| Wylie | e-texts based on the ACIP/ALL Input |
པོའི་དོན། །ཟུང་འཇུག་དབུ་མའི་དོན་ནི་ཡང་དག་རྟོགས་པར་ཤོག། །།དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། (།།བཛྲ་པཱ་ཎིའི་རྡོ་རྗེའི་ཚིག་བཞུགས་པ་ལགས།།)་།།རྒྱ་གར་སྐད་དུ། བཛྲ་པཱ་ད་ལ་ནཱ་མ། བོད ་སྐད་དུ། རྡོ་རྗེའི་ཚིག་ཅེས་བྱ་བ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱིས་བདག་གུས་པས། །དང་པོ་བླ་མ་མཆོག་ཕྱག་འཚལ། །སླར་ཡང་རི་ཁྲོད་པ་དེ་བཞིན། །དགྱེས་པའི་རྡོ་རྗེ་མ་རྒྱུད་དུ། །དེ་བཞིན་གཤེགས་པས་སྦས་པ་གང། །རྣམ ་བཤད་ཕྱག་ན་རིགས་ལྡན་པས། །ལས་ཀྱི་ཕྱག་རྒྱ་སོགས་སྒྲུབ་ཐབས། །སློབ་མ་ཡིས་ནི་རྟོགས་ཕྱིར་བྲི། །སངས་རྒྱས་ཀུན་བདག་སྡོམ་པ་ནི། ། བཾ་རྣམ་པར་རབ་ཏུ་གནས། །ཡང་དག་དབང་བསྐུར་ཤེས་བྱ་བ། །གཅིག་པུའི་རྣམ་པ་བདེ་ཆེན་པོ། ། ་བུམ་པའི་དབང་ནི་དང་པོ་སྟེ། །གསང་བ་མཆོག་ནི་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ལྟར་དེ་བཞིན་བཞི་པ་ཡང། །ེ་ཡི་ཆ་བྱད་བཟང་པོ་དང། །དབུས་སུ་བཾ་གྱི་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱིས་ནི་གནས། །སངས་རྒྱས ་རིན་ཆེན་ཟ་མ་ཏོག་།དེ་ལས་དགའ་བ་སྐྱེ་བར་འགྱུར། །སྐད་ཅིག་དབྱེ་བ་ཐ་དད་པས། །སྐད་ཅིག་ཡེ་ཤེས་བདེ་ཡེ་ཤེས། །ེ་བཾ་རྣམ་པར་རབ་ཏུ་གནས། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་ཉེད་དེ་ནི་མཚན་ཉིད་བྲལ། །སྐད་ཅིག་མ་བཞི་ཡང་དག་རྟོགས།། ་འདི་ལྟར་རྣལ་འབྱོར་མས་སུ་ཤེས། །སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །འཁྱུད་དང་འོ་བྱེད་ལ་སོགས་པ། །རྣམ་པར་སྨིན་པ་དེ་ལས་བཟློག་།བདེ་བའི་ཡེ་ཤེས་ཟ་བའོ། །རྣམ་པར་ཉེད་པ་དཔྱོད་པར་བརྗོད། །བདག་གིས་བདེ་བདེ་སྤྱད་དོ་ཞེས། །མཚན་ཉིད་བྲལ ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དང་པོར་དགའ་བ་རྣམ་སྣ་ཚོགས། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་པར་ཉིད། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །དགའ་བ་དང་པོ་འགྲོ་བ་ཉིད། །མཆོག་ཏུ་དགའ་ ་བ་འགྲོ་བ་ཉིད། །དགའ་བྲལ་དགའ་བ་འགྲོ་བ་ཉིད། །ལྷན་ཅིག་སྐྱེས་པ་གསུམ་མི་དམིགས། །པདྨའི་ནམ་མཁའ་རྡོ་རྗེའི་ཟེ་འབྲུ་དག་།རྡོ་རྗེ་སྐྱིལ་མོ་ཀྲུང་གིས་མནན་པའི་གནས་དག་ཏུ། །སེམས་ནི་ནོར་བུའི་ནང་དུ་ཆུད་པས་བལྟ། །ཡེ་ཤེས་གང་སྐྱེས་ཡེ་ཤེས་བརྗོད ་མེད་གཟུགས། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་དམ་འཁྱུད་ནས། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་བཞེད་པ་ཡིན། །སློབ་དཔོན་གསང་བ་ཤེས་རབ་དང། །དེ་ལྟར་དེ་བཞིན་བཞི་པ་ཡང། །དབང་བཞི་ཡི་ནི་གྲངས་ཀྱིས་ཀྱང།། ་དགའ་བ་ལ་སོགས་རིམས་བཞིན་ཤེས། །རྒོད་པའི་དགའ་བ་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་བའི་དབང། །འཁྱུད་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ཡང་གཉིས་ཀྱི་གཉིས་སྤྲོད་རྒྱུད། །སེམས་ཅན་རྣམས་ཨཀྱི་དངོས་གྲུབ་རྒྱུར། །དབང་བསྐུར་རྣམ་པ་བཞི་རུ་བཤད ་བླུགས་ཤིང་དཀྲུས་པ་འདི་ཡིས་ནི། །དབང་བསྐུར་ཞེས་བྱར་མངོན་པར་བརྗོད། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །མཆོག་ཏུ་དགའ་བས་ཡང་དག་རྙེད། །སྟོན་པས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་བཟུང། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས ་ཅན་དོན་གྱི་རྡོ་རྗེ་འཛིན། །འདི་དེ་ཉིད་ཀྱི་ཡེ་ཤེས་ཆེ། །ལུས་ཀུན་ལ་ནི་རྣམ་པར་གནས། །བྱང་ཆུབ་སེམས་ནི་ཟླ་བར་གྱུར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །ཱ་ལིའི་གཟུགས་ཀྱི་བདེ་ཆེན་པོ། །རྣལ་འབྱོར་མ་ནི་དེ་ཡི་ཆ། །དོན་གྱི་བྱ་བ་མི་བྱེད་ཕྱིར། །ཐམས་ཅད་མཛའ་ ་ནི་འབད་པས་སྤངས། །བཅུ་དྲུག་གི་ནི་ཆ་མ་ཡིན། །ལྷན་ཅིག་སྐྱེས་པའི་ངོ་བོ་གང། །དགའ་བྲལ་དང་པོ་མཆོག་གི་མཛའ་། །སྟོང་མས་སྟོང་ཉིད་ཧེ་རུ་ཀ་།ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པའོ། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དཱུང་མི་གནས་པ།། ་ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །འདི་ནི་གཅིག་དང་དུ་མ་བྲལ། །སྐད་ཅིག་གཅིག་ལ་མཆོག་ཏུ་དགའ་། །གཉིས་སུ་མེད་དང་གཉིས་ཀྱི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ ་བ་ཁྱབ་སྟེ་གནས། །སྒྱུ་མའི་གཟུགས་ནི་ཉིད་དུ་གནས། །དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང། །དེ་ནི་རྟག་ཏུ་ངེས་པར་གྲོལ། །དཀྱིལ་ནི་སྙིང་པོར་བརྗོད་པ་སྟེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོར། །ལེན་པར་བྱེད་པས་དཀྱིལ་འཁོར་ཏེ། །འདུས་པས ་དཀྱིལ་འཁོར་དུ་ནི་བཤད། །འཁོར་ལོའི་ཚོགས་ནི་ནམ་མཁའ་ཨི་ཁམས། །ཡུལ་ལ་སོགས་པ་རྣམ་སྤྱོད་པའོ། །རྡོ་རྗེ་པདྨ་སྦྱོར་བའི་ཐབས། །དེ་ཡི་བདེ་བ་རྟོགས་པར་བྱེད། །ནམ་མཁའ་ཁམས་སུ་བྷ་ག་བསམ། །དབུས་སུ་བསྒོམ་པར་བྱ་བ་ནི། །འཁོར་ལོ་སྔོན ་འགྲོ་ཚུལ་ཇི་བཞིན། །ལྔ་རྣམས་ཇི་ལྟར་འབྱུང་བ་བསམ། །མཁའ་དབྱིངས་ཤེས་བྱ་པདྨ་ལ། །བྷ་ག་འདིར་ནི་ཡེ་ཤེས་བརྗོད། །བསྒོམ་པ་འདིར་ནི་སྙོམས་འཇུག་པ། །དེ་ཡི་བདེ་བས་འཁོར་ལོར་བརྗོད། །ཕྱག་རྒྱ་ཆེན་པོར་དབང་བསྐུར་བ། །ཇི་ལྟར ་བདེ་བ་ཆེན་པོ་ཡི། །དེ་ཉིད་འདི་ཡི་མཐུ་སྟོབས་ཀྱིས། །དཀྱིལ་འཁོར་གཞན་དུ་མི་འབྱུང་ངོ། །བདེ་བ་ནག་པོ་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་ཏུ ་རུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་ཆེན་བརྗོད། །དངོས་དང་དངོས་མེད་གཉིས་ཀྱང་ངོ། །དངོས་པོ་རྟོག་ཕྱིར་སངས་རྒྱས་པ། །ལེ་ལོས་ཉེ་བར་བཅོམ་པ་དང། །རྨོངས་པ་རྣམས་ཀྱི་ང་མི་ཤེས། །རྡོ་རྗེ་བཙུན་མོའི་བྷ་ག ་མཆོག་།བདེ་བ་ཅན་ནང་གནས་ཏེ། །ེ་ཡི་ཆ་བྱད་ཅན་གྱི་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག་།འཆད་པ་པོ་ང་ཆོས་ཀྱང་བ། །རང་གི་ཚོགས་ལྡན་མཉན་པ་དང། །འགྲོ་བའི་སྟོན་པ་བསྒྲུབ་བྱ་བ། །འཇིག་རྟེན་འཇིག་རྟེན་འདས་པ་བ། །ལྷན་ཅིག་སྐྱེས་གཞོན ་རང་བཞིན་ང། །མཆོག་མཛའ་བྲལ་བ་དང་པོ་སྟེ། །བོ་ལ་ཀ་ཀོ་ལ་སྦྱོར་བས། །རེག་པ་ལས་ནི་སྲ་བའི་རྫས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་ཆུབ་སེམས་ནི་ཞུ་བ་ལས། །ཆུ་ཡི་ཁམས་སུ་ཡང་ནི་འབྱུང། །བསྐྱོད་པ་ལས་ནི་མེ་ཡིན་ཏེ། །འགྲོ་བ་རླུང་དུ ་རབ་ཏུ་གྲགས། །བདེ་བ་ཡང་ནི་ནམ་མཁའ་ཨི་ཁམས། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །དེ་ཕྱིར་བདེ་བ་དེ་ཉིད་མིན། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །ལྷན་ཅིག་སྐྱེས་པའི་ངོ་བོ་གང། །ལྷན་ཅིག་སྐྱེས་པར་ངེས་པར་བཤད། །ལས་ཀྱི་ཕྱག་རྒྱ་བསྟན་པའོ། །རང ་བཞིན་ཉིད་ནི་མ་བསྐྱེད་ན། །བདེན་པ་མ་ཡིན་བརྫུན་པ་མིན། །ཐམས་ཅད་ཆུ་ཟླ་ལྟ་བུ་སྟེ། །རྣལ་འབྱོར་མ་རྣམས་ཤེས་པར་འདོད། །འདི་ལྟ་སྟེ། གཙུབ་སྟན་དང། གཙུབ་ཤིང་དང། སྐྱེས་བུའི་ལག་པ་བསྐྱོད་པ་ལས་གློ་བུར་དུ་མེ་མངོན་སུམ་དུ་འབྱུང་སྟེ། ། ་མེ་དེ་ནི་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མེད། སྐྱེས་བུའི་ལག་པ་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ལ་ཡང་གནས་པ་མེད་དོ། །མེ་དེ་ཡང་བདེན་པ་ཡང་མ་ཡིན། བརྫུན་པ་ཡང་མ་ཡིན་ཏེ། དེ ་ལྟར་ཆོས་ཐམས་ཅད་ཡིད་ལ་གྱིས་ཤིག་།དེ་ལྟར་འཁོར་བ་དེ་ཉིད་དོ། །འཁོར་བ་མ་རྟོགས་གཞན་དུ་ནི། །མྱ་ངན་འདས་པ་མི་ཤེས་སོ། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོད་པ་ལ་སོགས་ཏེ། །འཁོར་བ་དབང་པོ་རྣམ་ཉིད་དོ། །འཁོར ་བ་ཞེ་སྡང་ལ་སོགས་པ། །ཆོས་འདི་དག་ནི་མྱ་ངན་འདས། །རྨོངས་པས་འཁོར་བའི་གཟུགས་ཅན་ཉིད། །འཁོར་བ་གཏི་མུག་མེད་པ་དག། བྱང་ཆུབ་སེམས་ནི་མྱ་ངན་འདས། །དོན་དམ་ཀུན་རྫོབ་རང་བཞིན་ནོ། །འདོད་ཆགས་ཞེ་སྡང་མེད་ཅིང་གཏི་མུག་མེད། ། ་ཕྲག་དོག་མེད་ཅིང་སེར་སྣ་མེད། །ང་རྒྱལ་མེད་ཅིང་ལྟ་བ་མེད། །བསྒོམ་པ་པོ་དང་བསྒོམ་པ་མེད། །སྣ་ཚོགས་ལྷན་ཅིག་སྐྱེས་པ་རླབས་བྲལ་བ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཐམས་ཅད་གཅིག་པའི་སྡོམ་པ་ནི། །རྣལ་འབྱོར་སྙིང་རྗེའི་ཐབས་སུ་འགྱུར། །? ་རྒྱ་རྒྱུ་དང་རྣམ་པར་བྲལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། །ཆོས་ཀྱི་ཕྱག་རྒྱ་བསྟན་པའོ། །སྔགས་བཟླས་དཀའ་གྲུབ་མེད་ཅིང་སྦྱིན་བསྲེག་མེད། །དཀྱིལ་འཁོར་མེད་ཅིང་དཀྱིལ་འཁོར་བ་ཡང་མེད། །དེ་ནི་སྔགས ་བཟླས་དཀའ་ཐུབ་སྦྱིན་བསྲེག་ཡིན། །དེ་ནི་དཀྱིལ་འཁོར་བ་དང་དཀྱིལ་འཁོར་ཉིད། །མཉམ་པ་ཉིད་དུ་སེམས་ནི་འདུས་པའི་རང་བཞིན་ནོ། །དམ་པའི་དགའ་བ་དངོས་དང་དངོས་མེད་དངོས་པོར་ལྡན་པ་མེད། །ལུས་པོ་མེད་ཅིང་གཟུང་བ་མེད་དང་འཛིན་པ་མེད།། ་ཤ་དང་ཁྲག་ཀྱང་མེད་ཅིང་གཤང་དང་གཅི་བ་མེད། །མི་གཙང་བ་དང་རྨོངས་མེད་གཙང་སྒྲ་དག་པ་མེད། །རང་བཞིན་གཟུགས་མེད་ལྟ་པ་མེད། །སྒྲ་མེད་པས་ན་ཉན་པ་མེད། །དྲི་ཡང་མེད་ཅིང་སྣོམ་པ་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་བྱ་མེད་ཅིང་རེག ་པ་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང། །སླར་ཡང་དེ་བཞིན་ཉིད་གཤེགས་པའོ། །ཤེས་རབ་རིག་པ་འདི་ཡིས་ནི། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །སྒོམ་པ་པོ་དང་བསྒོམ་བྱ་མེད། །ལྷ ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་དང་བྲལ་བའི་རང་བཞིན་དུ། །སྔགས་དང་ལྷ་དག་གནས་པ་དག་།རྣམ་སྣང་མི་བསྐྱོད་དོན་ཡོད་དང། །རིན་ཆེན་འཁོར་འདས་སྙིང་སྟོབས་ཅན། །ཚངས་པ་ཁྱབ་འཇུག་ཞི་བ་ཀུན། །རྣམ་པར་སད་དང་དེ་བཞིན་བརྗོད། །ཚངས ་པ་མྱ་ངན་འདས་སངས་རྒྱས། །འཇུག་པས་ཁྱབ་འཇུག་ཉིད་དུ་བརྗོད། །རྟག་ཏུ་དགེ་བས་ཞི་བ་སྟེ། །ཐམས་ཅད་བདག་ཉིད་གནས་པ་ཀུན། །རང་རིག་པ་ཡི་ཡེ་ཤེས་འདི། །ངག་གི་སྤྱོད་ཡུལ་ལམ་ལས་འདས། །བྱིན་གྱིས་རློབས་པའི་རིག་པ་གང། ། ་ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཇི་ལྟར་ཕ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གི་སྤྱོད། །གང་ཕྱིར་འཆི་བའི་བདེ་བ་འདི། །དེ་ཡི་བདེ་བ་བསམ་གཏན་བརྗོད། །སེམས་ཅན་སངས་རྒྱས་གཅིག་པ་ལས། །འོན་ཀྱང་གློ་བུར་གྲིབ་མས་བསྒྲིབས། །དེ་དག ་སྤངས་ལྷ་ལྷ་ཉིད་ཀྱིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དེ་ལྟར་དེ་ཉིད་བདེན་པ་རྫུན་མིན། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་ལས་ཀྱང་ནི་རྙེད་མི་འགྱུར། །བླ་མའི་དུས་ཐབས་བསྟེན་པ་ལས། །རང་གི་ཤེས་བྱ་བསོད་ནམས་ཀྱིས། །ཕྱག་རྒྱ་ཆེན་པོ་བསྟན ་པའོ། །མི་ཤེས་པ་ཡི་འཇིག་རྟེན་གང། །བཙན་དུག་ཟོས་པས་རྒྱལ་བར་འགྱུར། །གཏི་མུག་རྣམ་སྤངས་དེ་ཉིད་ཤེས། །དེ་ཡི་མྱ་ངན་ཡོངས་གཅོད་འགྱུར། །དེ་བཞིན་ཐར་པའི་ཐབས་ཤེས་པ། །དགྱེས་པ་རྡོ་རྗེ་ཤེས་བྱས་ནས། །མ་རིག་སོགས་པས་བརྡུང་མི ་ནུས། །གཏི་མུག་ལ་སོགས་ཀྱིས་མི་འཆིང། །རང་རིག་གིས་ནི་ཡང་དག་རྟོག་།སངས་རྒྱས་མ་ཡིན་སེམས་ཅན་མེད། །དམྱལ་བ་ཡི་དགས་བྱོལ་སོང་དང། །ལྷ་དང་ལྷ་མིན་མི་རྣམས་དང། །གཤང་གཅིའི་སྲིན་བུ་ལ་སོགས་པ། །རྟག་ཏུ་བདེ་བའི་རང་བཞིན་ལས།། ་ལྷ་དང་ལྷ་མ་ཡིན་གྱིས་ཀྱང། །དེ་ལྟར་བདེ་བ་མི་ཤེས་སོ། །འཇིག་རྟེན་ཁམས་ནི་གང་ནས་ཀྱང། །གཞན་དུ་སངས་རྒྱས་མི་རྙེད་དེ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་བསྟན་དུ་མེད། །?་པ་སྨྱུག་མཁན་ལ་སོགས་པ། །གསོད ་པ་དོན་དུ་སེམས་པ་རྣམས། །དེ་ཡང་དགྱེས་རྡོར་རྗེ་ཤེས་ནས། །འགྲུབ་སྟེ་འདི་ལ་ཐེ་ཚོམ་མེད། །བྱིས་པ་མི་ཤེས་པས་བསྒྲིབས་པས། །བགྲོད་པ་འདི་མི་ཤེས་པ་ཡིན། །རྨོངས་པ་དེ་ནི་འཁོར་བ་སྟེ། །འགྲོ་དྲུག་སྲིད་པའི་བརྩོན་རར་ཆུད། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། ། ་དགྱེས་པའི་རྡོ་རྗེའི་ཐུགས་རྙེད་པ། །གང་ཞིག་ཡུལ་རྣམས་རྣམ་སྤྱོད་བ། །བླ་མེད་གོ་འཕང་ཐོབ་པར་འགྱུར། །དངོས་པོའི་འཆིང་བས་བཅིངས་པ་ནི། །དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །དངོས་པོ་མེད་པར་ཡོངས་ཤེས་པས། །དངོས་པོ་བསྒོམ་མེད་ཤེས ་རབ་ཅན། །དངོས་པོ་བསྒོམ་པ་ཡོངས་ཤེས་བྱ། །དེ་ལྟར་ཧེ་རུ་ཀ་བསྒོམ་པ། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ཡིན།། ་མཁའ་མཉམ་དེ་ཡི་ཐབས་དང་ལྡན། །དེ་ལས་འཇིག་རྟེན་གསུམ་པོ་སྐྱེད། །ཐབས་དང་ཤེས་རབ་རང་བཞིན་ཏེ། །དམན་དང་འབྲིང་པོ་མཆོག་དང་ནི། །གཞན་རྣམས་གང་རྣམས་དེ་རྣམས་ནི། །དེ་དག་ཐམས་ཅད་མཉམ་ཉིད་དུ། ། ་དེ་ཉིད་བསྒོམ་པས་བལྟ་བར་བྱ། །དམན་པ་ཕྲ་བའི་དངོས་པོ་སྟེ། །མཆོག་ནི་སྲིད་པར་བརྗོད་པ་ཡིན། །འབྲིང་པོ་གཉིས་ནི་སྤངས་པ་པས། །གཞན་རྣམས་ཤེས་པའི་དབང་པོ་དྲུག་།གང་རྣམས་དུ་རྣམས་གཡོ་དང་བརྟན། །མཉམ་པ་མཚུངས་པའི་རང་བཞིན ་ཏེ། གཡོ་མཉམ་དེ་ཉིད་བསྒོམ་པར་བྱ། །མཉམ་པ་མཚུངས་པར་བརྗོད་པ་སྟེ། །དེ་ཡི་འཁོར་ལོ་?་བཤད་དོ། །རོ་མཉམ་པ་ཡི་ངོ་བོ་རུ། །དོན་འདི་ཡིས་ནི་བརྗོད་པ་ཡིན་ནོ། །འགྲོ་བ་ཐམས་ཅད་དེ་ལས་སྐྱེས། །ང་ལས་གནས་གསུམ་པོ་ཡང་བྱུང། །ང ་ཡིས་འདི་དག་དགའ་?་པར་ཁྱབ། །དེ་ལས་གཞན་པའི་འགྲོ་མ་མཐོང། །དེ་ལྟར་ངེས་ཤེས་རྣལ་འབྱོར་པ། །ཤིན་ཏུ་མཉམ་གཞག་གང་གོམས་ན། །བསོད་ནམས་ཆུང་བའི་མི་ཡིས་ཀྱང། །དེ་ཉིད་འགྲུབ་འགྱུར་ཐེ་ཚོམ་མེད། །ཡན་ལག་ཇི་སྙེད་བསྒྱུར་པའམ?།། ་རབ་ཏུ་རྒྱལ་བར་སྨྲ་བ་རྣམས། །དེ་སྙེད་སྔགས་དང་ཕྱག་རྒྱ་རྣམས། ཧེ་རུ་ཀ་དཔལ་གོ་འཕངས་ནས། །བཟའ་དང་བཏུང་དང་དེ་བཞིན་ཁྲུས། །འགྲོ་བའམ་ཉལ་བས་བསམ་པར་བྱ། །དེ་སྙེད་དེ་ནི་རྒྱུན་མི་འཆད། །ཕྱག་རྒྱ་ཆེན་པོ་མངོན་འདོད་པ། །གང་ཕྱིར་བརྟན ་དང་གཡོ་བའི་དངོས། །རྩེ་ལྕུག་ཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་པར་བསྒོམ། །རང་རིག་པ་ཡི་བདག་ཉིད་དག་།དག་པ་གཞན་གྱི་རྣམ་མི་གྲོལ། །ཡུལ་རྣམས་དག་པའི་རང་བཞིན་པས། །རང་རིག ་པ་ཡི་བདེ་བ་མཆོག་།གཟུགས་སོགས་ཡུལ་དང་གཞན་དག་ཀྱང། །རྣལ་འབྱོར་པ་ལ་གང་སྣང་བ། །དེ་ཀུན་དག་པའི་རང་བཞིན་ཏེ། འགྲོ་བ་སངས་རྒྱས་རང་བཞིན་ཉིད། །གང་དང་གང་གིས་འཇིག་རྟེན་བཅིངས། །དེ་ཡིས་བཅིངས་པ་ལས་གྲོལ་འགྱུར། ། ་དེ་ཉིད་ཤེས་པས་འཇིག་རྟེན་གྲོལ། །དེ་ཉིད་རྣམ་སྤངས་གྲོལ་བ་མིན། །དེ་ཕྱིར་གཟུགས་མེད་སྒྲ་ཡང་མེད། །རོ་མེད་སེམས་མེད་རྣམ་པར་དག་།རེག་མེད་ཆོས་མེད་རྣམ་པར་གྲོལ། །དག་པའི་རང་བཞིན་འགྲོ་ལ་གྲོལ་བས་ཤེས། །དུག་གི་དུམ་བུ་གང་ཉིད་ཀྱིས ་སྐྱེ་བོ་ཐམས་ཅད་འཆི་བ་སྟེ། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འཇོམས་པར་བྱེད། །ཇི་ལྟར་རླུང་གིས་བཟུང་དེ་ལ། །མ་ཤི་བཟའ་བ་སྦྱིན་པར་བྱ། །རླུང་གིས་རླུང་ནི་འཇོམས་བྱེད་དེ། །བཟློག་པའི་སྨན་དུ་བརྟག་པར་བྱ། །སྲིད་པ་ཉིད་ཀྱི་སྲིད་དག ་བྱེད། །རྣམ་རྟོག་སོ་སོར་རྟོག་པ་ཡིན། །ཇི་ལྟར་རྣམ་པར་ཆུ་བླུག་པ། །ཆུ་གཞན་གྱིས་ནི་དབྱུང་བར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང། །རྣམ་པར་ངེས་པར་སྦྱོང་བ་བྱེད། །ཇི་ལྟར་མེ་ཡི་ཚིག་པ་ལ། །སླར་ཡང་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས ་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །འདོད་ཆགས་ཀྱིས་ནི་རྣམ་པར་གྲོལ། །བཟློག་པའི་བསྒོམ ་པ་འདི་ལྟ་བུ། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། དམ་ཚིག་གི་ཕྱག་རྒྱ་བསྟན་པའོ། །ལས་ཀྱི་ཕྱག་རྒྱ་ལ་སོགས་ལྡན། །རྡོ་རྗེ་ཚིག་ནི་བཏུ་བྱས་ལ། །བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཡིས་འཇིག་རྟེན་རྡོར་འཛིན་ཤོག་།རྡོ་རྗེ་སློབ་དཔོན་བཛྲ ་པཱ་ཎིའི་ཞལ་སྔ་ནས་མཛད་པ། རྡོ་རྗེའི་ཚིག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ལོ་ཙ་བ་མཚུར་སྟོན་དགེ་སློང་ཛྙཱ་ན་ཡཱ་ཀ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།དོ་ཧ་མཛོད་ཀྱི་དཀའ་འགྲེལ་ཨ ་