ་དག་ལ་རིགས ་མེད་དེ་ཅི་ཡང་མ་ཡིན་པའི་ཕྱིར་རོ། །དེ་དག་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་མཆོད་པ་ཕུལ་ཏེ། གཉུག་མའི་ངོ་བོ་ཉིད་ལ་གནས་ན་ལས་ཀྱི་མཛའ་ཨི་རྟོག་པ་ཐམས་ཅད་དེ་ཉིད་དུ་ཡང་དག་པར་ཟད་པར་འགྱུར་རོ། །ད་ནི་རྟོགས་པར་དཀའ་བས ་གདམས་ངག་ལ་རག་ལས་པ་བསྟན་པར་བྱ་སྟེ། ཀྱེ་ཧོ་བུ་ཉོན་མཆོད་པའི་ཆོ་གས་དང་བྱ་བ་མ་སྨྲ་དང། །ཡང་དག་གནས་ཤེས་པ་ཞེས་ཟེར་བ་སྟེ། འགྲོ་ལ་མཆོད་ཅིང་འདོན་པ་ལ་སོགས་པས། །དེ་ནི་ཤེས་པར་ནུས་པ་མ་ཡིན་ནོ་ཞེས་བྱ ་བའི་དོན་ནི། དམ་པ་རྣམས་ཀྱི་གདམས་ངག་ལ་གདམས་པར་བྱ་ཞིང་ཐ་སྙད་ཙམ་དུ་དོན་དུ་གཉེར་བར་མི་བྱ་སྟེ། དེ་དག་ལ་གདམས་པའི་དོན་ནི། བུ་ཞེས་པ་ནི་ཁམས་གསུམ་པ་རྣམས་ལ་བོས་ནས་ཡང་དག་པའི་དོན་ལ་གཞོལ་བ་ལ་འདོད་པའི ་ཕྱིར་ཉོན་ཞེས་བྱའོ། །མཆོད་པའི་ཚོགས་དང་ཞེས་བྱ་བ་ནི་བདུན་རྣམ་པར་དག་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ལ་སོགས་པའོ། །བྱ་བ་མང་སྨྲ་དང་ཞེས་བྱ་བ་ནི་དོན་ཆུང་དུ་དོན་མེད་པའི་བསྟན་བཅོས་འཆད་པ་དག་གོ་།ཡང་དག ་གནས་ཞེས་བྱ་བ་ནི་རྨོངས་པའི་བསམ་གཏན་པ་དག་སྟེ། འགྲོ་བ་ཐ་དད་ཀྱི་བརྗོད་པ་དག་འཆད་ཅིང་ཕ་རོལ་པོ་འདོན་པ་ལ་སོགས་པས་བླ་མ་དམ་པའི་གདམས་ངག་དང་བྲལ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་དོན་ནི་ཤེས་ནུས་པ་མ་ཡིན་ནོ། །དེ་བས ་ན་ཡང་དག་པའི་དོན་ལས་མ་ཡེངས་ཤིང་ཇི་བཞིན་པའི་དོན་དེ་ཉིད་ལ་བསྒོམ་པར་བྱའོ། །ད་ནི་སྙིང་པོའི་དོན་དེ་ཤིན་ཏུ་རྟོགས་པར་དཀའ་བ་བསྟན་པར་བྱ་སྟེ། ཀྱེ་ཧོ་བུ་ཉོན་དེ་ཉིད་སྣ་ཚོགས་ཀྱི། །རོ་འདི་བརྟན་པར་བརྗོད་པ་མ་ཡིན་ཏེ། །བདེ་བའི་གནས ་མཆོག་རྟོགས་པ་སྤངས་པ་ནི། །འགྲོ་བ་ཉེ་བར་སྐྱེ་བ་ཇི་བཞིན་ནོ། །བློ་ནི་རྣམ་འགགས་ཡིད་ནི་རང་ཞི་བས། །གང་དུ་མངོན་པའི་ང་རྒྱལ་འཆད་པ་ནི། །སྒྱུ་མའི་རང་བཞིན་མཆོག་ཏུ་རྟོགས་པ་སྟེ། །དེ་བས་བསམ་གཏན་འཆིང་བ་དེས་ཅི་བྱ། ། ་དངོས་པོར་སྐྱེས་པ་མཁའ་ལྟར་རབ་ཞི་ན། །དངོས་པོ་སྤངས་ན་ཕྱི་ནས་ཅི་ཞིག་བྱ། །དེ་རིང་དཔལ་ལྡན་མགོན་པོས་བསྟན་པ་ཡིས། །དབྱེ་བ་རྣམ་སྤངས་དེ་ལ་གནས་པར་བྱོས། །ཞེས་བྱ་བའི་དོན་ནི། བརྗོད་པར་དཀའ་ ་བའི་དོན་དེ་ཉིད་ལ་གདམས་པའི་ཕྱིར་ཀྱེ་ཧོ་ཞེས་བྱའོ། །བུ་ཉོན་ཞེས་བྱ་བ་ནི་སྨོས་པ་ཁོ་ནར་ཟད་དོ། །དེ་ཉིད་ཅེས་བྱ་བ་ནི་རང་བཞིན་གཉུག་མ་ཇི་ལྟ་བ་ལ་བྱའོ། །དེ་ཉིད་སྣ་ཚོགས་ཀྱི་ངོ་བོར་སྣང་སྟེ་བདེ་བ་ཆེན་པོར་གྱུར་པའི་རོ་འདི་ཅིར ་ཡང་གྲུབ་པ་མེད་པའི་ཕྱིར་རྗེ་བཙུན་པ་རྣམས་ཀྱིས་ཀྱང་བརྟན་པར་བརྗོད་པ་མ་ཡིན་ཏེ། བདེ་བ་ཆེན་པོ་རང་བཞིན་གྱིས་རྟོག་པ་དང་བྲལ་བའི་གནས་ནི་ཐ་མལ་གྱི་ཤེས་པ་ཉིད་དོ། །དེ་ཉིད་གོམས་ཤིང་མཆོག་ཏུ་གྱུར་པས་ནི་རྟོག་པ་མ་ལུས ་པ་ཐམས་ཅད་སྤངས་པའོ། །དེ་དག་ནི་འགྲོ་བ་དག་ཉེ་བར་སྐྱེ་བ་ཇི་བཞིན་པ་སྟེ་བྱིས་པ་དང། གཞོན་ནུ་དང་ལང་ཚོ་ལ་བབས་པས་སྟོབས་ཡོངས་སུ་རྫོགས་པར་འགྱུར་བ་བཞིན་དུ་དེ་ཉིད་ཀྱི་དོན་འདི་དག་ཀྱང་མཐོང་བ་དང་མྱོང་བ་དང་རྟོགས་པ་དང ་མཐར་ཕྱིན་པ་ལས་ཆོས་ཀྱི་སྐུའི་སྟོབས་ཡོངས་སུ་རྫོགས་ནས་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པར་འགྱུར་རོ། །སྐྱེས་བུ་དག་གི་རྟོག་པ་ལ་བློ་གཏད་དེ་སྤྲོས་པའི་གཡེང་བ་ནི་རྣམ་པར་འགགས་ནས་ཡིད་ནི་མི་རྟོག་པ་འབའ་ཞིག་ལ་རབ་ཏུ་ཞི་བར ་འགྱུར་བས་འཇིག་རྟེན་པའི་གནས་གང་དུ་གནས་ཤིན་འདུག་པ་དེ་དག་ཏུ་བདག་ནི་བསམ་གཏན་པ་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་འཆད་པ་དེ་ནི་སྒྱུ་མའི་རང་བཞིན་སྣང་ཡང་མེད་པ་ཙམ་མཆོག་ཏུ་རྟོགས་པ་སྟེ། དེ་དག་ལ་གཉིས་འཛིན་གྱི་རྣམ་པས་ཞེན་པས ་འཁོར་བར་འཁོར་ཞིང་སྡུག་བསྔལ་འབའ་ཞིག་གི་རྒྱུ་བྱེད་པ་སྟེ། དེ་བས་ན་བསམ་གཏན་གྱི་འཆིང་བ་དེས་ཅི་ཞིག་བྱའོ། །དེ་དག་གི་དོན་ཇི་ལྟར་ཡིན་ཞེ་ན། དངོས་པོར་སྣང་ཞིང་སྐྱེས་པ་དེ་ཐམས་ཅད་སེམས་ཉིད་ནམ་མཁའ་ཨི་ངོ་བོ་ལྟ་བུ་ལས་མ་འདས་པ ་ཡིན་ཏེ། དེ་ལྟར་ངོ་བོ་གཅིག་པ་དེ་དག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རབ་ཏུ་ཞི་ན་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་ཆོས་ཀྱི་སྐུ་སྟེ་དེ་དག་སྤངས་ནས་གཞན་ཞིག་ནས་དེ་བཞིན་ཉིད་འཐོབ་པ་མ་ཡིན་པའི་ཕྱིར་དངོས་པོའི་རྣམ་པར་འཁྲུལ ་པར་བརྟགས་ནས་ཕྱི་ནས་དེ་མ་ཡིན་པའི་ཡེ་ཤེས་སྐྱེ་ཞེས་པ་ནི་དོན་མེད་དེ་ལོག་པ་ཡིན་པའི་ཕྱིར་དེས་ཅི་ཞིག་བྱའོ། །བདག་ཉིད་སྐལ་བ་དང་ལྡན་པའི་དུས་དེ་རིང་ཡིན་པའི་ཚེ། དཔལ་ལྡན་སངས་རྒྱས་དང་བླ་མ་དམ་པའི་མགོན་པོས ་བསྟན་པའི་དོན་ཡིད་ལ་བྱར་མེད་པ་དེ་དག་ལ་ངེས་པའི་སྒོ་སྒོ་ནས་ཉམས་སུ་མྱོང་ན་དབྱེ་བ་ནི་རྣམ་པ་ཐམས་ཅད་རོ་གཅིག་སྟེ། ཤུགས་ཀྱིས་སྤངས་པའི་དོན་དེ་ལ་གནས་པར་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །ང་ནི་རྣལ་འབྱོར་གྱི་སྤྱོད ་ལམ་བསྟན་པར་བྱ་སྟེ། མཐོང་དང་ཐོས་དང་རེག་དང་དྲན་པ་དང། །ཟས་རྣམ་པ་དང་མཆན་ན་གནས་པ་དང། །ཅལ་ཅོལ་གཏམ་དང་ལན་སྨྲར་གྱུར་པ་ལ། །སེམས་སོ་ཞེས་ནི་གཅིག་གི་ངོ་བོ་དང། །རྣལ་མ་དེ་བཞིན་རྣམ་པ་ལ་མི་འདའ་། ་ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དག་གིས་འདོད་པའི་ཡོན་ཏན་མི་དགག་ཅིང་ལོངས་སྤྱོད་པར་བྱ་སྟེ། དེ་དག་ཀྱང་མ་ཞེན་པའི་ཚུལ་དུ་ཆོས་ཀྱི་སྐུ་གཉུག་མའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ཡང་མིག་དང་རྣ་བ་དང་ལུས་དང་ཡིད་དང་ལྕེ་དང་སྣ་ལ ་སོགས་པས་མཐོང་བ་དང་ཐོས་པ་དང་རེག་པ་དང་དྲན་པ་དང་ཟོས་པ་དང་སྣོམ་པ་ཐམས་ཅད་ལ་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་རང་བཞིན་དང་དེ་བཞིན་ཉིད་ཀྱི་སྒྲ་དང། ཅི་ཡང་མ་ཡིན་པའི་རེག་བྱ་དང་དབྱེར་མི་ཕྱེད་པའི་དྲན་པ་དང། གཉིས་སུ་མེད་པའི ་རོ་དང། ཐ་མལ་གྱི་ཤེས་པའི་དྲི་དང། དེ་དག་ཐམས་ཅད་ཀྱང་སེམས་ཉིད་དུ་ལོངས་སྤྱད་པར་བྱའོ། །མཆན་ན་གནས་པ་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྟེ་ཕྱི་ནང་གི་བྱུང་ཚོར་ཐམས་ཅད་ལ་དྲན་པ་དེ་བཞིན་ཉིད་དུ་ཤེས་པར་བྱའོ། །གཞན་དག་ཆགས ་པ་དང་ཞེ་སྡང་བ་དང་བཏང་སྙོམས་ཀྱི་ཅལ་ཅོལ་གྱི་གཏམ་དང་བྱ་བ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བདག་ཉིད་ཀྱི་ལན་སྨྲ་བར་གྱུར་བ་ལ་ཡང་སེམས་སོ་ཞེས་མི་གཅིག་གི་ངོ་བོ་དང་རྣལ་མའི་དེ་བཞིན་གྱི་རྣམ་པ ་ལས་མི་འདའ་བར་བྱའོ། །ད་ནི་བླ་མས་བསྟན་པའི་དོན་ལ་འབད་པར་བྱ་བ་བཤད་དེ། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་ལྡན་ངོམས་པར་མི་འཐུང་ན། །དེ་ནི་བསྟན་བཅོས་དོན་མེད་མྱ་ངན་གྱི། །ཐང་ལ་སྐོམ ་པས་གདུངས་ཏེ་ཤི་བར་ཟད། །ཅེས་བྱ་བའི་ངན་ནི་སྐལ་བ་དང་ལྡན་པའི་གང་ཟག་སྐྱེས་པ་དང་བུད་མེད་ཀྱི་ངོ་བོར་སྣང་བ་གང་ཞིག་གིས་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པའི་བླ་མ་དམ་པ་དག་གི་དོན་ཉེ་བར་འཛིན་པ་དེ་མན་ཨ་ས་ར་ཞེས ་བྱའོ། །དེ་དག་གི་དོན་ནི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་འབྲེལ་བ་སྟེ། གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་དོ། །དེ་དག་ནི་དམ་པའི་དག་ལས་ཤེས་པར་བྱ་བ་ཉིད་དེ། །དེ་དག་གིས་མི་མཐུན་པའི་ཕྱོགས་སངས་རྒྱས་ཀྱི་ཡེ་ཤེས་བདུད་རྩི ་མ་རུངས་པར་བྱེད་པའི་རྩིར་གྱུར་བ་སྟེ། དཔེར་ན་ཆུ་ལྟ་བུའོ། །དེ་དག་གིས་ནི་ཉོན་མོངས་པའི་ཐན་པས་གདུངས་པའི་གདུང་བ་སེལ་ཅིང་བདེ་བ་ཆེན་པོའི་བསིལ་དང། མ་བཅོས་པ་དང་བའི་དོན་གཉིས་སུ་མེད་པའི་ཚུལ་གྱིས་ངོམས་པར་མི་འཐུང ་བ་དེ་འཇིག་རྟེན་པའི་བསྟན་བཅོས་དོན་མེད་པ་སྡུག་བསྔལ་གྱི་ཁང་བུ་དེ་དག་ལ་གནས་པས་འཁོར་བའི་མྱ་ངན་གྱི་ཐང་ལ་བདེ་བ་ཆེན་པོའི་སྐོམ་གྱིས་ཤིན་ཏུ་གདུངས་ཏེ་རྣམ་པར་རྟོག་པ་ལ་སོགས་པས་བསྐྱེད་པའི་གནས་སུ་དེ་ཁོ་ན་ཉིད་ཤི ་བར་ཟད་དོ། །ང་ནི་དོན་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཐབས་བཤད་པར་བྱ་སྟེ། བླ་མས་བསྟན་པ་མི་ཤེས་ན། །སློབ་མས་གོ་བར་ཡོང་མིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །གང་ཞིག་ཇི་ལྟར་བསྟན་པར་བྱ། །ཞེས་བྱ་བའི་དོན་ནི་བླ་མ་དམ ་པས་བསྟན་པའི་ཐབས་ནི་ཐ་མལ་གྱི་ཤེས་པ་སྟེ། མི་ཤེས་པ་བསྟན་པས་ན་མཆོག་གོ་།སློབ་མས་རྟོགས་པའི་བདག་ཀྱང་གོ་བར་བྱ་བ་ཡོད་པ་མ་ཡིན་ཏེ། མིན་པ་ཉིད་ནི་ཡོངས་སུ་དག་པའོ། །དེ་ཉིད་ཡིན་ནམ་ཞེ་ན། ཡིན་དུ་མེད་པ་ཡིན་ཏེ། ་ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ་ནི་སེམས་ཉིད་མ་བཅོས་པ་རྣལ་མ་སྟེ་གང་ཞིག་ཡིན་ཏེ་མིན་ན། །མིན་པའི་དོན་དེ་ཉིད་ཇི་ལྟར་བསྟན་པར་བྱ་སྟེ་བསྟན་དུ་མེད་དོ། །དམ་པ་དག་གི་གདམས་ངག་པས་འབྱུང་བ་ནི་བླ་མ་དག་གི་ཐ་སྙད་དཔག ་ཏུ་མེད་པ་བརྗོད་ཅིང་དེ་ཁོ་ན་ཉིད་གོ་ཕང་མ་ནུས་ན་བསྟན་པར་མི་ཤེས་པ་ཉིད་དོ། །དེ་ལྟ་བུའི་ཟུག་རྔུས་སློབ་མས་གོ་བ་དང་རྟོགས་པ་ཡོད་པ་མིན་ཏེ། དེ་བས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རོ་འདི་དག་ནི་གང་ཞིག་ཇི་ལྟར་བསྟན ་པར་བྱ་ཞེ་ན། ངེས་པར་བྱས་ཤིང་ཐ་མལ་བ་ཉིད་དོ། །ང་ནི་དེ་ལྟར་མ་རྟོགས་པ་དག་གི་སྐྱོན་བསྟན་པར་བྱ་སྟེ། གལ་ཏེ་ཚང་མར་འཛིན་པའི་དབང་གིས་སུ། །བླུན་པོས་བྱེ་བྲག་རྣམ་པར་འབྱེད་པ་སྟེ། །དེ་ཚེ་དེ་ནི་གདོལ་བའི་ཁྱིམ་དུ་རོལ། །འོངས ་ཀྱང་དེ་ལ་དྲི་མས་མི་གོས་སོ། །ཞེས་བྱ་བའི་དོན་ནི། གལ་ཏེ་འམ་བརྒྱ་ལམ་ན་རྟོག་གེ་པའི་གང་ཟག་དག་གིས་རྗེས་སུ་དཔག་པ་ཚད་མར་འཛིན་པའི་དབང་གིས་སུ་རྟོག་པ་དེ་དག་གིས་གཉིས་མེད་ཀྱི་ཡེ་ཤེས་དཀྲུག་པའི་ཕྱིར་བླུན་པ་སྟེ། ཅིའི ་ཕྱིར་ཞེ་ན། བདག་གཞན་གྱི་བྱེ་བྲག་རྣམ་པར་འབྱེད་པ་སྟེ། དཔེར་ན་བྲམ་ཟེས་གང་གི་ཚེ་གཙང་མ་དང་བཅས་པ་དེའི་ཚེ་གདོལ་བའི་ཁྱིམ་དུ་རོལ་བས་སྐྱོན་དང་བཅས་པ་བཞིན། རྣལ་འབྱོར་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པ་དག་གམ ་གདོལ་པ་དག་གིས་དེ་ཉིད་ཀྱི་ཁྱིམ་དུ་འོངས་ཀྱང་དེ་ལ་སྐྱེན་གྱིས་དྲི་མས་མི་གོས་སོ། །ང་ནི་ནན་ཏན་དང་བཅས་པས་ཐེ་ཚོམ་མེད་པར་བསྒྲུབ་པ་བསྟན་པ་ནི། གང་ཚེ་སློང་བ་སྲང་ཁའི་ཁམ་ཕོར་གྱིས། །བདག་ཉིད་རྒྱལ་པོ་སླར་ཡང་ཅི་བྱར་ཡོད།། ་མྱ་ངན་འདས་པ་ལ་གནས་སྲིད་པར་མཛེས། །ནད་གཞན་དག་ལ་སྨན་གཞན་བཏང་མི་བྱ། །བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟ་བུ་ཡི་ཚུལ་ལ་གནས་བྱས་ཤིང། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་བྱ་བའི་དོན་ནི་གང་གི་ཚེ་གྲོང་ཁྱེར་བ་དག་གི་རིགས་ངན་གྱི་སྤྱོད་པས་རྒྱུ་པ་ན་སློང་བའི་ཟས་ཀྱི་བྱ་བ་བྱེད་པའི་སྲང་ཁར་བོར་བའི་ཁམ་ཕོར་གྱི་དུམ་བུ་དགོས་པ་ཡིན་གྱི་དེ་དག་གིས ་བདག་ཉིད་རྒྱལ་པོར་གྱུར་པའི་མ་ལུས་བསོད་ནམས་ཀྱི་བདག་ཉིད་ཡོངས་སུ་དག་པ་དག་རྙེད་པའི་ཕྱིར་ཟས་ཀྱི་བྱ་བ་བྱས་ཟིན་པ་དེ་བར་བའི་ཁམ་ཕོར་གྱི་དུམ་བུ་དེ་དག་གིས་བདག་ཉིད་རྒྱལ་པོ་ལ་སླར་ཅི་བྱར་ཡོད་དེ་མེད་དོ། །དེ་བཞིན་དུ་ཐ ་དད་ཀྱི་རྟོག་པའི་བདག་ཉིད་ཀྱིས་བརྟགས་པའི་ལས་དང་བྱ་བ་དག་གིས་བདེ་བ་ཆེན་པོའི་རོལ་དང་བྲལ་བའི་ཕྱིར་རྨོངས་པའི་སྦྱོར་བས་རྒྱུ་བ་དག་ལ་འཁོར་བའི་བདེ་བ་ཅུང་ཟད་ཙམ་བསྐྱེད་པས་དགོས་པ་སྟེ། བདག་ཉིད་རེ་བ་དང་དགོས་པ་དང་བྲལ་བའི་དོན ་དེ་ཁོ་ན་ཉིད་རྟོགས་ནས་ཐ་སྙད་ཀྱི་རྣམ་པར་བཞག་པ་ནི་མི་དགོས་ཏེ། དེ་ནི་ཟུག་རྔུ་ཡིན་པའི་ཕྱིར་དེ་ལྟར་རྟོགས་པ་དེ་དག་ནི་མྱ་ངན་ལས་འདས་པ་ལ་གནས་པ་སྟེ། དེ་ཉིད་གཞན་དུ་བརྗོད་ཅིང་སྲིད་པར་མཛེས་པའོ། །དེ་ལ་གཞན་དུ་བརྗོད་པར་ནི་མི་བྱ ་སྟེ། དཔེར་ན་ནང་གཞན་ཏེ་ཚེ་བ་ལྟ་བུ་དག་ལ་སྨན་གཞན་ཏེ་ཚ་བ་བཏང་བར་མི་བྱ་རྣམ་པར་རྟོག་པའི་ནང་དག་ལ་ཐད་ཀྱི་རྟོག་པ་བཞག་པར་མི་བྱ་བ་ཉིད་དོ། །དེ་དག་ཇི་ལྟར་གཞག་པར་བྱེད་ཅེ་ན། བསམ་པ་དང་བསམ་བྱའི་གཉིས་འཛིན་གྱི་རྟོག ་པ་རབ་ཏུ་སྤངས་ནས་སུ། སེམས་རྣལ་མ་ཇི་ལྟ་བའི་ཚུལ་དུ་གནས་པར་བྱ་ཞིང་སེམས་མ་བཅོས་པ་བླ་མའི་མཆོག་དང་སྣང་སྲིད་བདེ་བ་ཆེན་པོའི་ལུས་ལ་དྲན་པས་སྒྲིམས་ཏེ་སྤྱོད་ལམ་རྣམ་བཞིའི་ཚུལ་ལམ་ཡེངས་པའི་རྣམ་པས་གུས་པར་འབད་ན་ལྷན ་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བར་ཐེ་ཚོམ་མེད་དོ། །ད་ནི་ཇི་ལྟར་མཚོན་པར་མི་ནུས་པ་བསྟན་ཏེ། ཁ་དོག་ཡོན་ཏན་ཡི་གེ་དཔེ་སྤངས་ནས། །སྨྲ་རུ་མི་བཏུབ་དེ་ནི་གང་གིས་མཚོན། །གཞོན་ནུ་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་བདེ་བ་རང ་བཞིན་མེད་པ་སྟེ། །དེ་ནི་སུ་ལ་བསྟན་པར་བྱ་ནུས་སམ། །ཞེས་བྱ་བའི་དོན་ནི་ཐ་མལ་གྱི་ཤེས་པ་དངོས་ཀྱི་མཚན་ཉིད་དེ་དག་ཁ་དོག་མེད་དེ་མཚན་མ་དང་བྲལ་བའོ། །ཡོན་ཏན་མེད་དེ་རེ་བ་དང་བྲལ་བའོ། །ཡི་གེ་མེད་དེ་བརྗོད་པ་དང་བྲལ་བའོ།། ་དཔེས་མཚོན་པར་མི་ནུས་ཏེ་བསྒྲུབ་བྱ་དང་བྲལ་བའོ། །དེ་དག་ཐམས་ཅད་ཤུགས་ཀྱིས་སྤངས་ནས་དོན་ཆེན་པོ་དེ་དག་སྨྲར་མི་བཏུབ་སྟེ། དེ་ནི་གང་གིས་ཀྱང་མཚོན་པར་ནུས་པ་མ་ཡིན་ནོ། །ཉམས་སུ་མྱོང་དུ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། བུ ་མོ་ལོ་བཅུ་དྲུག་ལོན་པའི་བདེ་བ་སྙིང་ལ་ཞེན་པ་བཞིན་དུ་མྱོང་དུ་ཡོད་ཀྱང་བརྗོད་པའི་ཐ་སྙད་ཀྱི་གཏན་ལ་དབབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོགས་པ་དེ་ནི་ས་བཅུའི་དབང་ཕྱུག་དམ་པ་སྟེ། དེའི་ངོ་བོ་ནི་རང་བཞིན་མེད་པའོ། །དེའི་ཕྱིར་དེ་ནི་སུ ་ལ་ཡང་བསྟན་པར་བྱ་བར་ནུས་སམ་སྟེ་མི་ནུས་པ་ཉིད་དོ། །ང་ནི་བརྟགས་པས་བརྟག་བྱ་ཐིམ་ཞིང་དང་བྲལ་བ་བསྟན་པ་སྟེ། །དངོས་པོ་དངོས་མེད་ཡོངས་སུ་བཅད་པ་གང། །དེས་ནི་འགྲོ་བ་མ་ལུས་ཟབ?་ཐིམ་འགྱུར། །གང་ཚེ་ཡིད་ནི་བཅོས་པ ་མེད་པ་ཡི། །མི་གཡོ་བརྟན་པ་དྲན་ཞིང་གནས་པ་དེར། །དེ་ནི་འཁོར་བའི་དངོས་པོ་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ན། །དེ་ཚེ་བླ་མའི་ལུས་སུ་འགྲུབ་པ་ཉིད། །དེ་ལྟར་བརྟན་པ་ཉིད་ལ་ངེས་རྟོགས་པར། །མ་འཁྲུལ ་པ་ཡི་ངོ་བོར་རྫོགས་སངས་རྒྱས། །རང་གི་རང་ལ་ལེགས་པར་ཤེས་པར་བྱ། །དངོས་དང་ཞེས་བྱ་བའི་དོན་ནི་བེམས་པོའི་རྣམ་པ་དག་གོ་།དངོས་པོ་མེད་པ་ནི་རིག་པའི་རྣམ་པའོ། །བེམས་རིག་རྣམ་པ་གཉིས་ཡོངས་སུ་བཅད་པ་གང་ཡིན་པ་དེ ་ཉིད་དོ། །དེ་ལྟར་རྟོགས་པའི་བར?་དེར་ནི་རྣམ་པར་རྟོག་པ་ལས་འབྱུང་བའི་འགྲོ་བ་མ་ལུས་པ་རབ་ཏུ་ཐིམ་པར་འགྱུར་རོ། །གང་གི་ཚེ་རྣལ་འབྱོར་པའི་ཡིད་ནི་བཅོས་པ་མེད་པའི་བདག་ཉིད་ཡོངས་སུ་རྫོགས་པ་མེད་པ་དེའི་ཚེ་ཕྱི་ནང་གི ་རྣམ་པར་རྟོག་པས་མི་གཡོ་བ་དང། དེ་ཁོ་ན་ཉིད་ཀློང་དུ་གྱུར་པ་བརྟན་པ་དང་སྤྱོད་ལམ་རྣམ་པ་བཞི་ཁྱད་མེད་པ་རང་བཞིན་གྱི་གནས་པ་དེར་དེའི་ཚེ་འཁོར་བའི་དངོས་པོ་ཐམས་ཅད་རང་གྲོལ་བར་འགྱུར་རོ། །དེ་ལྟར་ཉམས་སུ་མྱོང་བའི་རྟགས ་ནི་བདག་དང་གཞན་དུ་རྟོགས་པ་ཡོངས་སུ་ཤེས་པ་མེད་པ་སྟེ། དེ་ལྟར་རྟོགས་ན་བླ་མ་ཆེན་པོའི་ལུས་སུ་གྲུབ་པ་ཉིད་དོ། །དེ་ལྟར་བླ་མ་དམ་པས་བསྟན་པ་ངེས་པར་རྟོགས་ན་མ་འཁྲུལ་པའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་དོ། ་དེ་ཡང་གཞན་ལ་རག་ལས་པས་གོ་བ་མ་ཡིན་ཏེ། རང་གི་སེམས་ཉིད་ཀྱིས་རང་གི་སེམས་ཉིད་ལ་བསྟན་ལ་ལེགས་པར་ཤེས་པར་བྱ་བ་ཉིད་དོ། །ད་ནི་ཇི་ལྟར་ཡང་མ་ཡིན་པ་བསྟན་པར་བྱ་བ་སྟེ། རྡུལ་བདེ?་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། ། ་དངོས་པོ་དེ་དག་གདོད་ནས་ཞེན་པ་མེད། །མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། །ཀྱེ་ཧོ་མ་ལུས་དྲི་མེད་དོན་དམ་ཤེས་པ་བྱོས་ཞེས་པའི་དོན་ནི་དེ་ཁོ་ན་ཉིད་གཉུག་མའི་ངོ་བོ་ལ་རྣམ་པར་རྟོག་པའི་རྡུལ་མེད་དོ། །རྡུལ་དེ་དང་བྲལ་བ་མ ་ཡིན་ནོ། །སྣང་བ་དང་སེམས་ཀྱང་མ་ཡིན་ནོ། །འདི་ལྟར་སྣང་བའི་དངོས་པོའོ། །འདི་དག་ནི་གདོད་མ་ནས་ཞེན་པ་མེད་པ་ཉིད་དོ། །དེ་ནི་ཅི་ཡང་མ་ཡིན་པའི་དོན་ཉམས་སུ་མྱོང་བར་ནུས་སུ། བདག་ནི་རང་བཞིན་གྱིས་མཚོན་ཆ་ཅན་ཏེ་མདའ་བསྣུན་གྱིས ་སྨྲས་ཏེ་ཙམ་ཞིག་ཏུ་ཟད། དེ་བས་ངོ་མཚར་བའི་དོན་ཏེ་ཀྱེ་ཧོ་ཞེས་བྱའོ། །དེ་དག་ཀྱང་ཅི་ཞེ་ན། སྣང་བ་མ་ལུས་པ་ནི་ལྷན་ཅིག་སྐྱེས་པའོ། །སེམས་ལ་དྲི་མ་མེད་དེ་དེ་ཉིད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དོན་དམ་པ་སྟེ་དེ་དག་ཤེས་པར་བྱོས ་ཤིག་།ད་ནི་བརྟགས་པས་མི་རྟོགས་པ་བསྟན་པར་བྱ་སྟེ། ཁྱིམ་ན་ཡོད་པ་ཕྱི་རུ་སོང་ནས་ཚོལ། །ཁྱིམ་བདག་མཐོང་ནས་ཁྱིམ་ཚེས་དག་ལ་འདྲི། །མདའ་བསྣུན་གྱིས་སྨྲས་བདག་གིས་ལེགས་པར་བྱོས། །བླུན་པོའི་བསམ་གཏན་བསམ་བྱ་བརྗོད ་པ་མིན། །གལ་ཏེ་བླ་མས་བསྟན་ཅིང་རྟོགས་པས་བརྟགས། །བདེན་པར་ཐམས་ཅད་ཤེས་པར་བྱས་གྱུར་ཀྱང། །བདག་གིས་ཡོངས་སུ་བརྟགས་པས་དེ་མ་རྟོགས། །མ་རྟོགས་རྟོགས་པས་ཐར་པ་ཐོབ་བམ་ཅི?། །ཡུལ་ནས་བགྲོད་ཅིང་གདུང་བས ་ཉེན་བྱས་ཀྱང། །ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པར་འཛིན་ཞེས་བྱ་བའི་དོན་ནི་སྣང་སྲིད་ཐམས་ཅད་ཀྱི་ཁྱིམ་གྱི་བདག་པོ་ནི་གཉུག་མའི་སེམས་ཏེ། དེ་ནི་རང་གི་ཁྱིམ་ན་ཡོད་པའོ། །དེ་ལྟར་མ་རྟོགས་པའི་ཕྱིར་ཕྱི་རོལ་ཏུ་སོང་ནས་ཚོལ་ལོ། །དེ ་སྟོན་པར་བྱེད་པའི་བླ་མ་དམ་པ་ནི་ཁྱིམ་བདག་སྟེ། དེས་བསྟན་པའི་ཞལ་གྱི་བདུད་རྩི་དེ་དག་མཐོང་ཞིང་མྱོང་ནས་འབྲས་བུ་དང་དོན་ཆེན་པོར་འགྱུར་བར་བོར་ཏེ། ཁྱིམ་ཚེས་པ་ལྟ་བུའི་ཕྱི་རོལ་པ་དང་དེ་དང་མཚུངས་པ་དག་ལ་འདྲའོ། །མདའ ་བསྣུན་གྱིས་སྨྲས་པ་ནི་གཞན་ལ་དྲིར་ཡོད་པ་མ་ཡིན་ཏེ། བདག་ཉིད་ཀྱིས་བདག་ཉིད་ལས་ཤེས་པར་བྱོས་ཤིག་།འདི་དག་ནི་གཏི་མུག་ཆེན་པོ་ཡིན་པས་བླུན་པོའི་བསམ་གཏན་ཏེ། བསམ་བྱ་དང་བརྗོད་བྱ་མིན་པས་དོན་དེ་སྟོན་པར་བྱེད ་པའི་ཚིག་གིས་གཏན་ལ་མི་འབེབས་ཤིང་མ་འབྲེལ་བའི་ཕྱིར་མི་ཤེས་སོ། །གལ་ཏེ་བློ་དམན་པ་དག་གིས་བླ་མས་བསྟན་དུ་ཡོད་པ་བསྟན་ཅིང་སློབ་པ་པོས་བརྟག་ཏུ་ཡོད་པའི་རྟོག་པས་བརྟགས་པས་གཏན་ཚིགས་ཀྱི་སྒོ་ནས་རྣམ་པར་རྟོག་པའི ་བསམ་གཏན་བདེན་པ་དང་ཐམས་ཅད་ཤེས་པར་བྱས་གྱུར་ཀྱང་དེ་ནི་བདག་དང་གཞན་དུ་འཛིན་པ་དང་མ་བྲལ་བ་སྟེ། དེ་དག་གིས་ཡོངས་སུ་བརྟགས་པས་དེ་མ་རྟོགས་སོ། །མ་རྟོགས་པའི་དོན་ནི་དེ་ཉིད་རྟོགས་པ་ཆེན་པོ་སྟེ། དེ་དག་ཡོངས་སུ་དོར་ནས ་གཞན་ཞིག་རྟོགས་པས་ཐར་པ་བདེ་བ་འཐོར་པ་འམ་ཅི་སྟེ་མི་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོགས་པས་ཡུལ་ནས་རྟོག་པ་ཉིད་དུ་འཁོར་ཏེ་སྤང་བྱ་དང་སྤོང་བྱེད་ཀྱི་སྒོ་ནས་བགྲོད་ཅིང་ཚུལ་ཁྲིམས་དང་བརྟུལ་ཞུགས ་ཀྱི་སྒོ་ནས་གདུང་བ་དང་གཉེན་པོར་བྱས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྙེད་དེ། དེ་ཅིའི་ཕྱིར་ཞེ་ན། རྣམ་རྟོག་གི་སྡིག་པར་འཛིན་པའི་ཕྱིར་རོ། །དེ་ནི་དཔེ་ཁྱད་པར་ཅན་གྱིས་བསྟན་པར་བྱ་སྟེ། ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ། ཨུཏཔལ ་བླངས་ཀྱང་ཆུ་ཡིས་མི་འཆགས་བཞིན། །འདི་ལྟར་རྩ་བ་རླུང་གི་སྐྱབས་སུ་འགྲོ་།རླུང་རྣམས་དེ་ཉིད་ཡིན་པས་ཞི་བར་ནུས། །ཞི་བ་མེད་དེ་དེ་ཉིད་རྟོགས་པས་འགྲུབ། །རྟོགས་དུས་གྲུབ་པ་མེད་དེ་ཚིག་ཏུ་ཟད། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། ་ལྷ་ལས་མཆོད་པ་ཁྲི་ཕྲག་སྦྱིན་བྱས་ཀྱང། །བརྟགས་ཏེ་འབྲས་བུ་གཞན་དུ་འགྲུབ་འདོད་པས། །དེ་ཉིད་བདག་ལ་འབྲས་བུ་དེ་མེད་དེ། །བདག་ཉིད་འཆིང་འགྱུར་དེས་ནི་ཅི་ཞིག་བྱ། །དེ་ལ་གོམས་པས་གྲོལ་བར་མི་འགྱུར་ཞིང། །དེ་འདྲས་འཁོར་བ་འདི ་འདྲ་འཆད་མིན་ཏེ། །འདིར་གོམས་མ་རྟོགས་མ་ལུས་རྒལ་མ་ཡིན། །མིག་ནི་མི་འཛུམ་སེམས་ནི་འགགས་པ་དང། །རྣམ་ཤེས་རླུང་འགོག་པ་ནི་བླ་མས་རྟོགས། །ཞེས་བྱ་བའི་དོན་ནི་དཔེར་ན་འཇིག་རྟེན་པ་དག་གི་ཤེས་པ་ནི་ཆགས་སྡང་ལ་མངོན ་པར་ཞེན་པ་སྟེ། དབང་པོ་རྣམ་པ་ལྔ་ཡུལ་རྣམས་ལ་བརྟེན་ཅིང་བལྟས་པས་ཡུལ་གྱི་གོས་པར་འགྱུར་ཏེ། ཁྱད་པར་དུ་ཞེན་ཅིང་ཆགས་པས་མི་གོས་ཏེ་མི་འབྲལ་བར་འགྱུར་བ་བཞིན་དུ་སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོའི་རོས་ཁྱབ་པའི་ཕྱིར། དེ ་དག་ལ་ཐ་མལ་གྱི་ཤེས་པས་བལྟས་ཤིང་བརྟགས་ན་ཁྲོས་པར་མི་འགྱུར་ཏེ་ཤིན་ཏུ་སྤྲོ་བའོ། །དེ་དག་འཁོར་བ་ལ་ཆགས་པའི་སྐྱོན་དུ་མི་འགྱུར་རམ་ཞེ་ན། དཔེར་ན་ཨུཏཔལ་ཆུའི་ནང་ན་བླངས་ཀྱང་ཆུའི་ཉེས་པས་མི་ཆགས་པ་བཞིན་དུ་དེ་ཉིད་ཀྱང་དེའི ་ངོ་བོ་དང་མཚུངས་སོ། །རྨོངས་པ་དག་གི་རྩ་བྱང་ཆུབ་ཀྱི་སེམས་འདི་དག་རྟོགས་པའི་རྟ་རླུང་བཅིངས་ཏེ་དེ་དག་གི་སྐྱབས་སུ་འགྲོ་བར་བྱེད་དོ། །དེ་ནི་མ་ཡིན་ཏེ་འདི་དག་གི་ཚུལ་ནི་རྟོག་པ་དང་རླུང་རྣམས་ཀྱི་ཐ་མལ་གྱི་ཤེས་པ་དེ་ཉིད་ཀྱི་ངོ་བོ་ཡིན་པས་དེ་ལ ་གནས་ན་དང་གིས་ཞི་བར་ནུས་སོ། །ཞི་བར་བྱ་བ་ནི་འདི་སྐྱོན་དང་བཅས་པའོ་ཞེ་ན། ཞི་བ་ནི་མེད་དེ། དེ་ཁོ་ན་ཉིད་རྟོགས་པས་འགྲུབ་པའོ། །དེ་དག་ཀྱང་གྲུབ་ཏུ་ཡོད་པ་མ་ཡིན་ཏེ། གཉིས་མེད་ཀྱི་ཡེ་ཤེས་རྟོགས་པའི་དུས་ཉིད་ལ་སྨྲས་པ་སྟེ། དངོས ་པོ་རང་གི་མཚན་ཉིད་ལ་ནི་གྲུབ་པ་མེད་དེ་སློབ་པ་པོའི་བློ་ལ་བརྗོད་པར་བྱ་བའི་ཕྱིར་ཚིག་ཙམ་དུ་ཟད་དོ། དེ་དག་ལ་རྩོད་དེ་འཁོར་བ་ནི་ཟས་དུག་ཅན་གྱི་རྣམ་པ་ལྟ་བུ་སྟེ། གནོད་པ་འབའ་ཞིག་བྱེད་པའི་ཕྱིར་རྟོགས་པ་ཙམ་གྱིས་གྲུབ་པ་ནི་མི་རིགས་སོ། །དེ ་ལྟ་ཡིན་ན་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྐད་ཅིག་མ་ཙམ་རྟོགས་སུ་རུང་བའི་ཕྱིར་སངས་རྒྱས་པར་ཐལ་ལོ། །དེ་ལྟར་མ་ཡིན་ན་ནི་ཆོས་ཀྱི་སྐུ་གཉུག་མའི་སེམས་ཅན་གྱི་རྒྱུད་ལ་ཡོད་ཅེས་པ་དང་འགལ་ལོ། །མེད་ན་ནི་མ་ཐོང་བར་བྱེད་པ་ཡིན ་པའི་ཕྱིར་འཁོར་བ་ཡོངས་སུ་དོར་བ་ལས་མྱ་ངན་ལས་འདས་པ་ཐོབ་པར་རིགས་སོ། །དེ་ལྟ་ཡིན་ན་ནི་དཀའ་ཐུབ་དང་དཀའ་སྤྱད་ཀྱི་འགྲུབ་པར་འགྱུར་རོ། །དེ་དག་ནི་ངོ་བོ་གཅིག་བ་ནི་མི་རིགས་ཏེ་མུན་པ་དང་སྣང་བ་བཞིན་ནོ། །དེ་བས་ན་འདི ་དག་སྐྱོན་དང་བཅས་པར་འགྱུར་རོ། །ཞེ་ན་མ་ཡིན་ཏེ། དཔེར་ན་དུག་གིས་སེམས་ཅན་འཆི་བར་གྱུར་པ་ང་དུག་གིས་སྔགས་ཅན་དེ་དག་དུག་གིས་ག་ལ་ཚུགས་ཏེ་དེ་ཉིད་སྨན་དུ་འགྱུར་རོ། །དེ་བས་ན་ངོ་བོ་གཅིག་པ་ལ་འགལ་བ་མེད་དེ། དུག ་ལོགས་སུ་སོང་བའམ་སྨན་གཞན་ནས་བྱུང་བ་མེད་དེ། དེ་ཉིད་དེའི་ངོ་བོར་གྱུར་པ་བཞིན་རྣམ་པར་རྟོག་པ་ལོགས་སུ་དོར་ཞིང་བདེ་བ་ཆེན་པོ་གཞན་ནས་ཐོབ་པ་མ་ཡིན་ཏེ། བླ་མ་དམ་པའི་གདམས་ངག་གིས་ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བས་དེ་ཉིད ་དེའི་ངོ་བོར་གྱུར་ཏེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་དེ་ཁོ་ན་ཉིད་དུ་གནས་ཏེ་དེ་དག་གི་མཐུས་སྐད་ཅིག་མ་ཉམས་སུ་མྱོང་སྲིད་ཀྱང་ཇི་བཞིན་པའི་མྱོང་བས་གྲོལ་བར་མི་ནུས་པ་དག་གོ་།དེ་ཉིད་ཉམས་སུ ་མྱང་བས་ན། །སྐད་ཅིག་མ་དེ་ཉིད་ལ་སངས་རྒྱས་པར་ནུས་སོ། །དེ་ལྟར་མ་རྟོགས་པ་རྣམས་ཀྱི་བརྟགས་པའི་ལྷ་ལ་མཆོད་པ་ལ་ཕྲག་འབུམ་རྣམས་སུ་མཆོད་ཅིང་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱས་ཀྱང་རྣམ་པར་རྟོག་པས་བརྟགས་ཏེ་འབྲས ་བུ་ལོགས་སུ་འགྲུབ་པར་འདོད་པའི་ཕྱིར་རོ། །དེ་ཉིད་དང་བྲལ་ཏེ་བརྟགས་པའི་བདག་ལ་མངོན་པར་ཞེན་པས་ཆོས་ཀྱི་སྐུའི་འབྲས་བུ་དེ་མེད་དེ་མི་འབྱུང་ངོ། །དེ་བས་ན་གཉིས་འཛིན་དང་བྲལ་བ་དེ་ཁོ་ན་ཉིད་རྟོགས་པ་སྟེ། གཉིས་འཛིན་དང་བཅས ་པ་ནི་བདག་ཉིད་འཆིང་བར་འགྱུར་བའི་ཕྱིར་དེའི་ཅི་ཞིག་བྱའོ། །དེ་བས་ན་དེ་ལ་གོམས་པས་གྲོལ་བར་ཡང་མི་འགྱུར་ཞིང་དེ་དང་འདྲ་བའི་སྤྱོད་ལམ་འཁོར་བའི་སྡུག་བསྔལ་འདི་འདྲ་བར་འཆད་པ་མེད་དོ། །འདི་ལ་འདིས་འདི་ཉིད་འདིར་གོམས་པར ་བྱས་བས་མ་རྟོགས་པའི་རྣམ་པར་རྟོག་པའི་འཁོར་བ་པ་མ་རྟོགས་པའི་བདག་ཉིད་མ་ལུས་པ་རྒལ་དཀའ་བ་འདི་དག་རྒལ་བར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་སྤྱད་པར་འགྱུར་ཞེ་ན། མིང་ནི་མི་འཛུམས་ཏེ་ཅིར་སྣང་ཕྱག་རྒྱ་ཆེན་པོའི་བདག་ཉིད་དང། ་ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བས་སེམས་ནི་ངང་གིས་འཕགས་པ་དང་ཕྱི་ནང་གི་བྱུང་ཚོར་ཞི་བར་འགྱུར་ཏེ། སྐད་ཅིག་མ་དེ་ཉིད་ལ་རྣམ་པར་ཤེས་པའི་རྟ་རླུང་གི་བདག་ཉིད་ཀྱིས་འགོག་པར་བྱེད་པའི་བླ་མས་བསྟན་པའི་བླ་མ་ཆེན་པོ་དག་ལས་རྟོགས ་སོ། །ད་ནི་འདུ་ཤེས་བཅིངས་པས་མི་གྲོལ་བར་འགྱུར་བར་བསྟན་པར་བྱ་སྟེ། གང་གི་ཚེ་རླུང་རྒྱུ་བ་དེ་མི་གཡོ་སྟེ། གང་གི་ཚེ་ན་འཆིང་བར་ཅི་བྱར་ཡོད་ཅེས་བྱ་བའི་དོན་ནི་དུས་གང་གི་ཚེ་བླ་མ་དམ་པ་དེ་ཉིད་བྲལ་བའི་ཚེ་རྣམ་པར་རྟོག་པ་དེ་དག་སྟེ། ་སྟེང་འོག་གི་རླུང་རྒྱུ་བ་བཀག་སྟེ། དེ་རྟོག་པ་ལ་མི་གཡོ་སྟེ་མི་རྟོག་པ་འབའ་ཞིག་ལ་གནས་པའི་ཕྱིར་སྒོམ་བྱ་དང་སྒོམ་བྱེད་དུ་རྟོག་ཅིང་ཐབས་དང་འབྲས་བུ་ཐོབ་པར་འདོད་པ་གང་གི་ཚེ་ན་འཆིང་བར་འགྱུར་ཏེ། དེ་དག་གི་ཚེ་ཅི་བྱར་ཡོད་དོ། །ད་ནི་དེ་ཉིད ་དུ་ཤེས་པས་གྲོལ་བར་འགྱུར་བ་བསྟན་པར་བྱ་སྟེ། །ཇི་སྲིད་དབང་པོ་ཡུལ་ལ་ལྷུང་བ་དང། །དེ་སྲིད་རང་ཉིད་ལས་ནི་རབ་ཏུ་རྒྱས། །ཁྱེད་པ་ཅག་ཅི་བྱེད་ད་ལྟ་སེམས་ལ་ལྟོས། །གང་འགྲོ་སེམས་དང་ཀྱེ་ཧོད་པའོ་རྣམས། །དེ་ནི་ཤིན་ཏུ་དགའ་བའི ་དགོངས་པས་གཞུག་།གང་ཞིག་གང་ན་གནས་པའི་མི་རྣམས་ནི། །དེ་སྲིད་རང་ཉིད་དེ་ཡི་མ་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དག ་གིས་ཇི་སྲིད་དབང་པོ་ཡུལ་ལ་ལྷུང་ཞིང་ཞེན་པ་ན་དེ་སྲིད་དུ་སྣང་བ་ལ་སོགས་པའི་དེ་ཐམས་ཅད་རང་བཞིན་གྱི་སེམས་ཉིད་ལས་ནི་རབ་ཏུ་རྒྱས་པར་ཤེས་པར་བྱའོ། །དེ་ལྟར་སྣང་གྲགས་ཐམས་ཅད་སེམས་གཉུག་མ་ཡིན་པའི་ཕྱིར། ཁྱེད་ཅིག་གི ་སེམས་རང་བཞིན་གྱིས་གནས་པ་དེ་དག་ད་ལྟ་ཅི་བྱེད་དེ་མི་བྱེད་དོ། །བྱེད་ན་སེམས་ལ་ལྟོས་ཤིག་དང་ངོ། །དེ་དག་གར་འགྲོ་སེམས་དང་སྟེང་འགྲོངས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་རོ་ཡིན་པའི་ཕྱིར་དེ་བས་ཀྱེ་ཧོ་རྣལ་འབྱོར་པའི་དཔའ་ཨོ ་རྣམས་རང་བཞིན་གྱི་སེམས་དག་པ་དེ་ནི་ཤིན་ཏུ་དགའ་བའི་དགོངས་པས་དེ་ཉིད་ལ་ཞུགས་པར་བྱའོ། །སྐྱེས་པ་དང་བུད་མེད་གང་ཞིག་རྣམ་པར་རྟོག་པའི་གནས་གང་ན་གནས་པའི་མི་རྣམས་ནི་དེ་ཁོ་ན་ཉིད་རང་ལ་གནས་པ་དེའི་མཐོང་སྟེ་དེ་ཐམས ་ཅད་ནི་རྨོངས་པ་ཉིད་དུ་ཟད་དོ། །དེ་བས་ན་ཚིག་དང་ཐ་སྙད་ལ་མཁས་པ་ཐམས་ཅད་བསྟན་པའི་ཆོས་ཀྱི་བྱེ་བྲག་མ་ལུས་པ་འཆད་པའི་རང་བཞིན་གྱི་ལུས་ལ་ཆོས་ཀྱི་སྐུའི་སངས་རྒྱས་ཡོད་པ་མ་རྟོགས་སོ། །ད་ནི་ངལ་བ་དང་བདེ་བའི་དཔེའི་སྒོ་ནས ་བསྟན་པར་བྱའོ། །གླང་ཆེན་ལམ་ནས་སེམས་ཚགས་ཚུད་པ་ནི། །དེ་ནི་འགྲོ་འོང་བཅད་ནས་ངལ་བ་སྟེ། །དེ་ནི་འདི་ལྟར་རྟོགས་སོ་ཆོས་ཅི་དགོས། །ཞེས་བྱ་བའི་དོན་ནི་ལུམཔིའི་ཚལ་ན་ཁྱིམ་བདག་ཨག་ཤོ་ད་ན་ལ ་གླང་པོ་ཆེ་བས་ཏྲོ་ཏ་ཞེས་བྱ་བ་ཤིན་ཏུ་མྱོ་བ་ཞིག་ཡོད་པ་ལས་དེ་དག་བཏུལ་བ་ལས་བྱ་བ་ལ་དགེ་བ་དང་ལྡན་པར་བྱ་བའི་ཕྱིར་ཞི་བར་འདོད་པ་ལས་དེ་ལྟར་མ་གྱུར་ཏེ། དེ་དག་འོང་བ་དང་འགྲོ་བ་དང་གནས་པ་དང་རྩ་ཟ་བ་དང་ཆུ་འཐུང་བ་དང ་འཚོ་གཉེར་བྱེད་པའི་དུས་སུ་ཤིན་དུ་སྡུག་བསྔལ་བར་གྱུར་ཏེ། འཚོ་བའི་སྟོབས་ཟིལ་གྱིས་མནན་པར་མ་ནུས་ཤིང་བདག་ཉིད་ཤིན་ཏུ་ངལ་བར་གྱུར་ཏེ་འཚོ་བ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པར་གྱུར་ཏོ། །དེ་ནས་པད་སའི་བུ་ག ་ཡ་མགོ་ཞེས་བྱ་བས་སྨྲས་པ། ཀྱེ་སྟོབས་ཆེན་གླང་པོ་འདི་དག་བཙོངས་ན་བདེ། །བྱ་བའི་ལས་དང་ལ་བ་རྣམས་ལས་བྲལ། །འཆི་བར་བྱེད་པའི་རྐྱེན་གྱིས་གནོད་པ་མིན། །དགེ་ལྡན་ཞི་བར་འདོད་པས་དེ་མི་ཐུལ། །དེ་ལྟར་མ་གྱུར་ཀུ་ཤའི་རྩ་ཉིད ་ལ། །རེ་བ་མ་སྐྱེད་ཡངས་པ་ཉིད་དུ་ཐོང། །ཞེས་ནས་གླང་པོ་ཆེ་དེ་དག་ཚོང་འདུས་སུ་བཙོངས་སོ། །དེ་ལོམ་པར་གྱུར་ནས་སེམས་ཚིགས་སུ་ཆུད་པ་ན་དེ་ནི་འགྲོ་བར་ཡང་མི་བྱེད་འོང་བར་ཡང་མི་བྱེད་ངལ་ཞིང་དུབ་པར་ཨང་མི་འགྱུར་འཆོ་བ་དང ་བྲལ་བའི་སྡུག་བསྔལ་གྱིས་རྣམ་པར་བཅད་ནས་ངང་གིས་ངལ་བ་སྟེ་བདེ་བ་དང་ལྡན་ནོ། །དེ་ནས་སྨྲས་པ། ཀྱེ་ཀྱེ་བདག་ནི་ཤིན་ཏུ་བདེ་དང་ལྡན། །བདེ་འདོད་གླང་ཆེན་བདག་གིས་སྡུག་བསྔལ་འགྱུར། །གླང་ཆེན་བཏང་བས་ངལ་བའི་མཆོག ་དང་ལྡན། །ཀུན་ཀྱང་བྱ་བ་བཏང་ན་བདེ་བར་འགྱུར་ཞེས་བྱ་བ་ནི་ཁྱིམ་བདག་མ་ག་ཏ་ན་ཞེས་བྱ་བས་ཐོས་ནས་རང་གི་རང་ཉིད་ལ་བསམས་པ་ནི་བདག་གི་སེམས་ནི་གླང་པོ་ཆེ་སྨྱོན་པ་ལྟ་བུ་སྟེ། འདི་དག་བཏུལ་བ་ལ་སོགས་དང་ལྡན་པར ་ཡང་འགྱུར་ཏེ་ཐུལ་བ་ཡང་མ་ཡིན་པའི་ཕྱིར། བཙོང་བར་བྱ་བའི་ཡུལ་ནི་བདག་གིས་མི་རྙེད་དེ་འདི་ན་གར་དགར་བཏང་བར་བྱའོ་ཞེས་ལྷོད་དེ་བསྡད་པས་སེམས་དེ་དག་འགྲོ་བར་ཡང་མི་བྱེད། འོང་བར་ཡང་མི་བྱེད། གནས་པར་ཡང་མི་བྱེད། ་འཛིན་རྟོག་བྱུང་ཚོར་གྱི་རྣམ་པར་དང་གིས་འགགས་ཏེ་བདེ་བ་ཆེན་པོ་ཅི་ཡང་མ་ཡིན་པའི་རང་བཞིན་ཤིན་ཏུ་རྟོགས་སོ། །དེ་ནས་དེ་དག་གིས་དུར་ཁྲོད་ཆེན་པོ་ཀེང་རི་ཡ་ན་ཞེས་བྱ་བར་ཕྱིན་ཏེ། རྣལ་འབྱོར་པའི་ཚོགས་ལ་སྨྲས་པ། དཔའ་བོ ་རྣམས་ཀྱིས་གདམས་ངག་སྩལ་དུ་གསོལ། །བདག་ལ་བྱིན་གྱིས་བརླབས་ཤིང་གནང་བར་མཛོད། །ཁྱེད་ནི་ཆོས་སྐུའི་བདག་ཉིད་སྟོབས་དང་ལྡན། །རྨོངས་པ་དག་གི་སྒྲིབ་པ་དག་པར་མཛོད། །ཅེས་པ་དང། རྣལ་འབྱོར་པ་རྣམས་ཀྱིས་དེ་ལ ་སྨྲས་པ། ཆོས་ཉིད་དམ་པའི་ཡེ་ཤེས་དེ་དག་ནི། །འདི་ལྟར་ཁྱོད་ཉིད་ཀྱིས་ནི་ཤིན་ཏུ་རྟོགས། །རྟོགས་སོ་ཞེས་ནི་སྨྲ་རུ་མེད་པའི་དོན། །འདི་དག་ཉམས་སུ་མྱོང་བས་ཆོས་ཅི་དགོས་ཞེས་ངེས་པའི་ཤེས་པ་སྐྱེས་པས་སྐད་ཅིག་མ་དེ་ཉིད་ལ་གྲོལ ་བར་གྱུར་ཏོ། །དེ་བས་ན་བློ་དང་ལྡན་པ་དག་གིས་དེ་བཞིན་ཉིད་ཤེས་པར་བྱའོ། །ད་ནི་ཆགས་པ་དང་བྲལ་བས་འབྲས་བུ་མི་འགྱུར་བ་བསྟན་པར་བྱ་སྟེ། དེ་ལྟར་ངོ་ཚ་མེད་སྨྲ་མཁས་པ་དེ། །གསོན་པོ་གང་ཞིག་རྣམ་པ་མ་གྱུར་པ། །དེས་ནི་རྒས ་ཤིང་འཁོགས་པར་འགྱུར་རམ་ཅི། །བླ་མས་བསྟན་པའི་དྲི་མེད་བློ་གྲོས་ནི། །དེ་ཉིད་གཏེར་ཡིན་གཞན་ཡང་གང་ཡིན་ལོ། །ཡུལ་ཉིད་རྣམ་པར་དག་པར་བརྟེན་ཡང་མིན། །སྟོན་པ་འབར་ཞིག་གིས་ནི་བཤད་པར་བྱ་ཞེས་བྱ་བའི་དོན་ནི་དེ་ལྟར་གོང་དུ་སྨྲོས ་པའི་ཐ་མལ་པའི་ཤེས་པ་རང་གི་མཚན་ཉིད་དེ་དག་དོགས་པ་དང་འཇིགས་པ་དང་ངོ་ཚ་བ་མེད་དེ་སྨྲ་བ་ནི་མཁས་པ་ང་ཞེས་བྱ་བ་སྟེ་རྗེ་བཙུན་པ་རི་བོ་པ་ཉིད་དོ། །དེ་དག་ཀྱང་ཅི་ཞེ་ན། ཤེས་པ་སོམ་མ་བཅོས་པ་གསོན་པོའི་ཚུལ་དེ་དག་ཉམས་སུ་མྱོང་བས ་ལུས་དང་སེམས་བདེ་བས་གང་ཞིག་སྟོང་པ་རྒྱས་དེ་ཉིད་ཞི་བར་བྱེད་དེ། བདེ་བ་སྟོང་པ་དབྱེར་མེད་པའི་རྣམ་པས་མཉམ་པ་ཉིད་ཀྱི་དོན་ལས་མ་གྱུར་པ་དེ་ནི་རྟོག་པ་མི་ལྡང་བས་རྒས་པར་ཡང་མི་འགྱུར་ཏེ། འཁོར ་བར་ཡང་མི་ལྟུང་བ་ཉིད་ཀྱི་འཁོགས་པར་ཡང་མ་ཡིན་ཏེ་སྡུག་བསྔལ་གྱིས་རྣམ་པས་འགྱུར་རམ་ཅི་སྟེ་མི་འགྱུར་རོ། །དེ་ལྟར་བླ་མས་བསྟན་པའི་དོན་དེ་བཞིན་ཉིད་ལ་ནི་དྲི་མ་མེད་དེ། དེ་དག་ནི་བློ་གྲོས་ཀྱི་མཐར་ཐུག་པའི་ཤེས་རབ་ཀྱི་དེ་བཞིན ་ཉིད་དོ། །དེ་ཉིད་ཟད་མི་ཤེས་པའི་གཏེར་ཡིན་ཏེ་དེ་ལས་གཞན་པའི་གཏེར་གང་ཡིན་ལོ་སྟེ་མེད་དོ། །ཡུལ་དང་ཡུལ་ཅན་དུ་བརྟགས་པ་དག་ནི་དེ་ཉིད་རྣམ་པར་དག་པའི་ཡེ་ཤེས་ཡིན་ནོ་ཞེས་བརྗོད་ཀྱང་དེ་ཁོ་ན་ཉིད་ཀྱི་རྟེན་ཙམ་དུ་ཡང་མི་རུང ་སྟེ་མིན་ནོ། །དེ་དག་ཀྱང་ཅི་ཞེ་ན། སྟོང་པ་ཉིད་ལ་སྟོང་པ་ཉིད་འབའ་ཞིག་གིས་དེ་ཉིད་ནི་བཤད་དུ་མེད་པའི་ཚུལ་གྱིས་བཤད་པར་བྱའོ། །ད་ནི་རྟོག་པའི་སེམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་སྣང་བ་བཤད་པར་བྱ་སྟེ། དངོས་པོ་མ་ཆགས ་སེམས་སུ་ཤེས་པ་དང། །ཤེས་པ་བརྡ་རུ་གྲགས་ཀྱི་དེ་ཉིད་ཚུལ། །ཚུལ་ཁྲིམས་དེ་ཉིད་ངོ་བོར་བསྲུང་བྱེད་ཅིང། །ངོ་བོ་ཙམ་དུ་རྟོགས་མེད་སྙིང་པོ་ཆེ། །སེམས་ཀྱི་རྡོ་རྗེ་ནང་དུ་ཁྲོ་འཇོམས་ཏེ། །རློམ་མེད་རྡོ་རྗེ་མཁའ་ལ་གནད་མི་འགྱུར། །སེམས ་ཉིད་རང་བཞིན་དལ་དང་མྱུར་མིན་ཡང། །རྟོག་པ་བསམ་ཕྱིར་ཆོ་འཕྲུལ་མྱུར་དུ་བརྩམ། །རང་བཞིན་སངས་རྒྱས་ལྷན་ཅིག་སྐྱེས་པ་སྟེ། །རྟོག་པར་བྱེད་པ་མཉམ་གཞག་ཚུལ་དུ་བྱ། །བླ་མའི་མན་ངག་མཚོན་ཆ་ཤེས་རབ་སྟེ། །རྟོགས་ནས་རྣལ ་མར་སྦྱོར་བ་རྫོགས་སངས་རྒྱས། །ཞེས་བྱ་བའི་དོན་ནི་དངོས་པོ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལམ་ཆགས་པ་ནི་སྦྱིན་པ་སྟེ། དེ་ཉིད་སེམས་སུ་ཤེས་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །དེ་དག་གི་ཤེས་སུ་ཡོད་དམ་ཞེ་ན། ཤེས་པ་དེ་དག་སློབ་པ་པོའི་བློ་ལ་བརྡའ ་ཙམ་དུ་ཟད་ཀྱི་།དོན་ལ་སེམས་མ་བཅོས་པ་དེ་ཁོ་ན་ཉིད་ཀྱི་ཚུལ་ལོ། །སྦྱིན་པ་རྣམ་པ་དེ་ཉིད་ལ་ཚུལ་ཁྲིམས་སུ་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཅན་ལ་གནོད་པའི་ལས་མི་བྱེད་པ་དང། དེ་ཡང་དེ་ཉིད་ཀྱི་ངོ་བོར་སྲུང་བར་བྱེད་ཅིང་ངོ་བོ་ཙམ་དུ་ཡང་རྟོག ་པ་མིན་ཏེ། དོན་ལ་ནི་སྙིང་པོའི་དོན་ཆེ་བའི་བདག་ཉིད་དོ། །དེ་ཉིད་ངོ་བོ་དེ་དག་བཟོད་པར་བསྒོམ་པར་བྱ་སྟེ། སེམས་ཆོས་ཀྱི་སྐུ་རྡོ་རྗེ་གཉུག་མ་དེ་དག་གི་དང་དུ་བདག་གཞན་གྱི་འཁོར་བ་རྣམ་པར་འཇོམས་ཏེ། དེ་ལ་ཡང་རློམ་སེམས་མེད་པའི ་རྡོ་རྗེ་སྟེ། ནམ་མཁའ་དང་འདྲ་བའི་ཕྱིར་དེ་ལ་གནོད་པ་མི་འབྱུང་ངོ། །དེ་ཉིད་ཀྱི་ངོ་བོར་བརྩོན་འགྲུས་བརྩམ་པ་བྱ་སྟེ། སེམས་ཉིད་ཀྱི་རང་བཞིན་ནི་དལ་བ་དང་མྱུར་བ་གཉིས་ཀར་རྟག་ཏུ་མི་འདོད་པ་ཡིན་ཡང་མ་རྟོགས་རྣམས་ཀྱིས་རྟོགས་པས ་བསལ་བར་བྱ་བའི་ཕྱིར་དང་རྟོགས་པ་གདེང་དུ་གྱུར་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་ཉི་མའི་འོད་ཟེར་ལྟ་བུའི་ཆོ་འཕྲུལ་མྱུར་དུ་བརྩམས་པར་བྱའོ། །དེ་ཉིད་ངོ་བོར་བསམ་གཏན་ལ་མཉམ་པར་བཞག་པར་བྱ་སྟེ། སེམས་ཉིད་རང་བཞིན་གྱི་སངས ་རྒྱས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡེ་ནས་གནས་ཏེ་དེ་དག་ལ་སངས་རྒྱས་སུ་མེད་ཀྱང་བླ་མའི་གདམས་ངག་ཉེ་བར་བསྟན་པའི་དོན་རྟོགས་པར་བྱེད་པའི་བདག་ཉིད་ལ་མཉམ་གཞག་གི་ཚུལ་དུ་བྱའོ། །དེ་ཉིད་ངོ་བོར་ཤེས་རབ་བསྒོམ་པར་བྱ་སྟེ། བླ་མའི་གདམས ་ངག་མཚོན་ཆ་དམ་པ་དེ་དག་གིས་བདག་གི་རྣམ་པ་ཡོངས་སུ་གཅོད་པར་བྱེད་པས་ན་ཤེས་རབ་སྟེ། སློབ་པ་པོའི་བློ་དེ་དག་རྟོགས་ནས་དོན་དང་རྟགས་རྣལ་མར་སྦྱོར་བ་ནི་མངོན་པར་རྫོགས་པར་སངས་རྒྱ་བ་སྟེ་ཆོས་ཀྱི་སྐུའོ། །དེ་ལྟར་སྦྱིན་པ་དང་ཚུལ་ཁྲིམས ་དང་བཟོད་པ་དང། བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་མཐར་ཐུག་པའི་ངོ་བོ་དེ་དག་ཆོས་ཐམས་ཅད་འདུས་པའི་ཚུལ་དུ་བཤད་པར་བྱ་སྟེ། ཇི་ལྟར་གཟིངས་ལ་འཕུར་བའི་བྱ་རོག་ནི། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ་ཞེས་བྱ་བའི ་དོན་ནི་རིན་པོ་ཆེ་ལེན་པར་འདོད་པའི་ཕྱིར་རྒྱ་མཚོའི་སྟེང་དུ་གཟིངས་བཅས་ཏེ། རིག་པའི་ལྟས་བརྟགས་པའི་ཕྱིར་བྱ་རོག་དག་བཟུང་སྟེ་འོ་མ་ལ་བྲིང་ནས་འཇིམ་བམ་གྱི་རྔ་ཡབ་ཕྱར་ཏེ་བྱ་རོག་དེ་དག་སྤུར་བ་ལས ་གཞན་དུ་འགྲོ་བར་མི་འགྱུར་ཏེ། བསྐོར་ཞིང་བསྐོར་ཞིང་སླར་ལ་གཟིངས་ཀྱི་གནས་དེ་ཉིད་དུ་འབབ་པ་བཞིན་དུ། བླ་མ་དམ་པའི་གདམས་ངག་རྒྱ་མཚོ་ལྟ་བུ་ནི་སྟེང་དུ་ཆོས་ཀྱི་སྐུའི་ནོར་བུ་ཐོབ་པར་བྱ་བའི་ཕྱིར། ཐ་མལ་གྱི་ཤེས་པའི ་གཟིངས་བཅས་ནས་སྣང་སྲིད་ཕྱག་རྒྱ་ཆེན་པོའི་སྐུར་བརྟག་པའི་ཕྱིར་དྲན་པ་རྒྱུན་ཆགས་ཀྱི་དོན་ལོ་མ་ལྟ་བུ་ལ་བློ་བྲིད་དེ་ཤེས་པའི་བྱ་རོག་གར་དགར་ཡན་དུ་བཅུག་པ་ལས་སླར་ལ་བསྐོར་ཞིང་དེ་ཉིད་ཀྱི་ངོ་བོར་བབས་སོ། །ད་ནི་འདོད་པའི་ཡོན་ཏན ་ལ་ཆགས་པ་དེ་བཞིན་ཉིད་ཀྱི་དཔེར་སྦྱར་བ་བསྟན་པར་བྱ་སྟེ། ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིང། །ཀྱེ་ཧོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང། །འདི་ནི་རི་དགས་བཞིན་དུ་ལྟ་བར་བྱོས། །མཆིལ་བ ་རོ་ལ་ཆགས་བཞིན་མྱང་བ་དང། །རེག་བྱ་བདེ་ལ་དང་པོར་གནས་པའི་ཚུལ། །སྟོང་པ་དྲི་ཡི་ཁྱབ་པར་བྱ་བ་སྟེ། །སྣང་བའི་མེ་ཏོག་རབ་ཏུ་དང་བ་དང། །དབྱེར་མེད་གླུ་ལ་མྱུར་དུ་རྒྱུག་པའི་རིགས། །ཤེས་བྱ་བའི་དོན་ནི་རྣལ་འབྱོར་པ་འདོད་པའི་ཡོན ་ཏན་གྱི་ཡུལ་ཞེན་པ་དང་ཐ་དད་ཀྱི་རྟོག་པ་བཅིངས་པར་མ་བྱེད་ཅིག་།དེ་བས་ན་ངོ་མཚར་བའི་དོན་ཏེ་འཁོར་བའི་སེམས་ཅན་ཐམས་ཅད་ལ་ཀྱེ་ཧོ་རྨོངས་པ་ཞེས་བོས་ཏེ། དེ་དག་གི་ཅི་བྱེད་ཅེ་ན། མདའ་བསྣུན་གྱི་སྨྲས་པ་ལ་ཉོན་ཅེས་བྱ་བའི་ཐ ་ཚིག་གོ་།དེ་དག་ཀྱང་ཅི་ཞེ་ན། ཉ་རོ་ལ་ཆགས་པ་དང་ཕྱེ་མ་ལེབ་རེག་བྱ་ལ་ཆགས་པ་དང་གླང་པོ་ཆེ་ཨ་ཀ་རུ་ནག་པོའི་དྲི་ལ་ཆགས་པ་དང། བུང་བ་མེ་ཏོག་གི་ཁ་དོག་ལ་ཆགས་པ་དང། རི་དགས་ཨེ་ཎེ་ཡ་གླུ་སྙན་ལ་ཆགས་པ་བཞིན་དུ་དེ་ཉིད་ཀྱི་དོན་ལ་ལྟ ་པར་བྱོས་ཤིག་།དེ་དག་ནི་སྐྱོན་དང་བཅས་པ་སྟེ། ཆགས་པ་མངོན་པར་འཕེལ་བའི་ཕྱིར་འཁོར་བའི་རྒྱུར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཉ་འཆིལ་མའི་རོ་ལ་ཆགས་པ་བཞིན་དུ་རྣལ་འབྱོར་པ་དེ་བཞིན་ཉིད་ཀྱི་རོ་མྱོང་བ་དང། ཕྱེ་མ་ལེབ་རེག་བྱའི་བདེ་བ ་ལ་ཆགས་པ་བཞིན་དུ་རྣལ་འབྱོར་པས་དང་པོར་ལུས་དང་སེམས་ཀྱི་བདེ་བ་ལ་གནས་པའི་ཚུལ་དང། གླང་པོ་ཆེ་དྲི་ལ་ཆགས་པ་བཞིན་དུ་རྣལ་འབྱོར་པ་བདེ་བ་ལ་ཆགས་ཤིང་སྟོང་པའི་དྲི་ཡིས་ཁྱབ་པར་བྱ་བ་དང། བུང་བ་ཁ་དོག་ལ་ཆགས ་བཞིན་དུ་རྣལ་འབྱོར་པས་སྣང་སྲིད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་མེ་ཏོག་རབ་ཏུ་དང་བར་ཤེས་པ་དང། རི་དགས་གླུ་ལ་རྒྱུག་པ་བཞིན་དུ་རྣལ་འབྱོར་པས་བདེ་བ་དང་སྟོང་པ་དབྱེར་མེད་པའི་གླུ་ལ་མྱུར་དུ་རྒྱུག་པའི་རིགས་སོ། །ད་ནི་སྣང་སྟོང་དབྱེར་མེད ་པ་བསྟན་པར་བྱ་སྟེ། གང་ཞིག་སེམས་ལ་རྣམ་པར་འཕྲོ་བར་སྣང། །དེ་སྲིད་མགོན་པོ་ལ་ནི་རང་བཞིན་ཏེ། །ཆུ་དང་རླབས་དག་ཀྱང་ནི་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའ་ཨི་རང་བཞིན་ནོ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་གང་ཞིག ་གི་སེམས་ནི་སེམས་ལ་རྣམ་པར་འཕྲོ་བར་སྣང་སྟེ་ཇི་སྲིད་དུ་འཕྲོ་བ་དེ་སྲིད་དུ་བླ་མ་དམ་པའི་མགོན་པོ་དང་ཕྲད་པ་ཡིན་ཏེ། དེ་ལས་ནི་རང་བཞིན་གཞན་དུ་མི་རྟོག་པའི་དེ་ཁོ་ན་ཉིད་དོ། །དེ་བས་ན་རང་བཞིན་རྣལ་མ་དེ་ལས་གཞན་དུ་འགྱུར་བ་ལྟ་བུ ་ནི་མ་ཡིན་ནོ། །དཔེར་ན་ཆུའི་རྒྱ་མཚོ་ཆེན་པོ་དག་ལ་ཆུ་དང་རླབས་དག་དཔག་ཏུ་མེད་པ་ཅིག་ཡོད་ཀྱང་དེ་ཉིད་ལས་གཞན་ཡིན་ནམ་སྟེ་མ་ཡིན་ནོ། །དེ་བས་ན་ངོ་བོ་ཐ་མི་དད་པའི་ཕྱིར་སྲིད་པའི་ངོ་བོ་དང་མྱ་ངན་ལས་འདས་པའི་མཉམ་པ་ཉིད་ནམ་མཁའ་ཨི ་ངོ་བོ་ལྟར་རང་བཞིན་གྱི་དང་བ་ཡིན་ནོ། །ད་ནི་ཁྱད་པར་གྱི་ནུས་པ་བསྟན་པར་བྱ་སྟེ། གང་ཞིག་སྟོན་ཏེ་གང་གིས་ཐོས་པ་ཡི། །དགོས་པ་གང་ཡིན་དམ་པ་སྐྱོང་བ་ན། །གདུག་པའི་སྐུགས་ས་རྡུལ་བཞིན་རླག་པར་བྱེད། །སྙིང་ག་ཉིད་དུ་ནུབ་པར་གྱུར་པ་ཡིན། ། ་ཞེས་བྱ་བའི་དོན་ནོ། །བླ་མ་དམ་པ་གང་ཞིག་གིས་སྟོན་པ་ཡང་དག་པའི་དོན་དེ་དག་སློབ་པ་པོ་གང་གིས་ཐོས་པའི་དགོས་པ་དེ་དག་གང་ཡིན་ཞེ་ན། ཐ་མལ་གྱི་ཤེས་པའི་དམ་པའི་སྟེ་།དེ་དག་དྲན་པ་རྒྱུན་ཆགས་ཀྱིས་སྐོར་བ ་ན་རྣམ་པར་རྟོག་པའི་གདུག་པ་སྐུགས་ས་དེ་དག་རྡུལ་བཞིན་རློག་པར་བྱེད་དོ། །རྟོག་པའི་བྱེ་བྲག་དཔག་ཏུ་མེད་པ་དག་ནི་སྙིང་ག་ཐལ་གྱི་ཤེས་པ་ཉིད་དུ་ནུབ་པར་གྱུར་པ་ཡིན་ནོ། །ནུབ་པ་དེ་ཡང་མཚོན་ཆ་ཙམ་དུ་ཟད་དེ། དོན་ལ་ཇི་བཞིན་པ་དེ་ཁོ ་ན་ཉིད་རྟོགས་པ་ལ་བྱའོ། །ད་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ཚུལ་དུ་མཚོན་པར་བྱ་སྟེ། ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་ཉིད་ཆུ་?་རོ་མཉམ་འགྱུར། །ཇི་ལྟ་མར་ལ་མར་གཞག་མཚུངས། །སེམས་དང་སྣང་བ་དེ་བཞིན་སྨྲ། །སྐྱོན་དང་ཡོན་ཏན་རྣམས་དང ་ལྡན་པའི་སེམས། །མགོན་པོ་སུས་ཀྱང་མཚོན་པར་མི་འགྱུར་རོ། །ཞེས་བྱ་བའི་དོན་ནི་དཔེར་ན་ཆུའི་ཐིགས་པ་ལ་ཆུའི་ཐིགས་པ་གཞག་ན་ཇི་སྙེད་དུ་གཞག་པ་དེ་སྙེད་དུ་ཆུ་རུ་རོ་མཉམ་པར་འགྱུར་རོ། །ཇི་སྲིད་མར་གྱི་ཁུ་བ་ལ་མར་གཞག་པ་དེ་དང་ ་མཚུངས་པ་སྟེ་མར་དུ་རོ་མཉམ་པར་འགྱུར་རོ། །སེམས་སྣང་བ་ལ་གཞག་པ་དང་སྣང་བ་སེམས་ལ་གཞག་པའི་ངོ་བོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་སྟེ། དེ་དག་ནི་གཉིས་སུ་མེད་པར་རོ་མཉམ་པ་སྟེ་བདེ་བ་ཆེན ་པོའི་ངང་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བས་ན་རྗེ་བཙུན་པ་རི་བོ་པའི་ཞལ་སྔ་ནས་དེ་བཞིན་དུ་སྨྲ་བར་འགྱུར་རོ། །དེ་བས་ན་སེམས་ཉིད་ཀྱི་ངོ་བོ་ནི་ཅིར་ཡང་མ་ཡིན་པའི་དོན་ལ་ཅིར་ཡང་སྣང་བ་སྟེ། སྣང་བ་ལ་རྟོག་ན་སྐྱོན་དུ་འགྱུར་བ ་དང། དེ་ཉིད་མ་བཅོས་པར་གཞག་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྟོགས་པར་བྱེད་པ་དང། དེ་དང་ལྡན་པའི་སེམས་འདི་ནི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་སུས་ཀྱང་མཚོན་པར་མི་ནུས་ཤིང་མཚོན་པར་ཡང་མི་འགྱུར་རོ། ་ད་ནི་དེ་ཉིད་ཀྱི་མཛའ་ལ་གདམས་པ་བསྟན་པར་བྱ་སྟེ། རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ཁྱོད་ནི་སྟོང་པ་ཉིད་ལ་ཞེན་ཏམ་ཅི། །ནགས་ལ་མཆེད་པའི་མེ་ལྕེ་ཇི་བཞིན་དུ། །གོང་དུ་བབ་པ་འདི་ལྟར་སྣང་བ་ཀུན། །ཇི་ལྟར་སྣང་དང་གྲགས་པའི་དངོས ་པོ་རྣམས། །རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་བྱ་བའི་དོན་ནི་ཐ་མལ་གྱི་ཤེས་པ་ནི་རྨོངས་པ་ཆེན་པོ་སྟེ། དེ་དག་ལ་ནི་གཉེན་པོ་གང་ཡང་མེད་དོ། །དེ་བས་ན་སེམས་ཁྱོད་ནི་སེམས་ཉིད་སྟོང་པ་ཉིད་ཅིར་ཡང་མ་ཡིན་པ་ལ་ཞེན་ཏམ་ཅི། དབང ་པོའི་སྤྱོད་ཡུལ་དུ་འགྱུར་བ་ཐམས་ཅད་ཀྱང་ནགས་ལ་མེ་མཆེད་དེ་བཞིན་དུ་གོང་དུ་བསྟན་པའི་དོན་ཅི་ཡང་མ་ཡིན་པ་ལ་འབབ་པའོ། །ཇི་ལྟར་སྣང་བ་ཀུན་ཀྱང་དེ་བཞིན་ནི་ཇི་ལྟར་སྣང་བ་དང་གྲགས་པའི་དངོས་པོ་མ་ལུས་པ་རྣམས་རྩ་བ་ཆོས་ཀྱི་སྐུ་ཡིན ་པའི་ཕྱིར་སྟོང་པ་ཉིད་དང་ལྷན་ཅིག་ཏུ་བྱོས་ཤིག་པའོ། །ད་ནི་མཉམ་པའི་དོན་ལ་ཟུག་རྔུའི་ཚེར་མས་གནོད་པས་དེ་གསལ་བ་བསྟན་པར་བྱ་སྟེ། གལ་ཏེ་ཡིད་དུ་འོང་བ་མཉམ་པའི་སེམས། །སྙིང་ལ་གཅེས་སྤས་བྱམས་པའི་སེམས་ཉིད་ལ། །ཏིལ ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཅེས་བྱ་བའི་དོན་ནི་རྣལ་འབྱོར་པ་དག་ནི་གལ་ཏེ་འམ་བརྒྱ་ལམ་ན་གསལ་བ་དང་མི་རྟོགས་པ་དང་བདེ་བ་དང་ཡིད་དུ་འོང་བའི་ངོ་བོ་ཅི་ཡང་མ་ཡིན་པའི་མཉམ་པའི་སེམས ་དང་ལྡན་ཏེ་དེ་ལྟར་རྟོགས་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་བླ་མའི་མཆོག་སྟེ། སྙིང་དེ་ལ་གཅེས་སྤྲས་དང་བྱམས་པའི་སེམས་ཉིད་བྱ་བར་རིགས་ལ་གཡེང་བ་དང་གནོད་པའི་ཟུག་རྔུ་དང་བྲལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུ ་ཡང་རྣལ་འབྱོར་པ་དེ་དག་གི་སེམས་ལ་གནོད་པའི་ཕྱིར་ནམས་ཀྱང་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད་པར་ཟད་དོ། །ད་ནི་དཔེ་ལྟ་བའི་སྤྱོད་པ་བསྟན་པར་བྱ་སྟེ། གྲོགས་པོ་ཕག་དང་གླང་པོ་སྨྱོན་པ་ལྟོས། །དེ་ལྟར་ཡིན་པ་དེ་ནི་མ་ཡིན་ནོ། །རྟོག་བྲལ་བརྟན་དང ་ཆགས་པའི་གཟའ་གཏད་བྲལ། །རྣམ་རྟོག་ཀློང་དང་དམག་བཟློག་སྡིག་པར་བྲལ། །ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་རྣམས་ལ་གྲོགས་པོ་ཞེས་བོས་ཏེ། གྲོང་ཁྱེར་གྱི་ཕག་དང་རྒྱལ་པོའི་གླང་པོ་ཆེ་དང་གནོད་སྦྱིན་གྱིས་ཟིན ་བའི་སྨྱོན་པས་ལྟོས་ཤིག་པའི་དོན་ཏོ། །དེ་དག་གིས་ཅི་བྱེད་ཅེ་ན། རྣལ་འབྱོར་པ་དང་ཆོས་འཐུན་པའི་སྤྱོད་པ་དེ་ལྟར་ཡིན་ཏེ་མི་མཐུན་པའི་ཕྱོགས་དགག་པར་བྱ་བའི་ཕྱིར་དེ་དང་མི་མཐུན་ནོ། །དེ་དག་ཀྱང་ཅི་ཞེ་ན། ཕག་པ་རྟོག་པ་དང་བྲལ་བ ་བཞིན་རྣལ་འབྱོར་པ་དག་ཀྱང་ཟས་ལ་གཙང་རྟོག་མེད་ཅིང་རྟོག་པ་དང་བྲལ་བའོ། །གླང་པོ་ཆེ་ཡིད་བཀུར་བར་མི་ནུས་ཤིང་བརྟན་པ་བཞིན་དུ་རྣལ་འབྱོར་པ་དག་ལ་ཡང་བདུད་དང་མུ་སྟེགས་དང་ཕྱིར་རྒོལ་བ་དང་ཕྱི་ནང་གི་གཡེང་བ་དག་གིས ་བསླད་པར་མི་ནུས་ཤིང་བརྟན་པའོ། །སྨྱོན་པ་ནི་ཆགས་པའི་གཟའ་གཏང་དང་བྲལ་བ་སྟེ། རྣལ་འབྱོར་པ་དག་གིས་ཀྱང་སུ་ལ་ཡང་ཆགས་པར་མི་བྱ་ཞིང་སྤྱོད་པ་གཟའ་གཏད་དང་བྲལ་བར་སྤྱོད་པའོ། །དེ་དག་དང་མཚུངས་པའི་ཕྱིར་མཐུན་པའི ་དཔེ་ཉེ་བར་བསྒྲུབ་པའོ། །རྣལ་འབྱོར་པ་དག་གིས་རྣམ་པར་རྟོག་པའི་ས་ཀློང་བ་དང་ཕ་རོལ་པའི་དམག་བཟློག་པ་དང་སྲོག་གཅོད་པ་ལ་སོགས་པའི་སྡིག་བ་དང་ནི་བྲལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐ་དད་ཀྱི་རྟོག་པ་དང་བཅས་ཀྱི་བར་དུ་རྣམ་པར ་སྨིན་པ་མི་སླུ་བར་འབྱུང་བའི་ཕྱིར་རོ། །ད་ནི་ནོར་བུའི་དཔེའི་སྒོ་ནས་སེམས་ཅན་ལ་ཕན་པར་བྱ་བ་བསྟན་པར་བྱ་སྟེ། ཇི་ལྟར་ཡིད་བཞིན་ནོར་བུའི་དགོས་པ་བཞིན། །འཁྲུལ་པ་ཞིག་པའི་མཁས་པ་ངོ་མཚར་ཆེ། །ངང་ལས་རང་རིག་བདེ་ཆེན་བག ་ཆགས་གཟུགས། །ཐམས་ཅད་དེ་ཚེ་མཁའ་མཉམ་དེ་ལྟར་གྱུར། །ཀ་ལ་ཀུ་ཏ་སྨོས་སུ་མི་རུང་སྟེ། །རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིན། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ཏེ་ཞེས་བྱ་བའི་དོན་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ ་ཆེ་ལ་སྣོད་བཟང་པོའི་ནང་དུ་གཞག་ནས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས་དགོས་པའི་དོན་ཇི་ལྟ་བར་འབྱུང་བ་བཞིན་དུ་བླ་མའི་གདམས་ངག་གིས་ནོར་བུ་རིན་པོ་ཆེ་དེ་དག་རྟེན་གང་ཟག་གི་སྣོད་བཟང་པོའི་བློ་ལ་བཅུག་སྟེ། ཐ་མལ་གྱི་ཤེས་པའི ་མཆོད་པ་ཕུལ་ནས་ངེས་པའི་ཤེས་པའི་གསོལ་བ་བཏབ་ན་སྐད་ཅིག་མ་དེ་ཉིད་ལ་འཁྲུལ་པ་མ་ལུས་པ་ཞི་བར་འགྱུར་རོ། །དེ་དག་གི་དོན་ལ་མཁས་པ་སྟེ་ངོ་མཚར་ཆེའོ། །དེ་དག་ཀྱང་གཞན་ལས་འཐོབ་པ་མ་ཡིན་ཏེ། རང་ལ་རང་རིག་པའི ་བདེ་བ་ཆེན་པོ་འདི་ནི་སྣང་བ་དང་སེམས་ཀྱི་ཚུལ་དུ་བག་ཆགས་ཀྱི་གཟུགས་སུ་སྣང་ངོ། །ཐ་མལ་གྱི་ཤེས་པ་རྟོགས་པ་ན་བརྟགས་པ་ཐམས་ཅད་དེའི་ཚེ་ནམ་མཁའ་དང་མཉམ་པར་འགྱུར་རོ། །ཀ་ལ་ཀུ་ཏ་ཞེས་བྱ་བ་ནི། ཀ་ཀ་བ་ཨ་ཨི་ཏ་དང། ་ལ་པ་ནི་ཧ་རི་ཧ་དང། ཀུ་ཀུ་པ་ར་ན་ཏེ་དང། ཏ་ཏ་པ་ཤི་ན་ཀེ་དང་སྟེ་བརྡའི་དོན་ཏོ། །དེ་དག་གསལ་བར་བྱ་བ་ནི། ཉམས་སུ་མྱོང་བ་ཐ་མལ་ཉིད། །ནམ་མཁའ་ལྟ་བུའི་ངོ་བོར་གསལ། །རེ་དོགས་གཉིས་འཛིན་བླང་དོར་མེད། །འདི་རྟོགས་ཀུན་ཏུ ་བཟང་པོའོ། །མ་རྟོགས་ནང་དང་ཕྱི་རུ་ལྟ། །ངེས་པ་སྐྱེས་ནས་གོ་རིམས་ཉིད། །བསོད་ནམས་ཚོགས་སོག་ལ་བརྩོན་བ། །འདི་ནི་དམ་པའི་ལམ་ཡིན་ནོ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ། །ཆུ་བོ་ལྟ་བུའི་ངོ་བོ་ཉིད། །དབང་པོ་ཡུལ་ཕྲང་བདེ་བའི ་མཆོག་།དྲན་པ་བརྟེན་པ་མཆོག་ཡིན་ནོ། །སྤྱོད་ལམ་བཞི་ལ་སྔོན་འགྲོ་བའོ། །དྲན་པ་དེ་བཞིན་ཉིད་དུ་བསྟེན། །སེམས་ཉིད་བླ་མ་དམ་པར་བཀུར། །དགག་པར་དོར་ཞིང་ཅི་བདེར་སྤྱད། །ཅེས་བྱ་བ་ནི་ཐུན་མོང་གི་ཚུལ་ལོ། །སེམས་ཉིད་མ་བཅོས་ཆོས་ཀྱི་སྐུ། ། ་སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་འོང་སེམས་ཅན་སྤྲུལ་པའི་བདག་།དམ་པ་དག་ལས་རྟོགས་པའོ། །འདི་དག་ནི་ཁྱད་པར་གྱི་ཚུལ་ལོ། །སེམས་ཉིད་རྣལ་མའི་ངང་གནས་ན། །སྤྱོད་པ་དྲུག་གིས་ཅི་བྱར་ཡོད། །བདེ་བ་ཆེན་པོའི་རོ་མྱོང་ནས། །དག ་དང་སྡིག་པའི་བྱེ་བྲག་མེད། །འདི་ནི་བླ་ན་མེད་པའི་ཚུལ་ལོ། །རྣལ་མ་རྟོགས་པ་རྫོགས་སངས་རྒྱས། །སྡིག་པའི་རྣམ་པར་སྨིན་མི་མྱོང། །དགེ་བས་བདེ་བའི་འབྲས་བུ་མིན། །རྨི་ལམ་བཞིན་ལྟ་ཅི་བདེར་སྤྱོད། །འདི་དག་ནི་དེ་ཁོ་ན་ཉིད ་ཀྱི་ཚུལ་ལོ། །ཀ་ནི་རྩོལ་སྒྲུབ་བྲལ་པ་སྟེ། །ལ་ནི་མ་བཅོས་དོན་གྱི་གཙོ། །ཀུ་ནི་རྣམ་རྟོག་མཛའ་དང་བྲལ། །མི་ཤེས་སྨྲར་མེད་མཉམ་ཉིད་ཏེ། །ཞེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་བཤད་པའོ། །དེ་བས་ན་སྨོས་སུ་མི་རུང་བ་སྟེ་རང ་བཞིན་རྣལ་མི་འདི་དག་ནམ་མཁའ་དང་མཉམ་པའི་ཕྱིར་དྲན་པའི་ཡིད་ཀྱི་འཛིན་པར་བྱེད་པ་ཡིན་ནོ། །ཡིན་པ་དེ་ཡང་རྟོག་པའི་ཟུག་རྔུ་ཡིན་ཏེ། ཡིད་དེ་དག་དང་དྲན་པ་རྟོག་པ་མ་ཡིན་པར་ཤུགས་ཀྱིས་བྱེད་པར་འགྱུར་ཏེ་འདི་ནི་དམ་པའི། །ད་ནི ་བསམ་གྱིས་མི་ཁྱབ་པའི་རང་བཞིན་བསྟན་པར་བྱ་སྟེ། རང་བཞིན་གྱིས་མཛེས་སྐྱེས་པའི་མཆོག་ཏུ་མཛེས། །ཁྱིམ་དང་ཁྱིམ་ན་དེ་ནི་བརྗོད་པ་སྟེ། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་སེམས་ཀྱི་སྤྲུལ་པར་མདའ་བསྣུན་སྨྲས། ། ་དེ་ནི་བསམ་མེད་རྟོགས་པ་མ་ཡིན་ནོ། །ཀྱེ་མ་རྣལ་འབྱོར་བསྒོམ་པ་རང་ལ་དྲིས། །སྙིང་པོ་རང་བཞིན་དག་པའི་རྟོགས་པ་ལ། །རང་བཞིན་གནས་པའི་སེམས་ཀྱིས་བལྟ་བར་རིགས། །ཞེས་བྱ་བའི་དོན་ནི་སེམས་ཀྱི་རང་བཞིན་བླ་མ་དམ་པའི ་གདམས་ངག་གིས་མཛེས་པར་བྱས་པའི་སེམས་རྣལ་མ་གཉིས་སུ་མེད་པ་སྐྱེས་པའི་བདེ་བ་དང་སྟོང་པ་དབྱེར་མེད་པ་ལས་མཆོག་ཏུ་གྱུར་པའི་དག་ཉིད་དྲན་པ་རྒྱུན་ཆགས་ཀྱིས་མཛེས་པར་བྱས་པའི་དོན་འདི་དག་ཐེག་པ་འོག་མ་རྣམས་ཀྱི་ཁྱིམ ་དང་ཚིག་དང་ཐ་སྙད་ཀྱི་ཁྱིམ་ན་དེ་ཉིད་བརྗོད་པ་སྟེ། ལོ་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཏུ་བཤད་ཟིན་ནས་ཀྱང་དམ་པ་རྣམས་ཀྱི་གདམས་ངག་ལ་རག་ལས་པའི་བདེ་བ་ཆེན་པོའི་གནས་ཡོངས་སུ་ཤེས་པ་མིན་ན། །འགྲོ་བ་ཀུན་གྱི་ཤེས་པ་ན་སྣང་བ ་ཐམས་ཅད་སེམས་ཀྱི་འཁྲུལ་པར་འདོད་པའམ། དེ་ལ་རྣམ་པ་གཞན་དུ་ཡོད་པར་འདོད་པ་སྟེ། དེ་དག་ནི་མ་ཡིན་པར་མདའ་བསྣུན་སྨྲས། དེ་དག་ཀྱང་ཅི་ཞེ་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད་བདེ་བ་ཆེན་པོ་གཉུག་མའི་རང་བཞིན་ཡིན ་པའི་ཕྱིར་དེ་ནི་བསམ་དུ་ཡང་མེད་དེ། རྟོགས་པ་ཡང་མ་ཡིན་ནོ། །ཀྱེ་མ་རྣལ་འབྱོར་པ་ཀུན་དེ་ཁོ་ན་ཉིད་ཀྱི་སྒོམ་པ་ནི་རང་ལ་དྲི་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རང་མ་ཡིན་པ་གཞན་མི་སྣང་བའི་ཕྱིར་རོ། །རང་དེ་དག་ཀྱང་ཅི་ཞེ་ན། ཡེ་ནས་རྣམ ་པར་དག་པའི་ཕྱིར་སྙིང་པོའོ། །དེ་ཡང་རང་བཞིན་གདོད་མ་ནས་དག་པའི་རྣལ་འབྱོར་པ་ལས་རྟོག་པའི་ཅིར་ཡང་སྣང་ངོ། །དེ་དག་ནི་སེམས་ཐ་མལ་གྱི་ཤེས་པ་རང་བཞིན་དུ་གནས་པའི་སེམས་ཀྱི་བལྟ་བའི་རིགས་སོ། །ད་ནི་དོན་དེ་ཉིད་ལ་གདམས ་པ་བསྟན་པར་བྱ་སྟེ། དེ་ནས་ཕྱི་ནང་མཉམ་པར་ཤེས་པ་དང། །ཤེས་བྱེད་དེ་འགོག་པར་ནི་བླ་མའི་ལུང། །མགོ་སྙིང་ལྟེ་གསང་རྐང་ལག་སྤངས་པ་སྟེ། །ངས་མཐོང་བསམ་པའི་ཡུལ་ནི་མཆོད་པར་བྱེད། །གཞན་དག་བསམ་པའི་ཡུལ་ནི་འགགས ་པར་འགྱུར། །གལ་ཏེ་སེམས་ལ་སེམས་ཀྱིས་མཚོན་དུ་འགྲོ་།རླུང་དང་ཡིད་ནི་མི་གཡོ་བརྟན་པར་འགྱུར་ཞེས་བྱ་བའི་དོན་ནི་རྣལ་འབྱོར་པ་དེ་དག་གིས་ཉམས་སུ་མྱོང་ནས་མཐོང་བའི་རྟགས་ནི་ཕྱི་དང་མཉམ་པར་ཤེས་ཤིང་ཡང་ཅི་ཡང་མི་ལན་པ་ཉིད་དུ་མཐོང ་བས་སེ་ཅི་ཡང་མ་ཡིན་པའོ། །དེ་ལྟར་ཤེས་པར་བྱེད་པ་དེ་ཤུགས་ཀྱིས་འགོག་པ་ལ་ནི་བླ་མ་དམ་པའི་ལུང་བསྟན་ཏེ་དེ་ཉིད་དོ། །དེ་ཉིད་མངོན་སུམ་དུ་རྟོགས་པས་ནི་དགེ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྦྱོར་བ་སྙིང་རྗེ་ཆེན་པོ་ཉིད་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་ཀྱི་དངོས་གཞི་དང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇུག་བསྔོ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང། དེ་དག་ཀྱང་དབང་རྣམ་པ་བཞི་གོ་རིམས་ཀྱི་ཚུལ་དུ་གནས་པར་བྱེད་དམ་ཚིག་སྲུང་བ་དང། དེ་བསྟེན་པར་བྱེད་པའི་བསོད ་ནམས་ཚོགས་ཡན་ལག་ཤུགས་ཀྱིས་སྤང་བ་སྟེ་དེ་དག་ལ་གནས་ཀྱང་དོན་མེད་པར་འགྱུར་རོ། །དོན་དང་ལྡན་པ་ནི་གང་ཞིག་ཡིན་ཅེ་ན། ང་མཐོང་ཞེས་པ་སྟེ་ཐ་མལ་གྱི་ངའོ། །དེ་དག་བསམ་པའི་ཡུལ་ནི་དོན་དམ་པའོ། ། ་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་རྫོགས་པར་བྱེད་པ་ནི་མཆོད་པར་བྱེད་པའི་ངེས་ཤེས་སོ། །དེ་དག་ནི་ཉམས་སུ་མྱོང་བ་དང་གཞན་དང་གཞན་དུ་བརྟགས་པའི་བདག་ཉིད་དག་བསམ་པའི་ཡུལ་རྟོག་པ་ཅན་དེ་དག་ནི་དང་གིས་འགགས་པར་འགྱུར་རོ། །གལ ་ཏེ་སློབ་པ་པོ་དག་གི་བློ་ལ་བརྗོད་པར་བྱ་བའི་ཕྱིར་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ་སྟེ། དེ་ཙམ་དུ་ཟད་པ་ཉིད་ཡིན་ཏེ། གཞན་ནི་སྐྱོན་དང་བཅས་པའོ། །མཚོན་པའི་དོན་ལ་རྟོགས་པ་ནི་ཡིན་ན་རླུང་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་འགགས ་པར་འགྱུར་ཏེ། མཚན་མ་ལ་མི་ཡོངས་ཤིང་མི་རྟོགས་པ་ལ་བརྟན་པ་ཁོ་ནར་འགྱུར་རོ། །ད་ནི་རྣལ་མའི་དོན་ཕྱིན་ཅི་མ་ལོག་པ་བསྟན་པར་བྱ་སྟེ། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ཉིད་དག་ལ། །དངོས་པོར ་རྟོགས་པའི་མཚན་ཉིད་ཐིམ་པར་འགྱུར། །དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང། །འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད། །རྟགས་གཅིག་ལ་ནི་ལུགས་རྣམས་མང་པོ་མཐོང། །འོངས་པ་མ་མཐོང་ཕྱིས་ཀྱང་དེ་མཐོང་མེད། །རང ་འདོད་པ་ཡིས་རང་རིག་གསལ་བར་སྨྲ། །རང་བཞིན་འཇིག་ཅིང་གཞན་དང་འགལ་བ་ཡིན། །མགོན་པོ་བདག་ཉིད་གཅིག་པུ་བཞིན་དང་ལྡན། །ཁྱིམ་དང་ཁྱིམ་ནས་གྲུབ་མཛའ་དེ་གྲུབ་པའི། །གཅིག་ཟོས་པས་ནི་གཞན་ཀུན་ཚིམ་པར ་འགྱུར། །ནང་གཞག་ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །བཙལ་ཀྱང་མ་མཐོང་ཕྱིས་ཀྱང་དེ་མེད་དེ། །འདུག་པར་གྱུར་ཀྱང་དེ་ཡིས་མ་ཤེས་སོ་ཞེས་བྱ་བའི་དོན་ནི་ཇི་ལྟར་ལན་ཚྭ་ཆུ་དག་གི་ནང་དུ་བཅུག་ན་དེ་ལ་ཐིམ་ཞིང་ལན་ཚྭའི་རོར་འགྱུར ་བ་ལྟར་སེམས་རང་བཞིན་ཉིད་ནས་དག་པའི་ཚུལ་དག་ལ་དངོས་པོར་རྟོགས་པའི་ཚུལ་དག་ལ་ལན་ཚྭ་དག་གཞག་ན་དངོས་པོ་ཐིམ་ཞིང་བདེ་བ་ཆེན་པོའི་རོར་འགྱུར་རོ། །དེའི་ཚེ་བདག་དང་གཞན་དུ་མཉམ་པར་མཐོང་སྟེ་ཐ་མི་དད་དོ། །དེ་དག་མ ་རྟོགས་པའི་རྩོལ་སྒྲུབ་དང་བཅས་པའི་དོན་དེ་ཉིད་ལ་འབད་དེ་བསམ་གཏན་བྱས་པས་འཆིང་བའི་ཕྱིར་ཅི་བྱར་ཡོད་དོ། །གཉུག་མའི་དོན་དེ་ཁོ་ན་ཉིད་ཀྱི་རྟགས་གཅིག་ལ་ནི་ཐ་དད་ཀྱི་རྟོག་པས་བརྟགས་པའི་ལུས་རྣམས་མང་པོར་མཐོང ་ངོ། །མཐོང་དུ་ཡོད་དམ་ཞེ་ན། བྱིས་པའི་ཚུལ་ཅན་ནམ་མཁའ་ལ་ཚད་བྱེད་པ་དང་འདྲ་བ་རྣམས་ཀྱིས་བརྟགས་པར་ཟད་ཀྱི་དོན་དེ་ཁོ་ན་ཉིད་ལ་འོངས་པར་ཡང་མ་མཐོང་ཕྱིས་ཀྱང་དེ་མཐོང་བ་མེད་དོ། །སེམས་ཙམ་དག་གི་འདོད་པ་ནི་རང་གི ་འདོད་པའི་ཤུགས་ཀྱིས་རང་རིག་རང་གསལ་བའི་ངོ་བོ་གྲུབ་པར་སྨྲས་ཏེ་དེ་ནི་མུ་སྟེགས་ཀྱི་བདག་དང་འདྲ། དེའི་ཕྱིར་རང་བཞིན་འཇིག་ཅིང་དབུ་མ་ལ་སོགས་པའི་གཞན་དང་ཡང་འགལ་བར་འགྱུར་བ་ཡིན་ནོ། །དགག་སྒྲུབ་དང་བྲལ ་བའི་དོན་ནི་ཆོས་ཀྱི་སྐུའི་མགོན་པོ་བདེ་བ་ཆེན་པོའི་བདག་ཉིད་ཐ་མལ་གྱི་ཤེས་པ་གཅིག་པུ་རང་བཞིན་གྱི་བཞིན་དང་ལྡན་ནོ། །དེ་དག་ཀྱང་བླ་མ་དམ་པའི་གདམས་ངག་གི་ཁྱིམ་དང་བདག་ཉིད་ཀྱིས་ཉམས་སུ་མྱོང་བའི་ཁྱིམ་ནས་གྲུབ་པའི་མཛའ་ ་འགག་སྒྲུབ་དང་བྲལ་བ་དེ་གྲུབ་པའོ། །དེ་ནི་མ་བཅོས་པའི་དོན་ཏེ། དེ་གཅིག་པུ་རྣལ་མ་ཉམས་སུ་མྱོང་བའི་ཚུལ་གྱིས་ཟོས་པ་ནི་གྲུབ་པའི་མཛའ་མ་ལུས་པ་གཞན་ཀུན་ཡང་ཚིམ་པར་འགྱུར་རོ། །དེ་ནི་རང་བྱུང་གི་ཡེ་ཤེས་ཏེ་ཁྱིམ་གྱི་བདག ་པོ་དེ་དག་བདག་ཉིད་ཀྱི་བློའི་གཏིང་གི་ནང་དུ་གཞག་སྟེ། ཕྱི་རོལ་ཏུ་སོང་ནས་ཐ་སྙད་ལ་རྣམ་པར་བརྟེན་པའི་མཐུས་ཁྱིམ་བདག་ཚོལ་ལོ། །བཙལ་བའི་དོན་དེ་དག་ཀྱང་རྙེད་པ་མ་ཡིན་ནོ། །ཅི་ཡང་མ་ཡིན་པའི་ཕྱིར་མ་མཐོང་ངོ། །ཕྱིས་ཀྱང་དེ་དག་ལ ་མཐོང་བ་མེད་དེ་རང་ཉིད་ལ་ངང་གིས་འདུག་པར་གྱུར་ཀྱང་རྣམ་པར་རྟོག་པའི་རྟོག་གེས་བསླད་པའི་ཕྱིར་དེ་ཡིས་མ་ཤེས་སོ། །དེ་བས་ན་རབ་ཏུ་མི་གནས་པའི་རྒྱུད་ལས། བླ་མའི་གདམས་ངག་ཁྱིམ་མཆོག་དམ་པ་དང། །ཉམས ་མྱོང་ཁྱིམ་ནས་དགག་སྒྲུབ་མེད་པར་རྟོགས། །མ་བཅོས་རྣལ་མའི་ཟས་ཤིག་ཟ་འགྱུར་བས། །གྲུབ་མཛའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །རྨོངས་པ་མ་རྟོགས་ཐ་སྙད་ཚིག་ལ་བརྟེན། །བཙལ་ཀྱང་མ་རྙེད་འདུག་ཀྱང་དེ་མ་ཤེས། །ད་ནི ་བདེ་སྟོང་དབྱེར་མེད་བསྟན་པར་བྱ། །རྦ་རླབས་མེད་པའི་དབང་ཕྱུག་ཆེན་པོ་མཆོག་།རྙོག་པ་མེད་པའི་བསམ་གཏན་ཅི་མ་གཞག་།ཆུ་དང་མར་མེ་རང་གསལ་གཅིག་བུ་ཞོག་།འགྲོ་དང་འོང་བ་རོ་གཅིག་མི་དོར་རོ། །སྔ་ན་མེད་པའི་སྒེག་མོ་དང་ཕྲད ་ན། །ཉལ་བའི་སེམས་ནི་གཞི་མེད་པ་ལ་བརྟེན། །རང་རིག་གཟུགས་དང་ཐ་དད་མེད་ལྟ་ཅིག་།འདི་ལྟར་སངས་རྒྱས་ལག་ཏུ་གཏོད་པ་ཡིན་ཞེས་བྱ་བའི་དོན་ནི་སེམས་ཉིད་གཉུག་མའི་ངོ་བོ་དེ་དག་ལ་སེམས་བཅོས་པའི་རྦ་དང་རྣམ་པར་རྟོག་པའི ་རླབས་དག་གིས་གནོད་པ་མེད་པའི་དོན་དེ་ཉིད་ནི་ས་བཅུའི་དབང་ཕྱུག་ཆེན་པོ་སྟེ་མཆོག་གོ་།དེ་བས་ན་དོན་དེ་ཉིད་ནི་རྙོག་པ་མེད་པ་སྟེ། ཁྱད་པར་གྱི་བསམ་གཏན་ཡིན་པའི་ཕྱིར་མཉམ་པའི་དོན་དེ་ལ་སེམས་ཅིའི་ཕྱིར་མི་བཞག་སྟེ་གཞག་གོ་།ཆུ ་མ་རྙོགས་པའི་རྣལ་མ་དངས་པ་དང་མར་མེ་མ་བསླང་པ་དང་གསལ་བ་བཞིན་དུ་སེམས་མ་བཅོས་པ་གཅིག་པུ་ཁོ་ན་ཉིད་དུ་ཞོག་ཅིག་།ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་དང་གྲུབ་པའི་མཛའ་དབུ་མ་ལ་སོགས་པ་ཐམས་ཅད་ཀྱི ་འོང་བ་ཐམས་ཅད་ཀྱང་འདི་ཉིད་དུ་རོ་གཅིག་པའི་ཕྱིར་མི་དོར་རོ། །དེ་དག་ཆེད་དུ་སྒྲུབ་པ་ཡང་མེད་དེ། སྲི་པཱ་པཾ་ལི་བྲི་ཞེས་བྱའོ། །དེ་དག་གི་དོན་ནི་བླ་མ་དམ་པ་ལས་སྔ་ན་མེད་པའི་དོན་རྟོགས་ཏེ། ཆོས་ཐམས་ཅད་བདེ་བ་ཆེན་པོ་རོར་བགེགས་པའི ་ཚུལ་དང། ཤེས་རབ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་ངོ་བོ་དེ་དག་དང་ཕྲད་ནས་མཐར་ཕྱིན་པ་དག་གོ་།དེ་དག་གི་དོན་ཡང་སྔ་ན་མེད་པ་ཡིན་ནམ་ཞེན། མ་ཡིན་ཏེ། པཾ་ལི་པྲཾ་པ་པྲི་ཞེས་བྱ་སྟེ། ཆོས་སྐུ་གཉུག་མའི་ངོ་བོ་དག་།བདག་ཉིད་ལ་ནི་ཡོད་པ་སྟེ། །དགག ་སྒྲུབ་མེད་པ་སྒེག་པ་ལ། །དུས་གསུམ་སངས་རྒྱས་འབྱུང་བའི་མོ། །ཞེས་བྱ་བའི་དོན་ནི་དེ་དག་ཀྱང་པྲཾ་ལི་པྲཾ་པྲི་བ་ཞེས་བྱ་སྟེ། །ཉམས་མྱོང་བདེ་བ་ཆེན་པོའི་རུ། །ཉམས་སུ་མྱོང་བར་ཤིན་ཏུ་བདེ། །བདག་གིས་སྨྲ་བར་མ་ནུས་ཀྱིས། །འདི་ལ་སྨྲས་ན་སྐྱོན་དུ ་འགྱུར་ཞེས་བྱུང་བ་དང། དེ་ཉིད་ཀྱི་ཕྱིར་པཱ་བཾ་ལི་པྲཾ་པྲི་ཞེས་བྱ་སྟེ། དེ་དག་གི་དོན་ནི་ཆོས་སུ་བདེ་ཆེན་སྨྲ་རུ་མེད། །ཟབ་ཅིང་ཚད་དང་རྒྱ་ཚད་མེད། །དེ་ཉིད་ངོ་བོ་ཤེས་མི་ནུས། །རྟོགས་པར་གྱུར་པ་མ་ཡིན་ནོ། །ཉམས་མྱོང་བདེ་བ་ཆེན་པོའི་རོ། །ཤེས ་རབ་ཆེན་པོའི་རང་བཞིན་ཡིན། །ཞེས་འབྱུང་བའི་ཕྱིར་དང། དེ་ཉིད་གསལ་བར་བྱ་བའི་ཕྱིར། པཱ་པྲཾ་ལ་པཾ་པྲཾ་ལམ་ཞེས་པ་སྟེ་དེ་དག་གི་དོན་ནི་བདེ་སྟོང་དབྱེར་མེད་མཉམ་པ་ཉིད། མཉམ་པ་ཕྱོགས་ཆ་ཆ་དང་བྲལ། །ནམ་མཁའ་ཨི་ངོ་བོ་ཉིད་མཚུངས་ཕྱིར ་བརྗོད་པ་ཐ་སྙད་མཛའ་ལས་འདས། །ཞེས་འབྱུང་བའི་ཕྱིར་སྔ་ན་མེད་པ་དང་ཡོད་པ་དང་སྔ་ན་སྨྲར་མེད་པ་དང་མི་ཤེས་པ་དང་མཉམ་པ་ཉིད་ཀྱི་སྒེག་མོ་སྟེ། འདི་དག་ནི་ཞི་བཞིན་པའི་ཤེས་པ་འབའ་ཞིག་ལ་བརྗོད་པའོ། །དེ་ཡང་ཤེས་པ་བག་ཡངས ་ཀྱི་སྤྱོད་པ་རྣལ་མས་འགྲུབ་པའི་ཕྱིར་ཉལ་བའི་སེམས་ནི་གཞི་མེད་པ་ལ་བརྟེན་ཞེས་པའོ། །དེ་བས་ན་སེམས་རང་རིག་པའི་ཡེ་ཤེས་དང་སྣང་བ་ཡུལ་གྱི་གཟུགས་དང་དེ་སྒྲུབ་པར་བྱེད་པའི་ཚད་མ་དང། དེས་བརྟགས་པའི་དོན་རྣམས་སུ་ཐ་དད་པའི ་རྟོགས་པར་མ་ལྟ་ཞིག་།འདི་ལྟར་རྟོགས་པ་དེ་ནི་ཆོས་ཀྱི་སྐུ་སངས་རྒྱས་ལག་ཏུ་གཏོད་པ་ཡིན་ནོ། །ད་ནི་དྲན་པ་རྒྱུན་ཆགས་ཀྱི་བདག་ཉིད་བསྟན་པར་བྱ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། །གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ། །དེ་ཚེ ་ཐམས་ཅད་མཁྱེན་པ་ཐོབ་པ་སྟེ། །དབྱེར་མེད་དཔལ་གཞག་པ་ཐོབ་མེད་ཀྱང། །བརྡ་རུ་མཚོན་ནས་གཞག་དང་ཐོབ་པར་སྨྲས། །སྨྲས་པའི་ཚིག་ཏུ་ཞོག་ལ་དེ་དོན་བསྒོམས། །བསྒོམ་པར་བྱ་བ་རྡུལ་ཙམ་མེད་པ་སྟེ། །མེད་པའི་དང ་ལ་གཞག་ཏུ་མེད་པའི་ངང། །དེ་ལ་གནས་ན་རྣལ་འབྱོར་སྙིང་པོའི་ལམ། །སྙིང་པོ་མེད་དུ་བརྗོད་པ་མ་ཡིན་གྱི། །དངོས་དང་སེམས་སུ་ཤེས་ཤིང་ཤེས་པ་མེད། །མེད་པའི་རྡོ་རྗེ་དེ་ལ་འཇུག་པར་བྱ། །ཞེས་བྱ་བའི་དོན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང ་བཞིན་ནི་གང་གི་ཚེ་དོན་རྣལ་མ་ཉམས་སུ་མྱོང་བའི་ཚེ་ཆོས་ཀྱི་སྐུ་མཛེས་པའོ། །གང་གི་ཚེ་རྣལ་འབྱོར་པ་དག་གི་ལུས་དང་ངག་དང་ཡིད་དབྱེར་མེད་ཅིང་མཉམ་པ་ཉིད་ཀྱི་དང་ལ་གནས་པ་དེའི་ཚེ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པ་སྟེ། །དེ་ནི་བདེ་བ ་དང་སྟོང་པ་དབྱེར་མེད་པའི་དང་ལ་གནས་པའོ། །དེ་ལྟར་རྟོགས་པའི་དོན་ལ་མཉམ་པར་གཞག་པ་དང་རྗེས་ལ་ཐོབ་པ་མེད་དོ། །དེ་ལྟར་མེད་ཀྱང་མ་རྟོགས་པའི་སློབ་པ་པོའི་བློ་ལ་བརྡའ་རུ་མཚོན་ནས་མཉམ་པར་བཞག་པ་དང་རྗེས་ལས་ཐོབ་པར་སྨྲས་སོ།། ་བརྗོད་བྱ་དེ་ཚིག་ཙམ་དུ་ཤུགས་ཀྱིས་ཞོག་ལ་དེའི་དོན་བརྗོད་བྱ་དང་བྲལ་བ་སྒོམས་ཤིག་པའོ། །བསྒོམ་དུ་ཡོད་དམ་ཞེ་ན་བསྒོམ་པར་བྱ་བ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་པ་སྟེ། དེ་དག་གི་ངང་ལ་ནི་གཞག་ཏུ་མེད་པའོ། །གཞག་ཏུ་མེད་པའི་དང?་ལ་གཞག ་ན་མཆོག་གོ་།དོན་དེ་དང་གནས་ན་རྣལ་འབྱོར་པ་སྙིང་པོའི་ལམ་མོ། །སྙིང་པོའི་ལམ་ལ་བརྟགས་ཤིང་གནས་པའོ། །སྙིང་པོ་ཞེས་བྱ་བའི་ངོ་བོ་ཉིད་ཀྱང་གཞན་དུ་བརྗོད་དུ་ཡོད་པ་མ་ཡིན་གྱི་དངོས་པོར་སྣང་བ་ཐམས་ཅད་སེམས་སུ་ཤེས་ཤིང་ཤེས་པ ་མེད་པའོ། །མེད་པའི་དོན་དེ་ནི་ཡེ་ཤེས་རྣམ་པ་ལྔ་སྟེ། དེ་ཉིད་ཀྱང་ཐ་མལ་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ་དེ་ལ་རའཇུག་པར་བྱའོ། །ད་ནི་གཉིས་སུ་མེད་པའི་མཚན་ཉིད་བསྟན་པར་བྱ་སྟེ། །དེ་ཕྱིར་སྙིང་པོ་བརྟགས་དཀའ་དང་བྲལ། །ཁྱིམ་བདག་དང་ནི ་ཁྱིམ་བདག་མོ་ལོངས་སྤྱོད། །ཡུལ་ནི་གང་མཐོང་དང?་བཤད་པར་བྱའོ་ཞེས་བྱ་བའི་དོན་ནི་ཆོས་ཉིད་མ་བཅོས་པ་རྣལ་མའི་དེ་ཁོ་ན་ཉིད་ལ་ཚད་གཟུང་བར་མི་ནུས་པའི་ཕྱིར་སྙིང་པོ་དེ་བརྟག་དཀའ་ཨོ། །བསྐལ་བ་དང་ལྡན་པའི་གང་ཟག་གིས་ཐ་མལ་གྱི་ཤེས་པས ་ཉམས་སུ་མྱོང་བ་ཉིད་ཡིན་པའི་ཕྱིར་དཀའ་བ་དང་བྲལ་བའོ། །དེ་ཉིད་ཀྱི་དུས་ན་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱིམ་བདག་དང་ཆོས་ཉིད་མ་བཅོས་པ་རྣལ་མའི་ཁྱིམ་བདག་མོ་གཉིས་ལོངས་སྤྱོད་དེ་དེ་ཡང་འདོད་པའི་ཡོན་ཏན་མི་འགོགས་ཤིང་རང་དགའ་ཨི ་ཚུལ་དུའོ། །ཡུལ་གང་མཐོང་བ་དེ་ཆོས་སྐུའི་ངོ་བོར་བཤད་པར་བྱའོ། །ད་ནི་ངོ་མཚར་གྱི་གླུ་བསྟན་པར་བྱ་སྟེ། ང་ཡི་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཤ་ཐང་ཆད། །མེ་བྱུང་བ་ནི་སྤྲ་བ་སྟེ། །མེ་ནི་སྤྲ་བ་ཉིད་ལ་འབར། །ཞེས་བྱ་བའི་དོན་ནི་སེམས་ཉིད་ཀྱི ་དོན་གྱི་གླུར་བླངས་པ་ན་ང་ཡིས་ཞེས་པ་ནི་སེམས་ཉིད་དོ། །རྩེད་མོ་བྱས་པ་ལ་ཞེས་བྱ་བ་ནི་ཉི་མའི་ཟེར་བཞིན་དུ་སྣང་བའི་སྣང་སྲིད་ཀྱི་ཚོགས་ཀུན་ལ་བྱའོ། །ནུས་པ་རྣམས་ཤེས་བྱ་བ་ནི་བདེ་བ་ཆེན་པོའི་རོ་མ་མྱངས་པ་རྣམས་སོ། །ཤ་ཐང་ཆད་ཅེས་བྱ་བ་ནི ་དགག་སྒྲུབ་དང་བྲལ་བའི་དོན་གྱིས་བསླུས་པའོ། །དེ་དག་ཀྱང་ཇི་ལྟར་སྤྱང་བར་བྱ་ཞེ་ན། དཔེས་མཚོན་པར་བྱ་སྟེ། མེ་འབྱུང་བའི་རྒྱུ་ནི་སྤྲ་བ་སྟེ་བྱུང་བའི་མེ་དེ་ཉིད་ཀྱིས་ནི་སྤྲ་བ་ཉིད་ལ་འབར་ཞིང་བསྲེག་གོ་།དེ་བཞིན་དུ་སེམས་ལ་སྣང་བའི་ཆོས་དེ་དག་བྱུང་སྟེ། ་འབྱུང་བའི་སེམས་ཉིད་དེ་དག་སྣང་བ་ལ་རབ་ཏུ་ཐིམ་མོ། །ད་ནི་དངོས་པོ་རང་གི་མཚན་ཉིད་ལ་གདམས་པ་བསྟན་པར་བྱ་སྟེ། ཀྱེ་མ་ཧོ་གཞན་ཡིད་མ་ཡིན་གཞན་མ་ཡིན། །རྣལ་འབྱོར་སྤྱོད་པ་སྐྱེ་དང་བྲལ་བ་སྟེ། །བདག་པོ་བཟང་ཞིང་རང་བཞིན་མཛེས་ཆགས་པ། ། ་ཡུས་ཀྱིས་གང་བའི་སེམས་དེ་རྣལ་མ་ཉིད། །ཆགས་དང་ཆགས་བྲལ་མེད་པས་གཉུག་མར་བཞུགས། །སེམས་ཉམས་པས་ན་རྣལ་འབྱོར་ངས་མ་མཐོང། །ཟ་ཞིང་འཐུང་ལ་བསམ་པ་གང་ཡང་མེད། །གྲོགས་མོ་དེ་ནི་སེམས་པ་གང་གནས་པ། །ཕྱི་རོལ་པར་སེམས་སྡུག ་བསྔལ་དག་གིས་འཛིན། །སྒྱུ་མའི་རྣམ་པ་དང་ནི་དཔེ་དང་བྲལ། །བྱ་བ་འདི་ཙམ་ཞིག་ཏུ་མ་སེམས་ཀྱེ། །བརྩོལ་བ་གང་ལ་དབྱེར་མེད་པ་ཡི་ཀློང། །ཀློང་ནི་སྒོ་གསུམ་གང་དཱུང་དྲི་མ་མེད། །ཟླ་བ་ཆུ་འཛག་ནོར་བུ་རང་བང་མིན། ། ་ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བ། །སེམས་ཉིད་དེ་ནི་གྲུབ་པའི་རྣལ་འབྱོར་པ། །ལྷན་ཅིག་སྐྱེས་པའི་སྡོམ་པ་ཤེས་པར་བྱ། །ཡི་གེ་པ་ཡིས་འགྲོ་བ་མ་ལུས་ཁྱབ། །ཀུན་ལ་ཡི་གེ་མེད་པ་གཅིག་ཀྱང་མེད། །ཇི་སྲིད་ཡི་གེ་མེད་པར་གྱུར་པ་ན། ། ་དེ་སྲིད་ཡི་གེ་དམ་པ་རབ་ཏུ་ཤེས། །ཡི་གེ་དག་པར་ཤེས་པས་སྣག་ཚ་ཡལ། །གཙོལ་མེད་རིག་བྱེད་འདོན་པ་དོན་དེ་ཉམས། །དང་པོ་སེམས་དང་ཅིག་ཤོས་མི་ཤེས་ན། །གང་ནས་ཤར་བ་གང་དུ་ནུབ་པར་བྱེད། །ཇི་ལྟར་ཕྱི་རོལ་དེ་ལྟར་རབ་ཤེས ་ན། །བཅུ་བཞི་པ་ཡིས་ས་ལ་རྒྱུན་ཏུ་གནས་ཞེས་བྱ་བའི་དོན་ནི་འཁོར་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་ཚིག་པོས་ཏེ། དེ་ཁོ་ན་ཉིད་ནི་གཞན་གྱི་ཡིད་མ་ཡིན་ཏེ། གཞན་གྱི་ཡིད་མ་ཡིན་ན་མཚུངས་པས་ཐ་དད་པར་ཡང་མི་འགྱུར ་ཏེ། གཞན་ཡིན་ན་ཐོབ་པར་ཡང་མི་འགྱུར་རོ། །དོན་རྣལ་མ་དེ་ཉིད་ནི་ཐོག་མ་ཉིད་ནས་འབྱོར་པ་སྟེ། འདི་ཉིད་ཀྱི་སྤྱོད་པ་ནི་རྣམ་པར་དག་པའི་དེ་ཁོ་ན་ཉིད་དོ། །འདི་དག་སྐྱེ་བ་དང་བྲལ་བ་སྟེ་འགགས་པ་དེ་བཞིན་ནོ། །དོན་དེའི་བདག་པོ་ནི་མ་བཅོས ་པ་སྟེ་བཟང་པོ་ཡིན་ཞིང་ཆོས་ཀྱི་སྐུ་རང་བཞིན་དང་ལྡན་ནོ། །དེ་དག་ཀྱང་བསོད་ནམས་ཀྱི་ཚོགས་ཀྱིས་མཛེས་པར་བྱ་ཞིང་སྙིང་རྗེ་ཆེན་པོ་ཆགས་པ་ལ་གནས་པར་བྱའོ། །ཐ་དད་ཀྱི་རྣམ་པར་རྟོག་པས་བརྟགས་པའི་སེམས་ནི་ལུས་ཀྱིས་གང་བ ་སྟེ། སེམས་དེ་དག་གདུངས་ཤིང་སྡུག་བསྔལ་བའི་ཕྱིར་རོ། །སྡུག་བསྔལ་ཐམས་ཅད་སྐད་ཅིག་གིས་གཅོད་པར་བྱེད་པ་ནི་རྣལ་མ་ཉིད་དོ། །དེ་དག་གི་ངོ་བོ་ཉིད་ནི་ཆགས་པ་དང་བཅས་པ་དང་ཆགས་པ་དང་བྲལ་བ་གཉིས་སུ་མེད་པས་དེ་ཁོ་ན་ཉིད་ཀྱི ་དོན་གཉུག་མར་བཞུགས་ཤིག་པའི་ཐ་ཚིག་གོ་།གང་གི་སེམས་ཉམས་པས་ན་ཆོས་ཀྱི་སྐུའི་མཐུ་ཟད་པར་བྱས་པ་སྟེ། དེ་དག་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་མ་མཐོང་ངོ། །དེ་ཡང་བསམ་གཏན་ལ་རབ་ཏུ་གཞོལ་བའི་རྒྱུད་ལས་སེམས་ཉམས ་པས་ནི་འབྲས་བུ་ཐམས་ཅད་ཉམས། ཉམས་པ་མེད་དེ་ཆོས་སྐུ་ཟད་པར་བྱས། །སྐད་ཅིག་གཅིག་ལ་ནུས་པའི་མཐུ་ཕྲོགས་ཏེ། །དབྱེར་མེད་བསམ་གཏན་འབྱུང་བ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དེ་བས་ན་སེམས་ཉམས་པར་མི་བྱའོ། །ལས་ཀྱི ་ཕྱག་རྒྱ་ཙམ་གྱིས་ཆོག་པར་བྱེད་པར་ནི་ཟ་ཞིང་སྟེ། དེའི་བདེ་བ་ལ་ཞེན་པའི་ཤེས་པར་འཐུང་ལ་ལྷག་པར་ཞེན་པ་ནི་འཁོར་བའི་བདེ་བ་སྐྱེད་པར་བྱེད་པ་སྟེ། མྱ་ངན་ལས་འདས་པའི་བསམ་པ་གང་སྐད་ཅིག་ཀྱང་མེད་དོ། །གྲོགས་མོ་ཞེས་བྱ་བ་ནི ་རང་བཞིན་བདག་མེད་མའོ། །དེ་དང་བྲལ་བའི་ཤེས་པ་འདི་དང་འདི་ན་རྟོག་ཅིང་ཤེས་པ་གང་གནས་པ་དེ་ནི་ཕྱི་རོལ་མུ་སྟེགས་པ་དང་ཁྱད་མེད་དེ། །དེ་ཁོ་ན་ཉིད་ཀྱི་སེམས་སྡུག་བསྔལ་དག་གིས་འཛིན་པར་ངེས་པའོ། །འདི་དག་ནི་སྒྱུ་མ་ཙམ་དུ་ཡང ་མཚོན་པར་མི་བྱའོ། །རྣལ་མ་ཉིད་དང་དེ་ཉིད་ཀྱི་ངོ་བོར་གདམས་པར་མི་བྱའོ། །དཔེས་མཚོན་པར་ཡང་མི་བྱའོ། །དེ་དང་བྲལ་བར་ཡང་མི་བརྟག་གོ་།དེ་ཡང་བྱ་བ་བཏང་བ་སྟེ་བྱ་བ་འདི་ཡིན་ནོ་ཞེས་ཚིག་ཙམ་དུ་ཡང་མ་སེམས་ཀྱེ་ཞེས་གདམས ་སོ། །དེ་དག་ནི་རྩོལ་བས་བཙལ་ཏེ་ཟག་པ་མེད་པའི་བདེ་བས་གང་ཟག་པ་དང་བཅས་པའི་བདེ་བ་དང་སྟོང་པ་དབྱེར་མེད་པའི་ཀློང་ངོ། །འདི་དག་ནི་ལུས་དང་ངག་དང་ཡིད་གསུམ་གྱི་བརྟགས་པ་དང་བྲལ་བ་སྟེ་དྲི་མ་མེད་པའོ། །དེ་དག་ཀྱང་རྩ་དང་རླུང ་དང་ཐིག་ལེས་ཉམས་སུ་མྱོང་བར་བྱས་པ་ནི་མ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་འདི་ཉིད་ཀྱི་ངང་ཡིན་ཏེ་དྲི་མ་མེད་དོ། །ཐ་མལ་གྱི་ཤེས་པ་ཉིད་ཀྱི་ཕྱིར་འདོད་ཆགས་ཆེན་པོ་དང་མ་བཅོས་པའི་དོན་ཞེ་སྡང་གི་བདག་ཉིད་དང། ཆོས་ཐམས་ཅད་མི་ཤེས ་པའི་གཏི་མུག་ཆེན་པོ་སྟེ་འདི་དག་གི་ངོ་བོ་ཉིད་ཡིན་ཏེ་དྲི་མ་མེད་དོ། །དེ་དག་ཉམས་སུ་མྱོང་བར་བྱ་བ་ནི་དང་པོ་ཤེས་པ་རྩོལ་སྒྲུབ་དང་བྲལ་བར་བྱ་བ་དང། དེ་ནས་མ་བཅོས་པའི་བདག་ཉིད་ཡོངས་སུ་ཤེས་པར་བྱ་བ་དང། ཐ ་མར་ཉམས་དང་རྟོགས་པ་དང་བྲལ་བ་སྟེ། འདི་དག་ཐམས་ཅད་ནི་གཉུག་མའི་ངོ་བོ་ལ་བརྗོད་པ་ཡིན་པའི་ཕྱིར་འཇུག་པའི་སྒོ་ཙམ་དུ་ཟད་ཀྱི་གང་དུ་ཡང་དྲི་མ་མེད་དོ། །དེ་དག་རྟོགས་པ་ལས་སྒྲིབ་པ་རྣམ་པ་གཉིས་སྐད་ཅིག་མི་གཅིག་པ་གཅོད་པར ་འགྱུར་ཏེ། དཔེར་ན་ཟླ་བའི་རྒྱ་མཚོ་དག་གི་ནང་ན་ཆུའི་ནོར་བུ་གནས་པ་དེ་དག་ལ་ཟླ་བའི་འོད་ཀྱི་ཕོག་པའི་དུས་སུ་ཆུ་འབྱུང་སྟེ་རང་དབང་ཡོད་པ་ནི་མ་ཡིན་ནོ། །དཔེར་ན་རྒྱལ་པོ་དག་གི་སྟན་ལ་ཐབས་ཀྱིས་དེ་དག་གི་སྟེང་དུ་ཕྱིན་ན་རྒྱལ་པོའི་སྲིད ་ཀུན་ལ་དབང་སྒྱུར་བ་བཞིན་དུ་སེམས་དེ་ཁོ་ན་ཉིད་དེ་ནི་བླ་མའི་གདམས་ངག་གིས་གྲུབ་པར་བྱས་པའི་རྣལ་འབྱོར་པ་དག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྡོམ་པ་ཅི་ཡང་མ་ཡིན་པར་ཤེས་པར་བྱས་ནས་སྐུ་གསུམ་གྱི་འཁོར་ལོ་ཐམས་ཅད་ལ ་དབང་སྒྱུར་བར་འགྱུར་རོ། །དེ་དག་རྟོགས་པར་འགྱུར་བ་ཡིན་ནམ་ཞེ་ན། པ་ཏ་ར་ཏེ་ཡི་གེའོ། །དེ་དག་གི་དོན་ནི་ནུས་པ་དང་ལྡན་པའི་ཐ་ཚིག་གོ་།དེ་དག་ནི་ཆགས་པ་དང་བྲལ་ཞིང་མ་འདྲེས་པའི་དོན་རྣམ་པར་དག་པའི་ཕྱིར་དེ་དག་གིས ་འགྲོ་བ་མ་ལུས་པ་ཐམས་ཅད་ལ་ཁྱབ་བོ། །དེ་བས་ན་སྣང་གྲགས་ཀྱི་ཆོས་ཀུན་ལ་ཡི་གེ་མེད་པ་གཅིག་ཀྱང་མེད་དོ། །ཡི་གེ་དེ་ཉིད་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། ཇི་སྲིད་དུ་ཡི་གེ་ཡོད་པར་གྱུར་པ་དེ་ཉིད་དུ་གནས་པ་ཇི་སྲིད་ཡི་གེ་མེད་པར་གྱུར་ཏེ། ་མེད་པ་ནི་ཡོད་པ་ཡིན་པའི་ཕྱིར་དེ་སྲིད་ཡི་གེ་དམ་པར་རབ་ཏུ་ཤེས་སོ། །དེའི་བརྡའ་ཐ་སྙད་དང་བལ་བ་ལ་ནི་ཡི་གེ་དག་པར་ཤེས་པ་སྟེ་ཉམས་སུ་མྱོང་དུ་མེད་པའི་ཕྱིར་སྣག་ཚ་ཡལ་ལོ། །གཞན་དག་ནི་གཅོལ་མེད་པའི་ཕྱིར་མུ་སྟེགས་ཀྱི་རིག ་བྱེད་དང་མཚུངས་ཏེ། འགྲོ་བ་འདོན་པར་འདོད་པ་དེས་རང་ཉིད་ཀྱི་དོན་དེ་ཉིད་ཀྱང་ཉམས་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དམ་པ་ཐ་མལ་གྱི་ཤེས་པ་འདི་དག་སོམས་དང། ཅིག་ཤོས་བདེ་བ་ཆེན་པོའི་རང་བཞིན་དེ་ཁོ ་ན་ཉིད་མི་ཤེས་ན་སྣང་བའི་ཆོས་འདི་དག་ཐམས་ཅད་གང་ནས་ཤར་བ་ཡིན་ལ་གང་དུ་ནུབ་པར་བྱེད་དོ། །དེ་བས་ན་ཇི་ལྟར་ཕྱི་རོལ་གྱི་སྣང་གྲགས་ཀྱི་ཆོས་དེ་དག་ཐམས་ཅད་སེམས་ཉིད་གཉུག་མའི་ངོ་བོ་དེ་ལྟར་རབ་ཏུ་ཤེས་ནས་ཕུང་པོ་ལྔ་ལ་རིགས ་ལྔའི་རྒྱ་དང། དེ་ལ་མི་བསྐྱོད་པའི་རྒྱ་དང། དེ་ལ་རྡོ་རྗེ་འཛིན་པའི་རྒྱ་དང། དེ་ལ་བདེ་བ་ཆེན་པོའི་རྒྱ་དང། ཅི་ཡང་མ་ཡིན་པར་རྟོགས་པ་སྟེ་བཅུ་བཞི་པའི་ས་ལ་རྒྱུན་ཏུ་གནས་སོ། །དེ་ནི་བདག་ཉིད་རྣམ་པར་དག་པ་བསྟན་པར་བྱ་སྟེ། ལུས་མེད་ལུས ་ལ་སྦར་མེད་སྤས་པ་སྟེ། གང་གིས་ཤེས་པ་དེ་གྲོལ་གྲོལ་བར་འགྱུར། །ང་ཡིས་གྲུབ་པའི་ཡི་གེ་ནག་པོ་སྟོན། །ཁུ་བ་འཐུངས་པས་ངན་བརྗོད་པར་འགྱུར། །གང་གིས་བལྟར་མེད་ཡི་གེ་གཅིག་ཤེས་ན། །དེ་ཡིས་མིང་གི་བདག་གིས་མི་ཤེས་སོ། །ཞེས ་བྱ་བའི་དོན་ནི་གཉུག་མའི་དེ་ཁོ་ན་ཉིད་ལ་སྣང་བ་འགྲུབ་པ་མེད་པས་ལུས་མེད་དོ། །སེམས་ཉིད་དུ་གྲུབ་པ་མེད་པས་ལུས་ལ་སྦར་མེད་དོ། །དེ་ཡང་དམ་པའི་གདམས་ངག་ལ་རག་ལས་པས་སྦས་པ་སྟེ། སྐལ་བ་དང་ལྡན་པ་དག་གིས་བླ་མའི་ཞལ ་གྱི་བདུད་རྩི་འཐུངས་ཏེ། གཉུག་མའི་དེ་ཁོ་ན་ཉིད་ཤེས་ན་བདག་ཉིད་གྲོལ་ཞིང་གཞན་གྲོལ་བར་འགྱུར་རོ། །གང་གི་ཚེ་བདག་ཏུ་གནས་པ་དེ་ནི་ཆོས་སྐུ་སྟེ། ངའི་ཐ་མལ་གྱི་ཤེས་པ་གྲུབ་པའི་ཡི་གེ་མི་འགྱུར་བའི་ཕྱིར་ནག་པ་སྟེ། དེ་དག་ཁྱད་པར ་དུ་འགྱུར་བའི་གང་ཟག་ལ་སྟོན་པའི་ཕྱིར་ཁུ་བའོ། །དེ་དག་ནི་ཅི་ཡང་མ་ཡིན་པའི་ཚུལ་དུ་འཐུངས་པས་ང་བདག་ནི་བརྗེད་པར་འགྱུར་རོ། །ཡི་གེ་ནག་པོ་དེ་ཉིད་ཀྱང་སངས་རྒྱས་ལ་སོགས་པ་གང་གིས་ཀྱང་བལྟར་མེད་དོ། རང་བཞིན་གྱི་ཁ་དོག་ཅན ་གྱི་ཡི་གེ་གཅིག་ཤེས་ན་དེའི་མིང་ནི་བདག་གིས་མི་ཤེས་པས་དངོས་པོར་གྲུབ་པ་ལྟ་ག་ལ་ཡོད་དེ་མེད་དོ་ཞེས་རྗེ་བཙུན་པ་དག་གིས་གསུངས་སོ། །ད་ནི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་བསྟན་པར་བྱ་སྟེ། ནགས་ཁྲོད ་གསུམ་ན་ཡི་གེ་ནག་པོ་གཅིག་།ཡི་གེ་གསུམ་གྱི་དབུས་ནས་བལྟ་བར་བྱ། །གང་ཞིག་གསུམ་ལ་བབ་པའི་ངོ་བོ་ནི། །གདོལ་བའི་རིག་བྱེད་བཞི་ཡང་དེ་ཡིན་ནོ། །ཞེས་བྱ་བའི་དོན་ནི། །ནགས་ཤེས་བྱ་བའི་དོན་ནི་ཤའོ། །ཁྲོད་ནི་རུས་པའི ་ཚིག་མ་ལུས་པའོ། །གསུམ་ན་ཞེས་བྱ་བ་ནི་རྩ་རླུང་ཐིག་ལེའོ། །ཡི་གེ་ནི་བདེ་སྟོང་དབྱེར་མེད་དོ། །ནག་པོ་ནི་མི་འགྱུར་བའི་དོན་ཏོ། །གཅིག་ཅེས་བྱ་བ་ནི་སངས་རྒྱས་ཉག་གཅིག་གོ་།དེ་དག་ལ་ཡི་གེ་གསུམ་དུ་གནས་ཏེ། འདོད་པའི་ཁམས ་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་སོ། །དེ་དག་ཀྱང་སྣ་ཚོགས་གསུམ་དུ་བརྗོད་དེ། ལུས་དང་ངག་དང་ཡིད་གསུམ་མོ། །དེ་དག་ཀྱང་གཏི་མུག་ཆེན་པོ་དང་སེམས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དབུས་སོ། །དེ་ཡང་ཐ་མལ ་གྱི་ཤེས་པར་གཞག་ནས་མཉམ་པ་དང་མི་ཤེས་པ་དང་བལྟར་མེད་པའི་ངོ་བོ་གསུམ་དུ་བལྟ་བར་བྱའོ། །སྐལ་བ་དང་ལྡན་པ་གང་ཞིག་གིས་ཡི་གེ་གསུམ་ལ་གནས་པའི་རང་བཞིན་དེ་དག་ལ་བབ་པ་ན་དེའི་ངོ་བོ་ནི་ཀྱི་ཧ་ར་ཏའོ། །དེ་དག་གི ་དོན་ནི་ཐམས་ཅད་དང་ལྡན་ཞིང་ཁམས་ལེན་པ་སྟེ། དེ་དག་གི་གདོལ་པའི་རིག་བྱེད་དུར་ཁྲོད་ཀྱི་བལྟས་དང་རོའི་མཚན་ཉིད་དང་འདེགས་པའི་གོ་རིམས་དང། འདེགས་པའི་དུས་བཞི་ཡང་དེ་ཉིད་ཡིན་ཏེ། གཞན་དག་ལ་ལྟ་སྤྲོས་ཅི་དགོས ་སོ། །ད་ནི་བདེ་བ་ལས་བྱུང་བའི་ལམ་བསྟན་པར་བྱ་སྟེ། ཀུན་ཏུ་རུ་སྐབས་བདེ་ཆེན་གྲུབ་པ་ནི། །ཇི་ལྟར་སྐོམས་པས་སྨིག་རྒྱུ་སྙེགས་པ་བཞིན། །སྐོམ་ནས་འཆི་སྟེ་ནམ་མཁའ་ཨི་ཆུ་རྙེད་དག་།རྡོ་རྗེ་པདྨ་གཉིས་ཀྱི་དབུས་གནས་པ། །བདེ་བ་གང་གིས་རྣམ་པར ་བསྐྱེད་པ་ནི། །ཅི་སྟེ་དེ་བསྟན་ནུས་པ་མེད་པས་ན། །ས་གསུམ་གང་དུ་རྫོགས་སུ་རེ་བ་ལེགས། །ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ། །ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །བླ་མའི་དྲིན་གྱི་སླར་ཡང་ཉིད་ལ་ནི། །བརྒྱ་ལམ་འགའ་ཡིས་ཤེས་པར ་གལ་འགྱུར། །ཞེས་བྱ་བའི་དོན་ནི་ཀུན་ཏུ་རུ་སྟེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དབང་པོའི་སྒོ་མཉན་པར་སྦྱར་བ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པ་དེ་དག་བླ་མའི་མན་ངག་གིས་སྐབས་ཕྱེ་སྟེ། བདེ་བ་ཆེན་པོ་རྒྱས་བཏབ་ནས་དེ ་ཁོ་ན་ཉིད་གྲུབ་པ་ནི་ཉམས་སུ་མྱོང་དུ་ཡོད་ཀྱང་ཐོབ་དུ་མེད་པ་སྟེ། ཇི་ལྟར་སྐོམ་པ་དག་གིས་སྨིག་རྒྱུ་མཐོང་ཞིང་སྙེགས་པ་བཞིན་དུ་ཆུའི་དོན་བྱེད་མ་ནུས་ཏེ་ཐོབ་ཏུ་མེད་པས་སྐོམ་ནས་མཆིའོ། །དེ་དག་རྙེད་པར་ཡང་མི་རིགས་ཏེ་ནམ་མཁའ་ཨི་ཆུ་དང་འདྲ་སྟེ། ་རྙེད་དམ་སྟེ་མི་རྙེད་དོ། །མན་ངག་ལས་བྱུང་བ་གཞན་དག་ནི་འབྲས་བུ་རྙེད་པར་ཡང་མི་འགྱུར་རོ། །ཀུན་ཏུ་རུ་ཞེས་བྱ་བ་ནི་དྲག་པོའི་སྦྱོར་བའོ། །དེ་དག་གིས་སྐད་ཅིག་མ་གཅིག་གི་སྐབས་ལ་ཉམས་སུ་མྱོང་སྲིད་ཀྱང་ཕྱག་རྒྱ་ཆེན་པོའི་བདེ་བ་གྲུབ་པའི་རྣལ་མ ་ནི་མི་འབྱུང་སྟེ། དཔེར་ན་སྐོམ་པ་དག་གིས་སྨིག་རྒྱུའི་སྙེགས་པ་བཞིན་དུ་དོན་བྱེད་པར་མི་ནུས་ཏེ་སྐོམ་ནས་མཆིའོ། །དེ་དག་ཀྱང་བདེ་བ་ཆེན་པོ་ནམ་མཁའ་ལྟ་བུའི་བླ་མའི་གདམས་ངག་གི་ཆུ་མི་རྙེད་དོ། །འདོད་པ་དག་ལ་ཞེན་པའི་ཕྱིར་བླ་མ་དག་གི་བསྟན ་པར་བྱ་བ་ཡང་མ་ཡིན་ནོ། །དེ་བས་ན་འབྲས་བུ་ཆེན་པོར་མི་འགྱུར་རོ། །དེ་བས་ན་སྟོང་པ་དང་བདེ་བ་དབྱེར་མེད་པའི་འབྱུང་གནས་སམ་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་དབུས་དག་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཐིག་ལེ་གནས་ཏེ། དེ་དག་ལམ ་དུ་ཁྱེར་བའི་བདེ་བ་དེ་དག་ལ་ཞེན་པས་བདེ་བ་ལས་ཀྱི་ཕྱག་རྒྱ་གང་གིས་གནས་ནས་བསྐྱེད་པ་དེ་ནི་ཅི་སྟེ་དེ་དག་ལ་དེ་ཁོ་ན་ཉིད་ཀྱི་དོན་བསྟན་དུ་ཡོད་དམ། རྙོག་པ་འབའ་ཞིག་ལ་ལོངས་སྤྱོད་པའི་ཕྱིར་མེད་པས་ནའོ། །དེའི་ཕྱིར་ཉན་ཐོས་དང་རང་རྒྱལ་བ་དང? ་ཐེག་པ་ཆེན་པོའི་ས་གསུམ་གང་དུ་རྫོགས་སུ་རེ་བ་ལགས་སོ། །དེ་དག་ནི་བསླབ་པ་དང་མི་ལྡན་ཞིང་བྱེ་བྲག་གི་ཆ་མ་རྟོགས་པ་དང། འཁོར་བ་མི་རྟག་པའི་རྣམ་པ་ལ་ཡིད་བྱུང་བ་མེད་པ་དང། བདེན་པ་རྣམ་པ་གཉིས་ཟུང ་དུ་འཇུག་པ་མེད་པ་དང། བདེ་བ་ཆེན་པོའི་དོན་མ་རྟོགས་པས་འབྲས་བུ་སྐུ་གསུམ་གྱི་བདག་ཉིད་ཐོབ་པ་མ་ཡིན་ནོ། །དེ་བས་ན་ཐམས་ཅད་ཀྱི་རྟེན་བྱེད་པ་མ་ཡིན་ནམ་ཞེ་ན། ཡང་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་འཛིན་པའི་ཐབས་སུ་ལྷན ་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བ་སྐད་ཅིག་མ་དེ་དག་ལ་བརྟེན་ནས་ཟག་པ་མེད་པའི་བདེ་བ་དེ་ཡང་ན་འམ་ཕྱིས་ཀྱི་དུས་སུ་དེ་དག་ལ་ཞེན་པ་མེད་པས་ཟག་པ་མེད་པའི་བདེ་བ་དང། སྟོང་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་གཉིས་སུ་མེད་པར་འགྱུར ་བས་སྟོང་པ་དང་བདེ་བ་དབྱེར་མི་ཕྱེད་པ་དེ་དང་བླ་མ་དམ་པའི་བཀའ་དྲིན་གྱི་ཞལ་གྱི་བདུད་རྩི་གདམས་ངག་དམ་པ་དེ་དག་ཉམས་སུ་མྱང་བ་སླར་ཡང་བསྟན་པའི་དོན་དེ་ཉིད་ལ་ནི་བརྗོད་པར་བྱ་བ་གང་ཟག་བརྒྱ་འམ་གཅིག་གིས་ཀྱང་ཤེས་པར་ག་ལ ་འགྱུར་རོ། །དེ་ལྟར་ཉམས་སུ་མྱོང་བས་རྣམ་པར་བསྟན་ནས། ད་ནི་འབྲས་བུ་ཕུན་སུམ་ཚོགས་པའི་བདག་ཉིད་བཤད་པར་བྱ་སྟེ། གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བ། །གཞན་གྱི་བདག་ཉིད་རྟོགས་པ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པས་ཞི་བའི ་དུས་ཀྱི་ཚེ། །གཉུག་མ་ཉམས་སུ་མྱོང་བའི་རབ་ཏུ་ཤེས། །མུན་ནག་ཆེན་པོར་ཟླ་བའི་ནོར་བུ་ནི། །ཇི་ལྟར་འཆར་བར་བྱེད་པ་བཞིན་དུ་མཛེས། །མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། །སྡུག་བསྔལ་མ་ལུས་ཕམ་པར་བྱེད་པའོ། །སྡུག་བསྔལ ་སྣང་བྱེད་སེམས་ལ་ནུབ་པ་ན། །སྒྲོལ་བའི་བདག་པོ་བཟང་དང་མཉམ་དུ་ཤར། །འདི་ལྟར་སྤྲུལ་བའི་བདག་ཉིད་སྤྲུལ་པ་ནི། །དེ་ནི་དཀྱིལ་འཁོར་ལོ་དམ་པའོ། །ཞེས་བྱ་བའི་དོན་ནི་སྐལ་བ་དད་ལྡན་པའི་གང་ཟག་ལ་གྲོགས་དག་ཅེས་བོས ་ཏེ། དོན་ཟབ་མོ་རྒྱ་མཚོ་ལྟ་བུ་དང། ནམ་མཁའ་ལྟ་བུའི་རྒྱ་ཆེ་བའི་རྣམ་པ་དེ་དག་བདག་ཏུ་འཛིན་པ་དང་བཅས་པའི་ཤེས་པ་གཞན་དག་གིས་དེ་ཁོ་ན་ཉིད་ཀྱི་བདག་ཉིད་རྟོགས་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྐྱེས ་བས་ཉོན་མོངས་པ་རྣམ་པར་རྟོགས་པ་ཞི་བའི་དུས་དེ་ཉིད་ཀྱི་ཚེ་ན་གཉུག་མའི་དེ་ཁོ་ན་ཉིད་མྱོང་བས་རབ་ཏུ་ཤེས་སོ། །དཔེར་ན་མུན་ནག་ཆེན་པོའི་གནས་སུ་ཆུ་ཤེལ་གྱི་ཟླ་བའི་ནོར་བུའི་འོད་ནི་ཇི་ལྟར་འཆར་བར་བྱེད་པ་དེ་ཉིད་ཀྱི་དུས་ན ་མུན་པ་ཐམས་ཅད་ངེས་པར་བཅོམ་སྟེ། བསིལ་ཞིང་དང་ལ་འོད་ཀྱི་རྒྱུན་གསལ་བར་བྱེད་པ་བཞིན་དུ་དེ་ཁོ་ན་ཉིད་དེ་ཡང་དེ་ལྟར་མཛེས་པའོ། །དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་བདེ་བ་ཆེན་པོ་སྐད་ཅིག་མ་གཅིག ་ལ་ནི་སྡུག་བསྔལ་མ་ལུས་པ་བམ་པར་བྱེད་པའོ། །སྡུག་བསྔལ་འབྱུང་བའི་རྒྱུ་སྣང་བའི་རྣམ་པ་བྱེད་པའི་ངོ་བོ་ཐམས་ཅད་སེམས་ལ་ནུབ་པར་འགྱུར་ཏེ་དེ་ནི་ཆོས་ཀྱི་སྐུའོ། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བའི ་བདག་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གཟའ་སྐར་གྱི་རྣམ་པ་ལྟ་བུ་སྤྲུལ་པའི་སྐུ་སྟེ་དེ་དག་དང་མཉམ་དུ་ཤར་བར་འགྱུར་རོ། །དེར་ཡང་མ་ཟད་དེ་ཁམས་གསུམ་ཐམས་ཅད་ནི་སྐུ་གསུམ་པའོ། །དེ་ལྟར་སྤྲུལ་པའི་བདག་ཉིད ་ཅི་ཡང་མ་ཡིན་པ་དང། སྤྲུལ་པའི་སྐུ་འགྲོ་འོང་གི་རྣམ་པ་ཅན་དང་དེ་ཐམས་ཅད་ནི་བདེ་བ་ཆེན་པོའི་འཁོར་ལོར་རོ། །དཀྱིལ་འཁོར་གྱི་སྐུ་དང་བཅས་པ་སྟེ་འཁོར་ལོ་དམ་པའོ། །དེའི་ཕྱིར་ཆོས་ཀྱི་སྐུ་ནི་རྟོག་པས་གྲུབ་པ་ཡིན་ཏེ། གཟུག ་སྐུ་རྣམ་པ་གཉིས་ནི་ཤུགས་ཀྱིས་གྲུབ་པ་ཡིན་ནོ། །དེ་བས་ན་ཡོངས་སུ་རྫོགས་པའི་འཁོར་ལོ་འདི་ནི་སྐད་ཅིག་མ་གཅིག་དང་སྐྱེ་བ་འདི་དང་བར་དོའི་གནས་སུ་ཐོབ་པར་བྱེད་པའོ། །ད་ནི་འབྲས་བུ་ཁྱད་པར་ཅན་དུ་གྲུབ་པ་བསྟན་པར་བྱ་སྟེ། ་ཀྱེ་ཧོ་རྨོངས་པས་སེམས་ཀྱི་སེམས་རྟོགས་ན། །ལྟ་བ་ངན་པ་ཐམས་ཅད་རང་གྲོལ་ཏེ། །མཆོག་ཏུ་བདེ་ཆེན་དེ་ཙམ་ཞིག་ཏུ་བས། །དེ་ཡི་དབང་གིས་དངོས་གྲུབ་དམ་པའོ། །ཞེས་བྱ་བའི་དོན་ནི། ཀྱེ་ཧོ་ཞེས་ཁམས་གསུམ ་པ་རྣམས་ལ་གདམས་པས་དེ་ཐ་དད་ཀྱི་རྟོག་པས་བསྒྲིབས་པའི་རྨོངས་པ་རྣམས་ཀྱིས་རང་གི་སེམས་ཀྱི་རང་གི་དེ་ཁོ་ན་ཉིད་རྟོགས་ནས་བདག་ཏུ་ལྟ་བ་ལ་སོགས་པའི་ལྟ་བ་ངན་པ་ཐམས་ཅད་རང་གྲོལ་བར་གྱུར་ཏེ། མཆོག་ཏུ་བདེ་བ་ཆེན་པོའི་རང ་བཞིན་ཆོས་ཀྱི་སྐུ་དེ་དག་ནི་ཐོབ་ཏུ་མེད་པ་སྟེ་གྲོལ་བའི་དེ་ཙམ་ཞིག་ཏུ་བས་སོ། །དཔེར་ན་སྐྱེས་བུ་ནད་སོས་པ་ཙམ་ལ་ནད་མེད་པ་ཐོབ་པོ་ཞེས་པ་དང་འདྲའོ། །གྲོལ་བ་ཙམ་གྱི་ཐོབ་པ་དང་དངོས་གྲུབ་ཡིན་ནམ་ཞེ་ན། དེ་ཉིད་ཐོབ་པའི་དབང ་གིས་དངོས་གྲུབ་མཆོག་ཏུ་གྱུར་པ་སྟེ་དམ་པའོ། །ད་ནི་དེ་ཁོ་ན་ཉིད་ཀྱི་སྐྱོན་བསལ་བར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཡོད་དང་མེད་མི་རྟོག་།རྟོག་དང་རྟོག་བྱེད་འཕགས་དང་སངས་རྒྱས་མིན། །མ་རྟགས་རང་དགར་བཞག་པ་ཀུན་ཏུ་བཟང། །བཅོས ་དང་བསྒྲིམས་པས་དེ་ཉིད་དེ་མ་རྟོགས། །གཞག་དང་མ་སྒྲིམས་དེ་མེད་རྟོག་མེད་མཐོང། །གལ་ཏེ་ཉམས་མྱོང་དང་པོའི་དུས་སྐྱེས་ཀྱང། །དེ་ལ་མྱོང་བར་འཛིན་པ་དེ་མེད་དེ། །སངས་རྒྱས་ཡེ་ཤེས་དེ་དག་དག་ལ་ཡང། །འཕགས་པ་རྣམས་དང ་སངས་རྒྱས་བདག་ཉིད་ནི། །གྲུབ་པ་མེད་དེ་དགོས་པའི་དོན་དུ་བརྟགས་ཞེས་བྱ་བའི་དོན་ནི་བཛྲ་སཏྭ་སྟེ་རྡོ་རྗེ་སེམས་དཔའ་ཨོ། །དེ་ནི་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་ཉིད་མ་བཅོས་པ་གཉུག་མའི་ངོ་བོ་ཉིད་ཇི་ལྟ་བ་ལ་བྱའོ། །དེ་ལ ་ཡོད་པ་དང་མེད་པ་ཡང་མི་རྟོག་གོ་།གང་ལ་རྟོག་པ་དང་གང་གིས་རྟོག་པར་བྱེད་པ་སྟེ། དེ་དག་ཐམས་ཅད་ནི་འཕགས་པ་ཡང་མ་ཡིན་ལ་སངས་རྒྱས་ཀྱང་མིན་ནོ། །རང་གི་ཤེས་པས་མ་བརྟགས་ཤིང་རང་དགར་བཞག་པ་འདི་ནི་ཀུན་ཏུ་བཟང་པོའོ ་བཅོས་དང་བསྒྲིབས་པས་ནི་མཛའ་ངན་པ་ལ་བདགས་པ་སྟེ། དེ་ཉིད་དེ་ཡིས་མི་རྟོགས་སོ། །དེ་ཡང་ཤེས་པ་རྣལ་མ་ལ་བཞག་པ་དང་གློད་ཅིང་མ་བསྒྲིམས་པ་དེ་ཉིད་ཀྱིས་རྟོགས་སུ་མེད་པའི་དོན་མཐོང་བར་འགྱུར་རོ། །གལ་ཏེ་རྣལ་འབྱོར་པ་དག་གི་ཤེས ་པ་ལ་ཉམས་སུ་མྱོང་བའི་བདེ་བ་དང་པོའི་དུས་སུ་སྐྱེས་ཀྱང་དེ་ལ་མྱོང་བ་དང་ཞེན་པར་འཛིན་པ་དེ་མིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ལ་ཡང་སེམས་ཅན་དུ་གྲུབ་པ་ཡོད་པ་མ་ཡིན་ནོ། །འཕགས་པ་རྣམས་སུ་གྲུབ་པ་དང། སངས་རྒྱས་ཀྱི ་བདག་ཉིད་དུ་གྲུབ་པ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། ཡིད་ལ་བྱར་མེད་ཅིང་ཅི་ཡང་མ་ཡིན་པའི་ཕྱིར་རོ། །དེ་དག་གིས་ཅི་བྱེད་ཅེ་ན། མ་རྟོགས་པའི་སེམས་ཅན་རྟོགས་པར་བྱ་བའི་ཕྱིར་དགོས་པས་དོན་དེ་དག་ཏུ་བརྟགས་ཤིང་ཁས་བླངས་པ་སྟེ། དེ ་བཞིན་ཉིད་ལ་ན་ཟུག་རྔུ་ཁོ་ནར་ཟད། །ད་ནི་དཔེས་མཚོན་པ་བསྟན་པར་བྱ་སྟེ། །གྱད་ཀྱི་གཙུག་ན་ནོར་བུ་དེ་ཡོད་ཀྱང། །ནོར་བུ་མ་མཐོང་མཆོག་སྟོན་སྐྱེས་བུ་དེ། །བདག་ལས་གཞན་ན་རྫོགས་སངས་རྒྱས་མེད་ཀྱང། །རྟོག་པ་གསལ་ཕྱིར་འཕགས་པ ་བསྟན་ཏེ་བསྒྲུབ། །དེ་བསལ་དུས་ན་རྫོགས་པའི་སངས་རྒྱས་ཏེ། །འབྲས་བུ་དེ་ཉིད་བདག་ལས་ཐོབ་པའོ། །འཁྲུལ་པས་བརྟགས་ནས་ལོགས་ནས་གྲུབ་པ་འབྲ། །ང་ཕྱིར་སེམས་དང་འཁྲུལ་རྟོག་དེར་ཤེས་དང། །ཤེས་པ་མེད་པ་མཉམ་པ་དེ་དང་བྲལ། །དེ་ནི་བླ ་མ་དག་ལས་མངོན་པར་རྟོགས། །རྟོགས་པས་མཚོན་དང་གོང་དང་ལྡན་པ་མིན། །སེམས་ཀྱི་གླང་པོ་གར་དགར་ཡན་དུ་ཆུག་།དེའི་མཚན་ཉིད་བདག་གིས་བདག་ལ་དྲིས། །དྲིས་པའི་དོན་དེ་རྗེས་སུ་དྲན་པ་ན། །དེ་ནི་དེ་ལ་རྟོགས་པས་མ་དྲིས་ཤིག་།ཅེས ་བྱ་བའི་དོན་ནི་དཔེར་ན་གྱད་ཀྱི་སྟོབས་པོ་ཆེའི་སྤྱི་གཙུག་ན་ནོར་བུ་རིན་པོ་ཆེ་དེ་དག་ཡོད་ཀྱང་ནོར་བུ་དེ་དག་མ་མཐོང་སྟེ་གྱད་སྡུག་བསྔལ་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་མཆོག་སྟོན་པར་བྱེད་པ་ནི་མེ་ལོང་དང་ལྡན་པའི་སྐྱེས་བུ་སྟེ། སྐད་ཅིག་མ་དེ་ཉིད་ལ ་ཕོངས་པའི་སྡུག་བསྔལ་དང་བྲལ་ལོ། །དེ་བཞིན་དུ་ཆོས་ཀྱི་སྐུའི་ནོར་བུ་དམ་པ་དག་རང་ཉིད་ལ་ཡོད་དེ། བདག་ལས་གཞན་ན་རྫོགས་པའི་སངས་རྒྱས་དེ་ལྟ་བུ་མེད་ཀྱང་རྣམ་པར་རྟོག་པའི་བག་ཆགས་མཐུག་པོ་བསལ་བའི ་ཕྱིར་བླ་མ་དམ་པ་དང་འཕགས་པ་ལ་སོགས་པའི་ཡུལ་ལ་བརྟེན་ཏེ། མེ་ལོང་ལྟ་བུའི་གདམས་ངག་ལས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བསྒྲུབ་པར་བྱའོ། །དེ་ལྟ་བུས་རྣམ་རྟོག་དེ་དག་བསལ་ཞིང་གྲོལ་བའི་དུས་ན་རྫོགས་པའི་སངས ་རྒྱས་ཡིན་ཏེ་སྡུག་བསྔལ་མ་ལུས་པ་དང་བྲལ་ལོ། །དེ་ལྟར་ཕུན་སུམ་ཚོགས་པའི་འབྲས་བུ་དེ་ཉིད་བདག་ལས་ཐོབ་པ་སྟེ། ཐ་དད་ཀྱི་འཁྲུལ་པས་ལོགས་ནས་གྲུབ་པ་ཁོ་ན་འདྲའོ། །དེའི་ཕྱིར་སེམས་དང་འཁྲུལ་པར་རྟོག་པ་ཐམས་ཅད་གཉུག ་མའི་ངོ་བོ་ཉིད་དེར་ཤེས་པ་དང་དེ་ཡང་ཤེས་པ་མེད་པའི་དོན་གྱིས་མཉམ་པར་བཞག་གོ་།དེ་ཡང་ཉམས་སུ་མྱོང་བ་དང་ཐ་སྙད་ཀྱི་རྣམ་པ་དག་དང་བྲལ་ལོ། །དེ་ནི་བླ་མ་དམ་པ་དག་གི་ཞལ་གྱི་བདུད་རྩི་ལས་མངོན་པར་རྟོགས་སོ་རྟོགས་པ་དེ ་དག་སློབ་པ་པོའི་བློ་ལས་མཚོན་དུ་ཟད་ཀྱང་མཚོན་པ་དང་གོང་གི་ཐ་སྙད་ཀྱི་རྣམ་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ཞེ་ན། སེམས་ཀྱི་གླང་པོ་ཆེ་གར་དགར་ཡན་ཆུག་གཅིག་པའོ། །དེ་དག་གི་མཚན་ཉིད་ནི་བརྗོད་པ་དང་ཐ་སྙད་ཀྱི་གཏན་ལ་འབབ ་པར་མི་ནུས་ཏེ། བདག་ཉིད་ཀྱི་བློ་ཡིས་བདག་ཉིད་ལ་དྲིས་ཤིག་པའོ། །དྲིས་པའི་དོན་དེ་དག་ཅི་ཡང་མ་ཡིན་པར་འདུག་པ་དང་དོན་དེ་ཉིད་དུས་ཐམས་ཅད་དུ་རྗེས་སུ་དྲན་པ་ན་བླ་ན་མེད་པའི་རྟོག་པ་ཡིན་པའི་ཕྱིར། དེ་ལ་དེ་ཁོ་ན་ཉིད་ཀྱི་དོན་དེ་དག ་རྟོགས་པས་ཟུག་རྔུ་གྱུར་པའི་ཕྱིར་མ་འདྲི་ཞིག་པའོ། །ད་ནི་སེམས་གྲུབ་པ་མེད་པའི་ཚུལ་གྱིས་མཚོན་པ་དེ་ཉིད་བསྟན་པར་བྱ་སྟེ། ནམ་མཁའ་ཨི་རི་བོ་ཆུ་འཐུང་བ་དང་འདྲ་བའི་སེམས། །དེའི་འགྲམ་དུ་ཞོག་ཅིག་རང་དགའ་བར། །ཡུལ་གྱི་དབང་པོ ་ལག་པས་བླངས་ནས་སུ། །དེ་ནི་ཇི་ལྟར་གསོད་པར་སྣང་པར་འགྱུར། །རྣལ་འབྱོར་པ་ནི་གླང་པོ་སྐྱོང་བ་བཞིན། །དེ་ཉིད་ལས་ནི་ལྡོག་པར་འགྱུར་ཡིད་བཞིན། །འཁོར་བ་དེ་ཉིད་མྱ་ངན་འདས་པར་ངེས། །དབྱེ་བས་གཞན་དུ་སེམས་པ་མ་ཡིན ་ཏེ། །རང་བཞིན་གཅིག་གིས་དབྱེ་བ་རྣམ་པར་སྤངས། །དྲི་མེད་ང་ཡིས་རབ་ཏུ་རྟོགས་ཡིད་ཀྱི། །དེ་ཉིད་དམིགས་བཅས་དམིགས་མེད་སྟོང་ཉིད་ཡིན། །གཉིས་ལས་སྐྱོན་ནི་ཡོད་པ་མ་ཡིན་ཏེ། རྣལ་འབྱོར་པ་ནི་གང་ཞིག་བསྒོམ་པ་ཡིན།། ་བསྒོམ་པ་དམིགས་དང་བཅས་པར་དམིགས་མེད་དེ། །བདེ་བའི་རྣམ་པའི་རང་བཞིན་དེ་ཡིན་ནོ། །རབ་ཏུ་བླ་མེད་ཡེ་ཤེས་རང་འབྱུང་བ། །བླ་མའི་མན་ངག་དུས་ཐབས་བསྟེན་པར་ཤེས། །ཤེས་བྱའི་དོན་ནི་ནམ་མཁའ་ཨི་ཆོས་ཀྱི་སྐུའི་རྣམ་པར ་བརྗོད་པའོ། །དེ་བས་ན་ཐམས་ཅད་དེ་ཉིད་ཡིན་པའི་ཕྱིར་རི་བོ་ནམ་མཁའ་ལ་བཞག་པ་བཞིན་རྣལ་འབྱོར་པའི་སེམས་རྟེན་མེད་པར་བྱ་བ་ཁོ་ནའོ། །དམ་པ་དག་གི་གདམས་ངག་གི་ཆུ་འཐུངས་ཤིང་གོམས་པར་བྱ་བ་དང། དེ་འདྲ་བའི་སེམས ་དེ་དག་དྲན་པ་རྒྱུན་ཆགས་ཀྱིས་དུས་རྟག་ཏུ་ཁྱེད་པའི་ཕྱིར། གསལ་བའི་རྣམ་པས་དྲན་པའི་འགྲམ་དུ་ཞོག་ཅིག་པའོ། །དེ་ཡང་རང་དགའ་ཨི་ཚུལ་གྱིས་སོ། །དེ་ཡང་དབང་པོ་དང་ཡུལ་ཐུག་པའི་དུས་ཡུལ་གྱི་བདག་ཉིད་དབང་པོའི ་རྣམ་པ་ཐམས་ཅད་ཀྱང་དྲན་པའི་ལག་པས་བླངས་ནས་སུ་ཡུལ་དང་དབང་པོ་དེ་ནི་རང་བཞིན་གཉུག་མའི་ཇི་ལྟ་བར་གསོད་པར་སྣང་བར་འགྱུར་རོ། །རྣལ་འབྱོར་པ་དག་གིས་ནི་ཤེས་པ་གླང་པོ་ཆེ་ལྟ་བུ་དག་བདེ་བ་ཆེན་པོའི་རྩལ་གར་དགར ་བརྐྱང་བར་བྱ་བ་སྟེ། རྒྱལ་པོའི་གླང་པོ་ཆེ་བཞིན་ནོ། །ཡང་སྣང་སྲིད་ཐམས་ཅད་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཤེས་པ་དེ་དག་དེ་ནས་ནི་དང་གིས་ལྡོག་པར་འགྱུར་རོ། །དེ་ཡང་ཆེད་དུ་བརྟུལ་བ་ལྟ་བུ་ནི་མ་ཡིན་ཏེ། ཡིད་བཞིན་དུ ་ལྡོག་པར་འགྱུར་རོ། །དེ་བས་ན་འཁོར་བ་དེ་ཉིད་མྱ་ངན་ལས་འདས་པར་སྐྱེ་བའི་ཕྱིར་རྣམ་པར་རྟོག་པའི་ཐ་དད་ཀྱི་དབྱེ་བས་གཞན་དུ་ཤེས་པ་ནི་མ་ཡིན་ཏེ། བདེ་བ་ཆེན་པོའི་རང་བཞིན་གཅིག་གིས་རྟོགས་པའི ་དབྱེ་བ་རྣམ་པར་སྤངས་པར་བྱ་སྟེ། འདི་དག་ནི་ཤུགས་ཀྱིས་འགྱུར་བ་ཁོ་ནའོ། །སྙིང་པོའི་དོན་དྲི་མ་མེད་པ་ཡིས་རབ་ཏུ་རྟོགས་ཏེ་དེ་ནི་ཡིད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་དོ། །དེ་ཉིད་ནི་དམིགས་བཅས་སོ། །དམིགས་མེད་དོ། །སྟོང་པ་ཉིད་ཡིན་ནོ། ། ་དེ་དག་སྐྱོན་དང་བཅས་པ་མ་ཡིན་ནམ་ཞེ་ན། ལྟ་བ་དེ་ཁོ་ན་ཉིད་རབ་ཏུ་མི་སྒྲུབ་པའི་ཕྱིར་དགག་བྱ་རྣམ་པར་མི་གཅོད་དོ། །གཉིས་ལས་གཞན་པ་གཅིག་ཁས་བླངས་ཀྱང་སྐྱོན་ནི་ཡོད་པ་མ་ཡིན་ཏེ། རྣལ་འབྱོར་བདག་གི་དེ་ཉིད་ནི་ཐམས་ཅད ་དང་ལྡན་ཞིང་གང་དུ་ཡང་ཁས་མི་ལེན་པའི་ཕྱིར་གང་དུ་ཡང་བསྒོམ་པ་ཡིན་ཏེ་མིན་ནོ། །དེའི་ཕྱིར་བསྒོམ་པར་བྱ་བ་ནི་དམིགས་པ་དང་བཅས་པ་དང། དམིགས་པ་མེད་པ་ནི་མ་ཡིན་ཏེ། བདེ་བ་ཆེན་པོའི་རྣམ་པའི་རང་བཞིན་དེ་དག་གཞན་དུ་བརྗོད ་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ངོ་བོ་དེ་ནི་ཆོས་ཀྱི་སྐུ་སྟེ་རབ་ཏུ་གྱུར་པ་བླ་ན་མེད་པའོ། །དེ་ཡང་གདོད་མ་ནས་གནས་པའི་ཕྱིར་ཡེ་ཤེས་ཏེ། བཅོས་མ་མ་ཡིན་པ་ན་རང་འབྱུང་བའོ། །དེ་ཡང་བླ་མའི་མན་ངག་དེ་དག་ཉམས་སུ་མྱོང ་བའི་དུས་ཀྱི་གོམས་པར་བྱ་སྟེ་ཐབས་དྲན་པ་རྒྱུན་ཆགས་ཀྱི་དུས་ཐམས་ཅད་དུ་བརྟེན་པས་རབ་ཏུ་ཤེས་སོ། །ད་ནི་སྒྲུབ་པར་བྱེད་པའི་གླུ་བསྟན་པར་བྱ་སྟེ། ནགས་སུ་མ་འགྲོ་ཁྱིམ་དུ་མ་འདུག་ཅིག་།བདེ་བ་ལ་གནས་གནས་དག་ཉོན་མོངས ་རྒྱུ། །དང་པོའི་དུས་སུ་བཙལ་ཕྱིར་དེ་འགྲུབ་བྱ། །བཙལ་བས་མ་རྙེད་རྙེད་པས་དེ་འདུག་མིན། །འཁོར་ལོས་འཁོར་བའི་ནགས་ཁྲོད་དག་ཏུ་རྒྱུས། །ཁྱིམ་དུ་གནས་ན་ཆགས་སྡང་འཕེལ་འགྱུར་ཏེ། །དེ་ཕྱིར་ཁྱིམ་སྤངས་བདེ་དང་སྡུག ་བསྔལ་དོར། །སེམས་ཀྱི་ཁྱིམ་དུ་ལྟ་བ་འཇུག་མི་བྱ། །བཅུག་ནས་བདེ་ཆགས་སྟོང་ལ་ཞེན་པས་ལྡང། །དེ་སྤང་དབྱེར་མེད་མཉམ་པའི་རང་བཞིན་གནས། །གང་ཡང་དེ་རུ་ཡིད་ཀྱིས་ཡོངས་ཤེས་ནས། །མ་ལུས་རྒྱུན་ཏུ་རྟོགས་པ་དེ་ནི་གནས། ། ་ཞེས་བྱ་བའི་དོན་ནི་རབ་ཏུ་མི་གནས་པའི་རྒྱུད་ལས་བཤད་པ་ལྟ་བུ་སྟེ། ཀྱེ་རྣལ་འབྱོར་སྟོབས་ཆེན་གླང་པོ་སེང་གེ་ཡུལ། །ནགས་ཁྲོད་དགོན་པ་དག་ཏུ་མི་གནས་པར། །གྲོང་ཁྱེར་ཁྱིམ་གྱི་གནས་སུ་མ་འདུག་ཅིག་།ཆགས་པའི་ནགས་ལ ་མངོན་པར་མ་ཞེན་པར། །ཁྱིམ་གྱི་ཞེ་སྡང་དག་ལ་མ་འདུག་ཅིག་།གཟུང་བའི་ནགས་ཚལ་དག་ཏུ་མ་འགྲོ་བར། །འཛིན་པའི་ཁྱིམ་གྱི་རྟགས་ལ་མ་འདུག་ཅིག་།ཕྱི་རོལ་ནགས་ཀྱི་ཡུལ་ལ་མ་ལྟ་བར། །རང་རིག་འཛིན་པའི་ཁྱིམ་ལ་མ་རྟོག་ཅིག་། ་ཅེས་འབྱུང་བ་ལྟ་བུ་ལ་བྱའོ། །དེ་དག་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་ལུས་དང་སེམས་ཀྱི་བདེ་བ་ལ་གནས་ན་གནས་པ་དེ་དག་ཉོན་མོངས་པའི་རྒྱུ་ཡིན་ནོ། །ལས་དང་པོའི་དུས་སུ་དེ་ཁོ་ན་ཉིད་བཙལ་བའི་ཕྱིར་བདེ་བ་དམ་པ་འགྲུབ་པར ་བྱའོ། །བདེ་བ་དེ་དག་གི་རང་བཞིན་བཙལ་བས་མ་རྙེད་དེ་མ་རྙེད་པ་དེ་དག་རྙེད་པའི་མཆོག་ཡིན་པས་དེ་དང་ལྡན་པ་དག་ལ་ནི་དེར་འདུག་པ་ཡང་ཡིན་ནོ། །ཇི་ལྟར་གནས་ཤིང་འགྲུབ་པར་བྱ་ཞེ་ན། སེམས་གྲུབ་པ་མེད་པར་རྟོགས་པ་དང། ལུས་ཆགས ་པ་མེད་པར་འགྲོ་བའི་རྣམ་པས་ཆོས་ཀྱི་སྐུ་འཁོར་ལོས་འཁོར་བའི་ནགས་ཁྲོད་དག་ཏུ་བདེ་བ་ཆེན་པོའི་བློས་རྒྱུ་བར་བྱའོ། །ཁྱིམ་དག་ཏུ་གནས་ན་ཆགས་པ་དང་ཞེ་སྡང་འཕེལ་བར་འགྱུར་ཏེ། དེའི་ཕྱིར་ཁྱིམ་སྤངས་ཏེ་བདེ་བ་ལ་མངོན་པར ་ཞེན་པ་དང། སྡུག་བསྔལ་དོར་བར་འདོད་པས་སེམས་ཀྱི་ཁྱིམ་དུ་བདག་ཏུ་ལྟ་བར་མངོན་པར་གནས་པས་དེ་དག་ཐམས་ཅད་དོར་ལ་ལྟ་བ་ལ་མི་འཇུག་པར་བྱའོ། །བཅུག་ནས་བདེ་བ་ལ་ཆགས་ཤིང་སྟོང་པ་ལ་ཞེན་པས་ཞེ་སྡང་འཕེལ་བར་འགྱུར ་ཏེ། དེ་དག་ཐམས་ཅད་ཤུགས་ཀྱིས་སྤངས་ལ་བདེ་བ་སྟོང་པ་དབྱེར་མེད་པ་ལ་མཉམ་པར་གཞག་ཅིང། སེམས་རྣལ་མ་རང་བཞིན་གྱིས་གནས་པར་བྱའོ། །གང་ཡང་དེ་ཁོ་ན་ཉིད་དག་ནི་བློ་ཡི་གཏིང་དེ་རུ་ཡིད ་ཀྱི་ཡེ་ཤེས་ཀྱིས་ཡོངས་ཤེས་ན། ཕྱི་ནང་གི་གཡེང་བ་མ་ལུས་པ་རྒྱུན་ཏུ་ཆོས་ཀྱི་སྐུའི་རྟོགས་པ་ཉག་གཅིག་ལས་མི་མཐུན་པ་དེའི་གནས་སོ། །ད་ནི་མཉམ་པའི་དོན་གྱི་སྐུ?་བསྟན་པར་བྱ་སྟེ། འཁོར་བ་གང་ཡིན་མྱ་ངན་འདས ་པ་གང། །ཡིད་ནི་དྲི་མེད་ལྷན་ཅིག་སྐྱེས་པ་ཡི། །གནས་སྐབས་དགྲ་བོའི་རིགས་ལ་འཇུག་པ་མེད། །དེ་ཙམ་ཞིག་ལ་ངེས་པར་གནས་པ་ནི། །དེའི་རྒྱལ་པོ་ཡིན་ཏེ་བྱེ་བྲག་མེད། །རྟོགས་པ་ནགས་དང་ཁྱིམ་ན་གནས་པ་མིན། །འདི ་ལྟར་བྱ་བ་དེ་ཉིད་ཤེས་གྱུར་ན། །དྲི་མ་མེད་པའི་དེ་སེམས་རང་བཞིན་གྱིས། །མ་ལུས་མི་རྟོགས་པར་ནི་ཤེས་པར་བྱོས། །དེ་ནི་བདག་ཡིན་གཞན་ཡང་དེ་ཉིད་དོ། །ཡང་བསྒོམས་ཡོངས་སུ་བསྒོམས་པའང་དེ་ཉིད་ཡིན། །བདེ་བའི་དེ ་ཉིད་དང་ནི་བྲལ་བར་བྱས། །འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། །ཞེས་བྱ་བའི་དོན་ནི་དམ་པའི་དོན་དེ་དག་ཉམས་སུ་མྱོང་བ་ན་འཁོར་བ་གང་ཡིན་མྱ་ངན་འདས་པ་གང་ཡིན་ཏེ་གཉིས་སུ་མེད་དོ། །འདི་དག་གི་ཡིད་ནི་དྲི་མ་མེད ་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་དག་ཉམས་སུ་མྱོང་བའི་རྣལ་འབྱོར་པ་དེ་དག་ལ་ནི་གནས་སྐབས་ཀྱི་དགྲ་བོ་ཆགས་སྡང་གི་རིགས་ལ་སྐྱེ་བ་མེད་དོ། །དེ་ཙམ་ཞིག་ལ་ངེས་པར་གནས་པ་ནི་དེ་ནི་ཆོས་ཀྱི་སྐུའི་རྒྱལ་པོ ་ཡིན་ཏེ། མི་གནས་པའི་ཕྱིར་བྱེ་བྲག་མེད་དོ། །དེ་ལྟར་རྟོགས་པ་དེ་ནི་མཉམ་པར་གཞག་པ་དང་རྗེས་ལས་ཐོབ་པ་མེད་དེ་ནགས་དང་ཁྱིམ་ན་གནས་པ་ཡང་མིན་ནོ། །ཇི་ལྟར་སྤྱད་པར་བྱ་ཞེ་ན། གནས་སྐབས་ཀྱི་སྤྱོད་ཡུལ་གྱི་མཚན་ཉིད་དག ་ལ་གནས་སྐབས་ཀྱི་རྣལ་འབྱོར་པས་འཇུག་པར་བྱས་པར་ཨུཏ་པ་ལ་སྔོན་པོ་རྩ་བ་གཅིག་པ་དག་གི་ཁ་ཕྱེ་བའི་ཚུལ་དང་བཙུམ་པའི་ཚུལ་དང་བདུད་རྩི་ཐིགས་པ་ནམ་མཁའ་ལ་དོར་བའི་ཚུལ་དང། རྩ་བ་གཅད་པའི་ཚུལ་དུ་བྱའོ། །དེ ་དག་ཀྱང་གང་ཞེ་ན། དོན་མཐོང་བའི་དུས་སུ་སེམས་ཅན་ལ་གསལ་བའི་དེ་ཁོ་ན་ཉིད་སྟོན་པ་དང། ལྐུགས་པའི་སྤྱོད་པས་འཇིག་རྟེན་ཐམས་ཅད་དུ་རྒྱུ་བ་དང། སྐལ་བ་དང་ལྡན་པ་ལ་དོན་ཉུང་ངུ་ཙམ་སྟོན་ཅིང་གནས་པ་དང། རྣམ་པར་ཤེས ་པ་མཐོང་བའི་ཚུལ་གྱིས་ས་ནས་ས་ལ་གནས་ཤིང་སངས་རྒྱས་ཀྱི་དོན་དེ་ཁོ་ན་ཉིད་དུ་གནས་པའི་བདེ་བ་ཆེན་པོའི་ཡང་དག་པ་ལ་གནས་པའོ། །འདི་ལྟར་གོང་དུ་བསྟན་པའི་བྱ་བ་དེ་ཉིད་རབ་ཏུ་ཤེས་པར་གྱུར་ན་དྲི་མ་མེད་པའི་དེ་སེམས་རང་བཞིན ་གྱིས་རྣམ་པར་དག་པའོ། །དེ་བས་ན་སྣང་གྲགས་ཀྱི་ཆོས་མ་ལུས་པ་ཐམས་ཅད་མི་རྟོག་པའི་དེ་ཁོ་ན་ཉིད་ཡིན་པར་ནི་ཤེས་པར་བྱོས་ཤིག་།དེ་བས་ན་ཐམས་ཅད་ཐ་མི་དད་པ་ཡིན་ཏེ། བདག་ཉིད་རྣམ་པ་དེ་ཉིད་གཞན་ལ། གཞན་གྱི་རྣམ་པ་དེ ་ཡང་བདག་གི་དེ་ཉིད་དོ། །གང་དང་གང་གི་གང་བསྒོམས་པ་དེ་ཉིད་ཆོས་ཀྱི་སྐུ་ཡོངས་སུ་བསྒོམས་པ་ལས་མ་འདས་པ་ཡིན་ཏེ། དེ་ཡང་དེ་ཁོ་ན་ཉིད་ཀྱི་དོན་ལ་ལོགས་གཅིག་པ་མ་ཡིན་ཡང། ཐ་དད་པ་ལ་ཞེན་པའི་བདེ་བ་ཆེན་པོའི་དེ་ཁོ་ན ་ཉིད་དང་ནི་བྲལ་བར་བྱས་སོ། །འོན་ཀྱང་དེ་དག་གིས་ཀྱང་བདག་ཉིད་ཅུང་ཟད་ཙམ་རྣམ་པར་གྲོལ་བར་ནུས་པའོ། །ད་ནི་དྲི་མ་མེད་པའི་གླུ་བསྟན་པར་བྱ་སྟེ། །ཇི་ལྟར་རྒྱ་མཚོ་ཡི་ནི་མཐོང་བྱེད་བཞིན། །བདག་དང་གཞན་དུ་འཕྲུལ་བར་མ་བྱེད་ཅིག་། ་ཐམས་ཅད་སྔ་ན་མེད་པའི་སངས་རྒྱས་ཏེ། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ། །སེམས་ནི་ངོ་བོ་ཉིད་ཀྱིས་དག་པ་ཡི། །གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་དང། །ས་གསུམ་མ་ལུས་ཐམས་ཅད་ཁྱབ་པར་གནས། །གྲགས་པའི་ས་དང་གདམས་དང་གསང ་བ་ཡི། །སྙིང་པོའི་ས་ནི་ངོ་བོ་ཀུན་དང་མཚུངས། །དེ་ཕྱིར་ཁྱབ་པ་སྙིང་པོ་དེ་ཉིད་དེ། །དཔེར་ན་རི་རབ་གླིང་སོགས་ཉི་ཟླ་གསལ། །རྟོགས་དང་མ་རྟོགས་ཉི་ཟླ་མཐོང་ལོང་སྟེ། །མ་བསྟན་པར་དུ་བློ་ཆུང་ཤར་ནུབ་འགྲོ་།མཁས་པ ་རྣམས་ལ་ཤར་དང་ནུབ་མེད་དེ། །སྣང་གྲགས་སེམས་སུ་ཤེས་ཤིང་དེར་མི་འཛིན། །མཚན་ཉིད་ཤེས་མེད་ཤེས་པས་འཆིང་མི་དགོས། །དེ་ཕྱིར་བློ་ལྡན་རྣམས་ལ་ངང་གིས་འབྱུང། །དེ་རྟོགས་དེ་མ་རྟོགས་ཤེས་བརྟག་ཏུ་མེད། ཅེས་བྱ་བའི ་དོན་ནི། ཇི་ལྟར་རྒྱ་མཚོ་དག་གི་ནད་ན་གཟུགས་བརྙན་གྱི་རྣམ་པ་ཇི་སྙེད་ཅིག་སྣང་ཡང་རྒྱ་མཚོའི་ངོ་བོ་ལས་མི་འདས་པའི་མཐོང་བྱེད་བཞིན་དུ། ཕྱི་རོལ་སྣང་བའི་ཚོགས་དཔག་ཏུ་མེད་པ་ཅིག་སྣང་ཡང་གཟུགས་བརྙན་དང་འདྲ་བ་ཉིད་དེ་དག་གཞན་དུ་འཁྲུལ ་བར་མ་བྱེད་ཅིག་།ཐམས་ཅད་ཀྱང་ལོག་པར་རྟོགས་པའི་བག་ཆགས་ཀྱིས་བསྒྲིབས་པའི་ཕྱིར། སྔོན་ཆད་མ་རྟོགས་ཏེ་རྟོགས་པ་ཙམ་ལ་སྔ་ན་མེད་པའི་སངས་རྒྱས་ཏེ་ཞེས་བྱའོ། །དེ་ཉིད་ནི་དྲི་མ་མེད་པ་མཆོག་ཏུ་གྱུར་པ་དག་གི་གོ་འཕང་སྟེ་འབྱུང ་གནས་སོ། །དེ་ལྟ་བུའི་སེམས་ནི་ངོ་བོ་ཉིད་ཀྱི་དག་པ་ཡིན་ཏེ་ཆོས་ཀྱི་སྐུའོ། །གཉིས་མེད་ཀྱི་སེམས་དེ་དག་ལས་མཚན་གྱི་མེ་ཏོག་གིས་བརྒྱན་པའི་སྡོང་པོ་ལྟ་བུ་གཟུགས་སྐུ་དམ་པ་གཉིས་འབྱུང་བ་ཡིན་ནོ། །ས་གསུམ་པ་མ་ལུས་པ་ཐམས་ཅད་ཆོས ་ཀྱི་སྐུས་ཁྱབ་པར་གནས་སོ། །དེ་དག་ཀྱང་གང་ཞེ་ན། གྲགས་པའི་ས་དང་བསྡམས་པའི་ས་དང་གསང་བའི་སའོ། །དེ་ཡང་ཉན་ཐོས་དང་རང་རྒྱལ་བ་དང་ཐེག་པ་ཆེན་པོ་པའོ། །དེ་ཉིད་ལ་ཡང་མཐོང་བའི་ས་དང་རྟོགས་པའི་ས་དང་ཁོང་དུ་ཆུད་པའི་སའོ། ། ་དེ་ཉིད་ཀྱང་གོང་དུ་སྨོས་པའི་རྒྱས་གདབ་པའི་ཚུལ་གྱིས་བཅུ་གསུམ་པ་དང་བཅུ་བཞི་པའི་ས་སྟེ། སྙིང་པོ་དེ་ཁོ་ན་ཉིད་ཀྱིས་ནི་ངོ་བོ་ཀུན་དང་མཚུངས་སོ། །དེའི་ཕྱིར་བདེ་བ་ཆེན་པོ་ནི་ཁྱབ་པའི་བདག་ཉིད་དང་སྙིང་པོ་ཆོས་ཀྱི་སྐུ་དེ་ཉིད་ཀྱི་ཐུགས་སོ། །དེ་དག ་ཀྱང་ཀུན་གྱིས་རྟོགས་པ་མ་ཡིན་ཏེ། དཔེར་ན་རི་རབ་དང་གླིང་ལ་སོགས་པ་ནི་ཉི་ཟླ་གསལ་བར་བྱེད་པ་སྟེ། དེ་ལས་ཡང་འོད་རྟོགས་པ་དང་མ་རྟོགས་པ་གཉིས་སོ། །དེ་ཡང་ཉི་ཟླ་ལ་ཁྱད་དང་བྱེ་བྲག་ཏུ་གྱུར་པ་མེད་ཀྱང་མིག་མ་ལོང་བ་རྣམས་ཀྱིས་མཐོང ་ཞིང་ལོང་བ་རྣམས་ཀྱིས་མ་མཐོང་སྟེ། མཐོང་བ་ཡང་བློ་ཆུང་བ་བྱིས་པའི་ངང་ཚུལ་ཅན་དག་ལ་མཚན་ཉིད་མ་བསྟན་གྱི་བར་དུ་ས་འོག་དག་ནས་ཤར་ཞིང་ས་འོག་དག་ཏུ་ནུབ་པར་རྟོགས་པ་དང་འདྲའོ། །དེ་ཁོ་ན་ཉིད་ཀྱི་དོན་སྙིང་པོ་གཉུག་མ་དེ་དག་ཐམས་ཅད ་ལ་ཁྱབ་ཀྱང་རྟོགས་པ་དང་མ་རྟོགས་པའི་རིམ་པས་མཐོང་བ་དང་ལོང་བ་ལྟ་བུ་གནས་ཤིང་བློ་ཆུང་བ་དག་ལ་ཏིང་ངེ་འཛིན་འཕེལ་འགྲིབ་ཏུ་སྣང་ངོ། །དོན་དེ་ཁོ་ན་ཉིད་ལ་མཁས་པ་རྣམས་ལ་ནི་ཉམས་སུ་མྱོང་བ་ལ་ཤར་བ་དང་ནུབ་པ་མེད་སྣང་གྲགས ་ཐམས་ཅད་སེམས་སུ་ཤེས་ཤིང་སེམས་ཅི་ཡང་མ་ཡིན་པའི་ངོ་བོས་དེར་མི་འཛིན་པའོ། །དེ་བས་ན་དངོས་པོ་རང་གི་མཚན་ཉིད་ནི་ཤེས་པ་སྟེ་ཤེས་པ་དང་བཅས་པའི་རྣམ་པ་འཆིང་མི་དགོས་སོ། །དེའི་ཕྱིར་བློ་དང་ལྡན་པའི་གང་ཟག་རྣམས ་ལ་གཉུག་མའི་དོན་དེ་དག་ངང་གིས་འབྱུང་ངོ། །དེ་དག་གི་མཚན་ཉིད་ཀྱང་དེ་ནི་རྟོགས་པ་ཡིན་ཏེ་དེ་ནི་མ་རྟོགས་པ་ཡིན་ནོ་ཞེས་བརྟག་ཏུ་མེད་དོ། །ད་ནི་ཐུགས་རྗེས་གནང་བ་མི་འགོག་པའི་གླུ་བསྟན་པར་བྱ་སྟེ། སྙིང་རྗེ་མེ་ཏོག་གཞན་ཕན ་འབྲས་བུ་འཛིན། །དེ་ཡི་མིང་ནི་གཞན་ལ་ཕན་པའོ། །སྙིང་པོ་ཉིད་ཀྱི་སྡོང་པོ་ཡལ་འདབ་རྒྱས། །སྙིང་རྗེ་རྣམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ནི་གཞན་པའི་སེམས་ཡིན་ནོ། །སྟོང་པའི་སྡོང་པོ ་དམ་པའི་སྙིང་རྗེ་མིན། །གང་ལ་སླར་ཡང་རྩ་བའི་ལོ་འདབ་མེད། །དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། །དེར་ལྷུང་བས་ནི་ཡན་ལག་ཆག་པར་འགྱུར། །ས་བོན་གཅིག་ལས་སྙིང་པོ་གཉིས་འབྱུང་བ། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག་ཏུ ་འབྱུང། །དེ་ཡང་དབྱེར་མེད་དོན་མཆོག་གང་སེམས་པ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། ཞེས་བྱ་བའི་དོན་ནི་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པས་དེའི་མེ་ཏོག་གཞན་ལ་ཕན་པར་བྱེད ་པའི་འབྲས་བུ་གཟུགས་སྐུ་རྣམ་པ་གཉིས་འབྱུང་བར་འགྱུར་ཏེ་དེ་ནི་སྙིང་རྗེས་འཛིན་པའོ། །ངེས་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་དེའི་མིང་ནི་གཞན་ལ་ཕན་པ་ཞེས་བྱ་བར་བརྗོད་དེ། དེ་ཡང་སྙིང་པོ་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ཉིད་ཀྱིས་ལོངས ་སྤྱོད་རྫོགས་པའི་སྐུའི་སྡོང་པོ་ལ་མཚན་གྱི་ཡལ་ག་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་འདབ་མས་རྒྱས་པ་དག་འབྱུང་བར་འགྱུར་རོ། །སྤྲུལ་པའི་སྐུ་ནི་སྙིང་རྗེའི་ཡུལ་ལ་རྣམ་པ་སྣ་ཚོགས་པའི་ཐབས་དུ་མར་ལྡན་པ་དག་གིས་སྨིན་པར་བྱེད་དོ། ་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུའི་འབྲས་བུ་ནི་འཇིག་རྟེན་པ་ལ་ལྟོས་ནས་ཕྱི་མའི་འབྲས་བུས་གཞག་པ་སྟེ་དེ་ནི་གཉུག་མའི་འབའ་ཞིག་སྐྱེད་པར་བྱེད་དོ། །འཁོར་བའི་བདེ་བ་འདི་དག་ནི་སྙིང་པོ་ལས་གཞན་པའི་སེམས་དེ་དག་ལས་དགེ་བ ་རྣམས་ཀྱིས་ཀྱང་བསྐྱེད་ནུས་པ་ཡིན་ནོ། །ཆོས་ཀྱི་སྐུ་དེ་དག་ལ་མཉམ་པར་གཞག་པ་དང་རྗེས་ལས་ཐོབ་པ་ཡིན་ནམ་ཞེ་ན། སྡོང་པོ་ཆོས་ཀྱི་སྐུ་གཉུག་མའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས་དམ་པ་རྣམ་པ་གཉིས་མེ་ལོང་གི ་གཟུགས་བརྙན་ལྟར་ཤུགས་ཀྱིས་འབྱུང་བར་འགྱུར་རོ། །ལོངས་སྤྱོད་རྫོགས་པའི་སྐུའི་སྡོང་པ་དང་སྤྲུལ་པའི་སྐུ་དམ་པ་རྣམ་པ་གཉིས་གཞན་གྱི་དོན་སྨིན་པར་བྱ་བའི་ཕྱིར་བཏང་ངོ་ཞེས་སྙིང་རྗེས་ཀུན་ནས་སླང་བ་འམ་ཡེ་ཤེས་ཀྱི་རྒྱུན ་ལས་བཏང་བ་ནི་མིན་ནོ། །དེའི་ཕྱིར་རྗེས་ལས་ཐོབ་ནི་མི་མངའ་བར་ངེས་ཏེ། གལ་ཏེ་རྗེས་ལས་ཐོབ་པ་ཡོད་པར་འདོད་ན་ནི་མཐར་ཐུག་པའི་འབྲས་བུ་རང་རིག་རང་གསལ་བར་འདོད་པ་སྟེ་འབྲས་བུ་ཆོས་ཀྱི་སྐུ་མི་འབྱུང་ངོ། །དེ་དག་ལས་སླར ་ཡང་འབད་པ་ཇི་སྙེད་ཅིག་བྱས་ཀྱང་རྩ་བ་ཆོས་ཀྱི་སྐུ་མི་འབྱུང་ཞིང་གཟུགས་སྐུ་རྣམ་པ་གཉིས་ཀྱི་ལོ་འདབ་ཀྱང་མེད་དོ། །དེ་ལྟ་བུའི་དོན་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་མཛའ་ཨི་རྣམ་པར་རྟོག་པ་དེར་ལྷུང་བ་ཡིན་པས་དེས་ནི་ཆོས་ཀྱི་སྐུ ་མི་ཐོབ་ལ་གཟུགས་སྐུ་རྣམ་པ་གཉིས་ཀྱི་ཡན་ལག་ཀྱང་ཆག་པར་འགྱུར་རོ། །འདི་དག་ནི་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། ས་བོན་ཆོས་ཀྱི་སྐུ་གཉུག་མའི་ངོ་བོ་ཉིད་ཀྱི་ས་བོན་གཅིག་ཉམས་སུ་མྱོང་བ་ལ་སྟོང་པ་དང་སྙིང་རྗེ་གཉིས་པོའི་རྣམ་པ ་ལྟ་བུར་གནས་ལ། དེའི་དོན་ལ་གཟུགས་སྐུ་གཉིས་འབྱུང་བའོ། །དེ་དག་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རང་བཞིན་གྱི་རྒྱུ་མཚན་ཡིན་པས་འབྲས་བུ་ཆོས་ཀྱི་སྐུ་གཅིག་ཏུ་འབྱུང་ངོ། །དེ་ཡང་མ་འོངས་པའི་དུས་སུ་འཐོབ་པ་ལྟ་བུ་ནི་མ་ཡིན་ནོ། །འདི ་ཉིད་ཀྱི་རྣམ་པ་ལ་བདེ་བ་དང་སྟོང་པ་དབྱེར་མེད་པའི་དོན་རྣལ་མ་མཆོག་ཏུ་གྱུར་པ་ཟག་པ་མེད་པའི་བདེ་བས་གང་བ་རྡོ་རྗེ་སེམས་དཔའ་ཆེན་པོ་དེ་དག་རྟོགས་པས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་གྲོལ་ཏེ་མི་གནས་སོ། །ད་ནི་ཆ་དང་མཐུན ་པའི་དོན་བསྟེན་པར་བྱ་སྟེ། གང་ཞིག་འདོད་པ་ཅན་ནི་འོང་བའི་ཚེ། །དེ་ནི་གལ་ཏེ་འགྲོ་ན་རེ་བ་མེད། །ཟས་ཕྱིར་ཕོང་པས་བདུངས་པའི་སྐྱེས་བུ་ཞིག་།ཁ་ཕོར་དུམ་བུས་སློང་བར་འདོད་པ་ལ། །ཕྱི་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ། །གཞན་ལ ་སྟེར་བའི་དོན་ནི་མི་བྱེད་པ། །འདོད་པ་པོ་ལ་དེ་དག་མི་སྟེར་བ། །འདིས་ནི་འཁོར་བའི་འབྲས་བུ་གང་ཡིན་པ། །ངེས་པར་སྐྱེད་པས་རྣལ་འབྱོར་སྨན་པའི་ལམ། །དེ་དག་བཟློག་སྟེ་རང་བཞིན་ལམ་ཁྱེར་ན། །དེ་བས་རྣམ་རྟོག་པོར་བ་བྱས་ནའང་རུང། །ཞེས་བྱ་བའི ་དོན་ནི་རྣལ་འབྱོར་པ་དག་གི་སྣང་བ་སེམས་ལ་མ་ཐིམ་ཞིང་ཐ་མི་དང་མ་གྲུབ་ཀྱི་བར་དུ་རྣམ་པར་སྨིན་པ་ལ་མཛེམ་པར་བྱ་སྟེ། གང་ཞིག་ཅེས་བྱ་བ་ནི་རིགས་ཀྱི་བུ་སྐལ་པ་དང་ལྡན་པ་གང་ཞིག་གོ་།དེ་དག་གཉིས་སུ་མེད་པའི་དོན་ཁྱད་པར་ཅན་འདོད་པ ་བློ་བཟང་པོ་ཅན་ངག་འོངས་པའི་ཆེ་རྣལ་འབྱོར་པ་དག་དེ་ནི་གལ་ཏེ་ཕན་མི་འདོགས་ཤིང་འགྲོ་ན་ཕ་རོལ་གྱི་སེམས་བསད་པ་ཡིན་ཏེ་རྫོགས་སངས་རྒྱས་ཀྱི་རེ་བ་མེད་དོ། །དེ་བས་ན་གཞན་མི་དགའ་བར་འགྱུར་བའི་སྦྱོར ་བ་ཕྲ་མོ་ཙམ་ཡང་མི་བྱ་སྟེ། །ཐ་ན་ཟ་འདོད་པའི་ཕྱིར་ཕོར་པས་གདུངས་པའི་གདོལ་བ་ཞིག་གིས་སྐྱེས་བུ་ཞིག་ལ་ཁམ་ཕོར་གྱི་དུམ་བུ་འམ་ཁམ་ཕོར་ཉིད་སློང་བར་འདོད་པ་ལ་ཁམ་ཕོར་ཇི་བཞིན་པ་ཉིད་དམ། ཕྱི་རོལ་གྱི་སྒོ་རྩར་བོར་བའི ་ཁམ་ཕོར་གྱི་དུམ་བུ་བླངས་ནས་སུ་གཞན་ལ་སྟེར་བའི་དོན་མི་བྱེད་དམ། འདོད་པ་པོ་དེ་དག་ལ་མི་སྙན་པར་བརྗོད་ཅིང་མི་སྟེར་བ་འདི་དག་ནི་འཁོར་བའི་རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་ངེས་པར་སྐྱེད་པར་བྱེད་པས་རྣལ་འབྱོར་པའི་བློ ་དམན་པ་ཡིན་ཞིང་ལམ་ལོག་པར་རིག་པར་བྱའོ། །དེ་དག་ལས་བཟློག་སྟེ་རང་བཞིན་ལམ་དུ་ཁྱེར་ནས་དུས་ཐམས་ཅད་དུ་སྤྱོད་ལམ་རྣམ་པ་བཞི་ལ་ཁྱད་མེད་པར་འཇུག་པ་ན་མཚན་མའི་རྣམ་པར་རྟོག་པ་བོར་བར་བྱས་ནའང་རུང་སྟེ། རྣམ ་པར་སྨིན་པ་ཕྲ་མོ་དག་གིས་ལྡང་བར་མི་ནུས་སོ། །ད་ནི་དོན་གྱི་གླུ་བདུན་པ་བསྟན་པར་བྱ་སྟེ། ཨེ་མ་འོ་ཌཱ་ཀཱི་གུ་ཧཡ་ཀཾ་།ེ་ཡི་དྷརྨ་དྷཱ་ཏུ་ཡོ་ཡིན། ཨ་ཡི་ཀོ་།དྷི་ཀ་པ་ས་རི། ཁྲེ་དན་ཨཾ་པ་ཀོ་ཡི་ལ་།ཛ་ཧ་པ་ཀ་།སི་རན་ཏྲན་ཏྲ། ཨ་ཡི ་ཀ་ཡི་ར་པོ་ལིས། གྷུ་ཧཡེ་ཏན་ཏྲ་ཁེ་མ་ལ་ཀང། རི་ས་ནཾ། སུ་ཞེས་བྱ་བ་སྟེ་འདི་དག་ནི་རྗེ་བཙུན་པ་དག་གིས་རྟོགས་པ་བརྗོད་པ་སྟེ་དེ་དག་གི་དོན་ནི། །ེ་མའོ་མཁའ་འགྲོ་གསང་བའི་སྐད། ཨེ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་དེ་ཉིད་ཀྱིས་བསྐྱེད་དོ།། ་དཔེར་གཞག་པ་ཡི་ནམ་མཁའ་སྟེ། །འགྲོ་བ་ཚོགས་བསགས་རྒྱུད་ལ་ངོས། །མ་ནི་དོར་འཛིན་དེ་ལས་སྐྱེ། །གསང་བ་རྒྱུད་ལས་རག་ལས་གསལ། །སྐད་ནི་མཆོན་པ་ཙམ་དུ་ཟད། །ཅེས་བྱ་བའི་དོན་ནི་ཨ་ཨི་ཧོ་ཞེས་བྱ་སྟེ་དེ་དག་གསལ་བར་བྱ་བ་ནི། ་ཆོས་ཀྱི་དབྱིངས་ནི་རྣམ་པ་གསུམ། །བདེ་དང་གསལ་དང་མི་རྟོགས་པའོ། །སྐྱེད་པའི་མ་ནི་དེ་བཞིན་ཏེ། མ་བཅོས་རྣལ་མ་དྲན་པའོ། །མཚོན་པའི་དཔེ་ནི་ནམ་མཁའ་སྟེ། །སླར་མེད་མཉམ་དང་མ་ཤེས་སོ། །ཚོགས་བསགས་གང་ཟག་རྟེན་ཡིན་ཏེ། ། ་སྤྱངས་དང་ཚོགས་མེད་བླ་མ་བསྟེན། །ཤུགས་ཀྱི་མ་ནི་ཉམས་མྱོང་སྟེ། །ཐ་མལ་གོམས་དང་རྒྱུན་དུའོ། །གསང་པའི་དོན་ནི་བརྒྱུད་པ་སྟེ། །བྱིན་རླབས་ཉམས་ཏེ་ལྡན་པའོ། །ཐམས་ཅད་བརྡ་ཡི་རྣམ་པ་སྟེ། །ང་ཡི་སྨྲ་བར་མི་ནུས་པའོ། །ཞེས་བྱ་བ ་ནི་བསྡུས་པའི་དོན་ནོ། །ད་ནི་དགེ་བའི་རྩ་བ་བསྔོ་བར་བྱ་སྟེ། །གཉིས་སུ་མེད་པ་རྡོ་རྗེའི་གླུ། །དེ་ཉིད་ཡེ་ཤེས་མཚོན་བྱེད་པའི། །དོན་དམ་གཉིས་མེད་ཡི་གེ་ཡི། །འགྲོ་རྣམས་རང་ལ་གླུར་ལེན་ཤོག་།ཅེས་བྱ་བའི་སྣང་བ་དང་སེམས་གཉིས་མེད་པ་བདེ ་བ་ཆེན་པོ་རྡོ་རྗེའི་གླུ་འདི་དག་གིས་སེམས་ཅན་གྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡོད་པ་དེ་དག་མཚོན་པར་བྱེད་པ་སྟེ། འདི་དག་ནི་དོན་དམ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཡི་སྐལ་བ་དང་ལྡན་པའི་འགྲོ་བ་རྣམས་རང་ལ་གླུར་ལེན་ཅིང་རྟོགས ་པར་ཤོག་ཅིག་པའི་དོན་ཏོ། །ང་ནི་རྗེ་བཙུན་པ་དཔལ་གྱི་རི་བོ་པའི་དགོངས་པས་བདག་གིས་རྣམ་པར་ཕྱེ་ཞིང་གསལ་བར་བྱས་པའི་དོན་བསྔོ་བར་བྱ་སྟེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །?་སྟོང ་དབྱེར་མེད་ལྷན་ཅིག་སྐྱེས་པ་སྟེ། །དེ་ཉིད་ཆོས་སྐུའི་དགོས་པ་ཆོས་སྐུ་ཉིད། །བདག་ཉིད་ཉམས་མྱོང་མཐུ་ལས་བྱུང་བ་ཡི། །རྟོགས་པས་རྗེ་བཙུན་དགོངས་པ་གསལ་བར་བྱས། །དྲི་ལྡན་མགོན་པོ་ཁྱོད་ལ་ཕྱག་འཚལ་ཏེ། །དྲིན་མཆོག་གླང་ཕྱིར་འདི ་བྱས་དགྱེས་པར་མཛོད། །འདི་ལས་བྱུང་བའི་བསོད་ནམས་ཚོགས་དག་གིས། །སེམས་ཅན་ཐམས་ཅད་བདེ་བ་ཆེ་རྟོགས་ཤོག་།རྣམ་གསུམ་སློབ་མ་དག་པའི་ཕྱིར། །དེ་ཉིད་གསལ་བར་བྱེད་པའི་དོན་།གཉིས་མེད་རྟོགས་པ་མཻ་ཏྲིས་བཤད། །འདི ་ལ་གཞོལ་བ་དོན་ལྡན་ཤོག་།མི་བཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་པའི་དགོངས་པ་མཁས་པར་གྲགས་པ་དཔལ་ལྡན ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱིཛྙཱ་ན་ཀཱིརྟྟིས་རང་འགྱུར་དུ་མཛད་ལའོ།། (།།དོ་ཧ་མཛོད་ཀྱི་དགའ་འགྲེལ་ཞེས་བྱ་བ་ཐར་པའི་འབྱུང་གནས་སྤས་པས ་