CLOSE WINDOW

N1861: dpal u rgyan nas byung ba gsang ba'i gsang ba chen po de kho na nyid kyi man ngag
Wyliee-texts based on the ACIP/ALL Input

ཐབས་ཞེས་བྱ་བ་འདི་ནི་ཨུ་རྒྱན་གྱི་སྐྱེ་བ་རྣལ་འབྱོར་གདན་གྱི་སྒྲུབ་པའི་ལྟའི་གནས་ནས་བྱུང་བ་བཅོམ་ལྡན་འདས་མ་ལཀྵྨཱིའི་ཞལ་སྔ་ནས་བྱུང་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཨོ་ཊི་ཡན་བི་ནི་གུ་ཧཡ་མཧཱ་གུ་ཧཡ་ཏཏྟཱ་ཨུ་པ་དེ་ཤ། ་བོད་སྐད་དུ། དཔལ་ཨུ་རྒྱན་ནས་བྱུང་བ་གསང་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངག་།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ་ལུས་གནས་ཆ་ཤས་བཅས་པར་རྟོགས། །ངེས་འབྱུང་དེ་བཞིན་ཆ་ཤས་མེད། །ཆ་ཤས་ ་ཅན་དང་ཆ་མེད་པ། །ཤེས་ནས་འདི་གྲོལ་ཐེ་ཚོམ་མེད། །དངོས་པོ་ཐམས་ཅད་མཉམ་པ་ཉིད། །མྱུར་དུ་འཇུག་པར་དཀའ་བ་ཉིད། །དཔེ་དང་གཏན་ཚིགས་རྣམ་པར་སྤངས། །རང་བཞིན་གྱིས་ནི་འོད་གསལ་ཞིང། །གཉུག་མ་རུ་ནི ་གནས་པ་སྟེ། །དཔྱད་པའི་ཡུལ་ལས་འདས་པ་ཡིན། །རྩོད་མེད་ཞི་བ་མཚོན་ཆ་མེད། །ངེས་པའི་ཆོས་ཀྱི་དབྱིངས་ལ་གནས། །བསྐུལ་བ་མེད་ཅིང་རྒྱུ་བ་མེད། །ཤིན་ཏུ་སྟོང་ཞིང་རྡུལ་མེད་པ། །སྒྲ་ལས་འདས་ཤིང་ཡོན་ཏན་སྤངས། །དངོས་པོ་ཀུན་གྱི་རང་བཞིན་གནས།། ་གང་ཞིག་འགྲོ་ལ་རྣམ་གནས་པ། །དེ་ནི་སངས་རྒྱས་སྐུ་རུ་བརྟགས། །དཔེ་མེད་བརྟག་པ་མེད་པ་རུ། །མཁས་བསམ་ལུས་བསྒོམ་པར་བྱ། །མི་བརྟགས་པར་ནི་གང་རྟོག་པ། །དེ་ཡིས་ཐམས་ཅད་བརྟགས་པ་ཡིན། །རྟོག་པ་བདེ་དང་སྡུག་བསྔལ་འཁོར། །ང་ཡི ་རྒྱུད་དུ་གསལ་མ་བྱས། །ཤེས་ཉེན་ཅན་ལ་དེ་ཡི་ཆོས། །སོ་སོ་རུ་ནི་བསྟན་པ་ཡིན། །ཉོན་མོངས་སྒྲིབ་པ་མེད་པ་དང། །ལས་རྣམས་ཐམས་ཅད་རྣམ་པར་སྤངས། །དེ་ཉིད་འདིར་ནི་རབ་ཤེས་ན། །སྲིད་པའི་རྟོག་ལས་རྣམ་གྲོལ་འགྱུར། །དངོས་རྣམ་རང་བཞིན ་དག་པ་ལ། །རང་བཞིན་ཉིད་དུ་རྟོག་བྱེད་པ། །དེ་ཡི་དོན་དམ་ཤེས་མིན་ཏེ། །ལས་ཀྱི་ཞགས་པས་བཅིངས་པ་ཡིན། །ཁ་ཅིག་དཀྱིལ་འཁོར་ལས་བྱེད་ཡིན། །ཁ་ཅིག་འགྱིང་ཞིང་གསང་སྔགས་ཟློས། །ཁ་ཅིག་དག་ནི་གསང་སྔགས་འཆང། །ཁ་ཅིག་སྦྱིན་སྲེག ་མཆོད་སྦྱིན་བྱེད། །ཁ་ཅིག་ང་རྒྱལ་གྱིས་ནི་གནས། །ཁ་ཅིག་འདོད་ཆགས་ཞེ་སྡང་བསྟེན། །དེ་ཀུན་ལས་ཀྱི་འཁོར་བར་གནས། །གང་དུ་འགྲོ་བ་གནས་གྱུར་པའི། །གསང་ཆེན་འདི་ནི་ཤེ་གྱུར་ན། །གང་ལའང་སྡིག་པ་ཡོད་མིན་ཅིང། །དགག་པར་བྱ་བ་ཅི ་ཡང་མེད། །ལས་རྣམས་ཐམས་ཅད་བྱས་ཀྱང་ནི། །གོས་མེད་སྐུར་ནི་རྣམ་པར་གྲོལ། །ལས་རྣམ་ཐམས་ཅད་དེ་ལ་གནས། །ལས་རྣམ་སྐུན་གྱི་གཙོ་བྱི། །སྐུ་གསུང་ཐུགས་ལ་སོགས་པ་དང། །དབང་པོའི་ཡིད་བཅས་ཤིན་ཏུ་གནས། །རྟག་ཏུ ་ལེགས་པར་དཔྱད་པ་སྟེ། །ལུས་ཀྱི་ཉེས་པས་གོས་མེད་པ། །རང་བཞིན་དག་པས་སྐུ་གསུམ་གནས། །ཀུན་རྟོག་ཡིད་ཀྱི་ཤེས་པ་ནི། །དེ་བས་དངོས་པོ་ཐམས་ཅད་ནི། །ཉིན་མཚན་བཅས་ཏེ་དེ་ལ་གནས། །མཐོང་སོགས་དེ་ཡི་རང་བཞིན་ཉིད།། ་ཐམས་ཅད་མཁྱེན་ཕ་རོལ་ཅིང་བཞུགས། །ཤེས་རབ་ཐབ་ཀྱི་ཆོ་ག་ཡིས། །ལས་དང་ཆོས་ནི་མཉམ་ཉིད་དུ། །རྣལ་འབྱོར་པ་ཡི་སྦྱང་པར་བྱ། །མཉམ་དང་མི་མཉམ་སྙམ་སེམས་པ། །ཆོས་དང་ལས་ནི་མཉམ་ཉིད་དུ། །རྣལ་འབྱོར་པ་ཡི་སྦྱར་བར་བྱ། །ཡོན ་ཏན་ལྡན་དང་ཡོན་ཏན་མེད། །རང་ཉིད་བྱེད་པོ་སྡུད་པོ་གཙོ། །གསང་ཆེན་འགྲོ་བ་ལ་གནས་པ། །མངོན་པའི་ང་རྒྱལ་ཅན་གྱིས་མིན། །སེམས་དང་སེམས་བྱུང་རང་བཞིན་གྱིས། །བདེ་བ་ཆེན་པོ་རང་ཉིད་སང། །འཁོར་བར་མེད་པའི་དངོས་པོ་གང། །བྱང་ཆུབ ་སེམས་ཀྱི་རང་བཞིན་བསྒོམ། །གཉི་གའི་རང་བཞིན་དབྱེར་མེད་པ། །སེམས་ཀྱི་རང་བཞིན་ཤེས་ནས་ནི། །སེམས་ཀྱི་རྒྱུ་བ་ཀུན་སྤངས་ཏེ། །མཉམ་པའི་རོམ་ལ་གནས་པར་བྱ། །གསང་བ་ཆེན་པོ་གནས་མེད་པ། །རྣལ་འབྱོར་པ་ཡི་གསང་ཆེན་སྦྱོར། །དཔལ ་ཨུ་རྒྱན་ནས་བྱུང་བ། །གསང་བ་གསང་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ་སློབ་དཔོན་ཆེན་པོ་དཱ་རི་རྐ་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། །བྱ་ག་ཏ་བྷཱ་བ་ཨ་ནུ་ག་ཏ་ཏཎྟཱ་སིདྡྷི། བོད་སྐད་དུ། དངོས་པོ་གསལ་བའི་རྗེས་སུ ་