CLOSE WINDOW

N1888: do ha ni dhi zhes bya ba de kho na nyid kyi man ngag
Wyliee-texts based on the ACIP/ALL Input

ན་ཨཱ་ཀ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། དོ་ཧཱ་ཏི་ནཱ་མ་ཏཏྟཝོ་པ་དེ་ཤ། བོད་སྐད་དུ། དོ་ཧཱ་ཏི་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཐེག་པ་གསུམ་ནི་གནས་པ་ཞེས ་བཤད་དེ། །བྱེ་བྲག་སྨྲ་བ་གཉིས་སུ་ཤེས་པར་བྱ། །ཉན་ཐོས་དམན་དང་འབྲིང་པོ་ནུབ་ཕྱོགས་པ། །མཆོག་དང་རང་རྒྱལ་དག་ནི་ཁ་ཆེ་བའོ། །ཕུང་པོ་ལྔ་ནི་ཀུན་གྱི་གྲུབ་མཛའ་ཡིན། །གང་ཟག་བརྗོད་མེད་ནུབ་ཕྱོགས་པ་གཉིས་འདོད། །ཐམས་ཅད་ཇི་སྲིད ་འཚོ་བར་གསུམ་སྐྱབས་འགྲོ་།བདག་ཉིད་དུལ་བའི་སྙིང་རྗེ་ལྷག་པར་འབྱུང། །ཐེག་པ་དམན་པ་མི་གཙང་བམ་པ་དེ། །ལུས་གཙང་བློ་དེ་དྲི་མར་ཤེས་པར་བྱ། །འབྱུང་དང་འབྲིང་འཇུག་འབྲིང་པོའི་སྒོམ་པ་སྟེ། །དེ་ཡི་དྲི་མ་བུམ་པར་ཉམ་སྦྱོར་ཡིན། །རབ་ཀྱི་སྒོམ་པ ་བདེན་པ་བཞི་པ་སྟེ། །ཡན་ལག་བརྒྱད་ལམ་གང་ཟག་སྟོང་པ་ཉིད། །སྡུག་བསྔལ་འཁོར་བ་ཀུན་འབྱུང་ཆགས་པ་སྟེ། །འགོག་པ་མྱ་ངན་པ་གང་ཟག་མེད་ལ། །རྟག་པ་བཞི་པ་ལ་དམིགས་དྲི་མ་མེད། །རང་གི་བསམ་མི་ཁྱབ་སྒོམ་རང་སངས་རྒྱས། །མཉམ་གཞག་འདི ་ཡི་དྲི་མ་གཉིས་ཤེས་ཏེ། མྱོས་དང་སེམས་མེད་པ་རུ་ཤེས་པར་བྱ། །ཕྲ་བ་འདུས་པ་མདོ་སྡེ་བ་ཡི་ལུགས། །བསམ་མི་ཁྱབ་སྒོམ་དྲི་མ་སྔོན་དང་འདྲ། །འདི་ཡི་ལྟ་བ་ཕ་རོལ་ཕྱིན་དྲུག་ཉིད། །སྙིང་རྗེའི་སྟོབས་ཀྱིས་ཡོངས་སུ་བསྔོ་བའོ། །འགྲོ་བ་སེམས་ཙམ་ཡིན་ཏེ་རྡུལ ་ཕྲན་མེད། །རྣལ་འབྱོར་སྤྱོད་པ་རྨི་ལམ་ལྟ་བུ་སྟེ། སྔོན་པོ་སེར་པོ་ལ་སོགས་སྣ་ཚོགས་སྣང། །གང་ཞིག་འདོད་པ་ཐམས་ཅད་རང་བཞིན་ཏེ། །ཐམས་ཅད་རང་གིས་རིག་པའི་བསམ་གཏན་ནོ། །རྟག་པར་ལྟ་བསྒོམ་པའི་དྲི་མི་ཤེས། །གཞན ་ཡང་སྲིད་པའི་བག་ཆགས་འདོད་པའོ། །རྣམ་པ་ཐམས་ཅད་མི་མཐུན་ཕྱོགས་སུ་གནས། །གཉིས་སུ་མེད་མཉམ་བསམ་ཡས་རྣམ་པར་དག་།སྙིང་རྗེའི་རང་བཞིན་རྣམ་མེད་རྫོགས་སངས་རྒྱས། །གཟུགས་ཀྱིས་གཉིས་རྩ་བ་ལས་འཕྲོས་ཏེ། །བསམ་གཏན་ལྟ་བའི་དྲི ་མ་སྔོན་རང་བཞིན། །མཛའ་བཞི་སྤངས་ནས་རང་གི་རིག་པ་ཙམ། །ཆུ་ཟླ་སྒྱུ་མ་རྨི་ལམ་ལྟ་བུ་ཉིད། །ལྟ་བ་འདི་ཡི་བསམ་གཏན་དེ་གསུངས་པའོ། །རང་རིག་སྤངས་པའི་ཆད་པ་དྲི་མ་ཡིན། །རྣམ་ཆད་རང་བཞིན་དག་པ་སྟེ། །འདི་ནི་རབ་ཏུ་མི་གནས་པའོ། ། ་བསམ་གཏན་ལྟ་བའི་དྲི་མ་མཛའ་དག་རིག་།རྣམ་པ་དེ་ཕྱིར་ཕ་རོལ་ཕྱིན་ཐེག་པའོ། །བདེ་བའི་རང་བཞིན་ཉམས་མྱོང་གསང་སྔགས་ཆེ། །རྡོ་རྗེ་དང་ནི་མཚོ་སྐྱེས་སྦྱོར་བའི་སེམས། །མཆོག་ཏུ་ཆགས་པའི་ཉི་ཟླ་ཡང་དག་སྦྱོར། །སྙིང་རྗེའི་ཐབས་ཀྱི་སྟོབས་ཀྱིས་འགྲོ་བ ་ཀུན། །གདོད་མའི་བདེ་བ་དེར་ནི་དེ་བཞིན་ཉིད། །གང་དུ་རོ་མཉམ་བྱང་ཆུབ་སེམས། །དེ་ནི་ལྷན་ཅིག་སྐྱེས་བདེ་བའོ། །དེ་ཚེ་གཉིས་ནི་སྔོན་དུ་དེ་ལྷུང་བ། །གཞན་ཡང་སྟོང་དང་སྙིང་རྗེ་དེར་མཉམ་གྱུར། འགྲོ་ཀུན་ལྷན་ཅིག་སྐྱེས་པའི་རྣམ་པ་རུ། །བླ་མ་མཆོག་གི ་བཀའ་གསལ་ཇི་ལྟར་རྟོགས། །དོ་ཧ་ཏི་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་རྫོགས་སོ།། །། བ་དྷཱུ་ཏི་པས་མཛད་པ། རྗེ་བཙུན་དྷི་རི་ཤྲཱི་ཛྙཱ་ནས་བསྒྱུར་བའོ།། (།།འདི་ནི་དཔལ་གཉིས་མེད་རྡོ་རྗེས་མཛད་པའི་ཐེག་ཆེན་ཉི་ཤུ་པ་ཞེས་བྱ་བའོ།) ་