CLOSE WINDOW

N1860: gnyis su med par grub pa'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

གཉིས་སུ་མེད་པར་གྲུབ་བའི་སྒྲུབ་ཐབས་ཞེས་བྱ་བ་དཔལ་མོས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། ཨ་དྭ་ཡ་སིདྡྷི་སཱ་དྷ་ན་ནཱ་མ། བོད་སྐད་དུ། གཉིས་སུ་མེད་པར་གྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ་མགོན་པོའི་རང་བཞིན་གསལ་བ་ནི། །ཁམས་གསུམ་ལས་བྱུང་ཐམས་ཅད་མཁྱེན། །རྡོ་རྗེ་ཆེ་ལ་མགོས་ཕྱག་འཚལ། །དགོས་པའི་དོན་གྱི་འབྲས་བུ་འབྱིན། །ཡུལ་དུས་ཚེས་དང་གཟའ་སྐར་དང། །དཀྱིལ་འཁོར་བརྟག་པ་མི་དགོས་པའི། །རྡོ་རྗེ་སེམས་དཔའ་ཨི ་སྒྲུབ་ཐབས་བཤད། །བསྡུས་ཏེ་སྒྲུབ་པ་སྒྲུབ་པའི་མཆོག་།དམ་བཅས་དཀའ་ཐུབ་སྨྱུང་བ་དང། །སྙིང་པོ་བསྒོམ་པ་སྨྲ་བ་ལ། །འདི་ཉིད་མེད་པར་གྱུར་ན་ནི། །བསྐལ་པ་འབུམ་ཕྲག་བརྒྱར་མི་འགྱུར། །ཆེ་ཆུང་ས་བོན་ལ་སོགས་ཚོགས། །སྣ་ཡི་ནང་ནས་འབྱུང་བ ་དང། །སྔགས་པ་རྟག་ཏུ་མཆོད་པ་བྱེད། །བདག་ཉིད་དེ་ཉིད་བསྒོམས་ཏེ་མཆོད། །མ་དང་སྲིང་མོ་བུ་མོ་དང། །དེ་བཞིན་ཚ་མོ་ཉིད་དང་ནི། །ཤེས་རབ་ཐབས་སུ་བྱ་བ་སྟེ། །རྣལ་འབྱོར་པས་ནི་རྟག་ཏུ་མཆོད། །ཡན་ལག་གཅིག་མེད་རིགས་ངན་དང། །གཟོ་!བོ ་ཁྱི་ཤ་ཅན་སོགས་ཀྱི། །བུ་མོ་རྟག་ཏུ་མཆོད་པར་བྱ། །ཡེ་ཤེས་རྡོ་རྗེ་བསྒོམ་པ་ཆེ། །དེ་ཁོ་ན་ཉིད་ཀྱི་སྔགས་ཀྱི་འབྲས་བུ་ནི་འདི་ཡིན་ནོ། །ོཾ་ཨཱ(རྒྱུད་འགྲེལ་ལས་གྲོལ། །དམ་ཚིག་ཉིན་མཚན་རྟག་ཏུ་ནི། །རིགས་ལྔ་ལས?་བྱུང་བཟང་པོ་དང། །གསལ་བའི་ཚོགས་ཀྱིས་མཆོད་པ་བྱེད། །འོ་མ་འབབ་པས་སྣ་ཚོགས་འབྱུང། །སྔགས་པ་རབ་དགའ་ཨི་མིག་གིས་ནི། །རྟག་ཏུ་མིག་གི་མདངས་ཕྱུང་སྟེ། ཡང་དག་སེམས ་ནི་བརྟན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་སྒོམ་པར་བྱེད། །ཇི་ལྟར་གཡོ་དང་མི་གཡོ་བ། །ཁམས་གསུམ་ཐམས་ཅད་མ་ལུས་པ། །ཐམས་ཅད་དེ་ཉིད་རྣལ་འབྱོར་ནི། །རྡོ་རྗེ་འཛིན་པ་ཉིད་དུ་མཐོང། །གཞན་དུ་ཁ་ཅིག་སྨྲ་བ་དང། །མཚན་མའི་བྱེ་བྲག་འདུག ་པ་ལ། །དེ་ལ་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའ་ཨི་རྫུ་འཕྲུལ་ཉིད། །ཐམས་ཅད་མཉམ་པ་ཉིད་གནས་ཏེ། །མ་ལུས་དངོས་པོ་མེད་པ་ནི། །སྔགས་པ་རྟག་ཏུ་སྒོམ་པར་བྱེད། །ཕུང་པོའི་རང་བཞིན་དག་པ་ཉིད། །དྲི་དང་གོས་དང་མེ་ཏོག་སོགས། །སྤོས་དང་ལྷ ་བཤོས་དེ་བཞིན་དུ། །གླུ་དང་རལ་མོ་གར་སོགས་ཀྱི། །ཐབས་ཀྱི་བདག་པོ་དགའ་བར་འགྲོ་།དཀའ་ཐུབ་ངན་པས་གཟིར་མི་བྱ། །སྨྱུང་བ་ཡིས་ནི་ལས་མི་བྱ། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །བློ་གྲོས་ཆུང་ངུའི་སྤྱོད་མི་བྱ། །ལུགས་མ་ལ་སོགས་ཕྱག་མི་བྱ། ་ས་ཤིང་རྡོ་སོགས་དེ་བཞིན་ནོ། །བདག་གི་ལུས་ལ་རྒྱུན་ཏུ་མཆོད། །རྟག་ཏུ་སེམས་གཅིག་ཁོ་ནས་མཆོད། །སྦྲང་བུ་བསྲེ་བའི་སྐྱུགས་པ་ཡིས། །ཆེ་ཆུང་ཚེགས་ཀྱི་སྦྱང་བར་བྱ། །གསལ་བ་ལྔ་དང་ལྡན་པར་བྱེད། །རྡོ་རྗེ ་འཛིན་པ་མཆོད་པར་བྱེད། །བུད་མེད་རང་བྱུང་མེ་ཏོག་ནི། །བྱང་ཆུབ་སེམས་དང་ལྡན་པར་བྱ། །རྟག་ཏུ་ལྷ་མོ་མཆོད་པར་བྱ། །ཕུང་པོའི་དེ་ཉིད་བསྒོམ་པར་བྱེད། །གཞན་གྱི་ནོར་དག་དབྲོག་པར་བྱ། །གཞན་གྱི་བུད་མེད་རྒྱུ་བར་བྱ། །རྫུན་གྱི་ཚིག་ཀྱང ་སྨྲ་བར་བྱ། །སངས་རྒྱས་ཐམས་ཅད་གསད་པར་བྱ། །རྡོ་སོགས་མཆོད་རྟེན་མི་བྱ་སྟེ། །གླེགས་བམ་དག་ཀྱང་བཀླག་མི་བྱ། །རྨི་ལམ་ཙམ་དུ་དཀྱིལ་འཁོར་ནི། །ལུས་ཀྱི་བྱ་བར་མི་བྱའོ། །ཐམས་ཅད་དག་ནི་ཀུན་ལ་ཡང། །རྟོག་པ་དག་ནི་མི་བྱ་སྟེ། །རྡོ་རྗེ་སེམས ་དཔའ་ཨི་བདག་ཉིད་དུ། །དངོས་པོ་མ་ལུས་གྱུར་བར་བསམ། །སྔགས་པ་འགྲོ་དང་འདུག་པ་དང། །དེ་བཞིན་ཟ་དང་མི་ཟ་དང། །འཐུང་དང་མི་འཐུང་བ་དག་ལ། །སེམས་ནི་རྟོག་པར་མི་བྱའོ། །རྣམ་པར་སྣང་མཛད་བྱུང་བ་ལ། །སེམས་ཅན་ཐམས་ཅད་ཡན ་ལག་ཏུ། །མཁས་པས་སེམས་ཅན་ཀུན་བླངས་ཏེ། །དངོས་གྲུབ་རྒྱུར་ནི་བཟའ་བར་བྱ། །ཐམས་ཅད་རིགས་ནས་བྱུང་བ་ཡི། །བུད་མེད་དག་ལ་བརྟག་མི་བྱ། །དེ་ཉིད་བཅོམ་ལྡན་ཕ་རོལ་ཕྱིན། །ཀུན་རྫོབ་ཙམ་གྱིས་གཟུགས་ཉིད་དོ། །ཚེས་གྲངས་སྐར་མ ་མི་དགོས་ཏེ། །སྨྱུང་བར་ཡང་ནི་གནས་མི་བྱ། །གཉིས་མེད་ཡེ་ཤེས་ལྡན་པ་ཡི། །བདེ་བར་གཤེགས་པའི་དངོས་གྲུབ་འགྱུར། །མང་པོ་སྨྲས་ཏེ་ཅི་ཞིག་བྱ། །ཇི་ལྟ་ཇི་ལྟར་མཐོང་བ་དག་།དེ་དག་ཐམས་ཅད་རྣལ་འབྱོར་གྱིས། །མཐོང་ཞིང་རིག་པས་ཤེས ་པར་བྱ། །བ་ལང་རྟ་བོང་རྔ་མོ་དང། །བ་དང་ཁྱི་ལས་བྱུང་བ་ལས། །གསལ་བར་ཆེ་བ་བསྲེས་བྱས་ཏེ། །རྣལ་འབྱོར་མཁྱེན་པས་རྟག་ཏུ་བཟའ་། །གཅིག་ལ་ཆགས་པར་མི་བྱ་སྟེ། །གང་ཡང་བླང་དོར་མི་བྱའོ། །རྣལ་འབྱོར་མཉམ་པའི་སེམས་ཀྱིས་ནི། །འཁོར་བའི ་རྒྱ་མཚོ་རྒལ་བར་བྱེད། །འབྱུང་དང་འདུག་དང་འགྲོ་བ་དང། །ཀུན་གྱིས་མང་པོ་སྤྲོས་པ་དང། །དེ་དག་མེད་ན་འཁོར་བ་མེད། །སྐྱེ་བ་དང་ནི་འབྱུང་བ་མེད། །བཅོམ་ལྡན་རྡོ་རྗེ་ཉི་མས་ནི། །ཤེས་རབ་མཚན་མོས་བཤད་པ་སྟེ། །དེ་འདྲའི་རྣལ་འབྱོར་བསྒོམ་བྱེད་ན། ། ་མྱུར་དུ་དངོས་གྲུབ་ཐོབ་པར་བྱེད། །ཐམས་ཅད་སེམས་ཀྱི་ཆོས་ཉིད་ནི། །དངོས་པོར་མ་གྲུབ་བརྟག་དཀའ་བ། །དེ་ཉིད་སློབ་དཔོན་ཞལ་ནས་ནི། །ཐོབ་པར་འགྱུར་བར་ཐེ་ཚོམ་མེད། །མི་གནས་མྱ་ངན་འདས་པ་ཡིན། །མཚན་མ་མེད་པ་གནས་ནི་མེད། །དེ་ཤེས་བྱང ་ཆུབ་མཆོག་ཏུ་འགྲོ་།དེ་ལྟར་ཤེས་པའི་རྣལ་འབྱོར་ནི། །བློ་ཅན་རྟག་ཏུ་བརླབ་པར་བྱ། །དེ་ཉིད་འགྲུབ་པར་ཐེ་ཚོམ་མེད། །བསོད་ནམས་མེད་པའང་འགྲུབ་པར་འགྱུར། །ཁམས་གསུམ་ན་ནི་སློབ་དཔོན་ལས། །ཆེ་བར་གྱུར་པ་གཞན་མེད་ན། །དེ་ཉིད་ཀྱིས་ནི་བཀའ་ ་དྲིན་གྱིས། །དངོས་གྲུབ་མང་པོ་ཐོབ་པར་འགྱུར། །དེ་ཉིད་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་ཐམས་ཅད་ཕྱག་ཀྱང་འཚལ། །སློབ་དཔོན་མཆོད་པ་བླ་ན་མེད། །ཅི་ཙམ་ནུས་པས་མཆོད་པར་བྱ། །དེ་ནི་དེ་བཞིན་གཤེགས་པ་ཉིད། །སེམས་ཅན་རྣམས་ཀྱི་དོན ་ཀྱི་ཕྱིར། །གཟུགས་སུ་སྣང་བ་ཀུན་རྫོབ་སྟེ། །རྣལ་འབྱོར་བདག་ཉིད་གདན་ལ་བཞུགས། །འཆི་བདག་དེ་ནི་རྟག་པ་ཆེ། །ཐམས་ཅད་མ་ལུས་སྟོང་པ་ཉིད། །རང་གི་རྟོག་པས་མི་སྣང་ལ། །གཞན་དག་དེ་ལ་དཀའ་བར་བྱེད། །གཉིས་སུ་མེད་པར་གྲུབ་པའི་སྒྲུབ ་ཐབས་ཞེས་བྱ་བ་འདི་ནི་ཨུ་རྒྱན་གྱི་སྐྱེ་བ་རྣལ་འབྱོར་གདན་གྱི་སྒྲུབ་པའི་ལྟའི་གནས་ནས་བྱུང་བ་བཅོམ་ལྡན་འདས་མ་ལཀྵྨཱིའི་ཞལ་སྔ་ནས་བྱུང་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཨོ་ཊི་ཡན་བི་ནི་གུ་ཧཡ་མཧཱ་གུ་ཧཡ་ཏཏྟཱ་ཨུ་པ་དེ་ཤ། ་