CLOSE WINDOW

N1885: dbang gi bya ba mdor bsdus pa
Wyliee-texts based on the ACIP/ALL Input

མཁན་པོ་བླ་མ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང། ལོ་ཙ་བ་མཚུར་སྟོན་གྱིས་བསྒྱུར་བའོ།། །། *། (།དབང་གི་བྱ་བ་མདོར་བསྡུས་པ་ཨ་བ་དྷཱུ་ཏཱི་ཞབས་ཀྱིས་མཛད་པ་བཞུགས་སོ།།)་།།རྒྱ་གར་སྐད་དུ། སཾ་ཀྵི་བྷཝ?་རེ་ཀ་པྲ་ཀྲི་ཡ། བོད་སྐད་དུ་། ་དབང་གི་བྱ་བ་མདོར་བསྡུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུབ་པའི་སྐུ་ནི་བདེ་ཆེན་པོ། །ཐོག་མ་མེད་པར་རྟག་ཤར་བའི། །ལྷན་ཅིག་སྐྱེས་དགའ་ཕྱག་འཚལ་ཏེ། །དབང་གི་ཚིག་གསལ་བར་བཤད། །དེ་ལ་གོ་རིམས་ཇི་ལྟ་བ་བཞིན་དུ ་དབང་བསྐུར་ཞིང་གནང་བ་ཐོབ་པའི་ཏིང་ངེ་འཛིན་གསུམ་ལ་མཁས་ཤིང། བཟླས་པ་རིག་པའི་རྣལ་འབྱོར་པས། །རང་གི་སློབ་མ་ལེགས་པར་བརྟགས་པ་རྗེས་སུ་བཟུང་བར་འདོད་པས། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་ཉེ་བར་འཚེ་བ་རྣམས་དང་བྲལ་བའི་དཀྱིལ་འཁོར་གྱི ་ཁང་པ་ལ་སགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཐད་ཀའི་དཀྱིལ་འཁོར་ལ་སོགས་པ་ལ་ལྔ་ཡིས་མཆོད་དེ། དགོངས་ཀའི་དུས་སུ་བུམ་པ་ལྷག་པར་གནས་པར་བྱའོ། །བཅུ་དགུ་འམ། དགཱུམ། ལྔའམ། གཅིག་ལ་རྡོ་རྗེ ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང། རིན་པོ་ཆེ་དང་པདྨ་དང། ལས་ཀྱི་རིགས་རྣམས་དང། གཏི་མུག་དང། ཞེ་སྡང་དང་འདོད་ཆགས་དང། རྡོ་རྗེ་དགའ་མ་རྣམས་དང། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཀྱི་རྡོ་རྗེ་རྣམས་དང། གཤིན ་རྗེ་གཤེད་དང། ཤེས་རབ་མཐར་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་རྣམས་ཀྱིས་གོ་རིམས་ཇི་ལྟར་ཐོབ་པའི་མཚན་མ་བྲི་བར་བྱའོ། །སྣ་ཚོགས་རྡོ་རྗེ་དང། རྡོ་རྗེ་སྔོན་པོ་རྩེ་ལྔ་གདེངས་པ་དང། འཁོར་ལོ ་དཀར་པོ་རྩིབས་བརྒྱད་པ་དང། ནོར་བུ་མ་ར་ཀ་ཏ་ཆེ་དགུ་པ་དང། པདྨ་དམར་པོ་དང། རལ་གྲི་སྔོན་པོ་དང། མིག་འབྲས་སྔོན་པོའི་སྤྱན་དཀར་པོ་ཟུང་དང་རྡོ་རྗེ་ནག་པོ་རྩེ་ལྔ་པ་དང། ཡལ་ག་དང་བཅས་པའི་པདྨ་དང། ཨུཏཔ་ལ་སྔོན་པོ་དང། མེ་ལོང་དཀར་པོ་དང། ་དྲི་ཟའི་ཕི?་བར་སྔོན་པོ་དང། དུང་སེར་པོ་དང། རོའི་ལྷུང་བཟེད་དམར་པོ་དང། གོས་སྣ་ཚོགས་པ་དང། ཆོས་འབྱུང་དཀར་པོ་དང། རྡོ་རྗེ་ཐོ་བ་ནག་པོ་དང། དབྱུག་པ་དཀར་པོ་དང། པདྨ་དམར་པོ་དང། རྡོ་རྗེ་སྔོན་པོ་གདེངས་པའོ། །རྡོ་རྗེ་སེམས་དཔའ་དང། རྣམ ་པར་སྣང་མཛད་དང། ལྷ་མོ་བཅུ་ནི་སྣ་ཚོགས་པདྨ་དང་ཟླ་བ་ལའོ། །ལྷག་མ་རྣམས་ནི་སྣ་ཚོགས་པདྨ་དང། ཉི་མའི་གདན་ལ་གནས་པའོ། །ལས་ཐམས་ཅད་པ་ལ་ནི་རྡོ་རྗེ་སེམས་དཔའ་འམ། བདུད་རྩི་འཁྱིལ་བ་བྲི་བར་བྱའོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ནི ་མཆུ་ཡོ་བ་མེད་པ་རྩ་བ་ནག་པོ་མེད་པ། གསུས་པ་ཆེ་བ། མགྲིན་པ་རིང་བ། མཚན་མ་ལེགས་པར་བྲིས་པ། གོས་གཙང་མས་མགྲིན་པ་དཀྲིས་པ། བུ་ཏ་ཏ་བ་བ་ལ་སོགས་པས་ཁ་བརྒྱན་པ། གསེར་དང། དངུལ་དང། དུར་ཙ་བ་ར་ཏི་དང། མུ་ཏིག་དང། ་བྱུ་རུ་དང། ནས་དང། གྲོ་དང། སོ་བ་དང། ཏིལ་དང། མ་ཤ་དང། པྲི་ཧ་ཏི་དང། ཀཎྜ་ཀ་རི་དང། སྦེ་ཏ་ཨ་པར་ཙི་ཏ་དང། དཎ་ཌོ་ཏ་པ་ལ་དང། ཧ་ས་དེ་བ་དང། རིན་ཆེན་ལྔ་དང། འབྲུ་ལྔ་དང། སྨན་ལྔ་བུམ་པའི་ནང་བླུགས་ལ། །དྲིའི་ཆུས་ཡོངས ་སུ་བཀང་སྟེ། དེ་ལ་དཀྱིལ་འཁོར་བསམ་ཏེ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡེ་ཤེས་ཀྱི་བདུད་རྩི་ཞུ་བའི་གཟུགས་སུ་བཞུག་གོ་།དེའི་རྗེས་ལ་མེ་ཏོག་གི་ཕྲེང་བས་ཉེ་བར་མཛེས་པའི་རྡོ་རྗེ་སྟེང་དུ་ཡང་དག་པར་གཞག་སྟེ། རང་རིག་ལྷག་པའི ་ལྷའི་སྔགས་བརྒྱ་རྩ་བརྒྱད་དམ། བདུད་རྩི་འཁྱིལ?་བའི་སྔགས་ཀྱིས་མངོན་པར་བསྔག་གོ་།བུམ་པ་གཞན་རྣམས་ནི་ཇི་ལྟ་བའི་རྣལ་འབྱོར་དང། དཀྱིལ་འཁོར་པའི་སྔགས་ཀྱིས་སོ། །མེ་ཏོག་དང་སྤོས་ལ་སོགས་པས་ཡང་དག་པར་མཆོད་པ་དང། གཏོར་མ་ཕུལ་ཏེ། མི ་བསྐྱོད་པ་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པས་བསྟོད། དྲི་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེའི་རྗེས་ལ་རྡོ་རྗེ་སློབ་མས་མཎྜལ་བྱས་ལ། མེ་ཏོག་གི་ཕྲེང་བ་འཛིན་པས་བུས་མོའི་ལྷ་ང་ས་ལ་གཞག་སྟེ། སྔགས་ཀྱི་ཐེག་པའི ་སྐལ་པ་དང་ལྡན་པ་ལ། སྔགས་ཀྱི་དངོས་གྲུབ་གཉེར་བ་གང། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་འདི་ལས་གཞན། །གཞན་དུ་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །སླར་ཡང་དད་པ་ལྡན་པ་ཡིས། །ཁྲོ? ་ལྡན་དཀྱིལ་འཁོར་འཇུག་པར་བྱ། །འདི་ཡི་འབྲས་བུ་མི་རྙེད་དེ། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །དེ་བཞིན་ཕ་རོལ་དོན་དུ་ནི། །འཇིག་རྟེན་ཕ་རོལ་དོན་གཉེར་ན། །འབར་མེད་བར་ནི་འབྲས་བུ་འགྲུབ། །དེའི་རྗེས་སུ་དང་པའི་སློབ་མ་བློས་རང་གི་ལུས་ལ་བཅུག ་སྟེ། །རྡོ་རྗེ་ནས་ཕྱུང་ནས་རང་གི་གསང་བའི་རིག་མའི་པདྨའི་ནང་དུ་གནས་བ་ལ་དེ་བཞིན་གཤེགས་ཞུ་བས་དབང་བསྐུར་བར་བལྟས་ཏེ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཉེ་བར་གནས་པར་གཞག་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་ནི། །མཱ་མ་ཀཱི་དང་ལྷན་ཅིག་ཁྱོད ་མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པའི། །དམ་ཚིག་དེ་ཉིད་བདག་ལ་གསོལ་།བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང ་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་པ་ནི་སློབ་མའི་གཙོ་བོ་གཅིག་གིས་བྱའོ། །བུ་ཚུར་ཐེག་པ་ཆེན་པོ་ལ་གསང་སྔགས་སྤྱོད་པའི་ཆོ་གའི་ཚུལ། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན ་དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་དབང་བསྐུར་མཐུ་སྟོབས་ཀྱིས། །ཡེ་ཤེས་མཉམ་པ་ཉིད་ཐོབ་པ། །གསང་སྔགས་སྦྱོར་བ་མཉམ་མེད་པས། །ཤཱཀྱ་སེང་གེ་མཆོག་སོགས་ཀྱིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ།། ་སྟོབས་ཆེན་དག་ཀྱང་དེས་བཅོམ་ནས། །འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུའི་བློ་གྲོས་འདི་གྱིས་ཤིག་།ཅེས་བརྗོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ་སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །ཞེས་པས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་སློབ་མས་བཀླག་པར་བྱའོ། །ོཾ་ཨ་བིགྷ་ནཱནྟི་ཀྲི་ཏ་ཧཱུཾ། ཞེས་པས་བདུད ་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་ངོ། །དེ་དག་གི་སྙིང་ག་དང། མགྲིན་པ་དང། སྤྱི་བོ་ལ་ཟླ་བ་ལ་གནས་པའི་རྡོ་རྗེ་དང། པདྨ་དང། འཁོར་ལོའི་ལྟེ་བ་རྣམས་ལ། ཨཱ(རྒྱུད་འགྲེལ་ལགས་ཏེ། སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་སྙིང་ག་དང། མགྲིན་པ་དང་མགོ་བོ་ལ་རེག་སྟེ། ཧཱུཾ་ཨཱ(རྒྱུད་འགྲེལ་རྩི་འཁྱིལ་པའི་སྔགས་མངོན་པར་བཟླས་པའི་མ་གས་པ་དང། འབུས་མ་ཟོས་པའི་ཨ་ཤྭད་ཐའི་ཤིང་ལ་སོགས་པ་སོར་བཅུ་གཉིས་པའི་ཚད་ལ། རྩེ་མོ་དུ་མེ་ཏོག་གི་ཕྲེང་བས་བཅིངས་པའི་སོ་ཤིང་སློབ་མ་དག་ལ་སྦྱིན་པར་བྱའོ། །དེ་དག་གིས་ཀྱང་རྩེ་མོའི ་ཆ་ཁ་ཤར་རམ་བྱང་དུ་བལྟས་པས་བཅའ་བར་བྱའོ། །བ་ལང་གི་པགས་པ་ཙམ་བྱུགས་པའི་ས་ལ་དོར་བར་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་ལས་བསྟན་ཏེ། གང་ལ་མངོན་པར་ཕྱོགས་ལྷུང་བ། །དེ་ཡི་དངོས་གྲུབ་མཆོག་ཏུ་ཤེས། །དེ་ཡི་ཤར་ཕྱོགས་རྩེ ་མོ་ནི། །དངོས་གྲུབ་འབྲིང་དུ་རབ་ཏུ་གྲགས། །བྱང་དུ་ལྟས་དང་དེ་བཞིན་ལོགས། །འཇིག་རྟེན་པ་ཡི་དངོས་གྲུབ་བཞེད། །གལ་ཏེ་ལྷོ་རུ་མངོན་ཕྱོགས་པས། །ཤིན་ཏུ་དྲག་པ་དེ་ནས་འགྱུར། །ནུབ་ཏུ་མངོན་པར་བལྟས་པ། །ཕྲ་མོའི་དངོས་གྲུབ་དེ་ལ་ཡོད། །དེ་བཞིན་དུ་ནི་སོ ་ཤིང་དོར། །གལ་ཏེ་འོག་ཏུ་ཁ་ལྟས་འགྱུར། །དེ་ཡི་ས་འོག་དངོས་གྲུབ་འགྱུར། །ངེས་པར་འདི་ལ་དཔྱད་པ་མེད། །དེའི་རྗེས་སུ་འཐོར་འཐུང་དྲིའི་ཆུ་ཁྱོར་བ་གསུམ་གྱི་བཏུང་བ། ཨོཾ་ཧྲི(རྒྱུད་འགྲེལ་འདིའི་སྔགས་ཀྱིས་ཁ་བཀྲུ་བར་བྱའོ། །དེ་ལྟར་ཉེ་བར་བཏང་དེ་ཀུ་ཤ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། དེ་དག་སྟན་དང་སྡས་སུ་སྦྱིན་པར་བྱའོ། །དེའི་མངོན་པར་སྔགས་པའི་སྐུད་པ་སུམ་སྒྲིལ་མདུད་པ་གསུམ་བྱས་ལ་སྲུང་པའི་དོན་དུ་?་པ ་གཡས་པར་བཅིང་བར་བྱའོ། །ཆོས་སྟོན་པ་བརྗོད་དེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག་།ུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེག་འགའ་ཞིག། འབྱུང་འགྱུར་ཡང་ན་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང ་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང། །དཀྱིལ་འཁོར་འདི་ནི་མཐོང་མ་ཐག་།དེ་མ་ཐག་ཟད་འགྱུར་བ་ཡིན། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ལ། །སྡུག ་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡི་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་གིས་ཁྱོད་རྣམས་རྒྱལ་བ་ཀུན། །སྲས་བཅས་འདི་ཡི་བསྟན་པ་ལ། །ཐམས་ཅད་ཀྱིས་ནི་ཡོངས་འཛིན་པའི། །བདག་ཉིད་ཐམས ་ཅད་འགྲོ་བར་འགྱུར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ན་གོང་བས་ན། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་? ་ཞེས་པའི་ཆོས་སྟོན་པ་རྣམས་མཉམ་པར་བྱའོ། །དེ་ལྟར་བདུད་རྩི་འཁྱིལ་པའི་སྔགས་ཀྱི་ཡང་དག་པར་བསྲུངས་ཏེ། སྡོམ་པའི་ཁྱད་པར་ཡོངས་སུ་བཟུང་བར་བྱའོ། །འཁོར་ལོ་མི་ལྡོག་པ་ཡི་དབང། །མགོན་པོ་དེ་དག་བདག་ལ ་གསོལ། །འཁོར་ལོ་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱིས་ནི་ལས་དང་ཡང། །སངས་རྒྱས་ཀུན་གྱི་དམ་ཚིག་རྣམས། །གསང་བ་ཡི་ཨནི་སྡོམ་པ་མཆོག་།སློབ་དཔོན་ཆེན་པོ་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བྱའོ། །དེ་ནས་སློབ་མ་ཀུ་ཤ་བཀྲམ་པ་ལ་ཉལ་བར་བྱའོ།། ་གང་ཅུང་ཟད་རྨི་ལམ་དུ་མཐོང་?་བར་ང་ལ་སྒྲོགས་ཤིག་ཅེས་བརྗོད་དོ། སློབ་མ་ལྷག་པར་གནས་པའི་ཆོ་གའོ། །སླར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། སློབ་དཔོན་གྱིས་བསྲུང་བའི་དོན་དུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཟླ? ་བར་བྱའོ། །གཏོར་མ་སྦྱིན་ནོ། །ཐོ་རངས་ཀྱི་སློབ་མ་རྣམས་བཀུག་སྟེ། དགེ་བ་དང་མི་དགེ་བའི་རྨི་ལམ་བལྟའོ། །གལ་ཏེ་སློབ་མས་མི་དགེ་བའི་རྨི་ལམ་མཐོང་ན། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཡང་དག་པར་བསྲུང་བར་བྱའོ། །དེའི་རྗེས་སུ ་བྲིས་པའི་དཀྱིལ་འཁོར་རྒྱ་ཆེན་པོ་འདི་མཆོད་པར་བྱས་ལ་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས། རང་གི་སློབ་མའི་ཆོ་ག་བཞིན་དུ་རང་འཇུག་གོ་།འཇུག་པ་ནི་འཆད་པར་འགྱུར་བའི་རྗེས་སུ་གནང་བ་དང། དབང་ལ་ཐུག་པའི་བར་དུ་བཅོམ་ལྡན ་འདས་བདག་པོ་ལ་བློས་ཐོབ་པར་གྱུར་པའོ། །དེ་ནས་སློབ་མ་རྣམས་གཞུག་པར་བྱ་བའི་ཕྱིར་བདེན་པ་བརྗོད་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་ལས་དེ་བཞིན་ཡང ་དག་བྱུང། །དེ་བཞིན་དེ་ཉིད་ངེས་པར་འབྱུང། །བདེ་བ་འདི་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཐམས་ཅད་ཐོབ་པར་ཤོག། ཅེས་པ་ལ་སོགས་པ་བརྗོད་པས། །ཡོལ་ངའི་ཕྱི་རོལ་ཏུ་སློབ་མས་ཡོན་ཕུལ་ཏེ། སློབ་མ་དབང ་བསྐུར་བའི་སྐལ་བ་དང་ལྡན་པ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་པ་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་བརྗོད་ཅིང་མེ་ཏོག་གི་ཕྲེང་བ་དང། གདོང་གཡོགས་བཅིངས་ཏེ་བུམ་པའི་ཆུ་ཡི་བསམས་ཏེ། དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དྲི་བར་བྱའོ། །བུ་ཁྱོད་ཅི་ལ་དགའ་ཞེས ་པའོ། །དེས་ཀྱང་བརྗོད་བར་བྱ་བ་ནི། བདེ་ཆེན་སྐལ་བཟང་བདག་ལ་གསོལ་ཞེས་པའོ། །སློབ་མའི་སྙིང་གར་རྡོ་རྗེ་ཡང་དག་པར་བཞག་ལ། ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུ་ཏ་པཱ་ད་ཡ་ད་ཡ་མི། ཨོཾ་སུ་ར་ཏེ་ས་མ་ཡ་སྟཝཾ། བོ་དྷི་ཙིཏྟ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་བྱང་ཆུབ་ཏུ་སེམས ་བསྐྱེད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན ་ནོ། །ོཾ་ཨཱ་ཛ་ཧཱུཾ་ཞེས་པ་འདི་ཡིས་བཀུག་སྟེ། ཡོལ་བའི་ནང་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཡང་དག་པར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ཡེ་ཤེས་གང་གིས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་བུའི་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཁྱོད་དམ ་ཚིག་ཉམས་བར་གྱུར་ཏ་རེ། སླར་མགོ་བོར་རྡོ་རྗེ་ཡང་དག་པར་གཞག་སྟེ་འདི་སྐད་བརྗོད་པར་བྱའོ། །དགའ་བར་ཁྱོད་ཀྱིས་འདི་སྨྲས་ན། དམ་ཚིག་རྡོ་རྗེ་འདི་ཡིས་ནི། །མགོ་བོ་རྣམ་པར་འགེམས་འགྱུར་ཞིང། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །འདིས་ནི་མནའ་བསྒག ་པར་བྱ་སྟེ། བདུད་རྩི་ལྔ་པདྨའི་སྣོད་དུ་ཡང་དག་པར་བཞག་སྟེ། ཡི་གེ་གསུམ་གྱིས་ཡང་དག་པར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཨ་མྲི་ཏོ་ད་ཀ་ཋ་ཞེས་ལན་གསུམ་གྱིས་བར་དུ་འདི་བཟླས་པ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད།། ་དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །འཐུངས་ཤིག་རྡོ་རྗེ་བདུད་རྩིའི་ཆུ། །ཞེས་བཀླགས་པ་ནི་དམ་ཚིག་གོ་།དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། དེང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་ཅི་གྱིས་ཤིག་ཅེས་བསྒོ ་བ་དེ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་བརྙས་པར་ཡང་མ་བྱེད་ཅིང། །བྱས་ན་ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་འགྱུར་ཏ་རེ་ཞེས་བྱ་བ་ནི་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་ནས་སློབ་མས་འདི་སྐད་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས ་ཅད་དང་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབས་ཀྱིས། བདག་ལ་བྱང་ཆུབ་ཀྱི་སེམས་ཕོབ་ཅིག་ཅེས་བྱའོ། །དེ་ནས་སློབ་མའི་སྙིང་གར་ལཾ་སེར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པས་མཚན་པ། སའི་དཀྱིལ་འཁོར་གྲུ་བཞི་པ་ལ་གནས་པའི་ཡི་གེ་ཧཱུཾ་ངོ།། ་སྤྱི་བོར་བཾ་ལས་བྱུང་བའི་བུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ལ་གནས་པའི་ཡི་གེ་ཧའོ། །མགྲིན་པར་ཡཾ་ལས་སྐྱེས་པའི་གཡོ་བའི་བ་དན་གྱིས་མཚན་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལ་གནས་པའི་ཡི་གེ་ཨའོ། །རྐང་པའི ་འོག་ཏུ་རླུང་གི་དཀྱིལ་འཁོར་འབར་བ་རཾ་གྱི་ཡི་གེ་ལས་སྐྱེས་པའི་ཁ་དོག་དམར་པོ་རྡོ་རྗེས་མཚན་པ། འོད་ཟེར་འཕྲོ་བ་མེའི་དཀྱིལ་འཁོར་གྲུབ་གསུམ་པ་ལ་གནས་པའི་ཛཧཻཾ་གྱི་ཡི་གེ་འོད་ཟེར་དང་བཅས་པ་བསམས་ལ། བསྙེམས་ཚུལ་དང་བཅས་པའི ་དྲིལ་བུ་དཀྲོལ་བར་བྱའོ། །ཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛཧཻཾ་ཞེས་བརྗོད་དོ། །ལྕེ་ལ་ཡི་གེ་ཨ་དམར་པོ་བསྒོམས། འོད་དཔག་མེད་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །ཕེབས་པར་གྱུར་ན་སྨྲོས་ཤིག་བུ་ཡི་དགེ་མི་དགེ་ཞེས་བརྗོད་པར་བྱའོ། ་ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱ་སྟེ། མིག་དག་ལ་ཅི་སྣང་ཞེས་དྲི་བར་བྱའོ། །དེ་ནས་དེའི་དམར་པོ་དང། དཀར་པོ་དང། སེར་པོ་དང། ནག་པོ་སྣང་ཞེས་པའོ། །ཞི་བ་དང། རྒྱས་པ་དང། དབང་དང། མངོན་སྤྱོད་རྣམས་གྲུབ་པའི་སྣོད་དུ་འགྱུར་རོ་ཞེས་བརྗོད་དོ། །བདེན་པའི ་བྱིན་གྱིས་བརླབ་པར་བྱའོ། །ཡང་དག་དཀྱིལ་འཁོར་ཞེས་བྱ་འདིར། །བདག་གི་སློབ་མ་གཞུག་པར་བྱ། །ལྷ་རྣམས་ཀྱི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག་།འདི་ཡི་དངོས་གྲུབ་འགྲུབ་པ་དང། །རིགས་ནི་གང་གིས་གྲུབ་པ་དང། །གང་འདིར་བསོད ་ནམས་རྗེས་འབྱུང་བ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག་།དེ་ནས་མེ་ཏོག་གི་འཕྲེང་བ་དཀྱིལ་འཁོར་དུ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བ་འདིས་དོར་རོ། །དེ་ནས་མེ་ཏོག་ལྷུང་བས་དམན་པ་དང། འབྲིང་དང་མཆོག་གི་དངོས་གྲུབ་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས ་རྣམས་ཀྱི་དབུ་འམ། མཛོད་སྤུ་འམ། གཙུག་ཏོར་ལ་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་རོ། །མཆོག་གི་ཡན་ལག་ལས་ནི་མཆོག་གོ་།འབྲིང་གི་ཡན་ལག་ལས་ནི་འབྲིང་ངོ། །ཐ་མའི་ཡན་ལག་ལས་ནི་མཛའ་ཨོ། །གཟུགས་བརྙན་དང་རིང་བ་ལས་ནི་ཤིན ་ཏུ་ཡུན་རིང་བ་ནའོ། །ཉེ་བ་ལས་ནི་མྱུར་བའི་དངོས་གྲུབ་པོ། །ལྷ་རྣམས་ཀྱི་རང་གི་གནས་དེ་མིག་ལ་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་པོའི་བར་དག་ཏུ་ལྷུང་ན་དེ་ཡང་གང་གི་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་?? ་ཏུ་ལྷུང་ན་དམན་པའི་དངོས་གྲུབ་བོ། །གལ་ཏེ་རེ་ག་ལ་ལྷུང་ན་སླར་འཕང་ངོ། །ལན་གསུམ་གྱི་བར་དུ་དེ་ཉིད་ལ་མ་ལྷུང་ན་དངོས་གྲུབ་མེད་དོ། །རྡོ་རྗེ་ར་བའི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །སྙིང་པོ་ལ་ལྷུང་བ་ཤིན་ཏུ་དཀའ་ཨོ་ཞེས་པ་ནི་མེ་ཏོག་དོར་བའི་ཆོ་གའོ། ། ་དེ་ནས་ཕྲེང་བ་གཟུང་བ་མགོ་ལ་བཅིང་བ་ནི། སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་བགྱི་ཤེས་བརྗོད་དོ། །མིག་གཉིས་དག་ལ་ཡང་ཡི་གེ་ཨོཾ་བལྟས་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས ་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད་ཅེས་བརྗོད་ལ་མིག་རས་བསལ་བར་བྱའོ། །དེ་ནས་དཀྱིལ་འཁོར་ཉེ་བར་བསྟན་པར་བྱའོ། །དབུས་ཀྱི་རྣམ་ཤེས་ཕུང་པོ་ནི་མི་བསྐྱོད་པའོ། །ཤར་ལ་སོགས་པའི་ཕྱོགས་སུ་ནི་གཟུགས་ནི་རྣམ་པར་སྣང་ ་མཛད་དོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ནི་དོན་ཡོད་གྲུབ་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ས་ནི་སྤྱན་མའོ། །ཆུའི་ཁམས་ནི་མཱ་མ་ཀཱིའོ། །མེ་ནི་གོས ་དཀར་མོའོ། །རླུང་ནི་སྒྲོལ་མའོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་མེ་ལ་སོགས་པའི་མཚམས་སུ་ཤར་གྱི་ངོས་གཉིས་སུ་གཟུགས་རྡོ་རྗེ་དང། སྒྲ་རྡོ་རྗེ་དྲི་རྡོ་རྗེ་རོ་རྡོ་རྗེ། རེག་རྡོ་རྗེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་རྣམས་སོ། །གཤིན་རྗེ་མཐར་བྱེད་དང། ཤེས་རབ་མཐར ་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་རྣམས་ཤར་ལ་སོགས་པའི་སྒོ་རྣམས་སུ་གནས་པའོ། །དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །ཡིད་ཆེས་པའི་དཔང་བརྗོད་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །མཆོད་རྟེན་ཇི་ལྟར ་སྩལ་བ་ལྟར། །བདག་ལ་དྲང་བའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགས་སུ་དམིགས་ལ། རིག་པའི་སྐྱེས་བུ་དང་བཅས་པའི་ཆུ་རྣམ་པ་ཐམས་ཅད་ཀྱི་བུ་བླུགས་པར་བྱའོ།། ་ཧཱུཾ་ལས་རྡོ་རྗེ་བལྟས་ཏེ། རྡོ་རྗེ་སེམས་དཔའ་ཨི་མཐུ་སྟོབས་ཀྱིས་རྡོ་རྗེ་དང་བཅས་ཁུ་ཚུར་གྱིས་བུམ་པའི་ཆུ་བླུགས་ཏེ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡི་ཕྱག་བྱས་ལ། །གསང་བ་གསུམ་གྱི་གནས་ལས་བྱུང། །སངས་རྒྱས་ཀུན་གྱིས་སྦྱིན ་པར་བྱ། །ོཾ་བཛྲ་ཨ་བྷི་ཥིཉྩ་མི་སྟཾ་ཞེས་བརྗོད་པས། སློབ་མ་འཁོར་ལོ་སྒྱུར་བ་ལྟ་བུ་ལ་དབང་བསྐུར་བར་བྱའོ། །ཆུའི་དབང་གིས་ཆོ་ག་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་བསྟན་མ་ཐག་པའི་རིམ་པས་གསེར་རམ་གོས་ལ་སོགས་པ་ལས་བྱས་པའི ་ཅོད་པན་སློབ་མ་ལ་བྱིན་ཏེ། རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་སྟེ། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མཆོད། །མ་ཧཱ་མ་ཀུ་ཊཾ་པྲ་ཧཱིཙྪ་བཛྲ་ཧོ(རྒྱུད་འགྲེལ་རྣམ་པར་བསམ་མི་ཞེས་པ་ནི་ཅོད་པན་གྱི་དབང་གི་ཆོ་གའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་ལྔ་པ་ཆེན་པོ་སྙིང་གར་ལག་པ་བཞག་།སློབ་མ་འཇིག་རྟེན་དབང་ཕྱུག་ཏུ་བྱས་པ་ལ། རྡོ་རྗེ་སེམས་གྲགས་ཆུས་བཏབ་པར་བྱའོ། །སངས་རྒྱས ་ཀུན་གྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་ཟུང། །ཞེས་བརྗོད་པས་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་པས། རྡོ་རྗེ་ལག་པ་གཡས་པར་སྦྱིན་པར་བྱའོ། །ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའོ། ། ་དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ལ། ལག་པ་གཡོན་པར་དྲིལ་བུ་སྦྱིན་ཏེ། རྡོ་རྗེ་དང་དྲིལ་བུ་དང། སློབ་མ་དག་ལྡན་པའི་ལག་པ་དག་མངོན་པར་འཁྱུད་པའི་ཚུལ་གྱིས་ལག་པར་བྱིན་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟཝཾ་ཨ་བྷི་ཥིཉྩ་མཾ་ཏིཥྛ་བཛྲ་ས་མ་ཡ ་སྟཝཾ་ཞེས་བརྗོད་དེ་ཞེས་པ་ནི་དྲིལ་བུའི་དབང་གི་ཆོ་གའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་རྣམ་པར་སྣང་མཛེད་དུ་བལྟས་ལ་མིང་གི་དབང་བསྐུར་བར་བྱའོ། །མགོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་བཞག་སྟེ། ཨོཾ་བཛྲ་སཏྭ་སྟཝཾ་ཨ་བི་ཥིཉྩ་མཾ་བཛྲ་ནཱ་མ་མ་དྷི ་ཤེ་ཀ་ཏ། ཀྱེ་དང་ལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་འདོད་ཆགས་རྡོ་རྗེ། ཀྱེ་དཔལ་ཕྲག་དོག་རྡོ་རྗེ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ་ཞེས་པ་ལ་སོགས་པ་རིགས་ཀྱི་རྗེས་སུ་མཐུན་པའི་མིང་བྱའོ་ཞེས་པ་ནི་མིང་གི་དབང་གི་ཆོ་གའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དབང ་བསྐུར་བ་འདི་རྣམས་ཀྱི་རྒྱུད་མཉན་པ་དང། བཤད་པ་དང། སྔགས་སྒྲུབ་པའི་སྣོད་དུ་འགྱུར་རོ། །དབང་པོ་འདི་དག་ཉིད་རིག་པའི་དབང་ཞེས་བརྗོད་དེ། །ཐམས་ཅད་ལ་སྤྱན་མ་ལ་སོགས་པ་རྣམས་ཀྱི་བྱ་བ་འཇུག་པའི་ཕྱིར་རོ། །དེའི་རྗེས་སུ། རྡོ་རྗེ་སློབ་དཔོན་དབང་བསྐུར ་བ། བདག་དང་གཞན་གྱི་དོན་གྱི་ཕྱིར། །ཐུགས་རྗེ་ཅན་གྱི་བཀའ་དྲིན་གྱིས། དེ་རང་བདག་ལ་སྩལ་དུ་གསོལ། །དེ་ལྟར་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེང་དུ་གདུགས་དང་བླ་རིས་བརྒྱན་པ་ཤར་གྱི་སྒོར་སེང་གེའི་ཁྲི་ལ་གནས་སོ། ་རྣམས་རྣམ་པ་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཨི་གཟུགས་དམིགས་ལ། ཡི་གེ་ཧཱུཾ་ལས་རྡོ་རྗེ་བལྟས་ཏེ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག ་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་།བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བྱ་བས་དེ་ཉིད་བླང་ངོ། །དེའི་རྗེས་སུ་ཡི་གེ་ཨ་ལས་བསྐྱེད་པའི་དྲིལ་བུའོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ། ་ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱི་བདག་།ངོ་བོ་ཉིད་ཀྱི་གཉིས་མེད་བྱས། །རང་བཞིན་དག་པའི་སེམས་དཔར་ནི། །སྲིད་པ་དམ་པ་བྱེད་པར་འགྱུར་ཞེས་བརྗོད་པས། སློབ་མས་དཀྲོལ་བར་བྱའོ། །དེའི་རྗེས་སུ ་ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བརྗོད་དོ། །གང་ཕྱིར་ཡིད་ཀྱི་ལུས་ནི་བརྟན་པ་དང། །དེ་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པ་འདིའི་རང་གི་འདོད་པའི་ལྷར་དམིགས་ལ། །བདག་ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་འཁྱུད ་པར་བྱའོ། །དེའི་རྗེས་སུ་སློབ་དཔོན་རང་གི་སྙིང་གའི་ས་བོན་ལས་ཡང་དག་པར་བྱུང་བའི་ལྷ་མོའི་ཚོགས་ནམ་མཁར་གནས་པས་དབང་བསྐུར་བར་ཡུད་ཙམ་བསམ་མོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི ་གནས་ལས་བྱུང། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་པས་དབང་བསྐུར་རོ། །འདི་སྐད་དུ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་འཁྱུད་ནས་ནི། །རྡོ་རྗེ་དྲིལ་བུ་རབ་སྦྱར་བ། །སློབ་དཔོན་གྱིས་ནི་དབང་དུ་བཞེད། ཅེས་པའོ། །དེའི་རྗེས་སུ ་མདོར་བསྡུས་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང། དཀྱིལ་འཁོར་གྱི་རྣམ་པར་དག་པ་བཤད་པར་བྱའོ། །པདྨའི་དཀྱིལ་འཁོར་ཞེས་སུ་བསྟན། །ཡིད་ཀྱི་དཀྱིལ་འཁོར་གྱིས་ནི་མཆོག་།ཁང་བུ་བརྩེགས་པ་ཡེ་ཤེས་སོ། །སེམས་ནི་གཞལ་ཡས་ཁང་གི་དངོས། །ཕུང ་པོ་ལྔ་ལ་མཉམ་བརྟེན་ནས། །སངས་རྒྱས་སྔར་ནི་ཡོངས་སུ་གྲགས། །ཞེས་པ་ལ་སོགས་པའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པར་དམིགས་པའི་སློབ་མ་ལ་རྗེས་སུ་གནང་བ་སྦྱིན་ཏེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། འཇིག་རྟེན་ཁམས་ནི་ཐམས་ཅད ་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་པས་ཆོས་ཀྱི་གནས་སུ་རྡོ་རྗེ་དང། ནོར་བུ་དང། པདྨ་དང། ལས་ཀྱི་སྒྲ་བཅུག་སྟེ། ཚིགས་སུ་བཅད་པའི་རིམ་པས་རྗེས་སུ་གནང་བ་སྦྱིན་ནོ། །དེའི་རྗེས་སུ་མི་བསྐྱོད་པའི་གཟུགས་སུ ་དམིགས་ལ། རྡོ་རྗེ་བརྟུལ་ཞུགས་སྦྱིན་ཏེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཞེས་པ་འདིའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྦྱིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་སིདྡྷི་བཛྲ ་ས་མ་ཡ་ཏིཥྛ་ཨེ་ཥ་སྟཝཾ་དྷ་ར་ཡཱ་མི། ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དེ། སློབ་མས་རྡོ་རྗེ་བཟུང་ངོ། །རྡོ་རྗེ་བརྟུལ་ཞུགས་སྦྱིན་པའོ། །དེའི་རྗེས་ལ་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་དམིགས་ལ་སྙིང་གར་ལག་པ་གཡོན་པས་ཆོས་གིས་སྙིང་གར་བཟུང་པའི་ཚུལ་དུ ་བྱས་ལ་གཡས་པས་མི་འཇིགས་པའི་ཕྱག་རྒྱས་བཅིངས་ལ། སློབ་མ་གང་གིས་ཀྱང་རིགས་དེའི་གཟུགས་སུ་དམིགས་པར་བྱས་ལ། དེ་ལ་ལུང་བསྟན་པར་བྱ་བ་ནི། ཨོཾ་དེ་རིང་ཁྱོད་ལ་ངས་ལུང་བསྟན་པར་བྱ་བ་ནི། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད ་དང་ཤིན་ཏུ་དགའ་བས་ན། སྲིད་དང་ངན་འགྲོ་དག་ལས་བཏོན། །ཧེ་མཧཱ་མུ་ཀ་ནཱ་མ་ཏ་ཐཱ་ག་ཏ། སིདྡྷི་ས་མ་ཡ་སྟཝཾ། བྷུར་བྷུ་བ་སྭ་ཞེས་པས་ལུང་བསྟན་པ་གང་ཚིགས་སུ་བཅད་པ་དང་ཕྱག་རྒྱ་འདི་དག་གིས་ལུང་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང། ་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་པ་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །འདི་ཉིད་ཤིན་ཏུ་ཕྱག་རྒྱའི་མཐུས་འདིའི་སྔགས་ཀྱི་སྟོབས་ཀྱིས་དད་པར་བྱ་ཞེས་སློབ་མ་ལ་བརྗོད་དོ། །ལུང ་བསྟན་པའོ། །དེའི་རྗེས་སུ་མ་ཧཱ་ས་མ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པས་དབུགས་དབྱུང་བར་བྱ་སྟེ། གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །བཅུག་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱོད ་ནི་བདེ་བར་གནས། ཐེག་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་པས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་བཏོན་པའོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དང། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས ་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་མི་སྤང་ཞིང། །ནམ་ཡང་སྤང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །དེ་ནི་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནམ་ཡང་སྤང་བར་མི་བྱའོ། །སངས་རྒྱས་ཀུན་དང་མཉམ་པས་ན། །སློབ ་དཔོན་ནམ་ཡང་སྨད་མི་བྱ། །རང་གི་བདག་ཉིད་ཡོངས་བཏང་ནས། །དཀའ་ཐུབ་ཀྱིས་ནི་གདུང་མོ་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང། །འདི་ནི་མ་འོངས་རྫོགས་སངས་རྒྱས། །དེའི་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པས། ། ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱང་ནི་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་བཟུང་ཕྱིར། །དཀྱིལ་འཁོར་ཆོ་ག་བཞིན་དུ་ནི། །ཁྱོད་ཀྱིས་ནན་ཏན་བཞིན་དུ་བྲིས། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །དབུགས་དབྱུང་བ་སྦྱིན་པའོ། ། ་འདི་ལ་རྗེས་སུ་གནང་བ་སྦྱིན་ཏེ། རིག་པའི་དབང་ལྔའི་རྗེས་དང་སློབ་དཔོན་གྱིས་དབང་གི་རྗེས་སུ་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་ནི་ཕྱིར་མི་ལྡོག་པའི་དབང་ཞེས་བྱའོ། །ཐམས་ཅད་ལ་དུམ་པའི་བྱ་བ་འཇུག་པའི་ཕྱིར་རོ། །དབང་བསྐུར་བ་འདི་དག་ནི་རྒྱུད ་ཐམས་ཅད་དབང་མི་འགལ་བའོ། །འདི་དག་ནི་སློབ་དཔོན་གྱི་དབང་བསྐུར་བའི་སྐུ་རྡོ་རྗེ་རྣམ་པར་སྦྱོར་བའོ། །དེའི་རྗེས་སུ་སྒྲིབ་གཡོགས་པས་དབེན་པར་བྱས་པའི་ཕྱོགས་སུ་སློབ་མ་དང་ཡིད་དུ་འོང་བའི་གཟུགས་དང་ལང་ཚོ་དང་ལྡན་པ། དམ་ཚིག་དང་སྡོམ་པ ་དང་ལྡན་པའི་ཤེས་རབ་གསང་བའི་དབང་བསྐུར་བའི་ཕྱིར་བླ་མ་ལ་ཕུལ་ཏེ། འགྲོ་བའི་གནས་སྐབས་ཀྱིས་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །མཆོད་རྟེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ ་དིབ?་བདག་གསོལ། །བླ་མས་ཀྱང་ཏིང་ངེ་འཛིན་གསུམ་མངོན་དུ་བྱས་པས?་རིག་པར་བྱས་ཏེ། ནམ་མཁའ་ཨི་ཁམས་ནས་སྤྲོས་པའི་ཤེས་རབ་ཀྱི་པདྨ་ནས་བླངས་ནས། ཤེས་རབ་གདོང་ནི་བཅིང་བ་དང། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །རྒན་པོ་དང་མིང་མེད་དག ་གིས་ནི་སློབ་མའི་ཁར་ལྷུང་བྱ། ཨ་ཧོ་ན་ཧཱ་སུ་ཁ་ཞེས་པས་ལོངས་སྤྱོད་ཀྱི་གནས་སུ་གཞག་པར་བྱའོ། །རྣམ་པར་སྣང་མཛད་བདག་ཉིད་དོ། །དེ་ནས་ལངས་ནས་འདི་དག་ཉིད་དུ་སྦྱིན་ནོ། །གསང་བའི་དབང་བསྐུར་བ་ནི་ངག་གི་རྡོ་རྗེ་སྦྱོང་བའོ། །གསང་བའི་དབང ་བསྐུར་བའི་ཆོ་གའོ། །དེའི་རྗེས་སུ་ཕྱག་རྒྱ་གཅིག་གམ། དེ་ལས་ཐ་དད་པ་གཞན་ལ་སོ་སོ་རང་གིས་རིག་པའི་ཆོས་ཀྱི་སྐུ་རྟོགས་པའི་ཕྱིར། གང་སྔར་བསྟན་པའི་ཚིགས་སུ་བཅད་པས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་ལ། དེའི་ལག་པར་དེའི་ལག་པ ་རབ་ཏུ་གཏད་དོ། །ལན་ཅིག་དེ་བཞིན་གཤེགས་པའི་སྐུའི་རྡོ་རྗེ་གཞག་སྟེ། བླ་མ་རྡོ་རྗེ་འཛིན་པས་འདི་སྐད་བརྗོད་དོ། །ཡིད་དུ་འོང་བའི་གཟུངས་མ་འདི། །བརྟེན་པར་སངས་རྒྱས་ཀུན་གྱིས་བསྔགས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །དམ་པའི་བདེ་བ་ཉམས ་སུ་མྱོང། །འགྲོ་གསུམ་དེ་ཡི་དག་པ་ནི། །ཐབས་གཞན་ལས་ནི་བྱང་ཆུབ་མེད། །དེ་བས་ཁྱོད་ཀྱི་ནམ་ཡང་ནི། །འདི་དང་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་འགའ་ཞིག་འདི་སྤོང་བ། །དེ་ལ་མཆོག་གི ་དངོས་གྲུབ་མེད་ཅེས་བརྗོད་པས་སྦྱིན་ནོ། །དེས་ཀྱང་གུར་གུམ་དང་ཙནདན་དག་བྱུགས་ཏེ་དྲི་ཞིམ་པོ་དང་མེ་ཏོག་གི་ཕྲེང་བས་མཛེས་པར་བྱས་ཏེ། གོས་དང་བྲལ་བས་ལེགས་པའི་པདྨ་གསལ་བར་བསྟན་ཏེ། འདི་སྐད་ཅེས་བརྗོད་དོ། །གཤང་གཅི་ལ་སོགས་བཟའ་བ་དང།། ་ཁྲག་དང་ཁུ་བ་དེ་བཞིན་ཤ། བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། བུད་མེད་མཆོག་ལ་འདི་བཞིན་གུས། །བྷ་ག་པདྨ་འོ་བྱེད་དམ། །བུ་ཡི་ཇི་ལྟར་བདེ་བ་སྨྲོས་ཞེས་པ་དང། དེས་ཀྱང་ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་བ་ཁྲག་སོགས ་བཟའ་བ་དང། །རྟག་ཏུ་བུད་མེད་གུས་པར་བྱེད། །བྷ་ག་ཉིད་ལའོ་བྱེད་དོ་ཞེས་བརྗོད་དོ། །དེ་ནས་དགའ་བའི་བསམ་པ་དང། རྩེ་བས་ལྷག་པར་བལྟ་བས་ཁྱོད་བཞིན་དུ་རྣམ་པར་བལྟས་ཏེ། །ལེགས་པའི་པདྨ་བསྟན་ཏེ། འདི་སྐད་ཅེས་བརྗོད་དོ། །ཀྱེ་མ ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་གིས་ཆོ་ག་བཞིན་དུ་བསྟེན། །ང་ནི་དེ་ཡི་མདུན་ན་གནས། །ཇི་ལྟར་པདྨའི་བྱ་བ་གྱིས། །རྫོགས་པའི་སངས་རྒྱས་བསྙེན་བཀུར་ལྷག་།རང་ཉིད་བདེ་ཆེན་རྒྱལ་པོ་སྟེ། །འདི་ཉིད་དུ་ནི་ཡང་དག ་གནས། །བྷ་ཛ་ཧཱུཾ་མོཀྵ་ཧོ་ཞེས་པའོ། །དེས་ཀྱང་རང་གི་ལྷའི་རྣལ་འབྱོར་གྱི་བདག་ཉིད་ཀྱིས། །མགོ་བོ་དང། སྙིང་ག་དང། ལྟེ་བ་དང་གསང་བ་དང། རྐང་བ་རྣམས་སུ་གོ་རིམས་ཇི་ལྟ་བར། ཨོཾ་ཧཱུཾ་སྭ་ཨ་ཧ་ཞེས་པས་རིགས་ལྔ་ཡང་དགོད་པར་བྱ་ལ། དེའི་རྗེས་སུ ་ཡི་གེ་ཧཱུཾ་ལས་པདྨ་དང་རྡོ་རྗེ་ཨ་དང་ཡི་གེ་ཨོཾ་དག་ཡི་ཟེ་འབྲུ་དག་གི་ནང་དུ་ཡི་གེ་ཕཊ་རྣམ་པར་བསྒོམ་མོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་གྱི་ངོས་ན་གནས་པ་སོར་མོ་བསྐྱོད་དེ། ཅུང་ཟད་ཤེས་པས་སོ། །འདི་ཡང་བླ་མའི་མན་ངག་ལས་སོ། །དེའི ་རྗེས་སུ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཧཾ་ཞེས་པས་དགའ་བ་བརྩམ་པར་བྱའོ། །རྡོ་རྗེ་པདྨར་རབ་གཞག་ནས། །བྱང་ཆུབ་སེམས་ནི་ཤོར་མི་བྱ། །དགའ་བ་ཡིས་ནི་དཀྲུགས་པ་ཡི། །སེམས་ནི་གང་བས་སྒོམ་པར་བྱའོ། །བྱང ་ཆུབ་སེམས་ནི་གཤེགས་གསོལ་བས། །ཇི་སྲིད་རྣལ་འབྱོར་པ་མི་བྱེད། །གང་ཡང་དགའ་བ་ལས་སྐྱེས་འདི། །དེ་སྲིད་རྒྱུན་མི་ཆད་ཐོབ་པ། །བྱང་ཆུབ་སེམས་ནི་ལྷུང་བ་ཡི། །ཕུང་པོ་རྣམ་ཤེས་རྒྱལ་གྱུར་ནས། །ཇི་སྲིད་དངོས་གྲུབ་སྨད་པ་ཡིན། །མཁའ་དབྱིངས ་རྡོ་རྗེ་ཡང་དག་སྒྱུར། །རེག་ལས་ཀྱང་མེ་རྨད་བྱུང་ཚེ། །བདེ་བ་སྐྱེ་བར་འགྱུར་བ་གང། །དེ་ནི་མཆོག་དགའ་དམ་པའོ། །དགའ་བྲལ་གྱི་ནི་ནང་དག་ཏུ། །མཚོན་ཞིང་ལྟོས་ལ་བརྟན་པར་གྱིས། །པདྨའི་ནམ་མཁར་ནོར་བུའི་ཟེ་འབྲུ་དང། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་མནན་པའི ་གནས་དག་ཏུ། །སེམས་ཀྱི་ནོར་བུའི་ནང་དུ་ཆུང་པ་བལྟ། །ཡེ་ཤེས་གང་སྐྱེས་ཡེ་ཤེས་གཟུགས་ཀྱིས་བརྒྱན། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །རྣལ་འབྱོར་ཡེ་ཤེས་མཐོང་བ་གང། །བདེ་བར་གནས་པ་མཐོ ་བ་མེད། །ཐུན་ཕྱེད་དམ་ནི?་ཡང?་གཅིག་།ཉིན་དང་ཟླ་བ་ཟླ་ཕྱེད་ལོ། །?་?་པ་སྟོང་ཕྲག་ཏུ། །ཡེ་ཤེས་ཀྱིས་ནི་རྣལ་འབྱོར་གནས། །སློབ་མས་སྙོམས་པར་འཇུག་པ་ལྟས་ལ། །བླ་མའི་སྙིང་གནས?་འབྱུང་བའི། །གཏི་མུག་འགའ་?་མལ་སོགས ་བཞི། །དེ་ཡི་སེམས་ཉིད་ལ་དགོད་དོ། །སློབ་མའི་མཚན་ཉིད་ལེགས་པར་གྱིས། །པདྨའི་ནང་དུ་འགྱུར་པར་བྱ། །དེ་ནས་བཅུད་ཀྱི་ལེན་གྱིས་སེམས། །བྱང་ཆུབ་མངོན་དུ་འགྲོ་བས་བླང། །ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ། །སེམས་ཀྱི ་རྡོ་རྗེ་རྣམ་པར་སྦྱོང་བའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ། །ཇི་སྐད་བཤད་པའི་ཆོ་གས་ཤེས་རབ་ཀྱི་དབང་ཡོངས་སུ་འཛིན་པ་ལ་དེ་བཞིན་དུ་མངོན་པར་བརྗོད་པ་བཞི་པ་འབྲས་བུར་གྱུར་པའི་དབང་བསྐུར་བ་རིན་པོ་ཆེ་བརྗོད་པར་བྱ་སྟེ། ་གཞན་དུ་དམ་ཚིག་ལ་སོགས་པས་འཕགས་པ་གསུངས་པ། གཞན་དུ་དབང་ནི་མ་བསྐུར་བར། །གང་ཞིག་རྣལ་འབྱོར་བ་ཉིད་འདོད། །མཁའ་ལ་ཁུ་ཚུར་རྡེག་པ་དང། །སྨིག་རྒྱུའི་ཆུ་ལ་འཐུང་བ་མཚུངས། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་ཆོ་ག་ཇི་ལྟ་བ་བཞིན་དུ་བྱིན ་པས་སློབ་མའི་མོས་པ་ཡིད་བརྟས་ཏེ། །ཟབ་ཅིང་རྒྱ་ཆེ་བ་ལ་ལྷག་པར་མོས་ན། །ཚིག་གི་དབང་བསྐུར་བ་རིན་པོ་ཆེ་སྦྱིན་ནོ། །གཞན་དུ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་རང་བཞིན་རྒྱ་ཆེ་ལ་མོས་པར་རིག་ཅེ་ན། དེ་སྐད་དུ་ཡང་དུ་བ་ལས་ནི་མེར་ཤེས་ཏེ། ཆུ་སྐྱར་ལས ་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་རྣམས་ལས་ཤེས། །བཞིན་ནི་རབ་ཏུ་དང་བས་སྟོན། །ལུས་ཀྱིས་ཀྱང་ནི་པདྨ་སྤྲོ། །ཁྱོད་རྒྱས་པ་ཡི་དེ་ཉིད་མཐོང། །མཁས་པ་ཡིས་སློབ་མ་དེ་ནི་རྗེས་སུ ་བཟུང་ཞེས་པའོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་ནི་རྣམ་པ་གསུམ། །རྒྱུད་འདི་རུ་ནི་རབ་ཏུ་གྲགས། །སློབ་དཔོན་གསང་བ་ཤེས་རབ་དང། །དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་པའོ། །རྒོད་དང་བལྟས་དང་ལག་བཅངས་དང། །དེ་ལྟར་སླར་ཡང་གཉིས ་སྤྲོད་རྒྱུད། །དགའ་བ་དང་ནི་མཆོག་དགའ་དང། །བྲལ་བ་དེ་བཞིན་ལྷན་ཅིག་སྐྱེས། །རྣམ་པ་སྣ་ཚོགས་རྣམ་སྨོན་དང། །རྣམ་པར་ཤེས་དང་མཚན་ཉིད་བྲལ། །དབང་བསྐུར་བ་ཡི་རིམ་པ་ཀུན། །ཐམས་ཅད་ཤེས་རབ་ལུས་ལས་སྐྱེས། །ཡང་གསུངས་པ་ཨེ ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་ཡི?་ཀྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱིས་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག་།དེ་ལ་དགོང་པ་དག་ནི་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་དའོ། །འཁྱུད་པ་དག་ལ་ཤེས་རབ་དང། །བཞི་པ་དེ་བཞིན ་གཉིས་སྤྲོད་རྒྱུད། །དགའ་བ་ཅུང་ཟད་བདེ་བ་སྟེ། །མཆོག་ཏུ་དགའ་བདེ་བས་ལྷག་།དགའ་བྲལ་དགའ་བ་ཆགས་བྲལ་འགྱུར། །ལྷན་ཅིག་སྐྱེས་དགའ་ལྷག་མའོ། །དང་པོ་རེག་པ་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པ་ཡིན། །གསུམ་པ་འདོད་ཆགས ་འཇིག་པར་འགྱུར། །དེ་བས་བཞི་པ་བསྒོམ་པར་བྱ། །དགའ་བ་དང་པོ་རྣམ་སྣ་ཚོགས། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་ཉིད་དང། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །རྣམ་པ་སྣ་ཚོགས་སྣ་ཚོགས་བརྗོད། །མཁྱུད ་དང་འོ་བྱེད་ལ་སོགས་པ། །རྣམ་པར་སྨིན་པ་དེ་ལས་བཟློག་།བདེ་བའི་ཡེ་ཤེས་བྲ་བའོ། །རྣམ་པར་ཉིད་པ་དཔྱོད་པར་བརྗོད། །བདག་གི་བདེ་བ་སྤྱོད་དོ་ཞེས། །མཚན་བྲལ་དགའ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་སྤངས་པའོ།། ་དེ་དག་ཉིད་ཀྱིས་གསུངས་པ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །དགའ་བ་གསུམ་པོ་སྤངས་པ་ཉིད། །ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །དོན་འདི་ཉིད་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པ་ལས་བསྟན་ཏེ། བསྒྲུབ་བྱ ་སྒྲུབ་པའི་ཡང་དག་སྦྱོར། །གང་དེ་བསྙེན་པ་ཞེས་བྱར་བརྗོད། །རྡོ་རྗེ་པདྨ་མཉམ་པར་སྦྱོར། །ཉེ་བར་སྒྲུབ་པ་ཞེས་བཤད་དོ། །བསྐྱོད་པ་སྒྲུབ་པ་རུ་ནི་བཤད། །ཡི་གེ་ཧཱུཾ་ཕཊ་མཉམ་པར་ལྡན། །རང་བཞིན་རང་གི་བདེ་ཞི་བ། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །བསྒྲུབ ་བྱ་ཤེས་རབ་སྒྲུབ་པ་ཐབས། །དེ་དག་སྦྱོར་བ་བསྙེན་པ་ཡིན། །པདྨར་རྡོ་རྗེ་འཇུག་པ་ཉེ་བར་བསྒྲུབ་པ། །བསྐྱོད་པ་སྒྲུབ་པ་རང་བཞིན་གྱིས། །རང་གི་བདེ་ཞི་སྒྲུབ་པ་ཆེན་པོར་བཤད། །བསྒྲུབ་བྱ་སྒྲུབ?་པའི་རྡོ་རྗེ་གང། །རབ་འཇུག་མཐར་ཐུག་དགའ་བའོ། །ཤིན་ཏུ ་བསྐྱོད་པ་བྱང་ཆུབ་ཀྱི། །མཐར་ཐུག་མཆོག་ཏུ་དགའ་བའོ། །འཕོས་པ་ཡིས་ནི་དགའ་བྲལ་ལོ། །འདི་དག་ནང་དུ་གནས་པ་ཡི། །བདེ་བ་བཞི་པར་གང་གསུངས་པ། །དེ་ནི་ལྷན་ཅིག་སྐྱེས་པའོ། །སྒྲུབ་པ་ཤེས་པའི་དོན་ཏོ། །དེ་དག་ཉིད་གསུངས་པ། ཐོག ་མ་དབུས་དང་ཐ་མ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་བདེ་ཆེན་མཆོག་ཡིན་ནོ། །བདག་དང་གཞན་ཡང་ཡོད་མ་ཡིན། །མཆོག་དགའ་སྲིད་པར་བཤད་པ་སྟེ། །མྱ་ངན་འདས་པའང་འདོད་ཆགས་བྲལ། །དགའ་བ་གསུམ་པོ་ཙམ་ཉིད་ནི། །ལྷན་ཅིག ་སྐྱེས་དགའ་རྣམ་པར་སྤངས། །སྣ་ཚོགས་སྤངས་པའི་སྐད་ཅིག་གིས། །མཆོག་ཏུ་དགའ་བ་ཡང་དག་རྙེད། །བླ་མས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་བཟུང། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །ཅེས་པ ་ལ་སོགས་པའོ། །ཇི་ལྟར་ཞེ་ན། གང་ཕྱིར་དབྱེ་བས་གསུམ་བསྟན་པ། །རྒྱུ་ལ་འབྲས་བུ་གཞན་མེད་ཕྱིར། །དབྱེ་བ་གསུམ་ནི་སྔར་རབ་གྲགས། །བྲལ་དང་དགའ་བ་ནང་དག་ཏུ། །རབ་ཏུ་གསལ་བར་བྱེད་པ་བཞི། འོ་ན་ཇི་ལྟར་ཡིད་དག་ནང་དུ་རབ་གསལ ་ཞེས་པ་ཇི་ལྟར་ཞེ་ན། མཆོག་གི་མཛའ་ལ་བྲལ་བའི་དབུས། །སྟོང་ལས་སྟོང་མིན་རྡོ་རྗེ་འཛིན། །ཅེས་པ་ལ་སོགས་པའི་ཚིག་གོ་།སྟོང་ལས་སྟོང་མིན་ཇི་ལྟར་ཞེ་ན། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཁྱབ་པའི་བདག་། ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་པ་ནི་གྲུབ་པའི་མཛའ་ཨོ། །འདི་དག་གང་གི་ཐབས་ཀྱིས་བསྐྱེད། །དཀྱིལ་འཁོར་ལ་སོགས་ཐབས་ཀྱིས་དང། །རང་བྱིན་བརླབ་པའི་རིམ་པས་ཀྱང། །ཞེས་པ་རྒྱས་པར་སྦྱར་རོ། །དེ་དག ་བདག་གིས་ནི་མ་བཤད་དོ། །ཅིའི་ཕྱིར་ཞེ་ན། གང་རང་རིག་པའི་ཡེ་ཤེས་འདི་ནི་ངག་གི་སྤྱོད་ཡུལ་གྱི་ལམ་ལས་འདས་པའི་ཕྱིར། །བྱིན་བརླབས་གོམས་པས་གང་དེ་ཡི། །ཐམས་ཅད་ཤེས་པ་དེ་རང་བཞིན། །གཞན་ཡང་གསུངས་པ། །གཞན་དུ་ལྷན ་ཅིག་སྐྱེས་བཤད་མེད། །གང་ལས་ཀྱང་ནི་རྙེད་མི་འགྱུར། །བླ་མའི་དུས་ཐབས་བསྟེན་པ་ལས། །རང་གི་བསོད་ནམས་ཀྱིས་ཤེས་འགྱུར། །བླ་མའི་ཞབས་ཀྱིས་བཀའ་དྲིན་གྱིས། །རང་གི་བསོད་ནམས་ཆེན་པོར་འགྱུར། །སྐད་ཅིག་ཤེས་པའི་ཡེ་ཤེས་གང།། ་ངག་གི་སྤྱོད་ཡུལ་ལམ་ལས་འདས། །དེ་སྐད་གསུངས་པ། བདེ་ཆེན་རྒྱལ་པོ་གཅིག་པུ་ཤེས། །འགྲོ་བརྒྱུད་ལ་རྟག་ཤེས་པར། །གང་གིས་ཀྱང་ནི་སྟོན་པའི་དུས། །ཐམས་ཅད་མཁྱེན་པའང་ཚིག་ཕོངས་འགྱུར། །ས་ར་པ་ཡིས་གསུངས་པ། དེ་ནི་ཚིག་གི་བླ་མས ་མི་སྟོན་པས། །སློབ་མས་གོ་བར་མ་གྱུར་ཏེ། གྲོགས་དག་མ་ལུས་འདི་དག་ལྷན་ཅིག་སྐྱེས་པ་ཡིས། །བདུད་རྩིའི་རོ་འགྱུར་སུ་ཅི་ཞིག་གིས་བསྟན། །བློ་ཡི་སྤྱོད་ཡུལ་མ་ཡིན་ངག་གི་རྒྱུ་བ་མེད། །བླ་མའི་བརྗོད་པ་དངོས་པོ་ལས་རིང་གཏན་ལས་འཇུག་།དེ་ཡང ་རིམ་གྱིས་སྙིང་རྗེ་ལ་སོགས་རིམ་གྱི་ཡོན་ཏན་འཕེལ། །དད་ལྡན་སྙིང་གི་གནས་སུ་རང་ཉིད་སྟེར་བར་འགྱུར། །འོ་ན་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཅི་ཡིན་ཟེར་ན། །དེས་གསུངས་པ། དབང་པོ་རྣམས་ནི་གཉིད་ལོག་དང། །ཡིད་ནི་ནང་དུ་རྣམ་གནས་དང། །སེམས ་ནི་ཉམས་པ་ལྟ་བུར་སྣང། །ལུས་ནི་དམ་པའི་བདེ་བས་རྒྱལ། །དབང་པོའི་ཚོགས་རྣམས་རྣམ་པར་ནུབ། །རྣམ་པར་རྟོགས་ཉམས་འཁོར་བའི་ས་བོན་མེད། །དགའ་བའི་སྣང་བ་འདི?་ནི་ཁའི་དང། །མཉམ་པའི་ངོ་མཚར་བསིལ་བའི་ཉམས། །དབང་པོ་རྣམས་ཀྱང་ནུབ་འགྱུར་ཞིང། ་རང་གི་ངོ་བོ་ཡང་ཉམས་པར་འགྱུར། །ལྷན་ཅིག་སྐྱེས་དགའ་མཆོག་འདི་ནི། །བླ་མའི་ཞལ་ལ་གསལ་བར་དྲིས། །དེ་ཉིད་གསུངས་པ། གང་ཞིག་ཉམས་པའི་དུས་སུ་ཤར་བས་འདུད། །ཡུལ་དང་དབང་པོ་མཉམ་པར་ནུབ་འགྱུར་བ། །གང་ཡང་མངོན་དགའ་རྒྱལ་བས ་མཛེས་པ་གཅིག་པའི་ལུས། །སྙིང་ལ་མྱུར་དུ་འཆང་བ་མི་ལྡོག་མཁས་པ་ཡིན། །རྣམ་པར་རྟོག་པ་མཛའ་དག་སྤངས་པའི་བློ། །གང་དེ་བདེ་བ་དམ་པའི་སྟོབས་སུ་འགྱུར། །དེ་ཡང་བྱ་བ་བྱས་པའི་མཁས་པའོ། །གང་གཞན་ཕྱུགས་ནི་རྐང་གཉིས་པ་ཞེས་པའོ། །དེའི་ཕྱིར་ཡང ་དག་པའི་བླ་མའི་བསྙེན་བཀུར་སློབ་མ་དམ་པས་བྱའོ། །སྐུ་གསུམ་རྗེས་སུ་འཇུག་པའི་བདེ་བ་ཆེན་པོའི་ངོ་བོ་རང་གིས་རིག་པར་བྱའོ། །དབང་བསྐུར་བ་ཐོབ་པའི་བྱ་བ་བྱས་པས་འདི་སྐད་བརྗོད་པར་བྱ་སྟེ། དི་རིང་བདག་སྐྱེས་འབྲས་བུར་བཅས། །བདག་གི་རྩོལ་བ་འབྲས་བུར ་བཅས། །དི་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་འགྱུར་ཏེ། །དེ་ནས་བླ་མ་དམ་པ་དག་ལ་དབུལ། །དེ་བཞིན་གཤེགས་པས་གསུང་མཚན་ཉིད། །སྣ་ཚོགས་རྒྱན་ནི་གོས་ལ་སོགས། །རང་གི་ལུས་ནི་ཁྱད་པར་འཕགས། །ཞེས་སོ། །དེའི་རྗེས་སུ་སྦྱིན་སྲེག་བྱས་ཏེ།། ་གཏོར་མ་བྱིན་ལ་སྐྱེ་བོ་འདུལ་བ་དང་བཅས་པའི་དགེ་འདུན་ལ་ཆོས་སྟོན་དེ་ནས་བྱའོ། །སྡུག་བསྔལ་མགོན་མེད་པ་རྣམས་ཚིམ་པར་བྱའོ། །དབང་ཆོག་མདོར་བསྡུས་བྱས་པ་ལས། གང་ཡང་བསོད་ནམས་ལས་བྱུང་དེ་ཡི་གཞལ་མེད་པས། །དེ་ཡིས་གཉིས་མེད་བསམ ་མི་ཁྱབ་པ་ཡིས། །བདེ་བ་ཆེན་པོའི་བདག་ཉིད་ཐོབ་པར་ཤོག་།སྐྱེ་བོ་རྡོ་རྗེ་འཛིན་པར་གང་གྱུར་ཅིག་།དབང་གི་ཆོ་ག་མདོར་བསྡུས་པ་རྫོགས་སོ།། །།དཔལ་གཉིས་མེད་རྡོ་རྗེས་མཛད་པའོ།། །། *། (།དཔལ་གཉིས་མེད་རྡོ་རྗེས་མཛད་པའི་རང་བཞིན་ལྔ་པ་ཞེས་པའོ།) ་