| Wylie | e-texts based on the ACIP/ALL Input |
མི་ཁྱབ་པ་ཡིས། །བདེ་བ་ཆེན་པོའི་བདག་ཉིད་ཐོབ་པར་ཤོག་།སྐྱེ་བོ་རྡོ་རྗེ་འཛིན་པར་གང་གྱུར་ཅིག་།དབང་གི་ཆོ་ག་མདོར་བསྡུས་པ་རྫོགས་སོ།། །།དཔལ་གཉིས་མེད་རྡོ་རྗེས་མཛད་པའོ།། །། *། (།དཔལ་གཉིས་མེད་རྡོ་རྗེས་མཛད་པའི་རང་བཞིན་ལྔ་པ་ཞེས་པའོ།) ་རྒྱ་གར་སྐད་དུ། པཉྩ་སྭ་བྷཱ་བ། བོད་སྐད་དུ། རང་བཞིན་ལྔ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྤྲོས་པ་མེད་ཅིང་བླ་ན་མེད། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །མདོར་བསྡུས་སློབ་མས་རྟོགས་བྱའི་ཕྱིར། །རྣམ་པ ་ལྔ་ནི་བདག་གིས་བཤད། །ོཾ་ཨཱ(རྒྱུད་འགྲེལ་མཆོད་དེ། དེ་ལ་དབུས་སུ་ཁ་དོག་སྣ་ཚོགས་པའི་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདར་མ་བརྒྱད་པ་ཁ་བྱེ་བའི་ལྟེ་བའི་སྟེང་དུ་ར?་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་སྔོན་པོ་ལས་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས ་ས་མནོན་གྱི་ཕྱག་རྒྱ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་བཅས་པ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཀྱི་གནས་བུ་ག་དང་ཤ་དང་རུས་པ་སྤངས་པ། རབ་ཏུ་སྣང་བ་ཙམ་སྟེ ་མེ་ལོང་གཟུགས་བརྙན་དང་མཚུངས་པ། བདེན་པ་མ་ཡིན་བརྫུན་པ་མ་ཡིན་པ། བྱམས་པ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་ཁ་དོག་ནག་པོ། རྡོ་རྗེ་ནག་པོའི་ཕྱག་མཚན་ཅན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཕུང་པོ་ལྔའི་རང་བཞིན་ཏེ། སྐྲ་དང་ཁ་སྤུ་བྲེགས ་པ་ཆོས་གོས་གྱོན་པའི་སྐུ། སྤྱི་བོར་རྡོ་རྗེ་སེམས་དཔས་མཚན་པ། རྡོ་རྗེ་སེམས་དཔའ་ཨི་རང་བཞིན་སྟོང་པ་ཉིད་དང། སྙིང་རྗེ་དབྱེར་མེད་པའོ། །དེ་ཉིད་རྒྱུ་དང་འབྲས་བུའི་བདག་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་འདུས་མ་བྱས་ཤིང ་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ། །རབ་ཏུ་སྣང་བ་ཙམ་ཡིན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ། །བརྟགས་པའི་རྣམ་པར་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་སྤྲུལ་པའི་སྐུའོ། །དེ་སྐད་དུ་གསུངས་པ། འདུས་མ་བྱས་སེམས་ཆོས་ཀྱི་སྐུ། །བརྟགས ་པ་ལོངས་སྤྱོད་རྫོགས་མཚན་ཉིད། །སྣ་ཚོགས་དེ་ཉིད་སྤྲུལ་པའོ། །གཉུག་མ་ཀུན་གྱི་རང་བཞིན་ནོ་ཞེས་པའོ། །རྣམ་པར་རྟོག་པ་ལ་སོགས་པས་མི་རེག་པའི་ཕྱིར་རྡོ་རྗེ་རིགས་ཅན་དང། རྡོ་རྗེའི་རིགས་དེ་འཇིག་རྟེན་པ་རྣམས་ཀྱིས་མི་རེག་པའི་ཕྱིར་རོ། །ཞེ་སྡང་དང། རྡོ་རྗེ་ཆུ ་དང། དྲང་བ་དང། ཉི་མ་ཕྱེད་དང། རོ་ཚ་བ་དང། ཐོས་པ་དང། ནམ་མཁའ་དང། སྒྲ་དང་ཅེའི་སྡེ་ཚན་ཏེ། འདི་དག་ནི་མི་སྐྱོད་པའི་རྣམ་པར་དག་པ། ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་རྣམ་པར་གཞག་པའོ། །འདིར་ཡང་སྐུ་བཞིའི་རྣམ་པར་བཞག་པ་ནི་སྔ་མ་བཞིན་ནོ། ། ་ཨོཾ་ཨཱ(རྒྱུད་འགྲེལ་ཀའི་དུས་ཀྱི་རྣམ་པར་དག་པ། ཡ་ར་ལ་ཝ་ལ་སོགས་པའི་བདག་ཉིད་ནམ་ཕྱེད་ནས་ནམ་ལངས་པའི་བར་ཏེ། ཆོས་ཀྱི་དབྱིངས་ཤེས་བྱ་བ་མིང་གཞན་ནོ། །ཤར་གྱི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ལས་སྐྱེས་པའི་རྣམ་པར་སྣང་མཛད་མདོག ་དཀར་པོ་འཁོར་ལོ་དཀར་པོའི་ཕྱག་མཚན་དང། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། གཟུགས་ཀྱི་ཕུང་པོ་རང་བཞིན་དང། གཏི་མུག་གི་རང་བཞིན་དང། བཤད་པའི་རྣམ་པར་དག་པ་དང། དེ་བཞིན་གཤེགས་པའི་རིགས་ཅན་དང། མེ་ལོང་ལྟ་བུའི་ཡེ་ཤེས ་རབ་ཏུ་གནས་པ་དང། རྒུན་གྱི་དུས་རྣམ་པར་དག་པ་དང། རོ་མངར་བའི་ལུས་དང། ཀའི་སྡེ་ཚན་དང། སྔ་དྲོའི་ཐུན་གྱི་བདག་ཉིད་དང། ལུས་ཀྱི་རང་བཞིན་ནོ། །ོཾ་ཨཱ(རྒྱུད་འགྲེལ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་ཁ་དོག་སེར་པོ་རིན་པོ་ཆེའི་ཕྱག་མཚན་དང། མཆོག་སྦྱིན་གྱི་ཕྱག་རྒྱ་འཛིན་པ། ཚོར་བའི་ཕུང་པོའི་རང་བཞིན། །ཕྲ་མའི་རང་བཞིན་ཁྲག་གི་བདག་ཉིད་རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱི་རང་བཞིན་དང་ལྡན་པ། །དབྱིངས? ་དུས་ཀྱི་རང་བཞིན་ལན་ཚའི་ལུས་ཀྱི་རང་བཞིན་ཊའི་སྡེ་ཚན་གྱིས་ཁྱབ་པ། ཐུན་ཚོད་གསུམ་པའི་བདག་ཉིད་དོ། །འདིའི་སྔགས་ནི་ཨོཾ་ཨཱ(རྒྱུད་འགྲེལ་པོ་ལས་ཡང་དག་པར་བྱུང་བའི་འོད་དཔག་མེད་ཁ་དོག་དམར་པོ་པདྨའི་ཕྱག་མཚན་དང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཛིན་པ། འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་དང། འདོད་ཆགས་ཀྱི་ལུས་དང། ཁུ་བའི་བདག་ཉིད་དང། པདྨའི་རིགས་ཅན་དང། སོ་སོར ་རྟོགས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང། སོས་ཀའི་དུས་ཀྱི་རང་བཞིན་དང། རོ་སྐྱུར་བའི་ལུས། ཏའི་སྡེ་ཚན་གྱི་བདག་ཉིད་དོ། །ནུབ་མོའི་ཐུན་དང་པོའོ། །འདིའི་བཟླས་པའི་སྔགས་ནི། ཨོཾ་ཨཱ(རྒྱུད་འགྲེལ་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ལྗང་གུ་ལས་སྐྱེས་པའི་དོན་ཡོད་གྲུབ་པ་ལྗང་གུ་ཤའི་རིང་བཞིན་རལ་གྲིའི་ཕྱག་མཚན་དང། མི་འཇིགས་པའི་ཕྱག་རྒྱ་འཛིན་པ། འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་དང། ལས་ཀྱི་རིགས་དང། ཕྲག་དོག་གི་རང་བཞིན་བྱ་བ་ནན ་ཏན་གྱི་ཡེ་ཤེས་དང། ཆར་གྱི་དུས་ཀྱི་རང་བཞིན། རོ་ཁ་བའི་རང་བཞིན། པའི་སྡེ་ཚན་གྱི་རྣམ་པར་དག་པ་དང། ནམ་ཕྱེད་ཀྱི་དུས་བཞིན་ནོ། །འདིའི་བཟླས་པའི་སྔགས་ནི། ཨོཾ་ཨཱ(རྒྱུད་འགྲེལ་གཉིས་པ་གཙུག་ཏོར་ཅན་སྐྲ་དང་ཁ་སྤུ་དྲེགས་པ། ཆོས་གོས་གྱོན་པ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། །སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་གཞིར་གྱུར་པ་བུ་ག་དང། ཤ་དང་རུས་པ་སྤངས་པ་མེ་ལོང་གི་གཟུགས ་བརྙན་ལྟ་བུ་སྟེ། བདེན་པ་དང་བརྫུན་པ་ལ་སོགས་པའི་མཛའ་དག་དང་བྲལ་བ་དྲི་མ་མེད་པ་རབ་ཏུ་སྣང་བ་ཙམ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་རོ་གཅིག་པ་ངོ་བོ་ཉིད་ཀྱི་སྐུའོ། །འདུས་བྱས་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཆོས་ཀྱི་སྐུའོ། །བརྟགས ་པའི་རྣམ་པར་ཤེས་པའི་སྐུ་ཐ་མི་དད་པའོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང། འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམ་པར་ཤེས་པ་ཙམ་དུ་རྟོགས་པར་བྱ་བའི་ཕྱིར་མི ་བསྐྱོད་པས་རྒྱས་བཏབ་པ་ཡིན་ཏེ། མི་བསྐྱོད་པས་དབུལ་བརྒྱན་པའོ། །རྣམ་པར་ཤེས་པའི་རང་བཞིན་མེད་པ་སྟོང་པ་དང་སྙིང་རྗེའི་བདག་ཉིད་དུ་རྟོག་པར་བྱ་བའི་ཕྱིར་མི་བསྐྱོད་པ་ལ་ཡང་རྡོ་རྗེ་སེམས་དཔའ་ཨི་རྒྱས་བཏབ་པ་ཡིན་ཏེ། དེ་དག་གི་རྒྱུ་དང་འབྲས ་བུའི་བདག་ཉིད་སྲིད་པ་དང་མྱ་ངན་ལས་འདས་པ་རོ་གཅིག་པ་ཙམ་དུ་འགྲོ་བ་འདི་དག་རྟོགས་པར་འགྱུར་རོ། །དེ་ལྟར་ཡང། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་སེམས་ནི་རྣམ་བསྒོམས་པ། །དེ་ནི་སངས་རྒྱས་དང་ནི་ཆོས། །དགེ་འདུན་དུ་ཡང་བསྟན་པའོ། །བུ ་རམ་མངར་ཞིང་མེ་ཚ་བ། །ཇི་བཞིན་པ་ཡི་རང་བཞིན་ཏེ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །དེ་བཞིན་རང་བཞིན་འདོད་པ་ཡིན། །དེ་ལྟར་ཡང། སྲིད་པ་དག་ནི་ཡོངས་ཤེས་ན། །མྱ་ངན་འདས་ཞེས་དེ་ལ་བརྗོད། །མེའི་མཚམས་ཀྱི་འདབ་མ་ལ་ཟླ་བའི ་དཀྱིལ་འཁོར་གྱི་སྟེང་དུ་ལཾ་དཀར་པོ་ལས་སྐྱེས་པའི་སྤྱན་མ་ཁ་དོག་དཀར་མོ། །མིག་གི་མཚན་མ་ཅན་སའི་ཁམས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ། གཏི་མུག་དགའ་མའོ། །འདིའི་ས་བོན་དང་སྔགས་ནི་ཨོཾ་ཨཱ(རྒྱུད་འགྲེལ་བྲལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལམ་ནག་པོའི་ས་བོན་ལས་ཡང་དག་པར་བྱུང་བ། མཱ་མ་ཀཱི་ཁ་དོག་མོ་རྡོ་རྗེ་ནག་མོའི་མཚན་མ་ཅན་ཆུའི་ཁམས་ཀྱི་རང་བཞིན་རྡོ་རྗེའི་རིགས་ཞེ་སྡང་དགའ་མའོ། །འདིའི་ས་བོན་དང་སྔགས་ནི་ཨོཾ་ཨཱ(རྒྱུད་འགྲེལ་བྱའོ། །རླུང་གི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པཾ་གྱི་ས་བོན་ལས་ཡང་དག་པར་བྱུང་བ། །གོས་དཀར་མོ་ཞེས་བྱ་བའི་མིང་ཅན་ཁ་དོག་དམར་པོ་པདྨའི་མཚན་མ་ཅན་མེའི་ཁམས་ཀྱི་རང་བཞིན་པདྨའི་རིགས་འདོད་ཆགས་དགའ་མའོ། །འདིའི་ས་བོན་དང ་སྔགས་ནི་ཨོཾ་ཨཱ(རྒྱུད་འགྲེལ་བཞིན་ལས་ཀྱི་རིགས་ཕྲག་དོག་དགའ་མའོ། །དེའི་ས་བོན་དང་སྔགས་ནི་ཨོཾ་ཨཱ(རྒྱུད་འགྲེལ་སྐུ་བཞིའི་བདག་ཉིད་སྔོན་བཞིན་ཡིད་དུ་འོང་བ་རྒྱལ་བའི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་དེ་དག་གི་དབུས་སུ་ཨཱ་ལིའི་རང་བཞིན་རྡོ་རྗེ་སེམས་དཔའ་ཨི་གཟུགས་འདི་ནི་རྡོ་རྗེ་དབྱིངས་དང་པོ་ནས་གྲུབ་པའོ། ་གཞུང་འདི་བྱས་པའི་དགེ་བ་རྟོགས་ཕྱིར་འབད་པ་ཅུང་ཟད་མདོར་བསྡུས་སློབ་མས་རྟོགས་བྱའི་ཕྱིར། ཆོ་ག་འདིར་ནི་བསྡུས་པས་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་དུ་རྒྱལ་བ་ཀུན་གྱི་ལུང་དང་རིགས་པར་ལྡན་པའི་ཕྱིར། མ་ལུས་དག་པ་འདི་ནི་བདག་གི་ཐོབ་པས་འགྲོ ་བ་རྣམས་ནི་རྒྱལ་གྱུར་ཅིག་།འདི་ནི་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ལྔ་པ། དཔལ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །། མྲི་དེ་བས་ཞུས་ཏེ་གསོལ་བ་བཏབ་ནས་བརྩམས། །།རྒྱ་གར་སྐད་དུ། པྲཛྙ་པཱ་ཡ་བེ་ཡ་པཉྩ ་