CLOSE WINDOW

N1866: shes rab ye shes gsal ba
Wyliee-texts based on the ACIP/ALL Input

ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །བཀྲ་ཤིས་པར་གྱུར་ཅིག། །།ཤེས་རབ་ཡེ་ཤེས་གསལ་བ་ཞེས་བྱ་བ་ལྷའོ་ཟླ་བས་མཛད་པ་བཞུགས། མཚན་གཞན་པདྨ་བཛྲ་ཞེས་ཀྱང་གྲགས། །རྒྱ་གར་སྐད་དུ། པྲ་ཛྙཱ་ཛྙཱ་ན ་པྲ་ཀ་ས། བོད་སྐད་དུ། ཤེས་རབ་ཡེ་ཤེས་གསལ་བ། བླ་མ་དམ་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཉི་མའི་འོད་ཟེར་ཤར་བས་པདྨ་ཟུམ་པའི་ནགས་རྣམས་འབྱེད་པར་བྱེད་པ་བཞིན། །ཐམས་ཅད་མཁྱེན་པའི་བདེ་བ་མ་ལུས་འཛིན་པའི ་མཛེས་པས་གོ་འཕང་སྐད་ཅིག་ཉིད་ཙམ་གྱིས། །སྐྱེ་བ་ཉིད་མཚམས་སྦྱོར་བའི་འཆིང་བ་གཅོད་ཅིང་འགྲོ་བའི་ལིང་ཏོག་སྐྱོན་རྣམས་སེལ་བར་བྱེད་པ་གང། །རྒྱལ་བའི་བཀའ་ལུང་དགེ་བའི་བཤེས་གཉེན་ལས་འོངས་དེ་ཡི་རྒྱལ་བའི་འགྲོ་བ་རྟག་ཏུ ་ཞི་བར་ཤོག་།འཇམ་པའི་རྡོ་རྗེ་ལ་སོགས་རྒྱལ་བའི་སྲས་རྣམས་ཀྱིས། །ཤེས་རབ་ཕུན་སུམ་ཚོགས་པ་རྟོགས་པའི་ལམ་ནི་སུ་ལ་ཡོད། །སོ་སོ་སྐྱེ་བོ་དམན་པ་བདག་འདྲའི་བློ་གྲོས་ལ། །ཇི་སྲིད་དྲན་པ་བརྗོད་པ་འདི་ལ་བཟོད་པར་འོས། །སྟོན་པ་དཔལ་ལྡན ་རི་ཁྲོད་དབང་ཕྱུག་ཉི་མ་འཆང་ཀའི་རི་ལས་རྙེད་དེ་འོངས་པའི་ལམ། །འདི་ནི་བླ་མ་གསལ་བྱེད་རྒྱལ་བ་ཅན་གྱིས་བདག་ལ་མངོན་སུམ་ཉིད་དུ་བསྟན། །དེ་ནི་དྲི་མ་མེད་པའི་ཡིད་ཀྱིས་འདི་རུ་བཤད་ཀྱིས་སྐྱེ་བོ་དད་པར་བྱོས། །འདིར་ནི་གང་དང་ལུས་དང་རིག་པས ་མི་འཐད་བ་དེ་མཁས་པ་རྣམས་ཀྱིས་སྤང་བར་གྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ད་དག་ཡོད་མེད་བརྟགས་པས་སྟོང། །ཤེས་རབ་ཡེ་ཤེས་ཉིད་དེ་བཞིན། །དེས་ན་ཤེས་རབ་ཡེ་ཤེས་བཤད། །འདི་ནི་བཅོམ་ལྡན་འདས་ཕུལ་དུ་བྱུང་བ ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་ཉིད་བླ་ན་མེད་པ་ཞེས་བྱ་བ་གཞན་གྱི་མིང་ཅན་རང་བཞིན་མེད་པ་ཡིན་ཡང། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ནུས་པས་འབད་པ་མེད་པར་ཟུང་དུ་འཇུག་པ། ་སེམས་ཅན་ཐམས་ཅད་ལ་གཅིག་ཏུ་ཕན་པའི་སྐུ་ལེགས་པར་འཛིན་པས། བདེ་བ་ཆེན་པོའི་འབྱོར་བ་ཟབ་པ་དང་རྒྱ་ཆེན་པོ་བསྟན་ཡང་སྲིད་པར་འཁྲུལ་པས་འཁྱམས་པའི་སེམས་ཅན་མཛའ་ཡས་པ་ལ་ཕན་འདོགས་པའི་བསམ་པས། སེམས ་ཅན་མང་པོ་སྒེལ?་བའི་ཐབས་སྣ་ཚོགས་དང་ལྡན་པ་རྣམ་པ་སྣ་ཚོགས་པའི་བཀས། ཉན་ཐོས་དང་རང་སངས་རྒྱས་དང། ཐེག་པ་ཆེན་པོ་མཚུངས་པར་མཛད་པས། ཤིན་ཏུ་དང་བས་བླ་མ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བསྙེན་བཀུར་བྱེད ་པའི་ཚངས་པར་སྤྱོད་པ་ཅན་བློ་ཤིན་ཏུ་དག་པའི་ཤེས་རབ་ཅན། མདོ་སྡེ་དང། ཆོས་མངོན་པ་དང། འདུལ་བ་དང། སྐྱེས་པའི་རབས་རྟོགས་པ་ལེགས་པར་བཅོས་པའི་བློ་གྲོས་ཅན། །སྦྱངས་ཤིང་དུལ་བས་མི་དགེ་བའི་ལས་སྤངས་པ། དགེ་བའི ་ལས་ལ་གནས་ཤིང་སྙིང་རྗེ་འཇུག་པའི་ཡིད་ཅན། འཁོར་བ་ལ་ཞེན་པ་ལས་རྒྱབ་ཀྱིས་ཕྱོགས་པའི་སློབ་མའི་ཕྱིར། དགེ་བའི་བཤེས་གཉེན་དམ་པ་ལ་བརྟེན་པའི་རང་བཞིན་གྱིས། མྱུར་དུ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། དཀྱིལ་འཁོར་དུ་འཇུག་པ་ནས་ཆུ་དང་དབུ་རྒྱན་ལ་སོགས་པ་སྔོན་དུ་འགྲོ་བས། མཆོག་ཏུ་གྱུར་བའི་ཤེས་རབ་ཡེ་ཤེས་སྟོན་པར་མཛད་དོ། །འོ་ན་ཅིའི་ཕྱིར་འདི་སྟོན་ཏེ། འདོད་ཆགས་ལ་སོགས་པ་འཁོར ་བར་ཡུན་རིངས་སུ་ངན་འགྲོར་འཁྱམས་པའི་རྒྱུ་ཡིན་ལ། དེ་ཡང་སེམས་ཅན་རྣམས་ཡུན་རིངས་སུ་ཞེན་ནས་ཡང་བར་སྐྱེ་བ་རྨོངས་པར་གྱུར་ནས་ཆགས་ཏེ་སྡང་བར་བྱེད་པའི་སྡིག་པ་མི་དགེ་བའི་ལས་བྱེད་པར་གྱུར་ནས། དུད་འགྲོ་དང། ཡི་དགས ་དང། དམྱལ་བ་ལ་སོགས་པར་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་ཞིང། འདོད་ཆགས་ལ་སོགས་པ་ལ་སྦྱོར་བ་དེ་ལྟ་བུ་དུག་འཛིན་པ་དག་ལ་འོ་མ་བླུད་པ་བཞིན་དུ་དུག་འཕལ་བར་མཐོང་བ་མ་ཡིན་ནམ་ཞེ་ན། འདི་ནི་བདེན་ཏེ་དགེ ་བའི་བཤེས་གཉེན་དང་བྲལ་བ་རྣམས་འདོད་ཆགས་ལ་སོགས་པ་དེ་དག་ཆགས་པ་དང་བཅས་ནས་གཅིག་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ་མང་པོ་བསྟན་པ་ཡིན་ནོ། །གཞན་ཡང་ཤིན ་ཏུ་འདོད་ཆགས་དང་བྲལ་བ་རྣམས་འདོད་ཆགས་ལ་སྡང་བས། དེ་ཤིན་ཏུ་སྡུག་བསྔལ་བར་བྱེད་དེ། དེ་དག་གི་དོན་དུ་འདོད་ཆགས་པར་མ་བསྟན་ཏེ། །དེ་ཡང། གང་གིས་འདོད་ཆགས་ཆགས་བྲལ་བ། །སླར་ཡང་ཐེ་ཚོམ་ཟ་བར་འགྱུར། །དེ་དག་འདོད ་ཆགས་སྤངས་པའི་ཕྱིར། །འདོད་ཆགས་བྲལ་ཡང་རེག་མི་བྱ། །ཞེས་གསུངས་པ་དང། འདོད་ཆགས་བྲལ་བ་ལྟ་བུའི་སྡིག་།ཁམས་གསུམ་ན་ནི་གཞན་མེད་དོ། །དེ་ཕྱིར་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱི་ནམ་ཡང་མི་བྱའོ་ཞེས་བཅོམ་ལྡན ་འདས་ཀྱིས་གསུངས་སོ། །གང་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་དག་ལ་འདོད་ཆགས་ཆེན་པོ་བསྟན་ཏེ། དེ་སྐད་དུ་ཡང། འདོད་ཆགས་འགའ་ཞིག་སྤྱོད་དེ་ཡུལ། །འདོད་ཆགས་བྲལ་བས་འགའ་སྤོང་སྟེ། །དྲི་མེད་བློ་ཡི་རྣལ་འབྱོར་བས། །མི ་ལེན་སྤོང་བ་རུ་མི་བྱེད། །ཅེས་གསུངས་སོ། །དཔལ་མངའ་སྣུན་གྱི་ཞལ་སྔ་ནས་ཀྱང། །ཁ་ཅིག་ཡུལ་རྣམས་འདོར་བྱེད་ཅིང། །ཁ་ཅིག་ཡུལ་གྱིས་འཆིད་བར་བྱེད། །ལ་ལ་ཡུལ་དེ་ཉིད་ཀྱིས་ནི། །མི་མཆོག་བྱང་ཆུབ་འཐོབ་པར་བྱེད། །ཅེས་གསུངས་སོ། །དེ ་པས་ན་འདོད་ཆགས་ཀྱི་སེམས་ཅན་རྣམས་འདོད་ཆགས་བྲལ་བ་ལ་འཛུད་ལ། འདོད་ཆགས་བྲལ་བ་རྣམས་འདོད་ཆགས་བར་མ་ལའོ། །འདོད་ཆགས་པར་མ་པ་རྣམས་འདོད་ཆགས་ཆེན་པོ་ལ་དགོད་དོ། །དེ་བས་ན་སེམས་ཅན་མཆོག་ཏུ་གྱུར་པའི་དབང་དུ་མཛད ་ནས་བླ་ན་མེད་པར་ཤིན་ཏུ་ཟབ་མོའི་ཤེས་རབ་ཡེ་ཤེས་འདི་བསྟན་ཏོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས། དུག་གི་དུམ་བུ་འགའ་ཞིག་གིས། །སྐྱེ་བོ་ཐམས་ཅད་འཆིང་འགྱུར་བ། །དུག་གི་དེ་ཉིད་ཤེས་གྱུར་ན། །དུག་གིས་དེ་ཉིད་སེལ་བར་བྱེད། །ཅེས ་གསུངས་སོ། །གཞན་ནས་ཀྱང་འདོད་ཆགས་ནི་བྱང་ཆུབ་ཀྱི་ཡན་ལག་གོ་།ཞེ་སྡང་ནི་བྱང་ཆུབ་ཀྱི་ཡན་ལག་གོ་ཞེས་བྱ་བ་ལ་སོགས་པ་འབྱུང། །ཡེ་ཤེས་གྲུབ་པ་ལས་ཀྱང། དཔེར་ན་བཅུད་ཀྱི་ཕུག་པའི་ཟངས། །མཛེས་པའི་གསེར་དུ་འགྱུར་བ ་བཞིན། །ཡེ་ཤེས་བཅུད་ཀྱི་ཕུག་པས་ན། །ཉོན་མོངས་དགེ་བར་བྱེད་པ་ཡིན་ཞེས་གསུངས་སོ། །དེ་བས་ན་ཕུང་པོ་ལྔ་པོ་སྟེ། །གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ལ། རྣམ་པར་སྣང་མཛད་དང ་རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པ་རྣམ་པར་དག་པའོ། །སྐྱེ་མཆེད་བཅུ་གཉིས་ནི། དབང་པོ་དྲུག་དང། ཡུལ་དྲུག་གོ་།ཁམས་བཅོ་བརྒྱད་ནི། །མིག་གི་ཁམས་དང། མིག་གི་རྣམ་པར་ཤེས་པའི ་ཁམས་དང་།དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་ཡང་ཤེས་པར་བྱའོ། །འབྱུང་བ་ཆེན་པོ་བཞི་ནི། སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་ཏེ། རང་གི ་མཚན་ཉིད་འཛིན་པའི་ཕྱིར་ཁམས་སོ། །ཡོད་པ་དང་མེད་པའི་རྟོག་པས་སྟོང་པའི་ཕྱིར་མཛའ་བཞི་དང་བྲལ་བ་སྟེ། མ་སྐྱེས་པ་དང། མི་འཇིགས་པ་དང། རང་བཞིན་མེད་པ་ཤེས་པ་ལ་ཤེས་རབ་ཅེས་བརྗོད་དོ། །དེ་ཡང། གང་ཞིག་རྐྱེན ་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན་ཞེས་གསུངས་པ་དང། དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཀྱང། །གང་ཞིག་སྤྲོས་བཅས་ཀུན་གྱི ་ཡུལ་མིན་པས། །དེ་ནི་དག་གི་ཡུལ་ཡང་མ་ཡིན་ནོ། །རྡོ་རྗེ་འཛིན་པས་རིག་པ་དེ་ཉིད་ལ། །ཤེས་རབ་ཅེས་བྱར་ཡོངས་སུ་བསྒྲགས་པ་ཡིན་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་སེམས་སྣ་ཚོགས་པ། བདེ་བ་ཆེན ་པོ་རང་གི་རིག་པ་ཙམ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་བ་མིང་གཞན་པ་ཅན་གྱི་ཡེ་ཤེས་ཡིན་ནོ། །ཤེས་རབ་ཀྱང་དེ་ཡིན་ནོ། །ཡེ་ཤེས་ཀྱང་དེ་ཡིན་པས་ཚིག་བསྡུས་པའོ། །བླ་མ་དམ་པའི་ཞལ་སྔ་ནས་ཀྱང། མཁས་པ་ཀུན་རྟོགས ་སྤངས་ནས་ནི། །རྣམ་ཀུན་བདེ་བའི་དེ་ཉིད་མིན། །སྟོང་ཉིད་བདེ་བའི་དེ་ཉིད་མིན། །བསམ་མི་ཁྱབ་མིན་བདེ་བ་མིན། །ཞེས་གསུངས་པ་དང། རྣམ་པ་མངོན་སུམ་བྱང་ཆུབ་སྟེ། །བསམ་པ་མེད་པའི་བློ་ཆེན་པོ། །གཞན་ཡིན་ན་ནི་ལོང་པར་འགྱུར། ། ་གཞན་མ་ཡིན་ན་བེམས་པོར་འགྱུར་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང། འབྱུང་བ་ཆེ་ལས་བྱུང་བདེ་བ། །བདེ་བ་དེ་ཉིད་ཁོ་ན་མིན། །ཞེས་གསུངས་པ་དང། གཞན་ཡང་བདེ་བ་དཀར་པོ་བདེ་བར་གནས། །ཀུན་ཏུ་རུ་སྐྱེས་བདེ་བ་དྲན། ་བདེ་བ་དངོས་པོ་དངོས་མེད་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་དང། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལས་ཀྱི་ཡན་ལག་མའི་གཟུགས་ཀྱི་ཐམས་ཅད་དུ ་གནས་པ་ཡིན་ནོ། །དེ་སྐད་དུ་ཡང། ཀུན་ཏུ་ཐར་པ་འདོད་པ་ཡིས། །དོན་དམ་དག་ལ་གང་གནས་པ། །ཀུན་རྫོབ་ཀྱིས་ནི་ལུས་འཛིན་པའི། །ཤེས་རབ་ཕ་རོལ་ཕྱིན་བྱའོ་ཞེས་གསུངས་པ་དང། ཨེ་ཡི་ཆ་བྱད་བཟང་པོ་གང། །དབུས་སུ་བཾ་གིས་རྣམ ་པར་བརྒྱན། །བདེ་བ་ཀུན་གྱི་གནས་ཡིན་ཏེ། །སངས་རྒྱས་དཀོན་མཆོག་ཟ་མ་གཏོག་།ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པའི་ཐབས་དམ་པ་དང་པོར་བྱ་བ་ཡིན་པས། །དགོས་པ་མེད ་པའི་ཡིད་ཀྱིས་འགྲོ་བ་ཐམས་ཅད་འདོན་པའི་བསམ་པས། སྙིང་རྗེ་ཆེན་པོའི་རོས་ཆགས་པ་བདེ་བ་ཡང་དག་པའི་དབང་བསྐུར་ཞིང་རྗེས་སུ་གནང་བ་དང། ཇི་སྐད་གསུངས་པའི་ཤེས་རབ་དམ་ཚིག་?་མན་ངག་ཇི་ལྟ་བ་བཞིན་བརྟེན་པར་བྱའོ། །དེ་སྐད་དུ་ཡང ་ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་ནི་དག་པ་ཉིད། །དེ་ཕྱིར་ཡིད་ཀྱི་བྲལ་བ་རུ། །ཁྱོད་ཀྱི་ནམ་ཡང་མི་བྱའོ། །ཞེས་གསུངས་པ་དང། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག ་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུངས་སོ། །འོ་ན་འདི་ཇི་ལྟར་འཐད་པར་འགྱུར་ཏེ། ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ཅན། །སྡིག་ལྡན་གཡོན་མ་འཇིགས་རུང?་མ། །ཐག་རིངས་ཡོངས་སུ་སྤང་བར་བྱ། །གཞན་ཡང་ཨ་ར་ལི་ལས ་ཀྱང། །མི་ཡི་བུད་མེད་འཇིགས་ཚུལ་ཅན། །དེ་ཡི་ཡེ་ཤེས་འཇིགས་པར་ངེས། །ཞེས་གསུངས་པ་དང། ཡེ་ཤེས་གྲུབ་པ་ལས་ཀྱང། དབང་གཉིས་བྱུང་བའི་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ཡང་བདེ་བ་ཆེན་པོ་རུ། །རྒྱལ་བ་མཆོག ་གིས་མ་གསུངས་སོ། །ཞེས་བྱ་བ་ལ་སོགས་གསུངས་པས། ལས་ཀྱི་ཕྱག་རྒྱ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་མ་ཡིན་པས་སྤང་བར་བྱ་བའི་ཕྱིར་རོ་ཞེ་ན་བདེན་ཏེ་ལས་ཀྱི་ཕྱག་རྒྱ་བཅོས་མ་ཡིན་པའི་ཕྱིར་རོ། །འདི ་ལྟར་ལས་ནི་བྱ་བ་སྟེ། །ལུས་དང་ངག་དང་ཡིད་ཀྱི་བསམ་པའི་མཚན་ཉིད་ཅན་ཏེ། དེས་མཚོན་པའི་ཕྱག་རྒྱ་བརྟགས་པའི་ངོ་བོ་ཉིད་ལ་ལས་ཀྱི་ཕྱག་རྒྱ་ཞེས་བརྗོད་དེ། ཆོས་ཀྱི་ཕྱག་རྒྱ་ནི་བཅོས་མ་མ་ཡིན་པའི་ཕྱིར། མཚན་ཉིད་ཐ་མི་དད་པས་ཐ་དད ་པ་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་རང་བཞིན་མེད་པར་རྟོགས་པའི་མཚན་ཉིད་ཅན་ཏེ། དེ་ནི་མ་བཅོས་པའོ། །དེ་ནི་བཅོས་མའི་ཤེས་རབ་ཡེ་ཤེས་ཙམ་གྱིས། ཆུ་རྒྱུན་བཞིན་དུ་རྒྱུན་མི་འཆད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ་བླ་ན་མེད ་པའི་དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་འཇིག་པ་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེ་བ་མ་ཡིན་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། རྒྱུ་མཐུན་པའི་འབྲས་བུར་བསྟན་ཏོ། །ལྷན་ཅིག་སྐྱེས་པའི་བསྟན་པ་ཡང་ལྷན་ཅིག་སྐྱེས ་པའི་གྲིབ་མའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ཡང་ཁོ་བོའི་བླ་མའི་ཞལ་ལྔ་སྔ་ནས་ཀྱང། ཕྱག་རྒྱ་ཆེན་པོ་མ་ཤེས་པར། །ལས་ཀྱི་ཕྱག་རྒྱ་གཅིག་སྒྲུབ་པ། །དེ་ཉིད་རྒྱུད་པ་ལས་ཉམས་ནས། །རྣལ་འབྱོར་པ་དེ་དུ་འབོད་འགྲོ་ཞེས་གསུངས་སོ། །འོ་ན་ཇི་ལྟར ་ཐབས་གཞན་གྱིས་ནི་འཚང་མི་རྒྱ། ཞེས་ལས་ཀྱི་ཕྱག་རྒྱ་འདི་ཉིད་ལས་གདོན་མི་ཟ་བར་སངས་རྒྱས་དཀོན་མཆོག་གི་ཟ་མ་ཏོག་ཏུ་བསྟན་ཅེ་ན། དེ་ནི་མི་འཐད་པ་མ་ཡིན་ཏེ། ཆགས་པ་ཆེན་པོ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་བདེ་བ་མཛའ་ཡས་པའི ་རང་བཞིན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཆགས་པ་ཆེན་པོ་སྟེ། སྟོང་པ་དང་སྙིང་རྗེ་གཉིས་ཟུང་དུ་འཇུག་པའི་ངོ་བོ་ཉིད་འདོད་ཆགས་ཉིད་ལ། འདོད་ཆགས་ཉིད་གསལ་བ་རབ་ཀྱི་མཐར་ཐུག་པ་ཉིད་ལ་བདེ་ཞིང་ཆགས་པ་སྟེ། དེ་ཡང་ལས་ཀྱི་ཕྱག ་རྒྱ་མ་རྟོགས་པར་ཉམས་སུ་མི་མྱོང་བས་མངོན་སུམ་བསྟན་པར་མི་ནུས་ལ། ཆེན་པོ་རབ་ཀྱི་མཐར་ཕྱིན་པ་ཡང་དེ་གོམས་པ་དང། བླ་མ་དམ་པའི་མན་ངག་གིས་ཐོབ་པར་འགྱུར་བའི་ཕྱིར། དང་པོ་ལས་ཀྱི་ཕྱག་རྒྱ་བསྟན་པ་ལ་འགལ་བ་མེད་དོ། །བླ་མ་དམ ་པའི་མན་ངག་འདི་ཡང། །ལས་ཀྱི་ཕྱག་རྒྱ་ལེགས་བསྒྲུབས་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེའི་སྟེང་ཕྱག་རྒྱ་ཆེན་པོ་སྟེ། །གང་ལས་དམ་ཚིག་འབྱུང་བ་པོ་ཞེས་གསུངས་སོ། །དགའ་བ་ཙམ་པ་དེ་ལ་རྒྱུ་མཐུན་པའི་འབྲས་བུ་དང། དེ་ལྟར་སློབ ་དཔོན་གྱིས་ནི་གང་ཞིག་གསུངས་པ་དང། རྣམ་པར་སྨིན་པ་དང། དྲི་མ་མེད་པའི་འབྲས་བུ་དང། །དེ་ནས་རིམས་ཀྱིས་སྐྱེས་བུ་བྱེད་པར་འགྱུར་རོ། །བླ་མ་དམ་པས་ཀྱང། ལས་ཀྱི་ཕྱག་རྒྱ་རྣམ་སྣ་ཚོགས། །རྣམ་སྨིན་ལས་བྱུང་ཆོས་ཕྱག་རྒྱ། །མཚན ་ཉིད་བྲལ་བ་ཕྱག་རྒྱ་ཆེ། །རྣམ་རྙེད་དམ་ཚིག་ཕྱག་རྒྱ་ཡིན། །ཞེས་བྱ་བ་གསུངས་སོ། །དེ་ལ་ཕྱག་རྒྱ་ཆེན་པོ་མ་གཏོགས་པའི་ཕྱག་རྒྱ་རེ་ལ་དགའ་བ་བཞི་བཞི་འབྱུང་བའི་ཕྱིར། ལས་ཀྱི་ཕྱག་རྒྱ་ཡན་ལག་མ་དང་དགའ་བ་བཞི་དང། སྐད་ཅིག་མ་བཞི ་གྲངས་བཞིན་མན་ངག་གི་རྟོགས་པར་བྱའོ། །སྣ་ཚོགས་པས་ནི་མགྲིན་སྣ་ཚོགས། །ནོར་བུའི་ནང་དུ་བདེ་སྨིན་པ། །བླ་མར་དེ་ཉིད་ཤེས་པར་བྱའོ། །དགའ་བྲལ་རྣམ་པ་ཉེད་པའོ། །ཞེས་གསུངས་པ་དང། གསུང་རབ་ལས་ཀྱང། འཁྱུད་དང?་འོ་བྱེད་ལ ་སོགས་པ། །རྣམ་པ་སྣ་ཚོགས་དུ་མ་བརྗོད། །རྣམ་སྨིན་དེ་ལས་བཟློག་པ་སྟེ། །བདེ་བའི་ཡེ་ཤེས་སྤྱོད་པའོ། །བདག་ནི་བདེ་བ་སྤྱོད་དོ་ཞེས། །རྣམ་པར་ཉེད་པ་སྤྱོད་པར་བཤད། །ཅེས་གསུངས་སོ། །དེ་ལྟ་བས་ན་མཆོག་དགའ་དང། དགའ་བྲལ་གྱིས? ་ན་གནས་པ། །བཙན་ཐབས་པའི་དབང་དང། ལོག་པའི་དབང་སྤངས་པ། འདོད་ཆགས་དང་འདོད་ཆགས་བྲལ་བས་དབེན་པའི་སྟོང་པ་ཉིད་དང། སྙིང་རྗེ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པ་དེ་བླ་མ་དམ་པའི་ཞལ་ནས་ཉམས་སུ་མྱོང་བའི་ཁོང་དུ་ཆུད་པར་བྱའོ།? ་དེ་ལྟ་བུ་ལས་གཞན་དུ་སུ་ཞིག་གིས་རྟོགས་པར་ནུས་ཏེ། །འདི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ནི་སྒྲུབ་པར་བྱའོ། །དེ་ཡང་གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་ཞེས་བྱ་བ ་ལ་སོགས་པའི་ལུང་དང། གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཡི་རང་བཞིན་སྐྱེ་བ་མེད། །གང་གི་ངོ་བོ་མ་སྐྱེས་པ། །དེ་ལ་སྐྱེས་ཤེས་ཇི་ལྟར་བྱ། །ཞེས་བྱ་བ་ལ་སོགས་པ་དང། །ཚད་མའི་ཚིག་གསུངས་པ་ནི། །གང་དང་གང་ཅི་འབྱུང ་བའི་ཤེས་པ་དེ་ནི་རང་བཞིན་མེད་པའོ། །དེ་ལྟ་བས་ན། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་གྱི། ལས་ཀྱི་ཕྱག་རྒྱ་འབའ་ཞིག་གིས་ནི་མ་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པའི་དག་པ་སྔོན་དུ་འགྲོ་བ་ཤེས་རབ་ཀྱི་ཡན་ལག ་མའི་ཡེ་ཤེས་བསྟན་པས་ཆོག་གི་ཚིག་དུ་མ་སྤྲོས་པས་ཅི་དགོས། དེ་ནས་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་རྣམས་ཀྱི་གྲུབ་མཛའ་ནི་འདི་ཡིན་ཏེ། གང་དག་བསྐལ་པ་གྲངས་མེད་པས་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །སྔགས་ཀྱི ་ཚུལ་གྱིས་ནི་ཚེ་འདི་ལ་སངས་རྒྱས་སམ། རྡོ་རྗེ་སེམས་དཔར་འགྱུར་རོ་ཞེས་རྟོག་པ་རྣམས་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱར་ཡོད་དེ། ལོངས་སྤྱོད་རྫོགས་ལ་ཁ་སྦྱོར་བདེ་ཆེན་རང་བཞིན་མེད་པ་དང། །སྙིང་རྗེས་ངེས་གང་རྒྱུན་མི ་འཆད་དང་འགག་པ་མེད་པ་སྟེ། །ཡན་ལག་བདུན་དང་ལྡན་པ་འདི་ནི་བདག་གི་བསྒྲུབ་བྱར་འདོད། །ཚད་མར་བློ་སྦྱངས་པ་ཡིས་འདི་དག་རབ་ཏུ་བསྔགས་པ་ཡིན་ཞེས་གསུངས་པ་ཡིན་ནོ། །དེ་ཡང་ལས་ཀྱི་ཕྱག་རྒྱ་ཡན་ལག་མ་མེད་པར་ཉམས ་སུ་མྱོང་བར་ཤེས་པར་ནུས་པ་མ་ཡིན་ནོ། །འདི་ཡང་མཛེས་པ་མ་ཡིན་ཏེ། ཕྱི་རོལ་གྱི་ཕྱག་རྒྱ་ནི་རྒྱུ་མཐུན་པའི་འབྲས་བུར་བརྗོད་ཀྱི། །དེ་ནི་ཁོ་ན་ཉིད་མ་ཡིན་ནོ། །ཡན་ལག་བདུན་དང་ལྡན་པ་ཡང་སྟོང་པ་ཉིད་དང། སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས ་ལ་འཐད་པར་འགྱུར་ཏེ། འདི་ལྟར་ལོངས་སྤྱོད་རྫོགས་པ་སྟེ། ཉམས་སུ་མྱོང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རྣམ་པ་ཐམས་ཅད་དུ་སྣང་བ་ཡིན་ནོ། །ཁ་སྦྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །བདེ་བ་ཆེན་པོ་ནི་ཡོད་པ་དང་མེད ་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །རང་བཞིན་མེད་པ་ནི་སྐྱེ་བ་མེད་པའོ། །སྙིང་རྗེས་ངེས་གང་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པ་ནི་རྒྱུན་གྱི་རྟག་པ་ཡིན་པའི་ཕྱིར་རོ། །འགག་པ་མེད་པ་ནི་ཆད་པ ་མེད་པའི་ཕྱིར་རོ། །ལས་ཀྱི་ཡན་ལག་མའི་ཡེ་ཤེས་ལ་ནི་ཁྱད་པར་ཅན་དུ་གྱུར་པ་དེ་དག་ཡོད་པ་མ་ཡིན་ནོ། །གང་ཡང་ཚེ་འདི་ཉིད་ཀྱི་སངས་རྒྱས་ཉིད་དམ། །རྡོ་རྗེ་འཆང་ཉིད་དུ་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་བུས་པའི་ཚིག་བཞིན་དུ་སྣང ་བར་འགྱུར་ཏེ། འདི་ལྟར་བསྙེམས་པས་ཁོ་བོ་ནི་རྡོ་རྗེ་སེམས་དཔའ་ཨོ་ཞེས་སྨྲས་པ་འདི་རང་ཉིད་ཀྱིས་རང་ལ་སེམས་དང་ལྡན་པ་རྣམས་ཅི་སྟེ་སྨོད་པར་བྱེད། དཔེར་ན་ཤིང་ཐུན་དག་ཁོ་བོ་ནི་རྒྱལ་པོའོ་ཞེས་སྨྲ་བ་བཞིན། རྒྱལ་པོ་མ་ཡིན་པ་གཅིག་པུར་མ ་ཟད་ཀྱི་རླུང་ཅན་དུ་ཡང་སྨྲས་པ་མ་ཡིན་ནམ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སྔགས་ལ་ཁྱད་པར་མ་མཐོང་ངོ། །འདི་སྐད་དུ་བརྗོད་པ་དེ་ཡང་མ་ཡིན་ཏེ། དོན་གཅིག་ན་ཡང་མ་རྨོངས་དང། །ཐབས་མང་དཀའ་བ་མེད་པ་དང། །དབང་པོ་རྣོན་པོས ་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཤེས་གསུངས་པ་དེ་ཡང། ཆོས་རྣམས་ཐམས་ཅད་ཉིད་ཀྱི་ནི། །དག་པ་དེ་བཞིན་ཉིད་དུ་འདོད། །ཅེས་སྔགས་ཀྱི་ཐེག་པ་ལས་གསུངས་པའི་ཕྱིར། །གཉིས་ཀས་དེ་བཞིན་སྒྲུབ་པར་བྱེད་པར ་དོན་གཅིག་?་ནི་བདེན་པ་ཁོ་ན་སྟེ། མ་རྨོངས་པའི་གཏན་ཚིགས་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མཚུངས་པའི་ཕྱིར་ཁྱད་པར་ཅི་ཡོད། འདིར་རྨོངས་པའི་སྐྱེས་བུའི་སྐྱོན་ཡིན་ནམ། འོན་ཏེ་ཐེག་པ་འདིའི་སྐྱོན་ཡིན། དེ་ལ་རེ་ཞིག་རང་བཞིན་མེད་པར ་བྱེད་པའི་མཚན་ཉིད་ཅན་གྱི་ཐེག་པ་ལ་ནི་རྨོངས་པ་ཡོད་པ་མ་ཡིན་ཏེ། གཉིས་ཀ་ལ་ཐལ་བ་མཚུངས་པའི་ཕྱིར་རོ། །སྐྱེས་བུ་དོན་ལ་ངོས་པའི་རྨོངས་པ་ཡིན་ནོ་ཞེ་ན། དེ་ལྟར་འདྲ་མོད་ཀྱི་སྔགས་ཀྱི་ཐེག་པ་ལ་ཡང་སྐྱེས་བུའི ་རྨེངས་པ་སྣང་བ་ཡིན། །ཐབས་མང་བ་ཉིད་ཀྱང་འཁོར་གསུམ་མི་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐབས་དང། ཀུན་བརྟགས་དང། གཞན་དབང་དང། ཡོངས་སུ་གྲུབ་པ་སྟེ། མཚན་ཉིད་གསུམ་བསྒོམས་པས་ཀྱང་དེ ་བཞིན་ཉིད་མཐོང་བར་འགྱུར་བའི་ཕྱིར་རོ། །དགའ་བ་ལ་སོགས་པའི་ཐབས་ཁྱད་པར་ཁོ་ན་ཡོད་པས་ན་ཆགས་པ་ལ་འཇུག་པ་ཙམ་གྱིས་ནི་རིགས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པས་ཟིན་པའི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དཀའ་བ་མེད་པ་ཡང་གཉིས་ཀ་ལ་མཚུངས་ཏེ། འདི་ལྟར་ཡང་གང་དག་སྔོན ་པོ་དང་སེར་པོ་ལ་སོགས་པའི་དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་རྟོགས་པའི་ཕྱིར་རོ། །དེ་དག་ལ་དཀའ་བ་ཞེས་བྱ་བ་ཅི་ཞིག་ཡོད། དབང་པོ་རྣོན་པོས་དབང་བྱས་པ་ཡང་མཚུངས་པ་ཉིད་དེ། གང་གི་ཕྱིར་ཆོས་ཐམས་ཅད་རྐྱེན? ་ལས་སྐྱེས་པ་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་མི་འགག་པའི་ཕྱིར་རོ། །དབང་པོ་རྣོན་པོ་དག་གི་མོས་པ་བྱེད་ཀྱི། དམན་པ་དག་གིས་ནི་མ་ཡིན་ནོ། །གཞན་ཡང་རང་རང་གི་ངོ་བོ་ཉིད་ལས་རྣམ་པར་དཔྱད་ན། ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་ཁོ་ན་ངེས ་པའི་དོན་ཡིན་པའི་ཕྱིར་ལྷག་པར་འགྱུར་བ་སྟེ། དྲང་བའི་དོན་ནི་གཞན་དག་ཡིན་ནོ། །དཔེར་ན་གཙུབ་གཏན་དང། གཙུབ་ཤིང་ལ་སོགས་པ་ལས་མེ་བྱུང་བའམ། པི་ཝང་ལས་སྒྲ་བྱུང་བ་བཞིན་དུ། གཟུགས་རྣམ་པར་སྣང་མཛད་དེ། དེ་ཡང་མི་བསྐྱོས? ་པའི་མིང་ཅན་གྱིས་རྣམ་པར་ཤེས་པས་རྒྱས་བཏབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྤྲོས་པ་ཙམ་ཏེ། ཡང་དག་པར་སྣ་ཚོགས་ཉམས་སུ་མྱོང་བ་ཙམ་གཟོད་མནས་འོད་གསལ་བསྒྲུབ་པར་བྱའོ། །འདི་ཧ་ཅང་སྤྲོས་པ་ལ་དགའ་བས། བསྡུས་པས་མཆོག ་གིས་བཀྲུས་པ་ཉིད་དཀྲུ་དགོས་པའི་ལས་ཀྱི་ཕྱག་རྒྱ་ཉིད་དགོས་པ་མེད་པར་འགྱུར་ཏེ། ང་ཡང་མགོན་པོས་འདིར་ནི་བརྗོད་མེད་དམ། །རྒྱབ་ཅེས་བྱ་བ་སུ་ཡི་བསྟན། །དབུ་གཙུག་གཡས་སུ་འཁྱིལ་བ་ཡིས། །ལག་པ་དཀྱོགས་པས་སྟོན་བྱེད་དམ། ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་གང་ལས་ཀྱི་ཕྱག་རྒྱའི་བདེ་བ་འདོད་པ་དེ་དག་ནི་ཉི་ཚེ་བའི་རྣམ་པར་དག་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་སྤྱད་པར་བྱའོ། །དེ་དངོས་སུ་དངོས་པོ་ཐམས་ཅད་རྣམ་པར་དག ་པ་ཉིད་ཅིའི་ཕྱིར་གོམས་པར་མི་བྱེད། འོན་ཏེ་འདོད་ཆགས་ཆེན་པོའི་ཐེག་པ་འདིར། །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་ཟག་པ་མེད་པའི་བདེ་བའི་རྣམ་པ་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་ཏེ། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །བདེ་བ་ཆེན ་པོ་རབ་སྒྲུབ་ཕྱིར། །སངས་རྒྱས་བྱང་ཆུབ་གོ་འཕང་མཆོག་།བླ་མེད་འདི་ནི་འགྲུབ་པར་འགྱུར་ཞེས་གསུངས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཤིན་ཏུ་འཇིགས་པའི་ཚུལ་གྱིས་འདོད་པ་ལྔ་ལ་ལོངས་སྤྱོད་པར་བྱའོ། ཞེས་གསུངས་པའི་ཕྱིར་རོ། ། ་འཇིགས་ཤིང་སྐྲག་པའི་བདེ་བས་བྱང་ཆུབ་འཐོབ་པར་བྱེད་པ་མ་ཡིན་ནོ། །ཞེ་ན་དེ་ཡང་མཛེས་པ་མ་ཡིན་ཏེ། སེམས་ཅན་ནི་དམན་པ་དང། འབྲིང་དང་རབ་ཀྱི་དབྱེ་བ་རྣམ་པ་གསུམ་ཡིན་ནོ། དེ་ལ་དམན་པ་དང། འབྲིང་ལ་འདི་དག་བསྟན་པ་ཡིན་གྱིས ་རབ་དམིགས་པ་མེད་པ་སྤྱོད་པ་རྣམས་ཀྱིས་ནི་འཕགས་པ་ཆོས་འཕགས་བཞིན་བག་ཚ་བ་མེད་པར་བུད་མེད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་འདོད་པའི་ལོངས་སྤྱོད་ལྔ་རྣམས་ལ་རོལ་བས། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་འོད་ ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་གྱུར་བར་བསྟན་ལ། དེ་ཡང། འདོད་ཆགས་དང་བྲལ་བར་འགྱུར་བ་མ་ཡིན་ཞིང། །བདེ་བ་དང་སྡུག་བསྔལ་ཞེས ་བྱ་བ་ནི། མ་རིག་པས་ཡིད་བསླང་པ་རྣམས་འདི་ལྟར་མངོན་པར་ཞེན་པ། དེ་ལྟར་ཡང་སྐད་ཅིག་གི་མ་ཐང་གཅིག་གི་བྱ་བ་མྱུར་དུ་ཉམས་པར་འགྱུར་ཏེ། གསལ་བར་བྱེད་པའི་ཟླ་བས་བྲེད་པར་བྱེད་པ། དེ་དག་ཀྱང་སྐར་མངས་ཀྱང་གདུང ་བར་བྱེད་པ་བཞིན། ཁོ་བོ་ཅག་ནི་བྲེད་པ་ཡང་མེད་པ་དགའ་བ་ཡང་མེད་དེ། དེ་བས་གཉིས་ཀ་ཉམས་པར་འགྱུར་བས། གྲང་བ་ཡང་མེད་ཅིང་དྲོ་བ་ཡང་མེད་དོ། །དོན་དམ་པ་ཀུན་ཏུ་རྟོག་པ་མེད་པའི་ཕྱིར་རོ། །འོ་ན་བསྒྲུབ་བྱའི་རང ་བཞིན་གང་ཡིན་ཞེ་ན། དབང་པོ་གཉིས་ཀྱི་སྦྱོར་བ་ནི། འདོད་ཆགས་ཅན་གྱི་འདུལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ནི་ཐག་པ་ཉིད་ཀྱི་དོན་དུ་གཟུང་བར་བྱའོ། །ལས་ཀྱི་ཕྱག་རྒྱ་དང་བྲལ་ན། །ཕྱག་རྒྱ ་ཆེན་པོ་ཡོད་མ་ཡིན། །རང་གི་ཚིག་ལ་ཉམས་དགའ་བས། །རྟོག་ལྡན་གུས་པར་མི་འོས་ཏེ། །ལས་ཀྱི་ཕྱག་རྒྱ་ལ་སོགས་ཀྱང། །མེད་ན་ཕྱག་རྒྱ་ཆེན་པོ་མིན། །ཞེས་གསུངས་སོ། །དེ་བས་ན་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་སྒོམ་པ་ཡང་གཟོད་མ ་ནས་དག་པ་ཉིད་དེ་རྒྱུ་དང་འབྲས་བུའི་བྱེ་བྲག་དེ་སེམས་ཅན་འཇུག་པའི་ཕྱིར་བརྗོད་ཀྱི་ཕྱག་རྒྱ་ཆེན་པོའི་བྱེ་བྲག་གིས། ལས་ཀྱི་ཕྱག་རྒྱ་ལ་སོགས་གནས། །ཕྱག་རྒྱ་ཆེན་པོ་མ་རྟོགས་པ། །ནམ་ཡང་ལས་ལ་སོགས་པ་མེད། །དེ་ཁོ་ན་ཉིད་ལ་འཇུག་པ ་ལས་ཀྱང། །ལས་ཀྱི་ཕྱག་རྒྱ་སོགས་སྒོམ་པ། །ཕྱི་མ་ཕྱི་མ་མཆོག་ཡིན་ཏེ། །དེ་ཕྱིར་སྔ་མ་སྤང་བར་བྱ། །བླ་མ་དམ་པ་འདི་ལྟར་གནས། །ཞེས་བསྟན་པ་དང། དེ་ཁོ་ན་དམ་པ་ཞེས་བཤད་དོ། །ཆད་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་རིག་པ་མང་སྟེ། རྐྱེན་ལས ་སྐྱེས་པ་རྟེན་འབྲེལ་ཉིད་ནི་སྐྱེ་བ་མེད་པ་སྟེ། དེ་ཡང། གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཉིད་རང་བཞིན་མེད་པར་འདོད། །དེ་ལྟ་བུ་ནི་དམ་ཆོས་ཏེ། །དེ་བཞིན་གཤེགས་པ་དེ་དང་མཚུངས། །ཞེས་གསུངས་པ་དང། །གཞན་ཡང་གང ་ཞིག་རྟེན་ཅིང་འབྲེལ་པ་མཐོད་བ་དེ་ནི་ཆོས་མཐོང་བ་སྟེ། གང་གི་ཆོས་མཐོང་བ་དེ་བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་མཐོང་བར་འགྱུར་རོ་ཞེས་གསུངས་པ་དང། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས་ཀྱང། །གང་གིས་རྟེན་ཅིང ་འབྱུང་བ་ཤེས། །དེས་ནི་ཆོས་ཉིད་འདི་རྟགས་ལས། །གང་གིས་ཆོས་ཉིད་ཤེས་པ་ནི། །དེ་ཀྱིས་སྟོང་ཉིད་དེ་རྟོགས་སོ། །གང་གིས་སྟོང་པར་ཤེས་གྱུར་པ། །དེ་དག་འདྲེན་པར་མཐོང་བ་ཡིན་ཞེས་གསུངས་སོ། །རྟེན་ཅིང་འབྲེལ་པ་དེ་ཡང་ཉམས་སུ་མྱོང ་བ་སྟེ། །མཛའ་ཡས་བདེ་བའི་རང་བཞིན་གྱིས། །བདེ་བ་ཆེན་པོའི་བདག་ཉིད་དོ། །དེ་ཡང་ཡན་ལག་མེད་པའི་རྡོ་རྗེའི་ཞལ་སྔ་ནས་ཀྱང། །མཛའ་ཡས་བདེ་བའི་ངོ་བོའི་ཕྱིར། །དཔལ་ལྡན་བདེ་མཆོག་ཅེས་བྱའོ། །ཞེས་གསུངས་སོ། །སྔོན་པོ་དང་སེར་པོ ་ལ་སོགས་པའི་རྣམ་པ་མ་ལུས་པ་རྣམ་པ་སྣ་ཚོགས་པ་ནི་མི་ལམ་དང་དྲི་ཟའི་གྲོང་ཁྱེར་བཞིན་སྣང་བ་ཡིན་གྱིས། རྟག་པ་ནི་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད། །དྲི་ཟའི་གྲོང་ཁྱེར་བཞིན་དུ ་གསལ། །སྣ་ཚོགས་རང་བཞིན་གྱིས་མི་གནས། །ནམ་མཁའ་ཨི་མེ་ཏོག་ལྟ་བུ་འང་མིན། །ཞེས་གསུངས་སོ། །དེ་ལྟ་བས་ན་ལྷུན་གྱིས་གྲུབ་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྒྱུན་རྟེན་ཅིང་འབྲེལ་པར་འབྱུང་བ་སྣ་ཚོགས་པ་ནི་བདེ་བ་ཆེན་པོ་ཉམས་སུ ་མྱོང་བ་སྟེ། གཟོད་མ་ཉིད་ནས་རང་བཞིན་མེད་པ་ཉིད་དུ་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གང་གང་རྟེན་ཅིང་འབྲེལ་པར་འབྱུང་བ། །སྣ་ཚོགས་སེམས་ནི་གཉིས་སུ་མེད། །ཐ་དང་སྟོང་ལ་སེམས་སྣ་ཚོགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཉིད། །ཅེས ་གསུངས་སོ། །དེ་ལ་གང་ཞིག་གིས་སྟོང་པ་ཉིད་འབའ་ཞིག་གམ། ཆད་པའི་རང་བཞིན་ནམ། རྟེན་ཅིང་འབྲེལ་པར་འབྱུང་བ་དང། སྟོང་པ་ཐ་མི་དད་པའམ། རྣམ་པ་མེད་པའམ། རྣམ་བཅས་སམ། བཏང་སྙོམས་ཀྱི་རྣམ ་པ་ཅན་གྱི་སྒོམ་པར་བྱེད་པ་དེ་དག་གིས་ནི་ནམ་ཡང་བདེ་བ་ཆེན་པོའི་ངོ་བོ་ཉིད་གྲུབ་པ་མ་ཡིན་ཏེ། དབང་པོ་གཉིས་སྙོམས་པར་འཇུག་པ་མེད་པར་བདེ་བའི་རྣམ་པ་ཅན་ཉིད་མི་རྟོགས་པའི་ཕྱིར་རོ། །དེ་མེད་པར་ནི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཅན་གྱི་ལོངས ་སྤྱོད་རྫོགས་པའི་སྐུ་འགྲུབ་པར་མི་འགྱུར་བ་ཉིད་དེ། འདི་ལྟར་གང་རྒྱ་མཚོའི་ཆུ་རླབས་བཞིན་དུ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་བྱེ་བྲག་ཐབས་དང་ཤེས་རབ་བསྒོམས་པས་རྟོགས་པ་མེད་པའི་བདག་ཉིད་ཆེན་པོའི་བདེ་བའི་ཡེ་ཤེས ་རྟོགས་པས་དེ་སྒོམ་པར་བྱ་སྟེ། སྒོམ་པ་རབ་ཕྱིན་ན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའི་བདེ་བ་ཆེན་པོར་འགྱུར་གྱི། གཉེན་པོ་བསྒོམ་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཡེ་ཤེས་བསྒོམས་པས། བདེ་བ་ཆེན ་པོའི་ངོ་བོ་ཉིད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་བར་འགྱུར་གྱིས། རྟོག་པ་ཐམས་ཅད་སྤངས་པས་བདེ་བ་ཅུང་ཟད་ཙམ་ཡང་ཉམས་སུ་མྱོང་བ་མ་ཡིན་ནོ། །དེ་བས་ན་རྒྱུ་དང་མཐུན་པས་འབྲས་བུ་མཐོང་བའི་ཕྱིར་རོ། །གཞན་ཡང་བདེ་བའི་ངོ་བོ ་ཉིད་ཡིན་དུ་ཆུག་ན་ཡང། རྣམ་པར་མི་རྟོགས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་བག་ཚ་བས། གཉེན་པོ་དང། དེ་ཁོ་ན་ཉིད་དང་འབྲས་བུའི་རྟོག་པ་ཇི་ལྟར་འགྲུབ་པར་འགྱུར། དེ་ཡང་ད་གཉེན་པོའི་ཕྱོགས་ལ་མི་གནས་ཤིང། །དེ་ཉིད་ལ་ཡང་མ ་ཞེན་གང། །འབྲས་བུ་ལ་ནི་སྲིད་མིན་པར། །ཕྱག་རྒྱ་ཆེན་པོ་དེ་ཡིས་མཐོང་ཞེས་གསུངས་པས། དེ་ནི་གདོན་མི་ཟ་བར་ཡིད་བརྟན་པ་འམ། གཡོ་བར་འགྱུར་ཡང། འདོད་པའི་ཡོན་ཏན་ལྔ་ལ་དོགས་པ་མེད་པར་བརྟེན་པར་བྱ་སྟེ། དེ་ནས་ཉོན་མོངས ་པ་ཡང་ངོ་བོ་ཉིད་ཡོངས་སུ་དག་པའོ་སྙམ་དུ་སེམས་པས། ཉོན་མོངས་པའི་འཆིད་པའི་འཇིགས་པ་མེད་དོ། །འདི་ལྟར། བྱང་ཆུབ་ཉོན་མོངས་ལས་གཞན་མིན། །ཉོན་མོངས་བྱང་ཆུབ་ལས་མི་འབྱུང། །འཁྲུལ་པས་ཉོན་མོངས་རྟོགས་པ ་སྟེ། །འཁྲུལ་པས་ངོ་བོ་དྲི་མ་མེད། །ཅེས་གསུངས་པ་དང། དེ་ལྟ་བུ་ལ་ནི་ཉོན་མོངས་པའི་གླགས་སྐབས་མེད་དེ། རྣལ་འབྱོར་གྱི་ཀུན་རྫོབ་ཀྱི་སོ་སོ་སྐྱེ་བོའི་ཀུན་རྫོབ་ལ་གནོད་པའི་ཕྱིར་རོ། །དགེ་བ་ནི་རྟག་ཏུ་གོམས་པས་སེམས་ཅན་གྱི་དོན་དུ། ་བྱང་ཆུབ་སེམས་བསྐྱེད་པ་ཉིད་ཀྱིས། ཡིད་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་ལ་འཇུག་པར་བྱེད་པས་ན། ཉམས་པར་མི་འགྱུར་རོ། །གཞན་ཡང་རང་བཞིན་མེད་པ་ལ་མོས་ཀྱང། །གལ་ཏེ་འཇིགས་ཤིང་བག་ཚ ་བ་འབྱུང་ན་ཡང། དེའི་ཚེ་ཇི་བཞིན་པའི་དོན་རྟོགས་པར་མི་བྱ་སྟེ། དེ་ཡང། ཉན་ཐོས་རྣལ་འབྱོར་སྒོམ་པས་གདུངས། །སྐྱོན་རྟོགས་ལུས་ལ་ཟོན་དང་ལྡན། །ཐེག་པ་ཆེན་པོ་འཇིགས་ཤིང་སྐྲག་།ཉོན་མོངས་ལྔ་དག་སྔགས་ཀྱི་ཚུལ། །ཞེས་གསུངས ་སོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་དེ་ལྟ་དེ་ལྟར་བརྗོད་ན་ཡང། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་མེད་པར་དེ་ལྟ་བུར་གྱུར་པ་རྟོག་པ་དང་བྲལ་བས་ཡན་ལག་བདུན་དང་ལྡན་པའི་སངས་རྒྱས་མངོན་སུམ་དུ་བྱེད་པ་མ་ཡིན་ནོ། །གཞན་ཡང་ཨེ ་མའོ་སྐྱེ་བོ་འདི་དག་ནི་ཕྱིན་ཅི་ལོག་གིས་བཅོམ་པས། རང་གི་བདག་ཉིད་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱི་ལྷའི་རང་བཞིན་མ་རྟོགས་པ་དང། རབ་རིབ་ཅན་བཞིན་མངོན་པའི་ང་རྒྱལ་ཅན་དང། ཇི་བཞིན་པའི་ལྷའི་ང་རྒྱལ་ཅན་ཤིང་ཐུན་རྣམས་དང ་བརྩད་པར་མི་རིགས་ཀྱི་སྙིང་རྗེ་?་འོས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི། །སེམས་ཅན་གཏི་མུག་ཆེན་པོའི་རབ་རིབ་ཀྱིས་བཅོམ་པ་རྣམས་ལ་རྣམ་པར་གཟིགས་ནས་སྙིང་རྗེ་ཆེན་པོའི་ཐུགས་སྐྱེས་ཏེ། སྟོང་པ་སྣ་ཚོགས་གཟུགས ་འདི་ནི། །སེམས་ཅན་དོན་ནི་བྱེད་པའོ། །རང་གི་ལུས་ནི་ལྷ་རྣམས་ཡིན། །འདི་ལྟ་བུ་ནི་ཅིས་མི་འདོད། །གྲོ་རྣམས་རྒྱལ་པའི་བདག་ཉིད་མ་ཡིན་ནམ། །རང་ཉིད་ངོ་བོ་ཉིད་ཀྱི་དྲི་མ་མེད་པ་དག་སྟེ། །འོན་ཀྱང་ཤིན ་ཏུ་བྱིས་པའི་ཚུལ་ཅན་ཏེ། །འདིར་སེང་གེ་ཕྲུ་གུ་དོགས་པ་ཆུང་བས་རང་གི་མཐུ་སྟོབས་མི་ཤེས་ན་ཡང། གཞན་ཕ་རོལ་གཞོམ་པའི་ནུས་པ་ཡོད་པ་བཞིན། སྐྱེ་བོ་ཞལ་གཅིག་ལ་ལག་པ་གཉིས་དང་ལྡན་པ་ལ་སོགས་པའི་ཚུལ་གྱིས། སོ ་སོའི་སྐྱེ་བོ་ཐབ་ཚད?་པ་མ་ཡིན་ཏེ། ཕྱག་གཉིས་པ་རྡོ་རྗེ་ཅན་ཡང་མ་ཡིན། །བླང་ཞིང་དོར་བ་ཅུང་ཟད་མ་ཡིན་ཏེ། །བྱད་ཀྱི་རང་བཞིན་ལེགས་མཐོང་བྱང་ཆུབ་ཡིན། །དེ་ལྟར་སྐྱེད་པའི་རིམ་པ་དང་མི་འགལ་བར་རང་བྱིན་གྱིས་བརླབས་པ་བསྒོམས? ་ན། སྣ་ཚོགས་ཉིད་ལྷའི་བདག་ཉིད་ཀྱི་དཀྱིལ་འཁོར་འཁོར་ལོས་ལྷན་ཅིག་སྐྱེས་བ་གྲུབ་པ་ཡིན་དེ་སྐད་དུ་ཡང། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། འདི་ནི་གཞལ་ཡས་ཁང་ཡིན་ཁམས་གསུམ་པོ་མིན་ཡུལ་མིན་དབང་པོ་མིན་ཏེ་འབྱུང?་བ་ལ་སོགས? ་མིན། །གཟུགས་ལ་སོགས་པ་མ་ཡིན་སྲོག་ཆགས་མིན་ཞིང་མི་མིན་རྒྱལ་བ་སྟེ། །འཁོར་ལོ་གཙོ་བོ་ཆོས་ཉིད་བདག་ཉིད་ཡིན་ཏེ་ངེས་ནི་དཀྱིལ་འཁོར་བ་ཡིན་ལ། ཁམས་གསུམ་པོ་འདི་སྣ་ཚོགས་འཁོར་ལོར་ཤེས་ན་སེམས་ནི་ཅི་སྟེ་འཁྲུལ ་པར་བྱེད། །ཅེས་གསུངས་པ་དགྱེས་པའི་རྡོ་རྗེ་ལས་ཀྱང། སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་དེ་སྦྱིན་སྲེག་མེད། །དཀྱིལ་འཁོར་པ་མེད་དཀྱིལ་འཁོར་ཉིད་ཀྱང་མེད། །དེ་ནི་སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་དེ། །དེ་ཉིད་དཀྱིལ་འཁོར་བ་དང་དཀྱིལ ་འཁོར་ཉིད། །མདོར་བསྡུས་སེམས་སུ་འདུས་པའི་ཚུལ་ཅན་ནོ། །ཞེས་གསུངས་པ་དང། གཞན་ནས་ཀྱང། ཡན་ལག་ཀུན་བསྒོམས་ལས་འདས་ཤིང། །རྟོག་དང་བརྟགས་པ་རྣམ་པར་སྤངས། །གུག་སྐྱེད་ཐེག་ལེ་ལས་འདས་པ། །འདི་ནི་དཀྱིལ ་འཁོར་དམ་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་བསྒོམས་པ་ཡིས་ནི་གང་འདི་འབད་པ་མེད་པར་རྟེན་ཅིང་འབྲེལ་པར་འབྱུང་པ་ལ་གོམས་པར་བྱ་སྟེ། མཉམ་པར་གཞག་པ་དང་མཉམ་པ་ལས་ལངས་པ་ལས་ཀྱང། འགྲོ་བ་ཤིན་ཏུ་རྣམ་པར ་དག་པར་ཕྱིན་ཅི་མ་ལོག་པར་ལྟ་བ་ཡིན་ནོ། །དེ་ཡང་ཡན་ལག་མེད་པའི་རྡོ་རྗེའི་ཞལ་སྔ་ནས། གང་ལ་སྒོམ་པ་པོ་མེད་ཅིང། །རྣམ་པར་བསྒོམ་པ་ཅི་ཡང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མན་པ། དེ་ནི་དེ་ཉིད་བསྒོམ་པར་བཤད། །ཅེས་གསུངས་སོ། ། ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་ཀྱང། །སེམས་དཔའ་བསམ་གཏན་བསམ་བྱ་དང། །སྤོང་དང་བདེན་པ་མཐོང་བ་དང། །འདི་དག་རྟོག་པ་ཙམ་ཉིད་དེ། །གང་གིས་ཤེས་པ་དེ་གྲོལ་འགྱུར། །ཞེས་གསུངས་པ་དང། དཔལ་གསང་བ ་འདུས་པའི་རྒྱུད་ལས་ཀྱང། སྒོམ་དུ་མེད་པ་སྒོམ་པ་དངོས། །སྒོམ་པ་ཉིད་ནི་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་སོ། །དེ་བས་ན། དགོས་མེད་སྤྱོད་པ་བསམ་གཏན་ཏེ། །ཡོད་དང་མེད་ཅེས ་མི་བརྗོད་དོ། །རྟག་ཏུ་ཤར་བའི་རོ་དེ་བཞིན། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། །ཞེས་གསུངས་སོ། །དེ་ཉིད་ཚུལ་བས་ཡོད་པ་རུ། །འདུ་ཤེས་ཅན་ལ་བསམ་གཏན་བརྗོད། །གོམས་པ་ལས་གཞན་བསམ་གཏན་མེད། །དེ་ཕྱིར་བསམ་གཏན ་འབད་པར་བྱ། །དེས་ན་ལས་ཀྱི་ཕྱག་རྒྱ་མ་རྟོགས་པར་སྐྱེ་བ་མེད་པར་མངོན་སུམ་དུ་བྱེད་པ་བསམ་གཏན་ཞིག་སྟེ། དེའི་རྒྱུ་མཐུན་པར་བསྟན་པ་ཡང་མི་ནུས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཉེ་བར་བསྟན་པས་དེ་ལྟར་བརྗོད་ཀྱང་བསམ་པ་རྫོགས ་པར་མི་འགྱུར་རོ། །འདི་ལྟར་མངོན་དུ་དེ་མཐོང་དང། །མཐོང་དང་ཐོས་དང་དེ་བཞིན་དུ། །སྨྲ་བའི་ཚུལ་ལ་ཁྱད་མེད་ཀྱང། །སྔ་མའི་འདོད་པ་ཟད་པ་ཡིན། །དེ་ཁོ་ན་ཉིད་དེ་ཡང་རྒྱལ་བའི་དབང་པོས་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ལུང་དང། རིགས་པ ་དག་གིས་གསུངས་པའི་ཕྱིར་རོ། །འོ་ན་རང་རིག་པའི་སྒྲུབ་པའི་ཐབས་ཀྱི་དེ་ཁོ་ན་ཉིད་ནི། །སྔགས་ཀྱི་ཚུལ་ལས་མངོན་དུ་བྱེད་པ་མ་ཡིན་ནམ། དེ་ཉིད་ཀྱི་ཕྱིར་དོན་གཅིག་ཡིན་ན་ཡང། བཅོམ་ལྡན་འདས་ཀྱིས་རྒྱུ ་བསྟན་བཅོས་ཞེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལོགས་སུ་བསྟན་ཏོ། །རྡོ་རྗེ་ཐེག་པ་འདི་ནི་འབྲས་བུའི་བསྟན་བཅོས་ཏེ། འབྲས་བུ་སྟོན་པའི་ཕྱིར་རོ། སྨྲ་མཁས་པས་གཉིས་ཀ་ལ་རྨོངས་པ་འབྱུང་ངོ་ཞེས་ཟེར་བ་དེ་ཡང། གང་གི་ཕྱིར་དུག་གི་དེ་ཉིད ་ཤེས་པས་དུག་དང་བསྲེས་ཏེ་བཟའ་བ་དང། སྦྲུལ་གྱི་རྒྱན་ཆ་བྱེད་པ་དང། ཁ་ཅིག་དུག་གིས་མི་ཚུགས་པ་བཞིན་ནོ། །དོན་དམ་པ་དེ་རྟོགས་པ་ལས་གཞན་མེད་དོ་སྙམ་པའི་ཡིད་ཅན་རྨོངས་པར་མི་འགྱུར་རོ། །དེ་བཞིན་དུ་ལུང་དང། རིག་པ ་དག་གིས་དུག་ཅེས་བྱ་བ་འདི་ནི་ཅི་ཡང་མེད་པ་ཡིན་ཡང་དོན་མེད་ཡིན་པའི་སོམ་ཉི་ཡོད་པའི་ཕྱིར་འཇུག་པར་མི་འགྱུར་རོ། །མ་རིག་པའི་དུག་ཞི་བར་བྱེད་པའི་སྔགས་དང་བཅས་པའི་གཉེན་པོ་མེད་པས། དུག་གི་རྡུལ་མྱངས་ནས་དེ་ལས་གཞན ་དུ་འཇོམས་པར་མི་བྱེད་དོ། །ཞེས་བརྗོད་པར་མི་ནུས་སོ། །གང་ཡང་ཕ་རོལ་ཏུ་ཕྱིན་པ་གོམས་པ་ལ་ཀུན་ཏུ་བརྟགས་པ་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པ་སྟེ། མཚན་ཉིད་གསུམ་སྒོམ་པའི་ཐབས་ཀྱིས། ཐབས་མང་པོ་མཚུངས ་སོ་ཟེར་བ་ཡང། བརྟགས་ན་ཚུལ་ངན་པ་ཉིད་དེ། དམར་ན་དམུས་ལོང་ལ་གཟུགས་དམིགས་པའི་ཉམས་སུ་མྱོང་བས་སྟོང་བ་ལ། མིག་དང་ལྡན་པས་ཕན་པར་བསྟན་པར་འདོད་ནས། གཟུགས་དེའི་རང་བཞིན་འདི་ལྟ་བུ་ཞེས་བློ་བཟོད་དེ། ་ཐོས་པ་ལ་སོགས་པའི་སྒོ་ནས་མོས་པས་བསྒོམས་ཀྱང། མྱུར་དུ་གཟུགས་མངོན་དུ་མི་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པས་ཀྱང་གང་དག་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མ་བཞི་དང་ལྡན་པའི་དགའ་བ་བཞི་ཉམས་སུ་མྱོང་བ་དང་བྲལ ་བའི་ཕྱིར། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་མངོན་དུ་མ་གྱུར་པས། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་མ་ཤེས་པར་མངོན་པར་བྱང་ཆུབ་པ་ཆེན་པོ་མངོན་སུམ་དུ་བྱེད་པར་མི་ནུས་ཀྱི། སྔགས་ཀྱི་ཐེག་པ་ནི་དེ་བཞིན་གཤེགས་པའི་རྣམ་པར ་དག་པས་སོ་སོའི་སྐྱེ་བོའི་བག་ཆགས་དང་བྲལ་བའི་ཕྱིར་རོ། །ལྷའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་དམ་ཚིག་ཐམས་ཅད་ལ་སྤྱད་པས་རོ་མཉམ་པ་མངོན་དུ་བྱས་ནས། ཕྱག་རྒྱ་བཞི་ལ་སོགས་པར་སྒྲུབ་ཐབས་ཀྱི་ཡན་ལག་བདུན་དང་ལྡན་པའི ་ཡང་དག་པར་རྫོགས་པའི་སངས་རྒྱས་རང་རིག་པའི་མངོན་སུམ་དུ་ཚེ་འདི་ཉིད་ལ་མངོན་བྱེད་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་བདག་བྱིན་གྱིས་བརླབས་པ་མི་?་མང་བའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཐབས་གཞན་གྱིས་ནི་སངས་མི་རྒྱ ་ཞེས་གསུངས། །གསང་བའི་མཛོད་ཀྱི་མདོ་ལས་ཀྱང། རྡོ་རྗེ་སེམས་དཔའ་ཉོན་ཅིག་དང། གསང་སྔགས་ཀྱི་ཐེག་པ་མཆོག་གི་དབང་བསྐུར་བ་གསང་བ་ཆེན་པོ་འདས་སངས་རྒྱས་ཐོབ་པར་ནུས་ཀྱི། ཐེག་པ་གཞན་གྱིས་ནི་བསྐལ་པ་གྲངས་མེད་པ ་བྱེ་བས་ཀྱང་སངས་རྒྱས་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང། །བསྐལ་བ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་འཐོབ་སྟེ། །ཕྱག་རྒྱ་འདི་ཡི་ཆོ་ག་ཡིས། ཚེ་འདི་ཉིད་ལ ་འཐོབ་པར་འགྱུར་ཞེས་གསུངས་ཏེ། དེའི་དགོངས་པ་ནི་འདི་ཡིན་ཏེ། གཞན་གང་གིས་ཀྱང་སངས་རྒྱས་ཙམ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་?་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་བདེ་བའི་ངོ་བོ་ཉིད་ཀྱི་ཁ་སྦྱོར་མེད་པའི་ཕྱིར་ཏེ། འཇམ ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡེ་ཤེས་ཀྱི་རོས་ལོངས་སྤྱོད་རྫོགས་པར་འགྱུར་པའི་ལོངས་སྤྱོད་པའི་སྐུ་མི་འཐད་པའི་ཕྱིར་རོ། །སྟོང་པ་ཉིད་དང་སྙིང་རྗེ་སྦྱོར་བ་ནི་བ་སྦྱོར་མ་ཡིན། བསྐྱེད་པའི་རིམ་པ་ཙམ་གྱིས་སམ། ་དེ་ལྟ་བུ་ལ་སོགས་པ་ཡིས། །རང་རིག་པས་སྟོང་པ་ཉིད་དུ་བདེ་བའི་རྣམ་པ་ཅན་གྱི་ཡེ་ཤེས་དབང་པོ་གཉིས་སྒོམས་པར་འཇུག་པ་ལས་སྐྱེས་པ་བཞིན་དུ། གང་ལས་ཀྱང་མྱོང་བར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ན་གོམས ་པ་མེད་པའི་དེ་ཁོ་ན་ཉིད་ཀྱིས། བདེ་བ་ཆེན་པོའི་བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་གོ་འཕང་མི་མཐོང་བའོ། །དེས་ན་འདོད་ཆགས་ཆེན་པོའི་ཚུལ་འདིར་རྡོ་རྗེ་སེམས་དཔའ་འགྲུབ་པར་བྱ་བའི་ཕྱིར་ཁ་སྦྱོར་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཉིད་འདིར་ཁྱད་པར ་ཡོད་པའི་ཕྱིར་རྡོ་རྗེ་འཆང་ཞེས་བྱའོ། །འོ་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་སྟེ། འཕགས་པ་མགོན་པོ་བྱམས་པས་དེ་གསུངས་པ། མཚན་མཆོག་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བཟང་པོའི་བདག ་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བྱ་བའང་གསུངས་པ་འདི་ཡོད་པ་ལ་ཅི་ལྟོ་ཞེ་ན། ཁོ་བོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་འགེགས་པ་ནི་མ་ཡིན་གྱི། ཡང་དག་པར་རྫོགས་པའི ་སངས་རྒྱས་མེད་པ་ཡང་མ་ཡིན་ཏེ། གང་ཡང་འགྲོ་བ་འདི་དག་སངས་རྒྱས་འགྱུར། །འདི་ན་སྣོད་དང་མི་ལྡན་གང་ཡང་མེད། །ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་འཁོར་གསུམ་མི་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས ་པ་རྣམས་ལ་གོམས་པས་ས་ཐོབ་ནས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ས་བཅུའི་བར་བསྒྲུབས་ནས། རང་བཞིན་མེད་པ་མངོན་སུམ་དུ་བྱས་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། རྩེད་མོ་ཙམ་དུ་སངས་རྒྱས་ཀྱི་དངོས ་པོ་བརྟེན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་ཕྱིར་དུས་མི་རིང་བར་ནུས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས། རྗེས་སུ་འཛིན་པར་མཐོང་ནས། དེ་དག་ལས་ཀྱི་ཚུལ་གྱི་ཉེ་བར་བསྟན་པ་ཐོབ་སྟེ། སེ་གོལ ་གཏོགས་པའི་ཡུད་ཙམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པ་ཡིན་ནོ། །སྔགས་ཀྱི་ཐེག་པ་ནི་མཚམས་མེད་པ་ལྔ་བྱེད་པ་ཡང་རིགས་ལ་སོགས་པའི་རྐྱེན་དང་ལྡན་ན་ཡང། དེའི་དགེ་བའི་བཤེས་གཉེན་དམ་པ་བརྟེན་པ་ལས་། ་ལས་ཀྱི་ཕྱག་རྒྱའི་ཐབས་ཀྱིས་ཇི་བཞིན་པའི་དོན་བསྒྲུབས་ནས། ཇི་བཞིན་པའི་མན་ངག་ཅན་སྡིག་པ་མི་དགེ་བའི་ལས་སྤངས་པ་དེས། དགེ་བ་སྤྱད་པ་དང་ཐབས་ལ་མཁས་པའི་ཁྱད་པར་གྱིས། སེ་གོལ་གཏོགས་ཙམ་གྱི་སྦྱིན་པ་ལ་སོགས་པ་བླ་ན ་མེད་པའི་བསོད་ནམས་ཀྱི་ཚོགས་རྫོགས་ཏེ། ཚེ་འདི་ཉིད་ལ་སངས་རྒྱས་ཉིད་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་པ་ནི་ཁྱད་པར་རོ། །དེ་སྐད་དུ་དགྱེས་པའི་རྡོ་རྗེའི་རྒྱུད་ལས་ཀྱང། །མཚམས་མེད་ལྔ་པོ་བྱེད་པ་དང། །སྲོག་ཆགས་གསོད་ལ་དགའ་བ་དང། ་གཞན་ཡང་སྐྱེ་བ་དམན་པ་དང། །ཁྲོ་ཞིང་རྨོངས་པའི་སྐྱེ་བ་གང། །གཟུགས་ངན་ཡན་ལག་མཚང་བར། །དེས་ཀྱང་བསྒོམས་ན་སྐྱེ་བར་འགྱུར། །ཞེས་གསུངས་པ་དང། རྡོ་རྗེ་ཨ་རི་ལ་ལས་ཀྱང། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང། །ཐེག་པ ་ཆེ་ལ་ལོངས་སྤྱོད་འགྱུར་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཐེག་པ་ཆེན་པོ་འདི་ནི་འདི་ལྟ་བུ་སྟེ། རྒྱུ་དང་འབྲས་བུའི་དངོས་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང། སྔགས་ཀྱི་ཐེག་པ་གཉིས་བསྟན་ཏོ་ཞེས་གསུངས་པ་སྟེ། ཐེག་པ་གཉིས་ཀ་དེ ་ཁོ་ན་ཉིད་ལ་སྤྱོད་དོ་ཞེས་བྱ་བར་དགོངས་སོ། །སྦྱིན་པས་ས་དང་པོ་རབ་ཏུ་དགའ་བ་ལ་གནས་སོ། །ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པས་དེ་དང་དེ་ཐོབ་པར་གྱུར་ནས་ཕྱིར་མི་ལྡོག་པ་འགྲུབ་པར་འགྱུར་ཏེ། ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་བ་ཉིད་དོ། །དང་པོ་ས་ནི་མཆོག་ཏུ་གྲུབ་པ་ཞེས་གསུངས་པས། ཕ་རོལ་ཏུ་བྱིན་པའི་ཐེག་པར་བསྟན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོས་དེ་ལས ་སྤྱོད་པ་འགྲུབ་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་ལྟ་ན་ནི་མ་ཡིན་ཏེ། ཡིན་དུ་ཆུག་ཀྱང་དེ་ལྟ་བུ་དེ་ཡུན་རིང་པོར་འགྱུར་ལ། དེ་ལྟར་མི་འགྱུར་བ་ཡང་སྲིད་པ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས ་པ་བདེ་བ་ཆེན་པོ་སྒྲུབ་པའི་ཐབས་དང་བྲལ་བའི་ཕྱིར་དང། དེ་དག་གིས་ས་ཐོབ་པ་ཡང་ཐེག་པ་དམན་པར་ལྟུང་བ་སྲིད་པའི་ཕྱིར་རོ།།དེ་ལྟར་ན་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་སྲས་ཀྱིས་ཐོབ་ཀྱང། བླ་བརྟན་པ་ནི་མ་ཡིན་ཏེ། །ཇི་སྲིད་ས་བརྒྱད་པ་ཡི་བར། །དེ་དག་ཐེག་པ་དམན་པས་འཇིགས། །གསང་བའི་འཁོར་ལོ་ཆེན་པོ་འདིར། །ཞུགས་པའི་རྒྱལ་བའི་བདག་ཉིད་གང། །ཐེག་པ་ཆེན་པོ་ལ་ཞོན་ནས། །དབུགས་ཕྱིན་པ་རུ་གྱུར་པ་ཡིན་ཞེས་གསུངས་སོ། །དེའི་ཕྱིར་གཙོ་བོ་མ་ཡིན་པར ་འགྱུར་བའི་ཐབས་ཅུང་ཟད་ཙམ་གྱིས་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཁྱད་པར་ཅན་གྱི་ཐབས་དང་བྲལ་ནས། །ཐབས་མེད་ལ་གཉིས་ཀ་ལ་མཚུངས་པ་མ་ཡིན་ནོ། །དེ་ཁོ་ན་དཀའ་བ་མེད་པར་གང་འདི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་ཉིད་ཀྱིས ་ཡུན་མི་རིང་བར་རྡོ་རྗེ་འཆང་གི་ངོ་བོ་ཉིད་འབྲས་བུ་ཆེན་པོ་འཐོབ་པར་འགྱུར་བའི་ཕྱིར། །དཀའ་ཐུབ་བརྟུལ་ཞུགས་ཀྱིས་བརྟུལ་བས། །སྡུག་བསྔལ་གྱུར་ནས་ལུས་སྐམས་ཏེ། །སྡུག་བསྔལ་ཉིད་ཀྱི་སེམས་གཡེངས་ཏེ། །གཡེངས་པས ་བྱང་ཆུབ་གཞན་དུ་འགྱུར། །ཞེས་གསུངས་པ་དང། གཞན་ནས་ཀྱང། དཀའ་ཐུབ་དཀའ་སྤྱོད་དྲག་པོ་ཡིས། །བསྟེན་ན་འགྲུབ་པར་མི་འགྱུར་ཏེ། །འདོད་པ་ལྔ་ལ་ལོངས་སྤྱོད་ཅིང། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་གསུངས་པ་དང ་ཕ་རོལ་ཕྱིན་པའི་ཚུལ་ལ་ཡུན་རིངས་དཀའ་བས་འབྲས་བུ་སྨིན། །སྔགས་ཚུལ་དཀའ་བ་མེད་པར་མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར་ཞེས་བསྟན་པས་སོ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་སྙམ་དུ་རྟོགས་པ་དེ་ཡང་རས ་རིག་མ་རྟོགས་པ་མེད་པ་ལ། རང་རིག་པ་ཡང་བདེ་བ་ཆེན་པོའོ་ཞེས་བྱ་ཞིང། དེ་ཡང་སྔགས་ཀྱི་བསྟན་བཅོས་ཉེ་བར་བསྟན་པ་མ་རྟོགས་པར་ནམ་ཡང་འབྱུང་བར་མི་འོས་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ་།དབང་པོ་རྣོན་པོ་ནི་སྔགས་ཀྱི་ཐེག་པ་འདི ་ལ་སོ་སོ་སྐྱེ་བོ་ཉིད་ཀྱིས་ཀྱང་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་ནུས་ཏེ། དགྱེས་པའི་རྡོ་རྗེ་དང་འཇམ་པའི་རྡོ་རྗེ་ལ་སོགས་པའི་ང་རྒྱལ་ལ་གནས་པ་སློབ་བཞིན་པའི་གནས་སྐབས་སུ་ཡང། དེ་ལྟ་བུ་ལ་བསྟན་པར་འགྱུར་བ་སྲིད་པའི་ཕྱིར། རྒྱུ་དང་འབྲས ་བུ་འདུས་པར་བྱས་ནས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ། །གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རྗེས་སུ་འབྲང་བ་རྣམས་ནི་ས་བརྒྱད་པ་ཉིད་ལ་ནི་ཕྱིར་མི་ལྡོག་པ་སྟེ། དེ་སྐད་དུ་ཕྱི་ནས་ས་བརྒྱད་པ་ལ་ནི། དོགས་པ་ལྡོག་པར་འགྱུར་བ་ཡིན ་ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི་དེ་ལྟ་བུར་འགྱུར་བ་ཉིད་ཡིན་ན་ཞེས་ཟེར་ཡང། དེ་ལྟ་བུ་ཉམས་སུ་མྱོང་བ་མེད་པའི་ཕྱིར། སོ་སོའི་སྐྱེ་བོར་འགྱུར་བ་ལས་ཕྱིར་མི་ལྡོག་པར་ཞེས་བརྗོད་པར་མི་ནུས་ཏེ། འདི་ནི་ཇི་སྲིད་དུས ་བརྒྱད་པ་མཐར་ཐུག་པའི་དབུགས་ཕྱིན་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གྲོགས་དག་ཉོན་ཅིག་ཐེག་པ་ཆེན་པོ་བས། །གལ་ཏེ་ཡུལ་ལ་སྤྱོད་ཀྱང་མོས་ལ་སྐྲག་།ེ་མའི་འཁོར་བ་འདི་དག་ཀུན། །ཡུལ་གྱི་ངོ་བོ་རྟོག་པ་ཉིད་ཀྱིས་སུ། །དེ་བཞིན་ཉིད ་ཀྱི་དེ་དག་རྣམ་དག་པ། །ཡིན་ནམ་སྙམ་དུ་དེ་དག་དྲན་བྱེད་ཀྱང། །དཔེའུ་འགུ་འཛིའི་ཕུང་པོ་ལ་རེ་བཞིན། །འཇིགས་པས་ཉུག་པར་བྱེད་ཅིང་སྙོམ་པ་ཡིན། །གང་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པར་མོས་པའི་དབང་པོ་རྣོན་པོ ་ཡོད་དོ་ཞེ་ན། དེ་མ་ཡིན་ཏེ། རྡོ་རྗེ་ཐེག་པའི་མན་ངག་མེད་ན་མི་རུང་བའི་ཕྱིར་ཤིན་ཏུ་རྒྱས་པ་འདིས་ཆོག་གོ་།གང་ཡང་འཕགས་པ་ཆོས་འཕགས་ས་བཅུ་ཐོབ་པ་ལ་འདོད་པ་ཉེ་བར་ལོངས་སྤྱོད་པ་བག་ཚ་བ་མེད་པར་སྨྲ་བ་འདི་ནི་རིག་པ་ཁོ་ན་ཡིན ་ཏེ། འདིར་ནི་དེ་བཞིན་དུ་ཁྱད་པར་ཅན་གྱི་ཐབས་ཡོད་པའི་དབང་གིས་སློབ་བཞིན་པ་ཁྱད་པར་དུ་འགྱུར་རོ། །གཞན་སློབ་པའི་དབང་དུ་བྱས་ནས་ལམ་སྟོབས་ཅན་དང་སྟོབས་མེད་པ་དཔྱོད་པའི་སྐབས་སུ་བྱང་ཆུབ ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་དཔེར་བྱེད་པ་ནི། རིག་པ་མེད་པ་ཁོ་ནའོ། །གཞན་ཡང་དེ་བཞིན་ཉིད་ཙམ་ལ་བརྟེན་ནས་ཐེག་པ་ཆེན་པོའི་དོན་གང་སྨྲས་པ་དེ་ནི་རིག་པ་མེད་པ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་མ་རྟོགས་པར་དེ་མངོན ་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཡང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་མི་འདོད་པ་སུ་ཞིག་ཡོད། དངོས་པོ་ཀུན་གྱི་ངོ་བོ་འདི། །སོ་སོར་རྟོགས་པ་དཀའ་བ་ཡིན་ཞེས་གསུངས། །གང་ཡང་བདེ་བ་དང་སྡུག་བསྔལ་བའི་རྟོག་པ་དང་བྲལ་བ ་ཞེས་ཟེར་བ་དེ་ནི་བདེན་ཏེ། ཁོ་བོ་ཅག་ནི་མཆོག་དང་དགའ་བྲལ་དག་གི་དབུས་སུ་རང་གི་རིག་པ་གྲུབ་པ་ལ། སྡུག་བསྔལ་ལམ་བདེ་བར་རྟོགས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ ་མར་དམིགས་པར་མི་འགྱུར་ཏེ། །གསུམ་པོ་སྤངས་པ་དེ་ཉིད་ནི། །ལྷན་ཅིག་སྐྱེས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །འོན་ཀྱང་ཀུན་ཏུ་རྟོག་པ་མེད་པས་རང་རིག་རྟེན་ཅིང་འབྲེལ་པར་འབྱུང་བ་གྲུབ་པ་ཡང་མེད་དོ་ཞེས་གང་སྨྲས་པ་དེ་མངོན ་སུམ་དུ་འགལ་བ་སྟེ། ཆད་པར་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང། རང་རིག་མ་རྟོགས་ཡེ་ཤེས་སུ། །གལ་ཏེ་སྤྱོད་པར་བྱེད་ན་ནི། །སངས་རྒྱས་ཡེ་ཤེས་དག་པ་མིན། །དེ་དག་མཁས་པས་སྤང་བར་བྱ། །ཞེས་གསུངས་སོ། །དཔལ ་མངའ་བསྣུན་གྱི་ཞལ་སྔ་ནས་ཀྱང། །རྟོག་པ་ཞི་བས་བློ་དེའང་ཞི་བར་འགྱུར། །བློ་གྲོས་དམན་པ་ཁ་ཅིག་སྨྲ་ཞེས་གྲག་།བློ་བཟངས་ཉིད་ནི་བླངས་ནས་ཅི་ཡང་རུང། །མཁའ་ལས་ལྷག་པར་ཅི་སྟེ་མི་འགྱུར་རོ། །རྟོག་པ་ཐམས་ཅད་བཅོས་པས་གྱུར་པའི་བློ། །གང ་ཡིན་དེ་ནི་བདེ་བ་དམ་པར་གསལ། །དེ་ནི་བྱ་བ་བྱས་པ་མཁས་པ་སྟེ། །གཞན་པ་གང་དེ་རྐང་གཉིས་ཕྱུགས་ཡིན་ནོ་ཞེས་གསུངས་སོ། །གཞན་དག་འདོད་ཆགས་ཀྱིས་འདུལ་བ་གང་ཡིན་པའི་དོན་དུ་འདི་བསྟན་གྱི། དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན། དེ་ནི་སངས ་རྒྱས་པའི་ཚིག་མ་ཡིན་ནོ། །འདོད་ཆགས་ཅན་འདུལ་བའི་དོན་དུ་ནི་འདོད་ཆགས་ཆེན་པོ་བསྟན་པར་མི་རིགས་ཏེ། དེ་དག་གི་འདོད་ཆགས་ཞི་བར་བྱ་བའི་ཕྱིར། མི་སྡུག་པར་བསྟན་པ་མ་ཡིན་ནམ་ཞེ་ན། འདོད་ཆགས་འདོད་པ་ཞི་བྱའི་ཕྱིར། །གཙོ ་བོ་མཉམ་པར་དགོད་པར་མཛད། །ཆགས་བྲལ་ཆགས་པ་དར་མ་ལ། །འདོད་ཆགས་ཚན་པོ་འཇོམས་པ་ཡིན། །དེ་ཡི་ཐེག་པ་ནི་གཅིག་ཉིད་དེ། །གང་འདི་ཐེག་པ་ཆེན་པོའོ། །བསྟན་པ་ཡང་ནི་གཅིག་བུ་སྟེ། །གང་འང་འདོད་ཆགས་ཆེན་པོ ་བསྟན་པའོ། །དེ་སྐད་དུ་ཡང། བཅོམ་ལྡན་འདས་ཀྱིས། གང་ཕྱིར་ཐེག་པ་གཅིག་ཅིར་ཚུལ་ཡང་གཅིག་།འདྲེན་པས་བསྟེན་པ་འདི་ཡང་གཅིག་པ་སྟེ། །གང་ཡང་ཐག་པ་གསུམ་དུ་བསྟན་པ་ནི། །ང་ཡི་ཐབས་ལ་མཁས་པའི་རང་བཞིན ་ཉིད་ཅེས་གསུངས་པ་དང། གཞན་ཡང། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཛའ་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ནི། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས་སོ། །གཞན་ཡང་ནོར་བུ་དང་སྔགས་དང།། ་སྨན་གྱི་མཐུ་བསམ་གྱིས་མི་ཁྱབ་སྟེ། །མཚམས་མེད་པ་ལྔའི་ལས་བྱེད་པ་ཡང། གང་ཞིག་ཐོབ་ནས། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བདེ་བའི་ལྷ་བཞིན་དུ་འགྱུར་རོ། །ལམ་འདི་རིང་དུ་བགྲོད་པ་སྟེ། །རྟོག་གེ་སྐམ ་པོའི་བྱ་དག་གི། བློ་ཡི་རྒྱ་མཚོ་ཕ་རོལ་འགྲམ། །མཛའ་ཡས་མཐོང་ནས་སོང་བ་ལྡོག་།བློ་ཡི་ཡུལ་མིན་དེ་ཁོ་ན། །སྐྱེ་བ་མེད་པ་རྐྱེན་ལས་སྐྱེས། །སྣ་ཚོགས་དེ་ནི་རང་རིག་སྟེ། །བླ་མ་དམ་པ་མེད་པར་མིན། །གསང་སྔགས་ཐེག་པ་འདི་ལ་ནི། །བླ? ་མ་དམ་པས་སྐྱ་བ་འཛིན། །དེ་ལྟར་ཁོ་བོས་སྐྱེ་བོ་དག་།ཉོན་མོངས་རྒྱ་མཚོ་རྒལ་བར་མཐོང། །དེ་ལ་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པ་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པའོ། །བསྐྱེད་པའི ་རིམ་པ་ལ་རྣམ་པ་གཉིས་ཏེ། ཕྱི་རོལ་བསྐྱེད་པའི་རིམ་པ་དང། ཟབ་མོ་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། རྫོགས་པ་དང། ཡོངས་སུ་གྲུབ་པ་དང། ངོ་བོ་ཉིད་ཀྱི་རིམ་པའོ། །རྣམ་པ་ལྔ་པོ་དེ་དག་ནི་རིམ་པ་གཉིས་སུ་སོ་སོར ་མངོན་པར་སྦྱོར་རོ། །དེ་ལ་བསྐྱེད་པའི་རིམ་པ་ནི་བདག་མེད་མ་གསལ་བ་ལས་བསྟན་པ་སྟེ། ཇི་སྐད་དུ་གསུངས་པའི་བདག་མེད་མའི་འཁོར་ལོ་བསྒོམ་པ་ཡང། བླ་མ་དམ་པའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་གཞུང་མངས ་ཀྱིས་དོགས་པས་མ་བྲིས་སོ། །རྫོགས་པའི་རིམ་པ་གང་ཞེ་ན། དེ་ཡང་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་དོན་དུ། དགོད་པ་དག་ལ་སློབ་དཔོན་སྟེ། །དེ་བཞིན་ལྟ་བ་གསང་བ་ཉིད། །ལག་བཅངས་པས་ནི་ཤེས་རབ་སྟེ། །དེ ་ཡང་གཉིས་འཁྱུང་རྒྱུ་ཡིན་ནོ། །ཞེས་གསུངས་པ་གང་ཡིན་པ་དང། གཞན་ནས་ཀྱང་དབང་བསྐུར་བ་དྲུག་ནི། །དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ་ཞེས་གསུངས་པས། ཕྱི་རོལ་བསྐྱེད་པའི་རིམ་པའོ། །ཟབ་མོའི་རིམ་པ་ནི། ལས་ཀྱི་ཕྱག་རྒྱ ་མའི་ཡེ་ཤེས་ནི། རྡོ་རྗེ་འཛིན་པའི་དབུགས་དབྱུང་བའོ། །རྫོགས་པའི་རིམ་པ་ནི། ཆོས་ཀྱི་ཕྱག་རྒྱ་སྟེ། ངོ་བོ་ཉིད་ཀྱི་བདེ་བ་གང་ཐོབ་པ། །དེ་ཉིད་འདི་ཡིན་ཞེས་པས་མཐོང་བའི་ཤེས་པ་གང་ཡིན་པའོ། །སྐད་ཅིག་ལ་དམིགས་པ་མེད་པའི་སྙིང་རྗེ ་ཆེན་པོས་མངོན་སུམ་དུ་བྱེད་པའི་ཕྱིར། གཟུང་བ་དང། འཛིན་པ་ཉམས་ན། མཆོག་ཏུ་བདེ་བ་ཉིད་དུ་བརྗོད་དོ། །སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་ཆོས་རྣམས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་སྡོམ་པ་སྟེ། རོ་གཅིག་པའོ། །ངོ་བོ་ཉིད་མ་ཡིན་པ ་ཡང་ངོ་བོ་ཉིད་ཀྱི་རང་བཞིན་ཡིན་པས། ཆོས་ཀྱི་ཕྱག་རྒྱ་ཞེས་བརྗོད་དོ། །དགའ་བ་ལ་སོགས་པའི་རྣམ་པར་གཞག་པ་ཡང། འདིར་དགེ་བའི་བཤེས་གཉེན་དམ་པ་བསྟེན་པ་ལས་ཤེས་པར་བྱ་སྟེ། བླ་མ་དམ་པའི་ཞལ་སྔ་ནས་ཀྱང། ་ལས་ཀྱི་ཕྱག་རྒྱ་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དམ་ཚིག་གི་ཕྱག་རྒྱ་ནི་ཡོངས་སུ་གྲུབ་པའི་རིམ་པ་སྟེ། སེམས་ཅན་གྱི་དོན་བྱ་བའི་ཕྱིར། ཤེས་རབ་དང་ཐབས་ཀྱི་བདག་ཉིད་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པའི ་ཡོན་ཏན་ཐམས་ཅད་རང་ལྡན་པའི་དགྱེས་པའི་རྡོ་རྗེ་དང། འཇམ་པའི་རྡོ་རྗེ་ལ་སོགས་པའི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་དང། དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གསལ་བ་གང་ཡིན་པ་དེ་ནི་དམ་ཚིག་གི ་ཕྱག་རྒྱ་སྟེ། དགའ་བ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་བཞིན་བླ་མ་དམ་པའི་མན་ངག་ལས་རྟོགས་པར་བྱའོ། །དེ་ཡང་ལས་ཀྱི་ཕྱག་རྒྱ་ཉིད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངོ་བོ་ཉིད་ཀྱི་རིམ་པ་ཡང་གང་ཀུན་ཏུ་བཟང་པོར་གྱུར་པ ་སྟེ། བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཁྱད་པར་ལས། བླ་མ་དམ་པའི་མན་ངག་གི་འབད་པ་མེད་པར་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདི་ཕྱག་རྒྱ་ཆེན་པོ་ཞེས་བརྗོད ་དོ། །ཆེན་པོ་ཡང་ཡིན་ཞིང། ཕྱག་རྒྱ་ཐམས་ཅད་ལ་རྒྱུས་འདེབས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱག་རྒྱ་འདིས་རྒྱས་བཏབ་པས་ཐམས་ཅད་ཀྱིས་ཀྱང་ཕྱག་རྒྱ་ཆེན་པོའི་གོ་འཕང་འཐོབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ལྷན ་ཅིག་སྐྱེས་པ་བརྗོད་དུ་མེད་ཅེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་བརྟག་ཏུ་མེད་པའི་ངོ་བོ་ཉིད་ཡིན་གྱི། ལུང་བསྟན་པར་སླ་བ་ནི་མ་ཡིན་པས་འདིར་དཔྱད་པར་མི་བྱའོ། །བློ་ཡིས་དཔྱད་ནས་དེ་འདིའོ་ཞེས། ཤེས་རབ་རྒྱལ་བས་ཀྱང་མི་དཔྱོད་དོ། །འོན་ཀྱང ་དེ་ཡི་བདག་ཉིད་ནི། །དེ་ཉིད་འདི་ཡིན་སྙམ་དུ་གསལ་བ་ནི། །བླང་དང་དོར་བས་སྟོང་པའི་ཕྱིར། །བདག་ཅག་ལྟ་བུས་མི་བརྟན་པས། །བསྐལ་པ་བྱེ་བ་བརྒྱར་བརྟགས་ཀྱང། །མི་རྟོག་ཇི་ལྟར་རྣམ་རྟོག་པ། །བྱང་ཆུབ་ཉེ་བ་རིང ་བར་འགྱུར། །དཔྱོད་པ་མིན་པའི་ངོ་བོ་ཉིད། །ཆོས་ཉིད་དེ་བཞིན་ཉིད་སྣ་ཚོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྙིང་རྗེ་བདག་ཉིད་བླངས་པ་ནི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་བླ་མ་བསྟེན་པ་ལས། །དེ་ཕྱིར་བླ་མ་དམ་པའི་ཞབས། །པད་མ ་ཉིད་ལས་འབབ་བརྟེན་དང། །དངོས་པོར་འཁྲུལ་པའི་མུན་པ་ནི། །ཉི་མ་བརྒྱ་ཡི་འོད་བཞིན་འཇམ། །དགེ་བའི་བཤེས་གཉེན་དམ་པའི་ཞབས་ཀྱིས་ནི། །པདྨའི་རྡུལ་གྱི་བཀའ་དྲིན་ཉིད་ཐོབ་པས། །མངོན་སུམ་པ་ཡི་ལམ་སོན་ཇི་ལྟ་བཞིན། །ཐོས ་པའི་ལམ་ལས་གནས་པ་གང་ཡིན་པ། །སྲིད་དང་ཞི་བ་རོ་མཉམ་རང་རིག་དེ་ལ་བདུད། །མ་འོངས་པ་ཡི་དེ་བཞིན་གཤེགས་པ་ཉིད་ནི་བདག་གིས་བྱ་བའི་ཕྱིར། །གང་གི་སེམས་ཉིད་གློག་གི་འོད་བཞིན་གསལ་གྱུར་བ། །དགེ་བའི་ལུས་ཅན་བརྟེན ་བྱ་དེ་ཡི་ཞབས་ཀྱི་པདྨ་གཉིས། །རབ་ཏུ་གུས་པས་ཐབ་ཅིག་ཙམ་ཡང་སྤྱི་བོས་ལེན་བ་ཡིན། །བླ་མའི་ཞབས་ཀྱི་རྡུལ་ནི་རིན་ཆེན་འོད་འབར་བ། །ཡིད་ཀྱི་མུན་པ་འཇོམས་པར་སྐད་ཅིག་ཙམ་གྱིས་བྱེད། །རྣམ་བ་ཐམས་ཅད་ཀྱིས་བརྒྱན་དེ་བཞིན་ཉིད ་འདི་ནི། །འཇིག་རྟེན་འདི་དག་ཀུན་གྱིས་ཉེ་བར་མཐོང་གྱུར་ཅིག་།ཐེག་པ་ཆེན་པོའི་གསང་སྔགས་ཐམས་ཅད་དང་འབྲེལ་བ། །བླ་མ་དམ་པས་བསྟན་པ་ཉམས་སུ་མྱོང་བ་ནི། །གང་ཞིག་བདག་གིས་བསྟན་པས་དགེ་བ་བསགས་པ་དེས། །འགྲོ་བ་ཐམས ་ཅད་རྒྱལ་བ་མཆོག་གི་གོ་འཕང་ཐོབ་པར་ཤོག་།ཤེས་རབ་ཡེ་ཤེས་གསལ་བ་འདི། །སེམས་ཅན་ཀུན་ལ་ཕན་དོན་དུ། །དམ་པའི་ལམ་ནི་ཐོབ་བྱའི་ཕྱིར། །མཁས་པ་པདྨ་རྡོ་རྗེས་བྱས། །ཤེས་རབ་ཡེ་ཤེས་གསལ་བ་ཞེས་བྱ་བ། །མཁས་པ ་ཆེན་པོ་དེ་བ་ཙནྡྲའི་ཞལ?་ལྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་བཛྲ་པཱ་ཎི་དང། ལོ་ཙཱ་བ་དྷརྨ་ཀཱིརྟྟིས་བསྒྱུར་བའོ།། (།།གནས་པ་བསྡུས་པ་དཔལ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་བཞུགས།།)་།།*། །རྒྱ་གར ་