| Wylie | e-texts based on the ACIP/ALL Input |
ཆེན་པོ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ ་ཐབས་དབང་པོའི་བློས་མཛད་པ་བཞུགས་སོ།།)་།།རྒྱ་གར་སྐད་དུ། ཛྙཱ་ན་སིདྡྷི་ནཱ་མ་སཱ་དྷ་ནོ་པི་ཀཱ། བོད་སྐད་དུ། ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང་དངོས་གྲུབ་ནི། །ནམ ་མཁའ་ལྟ་བུར་ཁྱབ་གྱུར་པ། །རྒྱལ་མཆོག་མཆོད་དང་བཅས་པ་ཡི། །ཐམས་ཅད་མཁྱེན་པའི་རྡོ་རྗེ་མཆོག་།སེམས་ཅན་ཀུན་ལ་ཀུན་གསོལ་བའི། །འགྲོ་བའི་མགོན་ལ་ཕྱག་འཚལ་ཏེ། །དངོས་གྲུབ་ཀུན་ལ་བདག་གུས་པས། །སྒྲུབ་པའི་རིམ་འདི་བཤད་པར་བྱ། །མ ་ལུས་སྦྱོང་རྒྱུད་ལས་གསུངས་པའི། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །རྨོངས་པ་གང་གིས་མི་ཤེས་པ། །དེ་ནི་འཁོར་བའི་རྒྱ་མཚོར་འཁྱམ། །གང་ཞིག་རྟོག་པ་ཀུན་སྤངས་པའི། །དེ་ཉིད་ལ་ནི་ཡང་དག་གནས། །སྒྲུབ་པ་པོ་དེ་ཚེ་འདི་ཡིས། །བྱང་ཆུབ་དམ་པར་གནས་པར་འགྱུར། །སྔགས་དང ་ཕྱག་རྒྱ་དཀྱིལ་འཁོར་སོགས། །བཟླས་དང་བསྒོམ་ལ་འབད་པ་ཡིས། །བསྐལ་པ་བྱེ་བ་གྲངས་མེད་དཱུང། །དངོས་གྲུབ་མཆོག་ནི་ཐོབ་མི་འགྱུར། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །ལོངས་སྤྱོད་དབང་ཕྱུག་སྟོབས་རྣམས་དང། །རིགས་དེ་བརྒྱུད་དང་གཙོ་བར་འགྱུར་བའི། །སེམས་ཅན ་ང་རྒྱལ་བཅང་མི་བྱ། །བདག་ནི་བློ་ལྡན་མཁས་པ་དང། །བཟོ་དང་སྒྱུ་རྩལ་ཐམས་ཅད་ལ། །མཁས་པ་དག་ནི་རྒྱལ་པོ་ཞེས། །སེམས་ནི་བསྐྱེད་པར་མི་བྱའོ། །ཚུལ་ཁྲིམས་ལྡན་ཞིང་ཐོས་ལྡན་བརྟན། །སྦྱིན་པ་ལ་སོགས་ཡང་དག་ལྡན། །བཤད་དང་གཞན་ཡང་མ་བཤད?་པས། །བདག ་ཏུ་དམིགས་པར་མི་བྱ་ཞིང། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རང་ཉིད་ཞུགས། །དེ་ལྟར་བསམས་ནས་རྣལ་འབྱོར་གྱིས། །དབང་པོས་གང་ལའང་བརྙས་མི་བྱ། །བྱིས་པ་བླུན་དང་དབུལ་པོ་དང། །ཚུལ་ཁྲིམས་འཆལ་ཅིང་ནད་ཀྱིས་གཟིར། །དེ་ལ་སོགས ་པ་དཔག་མེད་དང། །ཡང་དག་ལྡན་ཡར་བརྙས་མི་བྱ། །དཀོན་མཆོག་གསུམ་ལ་དད་ཅིང་གུས། །བྱང་ཆུབ་སེམས་ཀྱིས་རྣམ་པར་བརྒྱན། །སེམས་ཅན་ཀུན་ལ་རྗེས་སུ་བརྩེ། །དམ་ཚིག་དང་ནི་སྡོམ་ལ་གནས། །དྲི་ཆེན་དམར་དང་ཤ་ཉིད་དག། །བྱང་ཆུབ་སེམས་དང་རབ་སྲེས་ལ། ། ་ཆུ་ཆེན་དང་ནི་ཡང་དག་ལྡན། །དེ་ཉིད་རིག་པས་རྟོག་ཏུ་བཟའ་། །མི་ཁྱི་རྟ་དང་བ་ལང་སྒྲོན། །སྣ་ཅན་དང་ནི་ཁུར་སྐྱེད་ཀྱིའང། །རྟོག་པ་ཐམས་ཅད་རྣམ་སྤངས་ལ། །དེ་ཉིད་གྲུབ་ཕྱིར་བཟའ་བར་བྱ། །སྲིད་གསུམ་ལས་བྱུང་བསད་བྱ་ཞིང། །ཕ་རོལ་ནོར་ནི་འབྲོག་པ་དང། །གཞན ་གྱི་བུད་མེད་ལ་འདོད་སྤྱོད། །བརྫུན་གྱི་ཚིག་ནི་སྨྲ་བར་བྱེད། །ལས་གང་གིས་ནི་སེམས་ཅན་རྣམས། །བསྐལ་པ་བྱ་བ་བརྒྱ་ཕྲག་ཏཱུང། །མི་ཟད་དམྱལ་བར་འཚེད་འགྱུར་པ། །དེས་ནི་རྣལ་འབྱོར་པ་འགྲེལ་འགྱུར། །ཐབས་ཆེན་ཡང་དག་ལྡན་པ་ཡི། །རྣལ་འབྱོར་འཇིག་རྟེན་དོན ་སྒྲུབ་པ། །སེམས་ཅན་ཀུན་གྱིས་སྨད་པ་ཡི། །བྱ་བ་དེ་ལ་མི་བྱ་མེད། །ཤེས་རབ་ཐབས་དང་ལྡན་པ་ལ། །སྡིག་པར་གྲགས་པ་ཡོད་མེད་ཅེས། །རྡོ་རྗེ་སེམས་དཔའ་ཨི་སྤྲུལ་པ་ལས། །རྡོ་རྗེ་ལན་ནི་ཉིད་ཀྱིས་གསུངས། །བཟའ་དང་བཟའ་མིན་ལས་འདས་དང། །བཏུང ་དང་བཏུང་མིན་རྣམ་པར་སྤངས། །བགྲོང་དང་བགྲོང་མིན་རྣམ་གྲོལ་བདག་།རྣལ་འབྱོར་པ་ནི་མཉམ་འཇོག་འགྱུར། །རྟེན་འབྲེལ་ལས་བྱུང་ཡང་དག་དངོས། །དངོས་པོ་ཐམས་ཅད་རྣམ་པར་བརྟག། འགྲོ་འོང་དག་ལས་རྣམ་གྲོལ་ཞིང། །སྐྱེ་བ་མེད་པ་བདག་མེད་ཅན། །སྒྱུ་མ ་འདྲ་སོགས་དཔེ་ཡིས་ནི། །དེ་རྣམས་སྦྱོར་བར་རབ་ཤེས་པས། །ང་དང་བདག་ནི་རྣམ་རྟོག་དག། དེ་ཉིད་ཤེས་པས་དེར་མི་བྱ། །རྡོ་རྗེ་ཆེན་པོས་ཀུན་ཁྱབ་ཅིང། །ནམ་མཁའ་ཀུན་ལ་རབ་ཏུ་ཞུགས། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང། །བསོད་ནམས་ཐམས་ཅད་འབྱུང་བ ་ཆེ། །ཕན་ཚུན་ཁྱབ་མཛད་རྡོ་རྗེ་ནི། །ཀུན་རིག་འཇིག་རྟེན་འདྲེན་པ་པོ། །དེ་ནི་རྡོ་རྗེ་འཛིན་རྒྱལ་པོས། །རྒྱུད་རྣམས་ཀུན་ཏུ་གསུངས་པ་ཡིན། །གང་ལ་བླ་མའི་དྲིན་ཡོད་པ། །དེ་ཡི་དེ་ཉིད་མཆོད་རྟེན་འགྱུར། །གཞན་དུ་བྱིས་པས་ཡུན་རིང་དུ། །རྣམ་པར་རྨོངས་པས་ཉོན ་མོངས་འགྱུར། །བླ་མས་སངས་རྒྱས་ཆོས་འགྱུར་ཅིང། །དགེ་འདུན་ཡང་ནི་དེ་བཞིན་ཏེ། །དེ་ཡི་དྲིན་གྱིས་ཤེས་འགྱུར་བས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །མི་ཤེས་རབ་རིབ་ཀྱིས་ལྗོངས་ལ། །འདི་ནི་ལམ་རབ་སྟོན་བྱེད་ཡིན། །བདེ་བ་ཀུན་གྱི་མཆོག་འགྱུར་དང།། ་འདོད་པ་ཐམས་ཅད་རབ་སྟེར་ཡིན། །ཟབ་མོའི་ཆོས་ལ་ངེས་པའི་བདག། ཤིན་ཏུ་སྙིང་རྗེའི་བདག་ཉིད་ཅན། །དཀོན་མཆོག་གསུམ་རྣམས་དོན་དུ་གཉེར། །ཆོས་སྦྱིན་པ་ལ་ཟང་ཟིང་མེད། །བླ་མ་དེ་ནི་སློབ་མ་སྡུད། །སངས་རྒྱས་ཀུན་རྗེས་སྒྲུབ་བྱེད་ཅིང། །འགྲོ་བའི་མགོན་གྱིས ་བཀའ་སྩལ་ཏེ། །གཞན་དག་བླ་མ་མིན་པར་བཤད། །དེ་བས་དེ་དང་མཉམ་པ་ཡི། །མཆོད་བྱ་པོ་ཆེན་ཡོད་མ་ཡིན། །དེས་ན་འབད་པ་ཐམས་ཅད་ཀྱིས། །བརྟུལ་ཞུགས་ཅན་ནི་བླ་མཆོག་མཆོད། །དེ་སྙམ་འགྲོ་བ་འཇིག་རྟེན་ན། །ཁམས་གསུམ་ན་ནི་གཞན་མེད་དེ། །རྡོ་རྗེ་སེམས་ཉིད ་འཇིག་རྟེན་ན། །ཕུན་སུམ་ཚོགས་ཀུན་ཕྱིར་ཞུགས་ཡིན། །སློབ་མ་ཕུན་ཚོགས་མཆོག་འདོད་ཅིང། །བསོད་ནམས་མི་ཟད་འདོད་པ་དང། །བགེགས་ཀུན་རྣམ་པར་བཟློག་བྱེད་པས། །རྣམ་པ་དུ་མས་མཉེས་པར་བྱ། །དམ་ཚིག་དག་ནི་ཐམས་ཅད་ཀྱིས། །བླ་མེད་དམ་ཚིག་འདི་ཡིན་ཏེ། ། ་ཕུན་སུམ་ཚོགས་ཀུན་སྟེར་བའོ། །བརྩོན་ལྡན་རྣམས་ཀྱིས་རྟག་ཏུ་བསྲུང། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་ན། །བྲིས་པའི་དཀྱིལ་འཁོར ་ལོགས་གཞན་དུ། །དབང་བསྐུར་བ་ནི་ལེན་ཙ་ན། །འདི་ནི་དམ་ཚིག་ཉམས་པར་འགྱུར། །དམ་ཚིག་ཉམས་པས་སྡུག་བསྔལ་ནི། །ལུས་དང་དེ་བཞིན་ཡིད་དང་ནི། །དེ་ཡི་དོན་རྣམས་ཉམས་འགྱུར་ཞིང། །མྱུར་བ་ཉིད་དུ་ཤི་བར་འགྱུར། །ཤི་ནས་དམྱལ་བའི་སྡུག་བསྔལ་ནི།། ་བསྐལ་པ་བྱེ་བ་བརྒྱ་ཕྲག་ཏཱུང། །མྱོང་ནས་གནས་ལས་འཕོས་གྱུར་ན་ཡང། །གདོལ་པ་འམ་དམན་པའི་རིགས་སུ་སྐྱེ། །ལྐུགས་པ་འམ་ཡང་ན་འོན་པ་འམ། །སྐྱེ་ཞིང་སྐྱེ་བར་དམུས་ལོང་དུ། །སྐྱེ་བར་འགྱུར་བར་ཐེ་ཚོམ་མེད། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི།། ་རྡོ་རྗེ་ཡེ་ཤེས་ཞེས་བྱར་བཤད། །བློ་ལྡན་དེ་ཡི་དབང་བསྐུར་ན། །དབང་བསྐུར་བར་ནི་ཤེས་པར་བྱ། །རྣལ་འབྱོར་སངས་རྒྱས་ཀུན་བདག་ཉིད། །འགྲོ་བའི་བདག་པོ་ལྷ་སོགས་པའི། །ཚོགས་ཀྱིས་ཐལ་མོ་སྦྱར་ནས་ནི། །བྱས་ནས་མངོན་པར་ཕྱག་བྱེད་འགྱུར། །བྱང་ཆུབ ་སེམས་དཔའ་སྟོབས་ཆེན་དང། །བདག་ཉིད་ཆེན་པོ་སངས་རྒྱས་ཀྱང། །དཔལ་ཆེན་བསྲུང་བ་མཛད་གྱུར་ཏེ། །རྡོ་རྗེ་སྐུ་ཡི་རྟག་ཏུ་བཞུགས། །བདེན་པའི་ཆོས་འཛིན་མི་འཁྲུག་ཅིང། །སངས་རྒྱས་གདུང་ནི་རབ་འཇུག་པ། །བྱིན་གྱིས་བརླབས་དང་ལྡན་པ་རྣམས། །གུས་དང་བཅས ་པས་བསྔགས་པར་མཛད། །འཇིག་རྟེན་སྐྱོང་དང་དེ་བཞིན་གཞན། །སྟོབས་ཆེན་ཕ་རོལ་གནོན་པ་རྣམས། །གནས་རྣམས་ཀུན་ཏུ་རྟོགས་པ་ནའང། །བསྲུང་བཞིན་དུ་ནི་རབ་ཏུ་གནས། །གང་ཡང་སེམས་ཅན་ཐམས་ཅད་ལ། །བདུད་དང་བགེགས་སུ་གནས་པ་རྣམས། །དེ་ ་ཡང་དེ་ལ་མི་བྱེད་དེ། །བགེགས་རྣམས་སྐྲག་ནས་འབྱེར་བར་འགྱུར། །ལྷ་ལ་སོགས་དང་གྲུབ་པ་རྣམས། །མཁའ་ལ་རྒྱུ་དང་མི་རྒྱུ་ཀུན། །ངན་འགྲོར་འགྲོ་བས་འཇིགས་པས་ན། །དེ་ཡང་དེ་ལ་འཇིགས་མི་བྱེད། །གལ་ཏེ་རྨོངས་པའི་དབང་གིས ་ནི། །རྣམ་པར་རྨོངས་རྣམས་མགོན་བྱེད་ན། །བརྩོན་དང་ཡེ་ཤེས་རྣམ་ཤེས་དང། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །ཀུན་མཁྱེན་མཆོག་སྦྱིན་གསུངས་པའོ། །དབྱིབས་ཀུན་དང་ནི་རྣམ་བྲལ་ཞིང། །འགྲོ་དང་འོང་ལས་རྣམ་གྲོལ་བདག་།རླུང་ཀུན་གྱིས ་ཀྱང་བསྐྱོད་མི་ནུས། །མེ་ཡི་ཕུང་པོས་མི་ཚིག་ཅིང། །ཆུ་རྣམས་ཀྱིས་ཀྱང་གཡེངས་མི་འགྱུར། །རབ་ཏུ་འབད་པས་མཚོན་ཆ་ནི། །རྣོན་པོས་ཀྱང་ནི་ཆོད་མི་འགྱུར། །ཇི་ལྟར་མི་གནས་ནམ་མཁའ་ནི། །ཁྱབ་ཅིང་མཚན་ཉིད་རྣམས་དང་བྲལ། །འདི་ནི་དོན་དམ་དེ་ཉིད་དེ།། ་རྡོ་རྗེ་ཡེ་ཤེས་བླ་མེད་ཡིན། །ཀུན་ཏུ་བཟང་པོ་ཞེས་བཤད་ཅིང། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །འདི་ནི་ཆོས་སྐུར་ཤེས་བྱ་སྟེ། །མེ་ལོང་ཡེ་ཤེས་ཞེས་ཀྱང་བྱ། །ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་ལྟར། །དེ་བཞིན་ཆོས་སྐུར་ཡེ་ཤེས ་ནི། །སྣང་བས་མེ་ལོང་ཞེས་བྱའོ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་དང། །རང་གི་དང་ནི་འགྲོ་བའི་ཡང། །དངོས་ཉིད་གཅིག་པུར་ཐུགས་སུ་ཆུད། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱི་ནི་འོད་གསལ་པ།། ་ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱིས། །མཛད་པ་ཐམས་ཅད་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་སྒྲུབ་པ་ཞེས་བཤད་དོ། །གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། ་ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་བཤད་དོ། །ཇི་ལྟར་གདུལ་བྱའི་ཆོས་རྣམས་དང། །འདོད་ཡོན་ཀུན་ལས་སངས་རྒྱས་རྣམས། །ཐམས་ཅད་ལོངས་སྤྱོད་གཅིག་པས་ན། །ལོངས་སྤྱོད་རྫོགས་པའི་སྐུར་འདོད་དོ།། ་མཚན་རྣམས་ཀུན་དང་ཡང་དག་ལྡན། །སྣ་ཚོགས་སྐུ་སྟེ་མཚན་ཉིད་མེད། །སངས་རྒྱས་རྣམས་ཀྱི་སྤྲུལ་བ་བས། །སྤྲུལ་པའི་སྐུར་ནི་བཤད་པ་ཡིན། །ཕྱག་རྒྱ་ཆེན་པོ་རབ་སྒྲུབ་ཕྱིར། །ཤེས་ནས་རྣལ་འབྱོར་བས་དེ་བསྒོམ། །ཀུན་རྟོག་ཐམས་ཅད་རྣམ་སྤངས་ན། །ཚེ ་འདི་ཉིད་ལ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་ཕྱག་མཛད་པ། །ཕྱག་རྒྱ་ཆེ་ཞེས་ཤེས་པར་བྱ། །གྲུབ་སྡེ་དུ་མའི་རྒྱུད་རྣམས་སུ། །རྣལ་འབྱོར་མཆོག་རྣམས་ལ་བསྟན་ཏེ། །མངལ་འབྱུང་རིག་པ་གང་ཡིན་དང། །ཞིང་དང་ཞིང་དུ་སོ་སོར་བརྟུལ། །དེ་བཞིན་གཤེགས་པ ་ཐམས་ཅད་ནི། །དེར་ནི་ཡང་དག་བརྟུལ་ཞུགས་འཛིན། །གཞོན་ནུའི་རོལ་པ་ཐམས་ཅད་དང། །དེ་བཞིན་བཟོ་གནས་ཡང་དག་བསྟན། །བཙུན་མོའི་འཁོར་ལས་མངོན་འབྱུང་ཞིང། །བདུད་རྣམས་འདུལ་བར་མཛད་ཉིད་དང། །ལྷ་ཡུལ་ནས་ནི་འབབ་པ་དང། །ཆོས་ཀྱི ་འཁོར་ལོ་བསྐོར་བ་དང། །མྱ་ངན་འདས་ཆེན་ཡང་དག་བསྟན། །གང་ཡང་རོལ་པ་གཞན་རྣམས་དང། །ཐམས་ཅད་རྡོ་རྗེའི་རང་བཞིན་ལས། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །འདིར་ནི་སྔོན་ཆད་མ་བྱུང་མེད། །སྔོན་གནས་པ་ནི་སྦྱོར་མི་བྱ། །དེ་བཞིན་གཤེགས་ཀུན ་མཛད་པ་ནི། །ཐམས་ཅད་རྡོ་རྗེའི་དངོས་བཞི་པ། །དུས་གསུམ་ལམ་གྱི་མཐར་ཐུག་པ། །ཐམས་ཅད་དེ་བཞིན་ལྟ་བར་བྱ། །འོག་གི་སྤྱོད་ཡུལ་ཀུན་ལས་འདས། །མཚན་ཉིད་ཐམས་ཅད་རྣམ་སྤངས་པ། །སངས་རྒྱས་ཉིད་ཀུན་སྟེར་བ་པོ། །རྣལ་འབྱོར་འདི་ལྟར་བསམ་པར་བྱ།། ་ས་ཀུན་ལས་ནི་རྣལ་འབྱོར་ཞིང། །རྒྱུ་དང་འབྲས་བུ་རྣམ་སྤངས་ལ། །གྲུབ་པ་བཞིན་དུ་རྣལ་འབྱོར་བསྒོམ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྡོ་རྗེ་ཅན་ཀུན་རྣལ་འབྱོར་པ། །ཐབས་ཀྱི་ཆོ་ག་ཀུན་ཤེས་ནས། །རྡོ་རྗེ་སེམས་དཔའ་ཨི་གསུང་བཞིན་དུ། །བླ་མེད་དེ་ནི་གྲུབ་པར ་འགྱུར། །འདུག་དང་ཉལ་དང་གནས་པ་དང། །ཡང་ན་འཆག་པ་དག་ལ་ཡང། །རྡོ་རྗེ་ཚིག་ནི་སྨྲ་བྱེད་ན། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར། །གཟུགས་དང་སྒྲ་དང་རོ་དང་རེག་།བརྟུལ་ཞུགས་ཅན་ནི་རྟག་སྦྱོང་ཚེ། །སངས་རྒྱས་ཐམས་ཅད་མཆོད་པ་ནི། །བྱའོ་ཞེས་ནི་ཡང ་དག་སྤྱོད། །དེ་བཞིན་བཟའ་དང་གོས་སོགས་སམ། །གཞན་ཡང་ཅི་ཡང་རུང་བ་དག་།སེམས་ཅན་རྣམས་ལ་ཅི་སྟེར་བ། །ཆོ་ག་དེ་བཞིན་སྤྱད་པར་བྱ། །གླུ་གར་དེ་བཞིན་རོལ་མོ་དང། །མེ་ཏོག་ཕྲེང་སོགས་རྒྱན་རྣམས་དང། །ཆུན་འཕྱང་རྔ་ཡབ ་གདུགས་རྣམས་ཀྱིས། །ཕ་རོལ་བདག་ཉིད་མཆོད་པར་བྱ། །དྲི་བཟངས་དྲི་ཡི་བྱུག་པ་སོགས། །ཆོ་ག་བཞིན་དུ་བྱུགས་པ་དང། །སངས་རྒྱས་ཐམས་ཅད་རྗེས་དྲན་ཞིང། །རྣལ་འབྱོར་བས་ནི་ཐམས་ཅད་མཆོད། །བརྟུལ་ཞུགས་ཅན་ནམ་མགོ་བྲེགས་པའམ། །ཁྱིམ ་པའམ་བསྙེན་བཀུར་བ་དག་གམ། །རྒྱལ་པོ་འམ་སྡེ་དཔོན་རྣམས་ཀྱང་རུང། །བརྟུལ་ཞུགས་ཅན་གྱིས་ཇི་བཞིན་སྤྱད། །རྣལ་འབྱོར་པ་ནི་ཅི་སྤྱོད་པ། །ཐམས་ཅད་དུ་ནི་སྨད་མི་བྱ། །རྟོག་པ་ཀུན་ལས་རྣམ་གྲོལ་བས། །ཇི་ལྟར་འདོད་པར་བྱ་བ་བྱེད། །དེ་ནི་དངོས་ཀུན་ངོ ་བོ་སྟེ། །ཁྱབ་བདག་སངས་རྒྱས་ཀུན་རང་བཞིན། །རང་ཉིད་ཇི་ལྟར་འདོད་པར་སྤྱོད། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །དེ་ཉིད་ཐམས་ཅད་བླ་མེད་པ། །དེ་ཉིད་རྣལ་འབྱོར་དབང་པོས་བསྒོམ། །རྡོ་རྗེའི་རང་བཞིན་ཀུན་འགྲུབ་པ། །རྡོ་རྗེ་ཉིད་ནི་མྱུར་ཐོབ་འགྱུར། །འདིར་ནི ་བགེགས་མེད་བདུད་ཀྱང་མེད། །ཐམས་ཅད་ཀྱང་ནི་དབང་དུ་འགྱུར། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །བརྟུལ་ཞུགས་ཅན་གྱི་བདག་ཉིད་སྒྲུབ། །བདག་ཉིད་ཐམས་ཅད་ཡང་དག་ལྡན། །བརྟུལ་ཞུགས་ཆེ་ལྡན་གང་ཚེ་མཐོང། །ཉིན་ཞག་དང་ནི་ཚང་བྲལ་བར ་སངས་རྒྱས་ཐམས་ཅད་ཉིད་འགྲུབ་འགྱུར། །མཆོད་པ་ཀུན་གྱི་ཁྱད་པར་གྱིས། །བདག་ཉིད་ལ་ནི་རྟག་ཏུ་མཆོད། །རྡོ་རྗེ་སེམས་དཔའ་བླ་མེད་པ། །ཕན་ཚུན་དུ་ཡང་དེ་བཞིན་སྦྱིན། །སེམས་ཅན་ཀུན་ལུས་ལས་བྱུང་དང། །ཕྱི་ས་ལས་བྱུང་སྲོག་ཆགས་རྣམས། ། ་རྣལ་འབྱོར་ཆེན་པོས་ལེགས་བླངས་ལ། །དེ་ཉིད་གྲུབ་ཕྱིར་བཟའ་བར་བྱ། །སྒྲོན་མ་ཆེ་དང་ཡང་དག་ལྡན། །སྨད་པའི་དམ་ཚིག་གཞན་རྣམས་དང། །བདུད་རྩི་ལྔ་རྣམས་རྟག་བཟའ་ཞིང། །དེ་བཞིན་གཤེགས་པ་རྣམས་ཀྱང་མཆོད། །ཡན་ལག་ཀུན་ནི་སྨད་པ་དང། །བརྙས་པ་དག ་ཏུ་མི་བྱ་སྟེ། །བུད་མེད་རིགས་ཀུན་ལས་བྱུང་བ། །རྡོ་རྗེ་ཅན་གྱིས་མཆོད་པར་བྱ། །མ་སྐྱེས་མེ་ཏོག་ཡང་དག་ལྡན། །བྱང་ཆུབ་སེམས་དང་ལྡན་པ་དག་།མི་རྟོག་ཆོ་ག་ལ་གནས་ཏེ། །དེ་ཉིད་གྲུབ་ཕྱིར་བཟའ་བར་བྱ། །སྨེ་ཤ་ཅན་གྱི་རིགས་ལས་བྱུང། །སྨེ་ཤ་ཅན་དང་ཁྱད་པར་དུ། །སྨད་པའི་རིགས ་ལས་བྱུང་བ་རྣམས། །བརྟེན་མ་དངོས་གྲུབ་ཐོབ་པར་འགྱུར། །བྲམ་ཟེ་ལ་སོགས་རིགས་ལས་བྱུང། །བུ་མོ་རྣལ་འབྱོར་པས་སྤྱད་དེ། །ཇི་ལྟར་སེམས་སུན་ཡི་འབྱིན་པ། །དེ་ལྟར་ཤིན་ཏུ་མཛེས་པར་བྱ། །སྦྲང་མ་སྐྱུགས་པས་འདྲེས་པ་དང། །བཤད་ལ་སོགས་དང་བསྲེས་པ་ཡི། །རྣམ ་པར་མི་རྟོག་སེམས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་མཆོད། །ཅི་འདོད་བྱ་བ་བྱེད་པ་དང། །ཇི་དགའ་བར་ནི་སྤྱོད་པ་ཡིས། །རྡོ་རྗེ་སེམས་དཔའ་བསྒྲུབ་བྱ་སྟེ། །གཞན་དུ་ངེས་པར་ཉོན་མོངས་འགྱུར། །བརྟུལ་ཞུགས་?་བསྡོམ་པ་དང། །སྣ་ཚོགས་ཕྱག་རྒྱ་དང་ལྡན་པའི། །ལྷ་ཡི ་གཟུགས་སུ་བསྒོམ་པ་ཡི། །སྒྲུབ་པ་འགྲུབ་པར་མི་འགྱུར་རོ། །འཛམ་གླིང་རྡུལ་ཕྲན་མཉམ་པ་ཡི། །གསང་སྔགས་བཟླས་དང་བསྒོམ་པ་ལ། །བརྩོན་པ་ཆེ་དང་ལྡན་གྱུར་ཀྱང། །སངས་རྒྱས་ཉིད་ནི་འགྲུབ་མི་འགྱུར། །དེ་ལ་སོགས་པའི་དཔག་མེད་པའི། །བྱིས་པ་རྣམས་ཀྱིས ་བརྟགས་ཚུལ་གྱིས། །བདེ་འགྲོ་སྐྱེ་བ་རྙེད་དཀའ་ན། །རྡོ་རྗེ་སེམས་དཔའ་ཇི་ལྟར་འགྱུར། །ཕྱག་རྒྱ་དཀྱིལ་འཁོར་གཟུགས་ལ་སོགས། །བཅོམ་ལྡན་ཐུབ་པས་གསུངས་པ་ནི། །ཡང་དག་ཡེ་ཤེས་མཉམ་སྦྱོར་གྱིས། །སྐལ་པ་དང་བྲལ་བདག་ཉིད་ལའོ། །གང་ཞིག་རང་རིག་ངོ ་བོ་ཉིད། །དེ་ཉིད་རིན་ཆེན་བླ་མེད་པ། །ལུང་དང་རིག་པའི་ཚུལ་གྱིས་ནི། །གང་ཞིག་འཛིན་པར་མི་ནུས་པ། །མི་ཤེས་རྨོངས་པས་ཀུན་ཏུ་ཁེབས། །སྤྱོད་པ་མེད་པའི་བློ་ཅན་རྣམས། །དང་པོའི་ལས་ཅན་རྣལ་འབྱོར་ཏེ། །དམན་པའི་ཆོས་ཀྱི་སྣོད་ཡིན་ཏེ། །འགྲོ་བ་མགོན་གྱིས ་དེ་དོན་དུ། །རྡོ་རྗེ་སེམས་དཔའ་སོགས་བསྒོམ་པ། །སྐུ་མདོག་ཕྱག་མཚན་ཀུན་ལྡན་ཞིང། །ཕྱག་རྒྱའི་དཀྱིལ་འཁོར་དེ་བཞིན་གསུངས། །གང་ཡང་གཞན་རྐྱེན་ཁར་མ་ལས། །ཟབ་མོའི་ཡེ་ཤེས་དག་གི་སྣོད། །སྡིག་པའི་གྲོགས་དང་བདུད་དང་བགེགས། །ལེག་འདྲེན་རྣམས་ཀྱིས་མི ་བསྐྱོང་པ། །དེ་ལ་དེ་ཉིད་དག་པ་ནི། །རྟོག་པ་ཐམས་ཅད་རྣམ་སྤངས་པ། །སེམས་ཅན་ཀུན་དང་ཚངས་སོགས་ཀྱིས། །རྣམ་པ་ཀུན་ཏུ་མི་རྟོག་པའི། །ཤིན་ཏུ་རྨད་འབྱུང་ཡེ་ཤེས་ནི། །སངས་རྒྱས་ཀུན་དངོས་ཞི་བ་དག་།ཚེ་འདི་ཉིད་ལ་གྲུབ ་བྱེད་པ། །འཇིག་རྟེན་མགོན་གྱིས་གསུངས་པ་ཡིན། །ཡེ་ཤེས་གྲུབ་པ་ལས། །ཕྱག་རྒྱ་ཆེན་པོ་བསྟན་པའི་ལེའུ་སྟེ་དང་པོའོ།། །།སངས་རྒྱས་ལྔ་ཡི་ངོ་བོ་ལས། །ཕུང་པོ་ལྔ་ནི་རྒྱལ་བར་བཤད། །ཁམས་རྣམས་སྤྱན་ལ་སོགས་ཡིན་ཏེ།། ་དེ་བས་སངས་རྒྱས་སྐུར་འདོད་དོ། །དེ་ལྟ་ཡིན་ན་སྲོག་ཆགས་ཀུན། །སྲིད་གསུམ་རྟག་ཏུ་རྫོགས་སངས་རྒྱས། །སངས་རྒྱས་ཉིད་ཕྱིར་བྱ་ཀུན་དང། །ཐོས་དང་བསྒོམ་པ་དོན་མེད་དོ། །འཇིག་རྟེན་ཐམས་ཅད་སངས་རྒྱས་ན། །ཕོངས་པ་ཀུན་ཀྱང་མི་འབྱུང་ལ། །བདེ ་དང་སྡུག་བསྔལ་བསྒོམ་ལ་སོགས། །གནོད་པ་དེ་ལ་ཡོད་མ་ཡིན། །གལ་ཏེ་སངས་རྒྱས་སྐུར་གྱུར་ན། །མངོན་ཤེས་དྲུག་ལ་སོགས་པ་ཡི། །སངས་རྒྱས་ཡོན་ཏན་འབྱོར་པ་ཡང། །ཅི་ཕྱིར་དེ་དག་མེད་པར་འགྱུར། །གང་ཡང་དེ་ལྟར་མི་ཤེས་པ། །དེ་ནི་རྫོགས ་སངས་ཇི་ལྟར་འགྱུར། །འགའ་ཞིག་དེ་ལྟར་ཤེས་པ་ནི། །འདི་ནི་སངས་རྒྱས་འགྱུར་བ་ཡིན། །གང་ཞིག་རིམས་ཀྱིས་བསླབས་པ་ཡི། །སྦྱོར་བས་སེམས་ནི་འཇུག་འགྱུར་བའི། །རྣལ་འབྱོར་པ་ནི་སངས་རྒྱས་འགྱུར། །གཞན་དག་སངས་རྒྱས་འགྲུབ་པ་མིན། །གལ་ཏེ ་དང་གིས་སངས་རྒྱས་ན། །བསླབ་པ་དགོངས་པ་ཅི་ཞིག་ཡོད། །རིག་པར་བཅས་པའི་གོམས་བྱ་ཡིན། །རིག་པ་མེད་པར་གོམས་བྱ་ཡིན། །གལ་ཏེ་མགོན་མེད་སྐྱེ་བོ་འགའ་། །རྒྱལ་པོར་འགྱུར་ཞེས་བསྒོམས་པས། །བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང། །འདི་ནི་རྒྱལ་པོ་ཐོབ ་མི་འགྱུར། །གང་ཞིག་ལོག་པའི་རྟོག་པས་ནི། །གང་ལ་རྒྱལ་པོ་ཡོང་མིན་ལྟར། །དེ་བཞིན་ལོག་པར་བསྒོམས་པ་ཡིས། །སངས་རྒྱས་ཉིད་དུ་འགྱུར་མ་ཡིན། །རྫོགས་སངས་རྒྱས་ཀྱི་རྒྱུད་རྒྱལ་དུ། །ཕུང་པོ་སྐྱེ་མཆེད་ལ་སོགས་པ། །དེ་ཉིད་དམ་ཚིག་སྐད་ཅེས་པས།། ་དེ་དང་དེ་མིང་གིས་བསྟན་པ། །དྲི་ཆེན་རྣམ་སྣང་ཞེས་བཤད་དེ། །གཅི་བ་དེ་བཞིན་རྡོ་རྗེ་ཆུ། །ཇི་ལྟར་མོ་དབང་པདྨ་སྟེ། །ཇི་ལྟར་ཕོ་དབང་རྡོ་རྗེ་ཡིན། །གང་ཕྱིར་ལུང་དང་རིག་པ་ཡི། །རྗེས་འབྲང་སྨྲ་བར་མི་ནུས་པས། །དེ་བས་གང་གིས་ལྷ་ཡི་སྐུ། །སྨྲ་བར་ནུས་པ་མ་ཡིན་ནོ། །གལ ་ཏེ་བྱས་པའི་ལྷ་ཡི་གཟུགས། །རྡོ་རྗེ་སེམས་དཔའ་གྱུར་ན་ཀོ་།གང་ཕྱིར་འདུས་བྱས་ལས་བྱུང་བས། །བུམ་པ་ལ་སོགས་བཞིན་དུ་འཇུག། དེ་བས་བྱང་ཆུབ་སྤྱོད་པ་ནི། །དུ་མ་འང་འབྲས་བུ་མེད་པར་འགྱུར། །གལ་ཏེ་བྱུང་ནས་ཞིག་འགྱུར་ན། །བསྒོམ་པ་ཉིད་ནི་དོན་ཅིང ་འགྱུར། །ཡིད་ཀྱི་རང་བཞིན་བྱས་པའི་གཟུགས། །ཇི་ལྟར་འདུས་བྱས་ཡིན་ཞེས་བཤད། །དེ་དང་དེ་ནི་ཇི་ལྟར་འཇིག་།རྨོངས་པའི་རྒྱ་མཚོ་ཁྱོད་ཉོན་ཅིག་།འདི་རྣམས་སེམས་ཀྱིས་བརྟགས་པ་སྟེ། །དེ་ཡང་འདུས་བྱས་མཚན་ཉིད་ན། །ཡིད་ཀྱིས་བརྟགས་པ་གང་ཡིན ་དེ། །མི་འཇིགས་པར་ནི་ཇི་ལྟར་འགྱུར། །ཕྱག་དང་སྐུ་མདོག་ཡང་དག་ལྡན། །ཇི་ལྟར་སྔོན་ནས་རྣམ་བཞུགས་པ། །མ་བྱས་པ་ཡི་ལྷ་ཡི་སྐུ། །གལ་ཏེ་དེ་ཉིད་དུ་བསྒོམ་བྱ། །མ་སྐྱེས་ངོ་བོར་གནས་པ་སྟེ། །བསྒོམས་པས་དགོས་པ་ཅི་ཞིག་ཡོད། །དེ་འདྲའི་གཟུགས་སུ ་མ་གྱུར་པས། །དེ་འདིར་བདག་ཅེས་བསྒོམ་པས་ན། །རྣལ་འབྱོར་པ་རྣམས་གཟུགས་བསྒོམ་པ། །དེ་འདྲའི་གཟུགས་སུ་གྱུར་པ་འམ། །དེ་ནི་བདག་ཡིན་ཞེས་སྒོམ་བྱ། །བསྒོམ་པ་གཉིས་སུ་འདི་རྣམས་བརྟག་།དེ་འདྲར་བདག་ནི་འགྱུར་རོ་ཞེས། །གང་ཚེ་བསམ་གཏན་གྱིས་བརྟགས ་པ། །གང་ཚེ་བསམ་གཏན་གསལ་གྱུར་པ། །ལྷ་རྣམས་སུ་ཡང་དེ་སྣང་འགྱུར། །ཁྱོད་ཀྱི་རས་རིས་སོགས་གཟུགས་ལྟས། །གང་ཚེ་བསམ་གཏན་རྣམས་བསྒོམས་པ། །དེ་ནི་འོང་འགྱུར་བསམ་གཏན་གྱིས། །དེ་བཞིན་སྐྱེས་པར་འགྱུར་མ་ཡིན། །མ་སྐྱེས་པ་ཡི་ལྷ་ཡི ་སྐུ། །ཁྱོད་ཀྱིས་བསམ་གཏན་གྱིས་བྱིན་ན། །མངོན་ཤེས་ཐམས་ཅད་འབྱུང་འགྱུར་ཞིང། །དེ་གཟུགས་ཀྱང་སྐད་ཅིག་དེས། །དེ་ལྟར་ཁྱོད་ལ་ཡང་དག་མེད། །བསམ་གཏན་གྱིས་ནི་གང་དུ་འོངས། །ཁྱེད་ཉིད་ཀྱིས་ནི་བསྐྱེད་པའི་སྐུ། །བཅོས་མ་ཡིན་པར་བཅོས་མ་རྟོགས། ། ་བདག་ཉིད་དེ་ཡིན་ཞེས་ཕྱོགས་ཀྱང། །གཉིས་པ་དེར་ནི་ཡོད་མིན་ཏེ། །གྲུབ་པའི་སྒྲུབ་པ་མིན་མིན་ན། །བསམ་གཏན་བརྟག་པ་ཇི་ལྟ་བུ། །ཀུན་མཁྱེན་ཉིད་ནི་ཐམས་ཅད་མཁྱེན། །སླར་ཡང་ཐོབ་པར་མེད་བཞིན་ནོ། །སངས་རྒྱས་མཛད་པ ་ཁྱད་བྱེད་ན། །སངས་རྒྱས་ཉིད་པས་བྱེད་བཅུག་མོད། །དེ་ལྟར་ཡང་དག་ཁྱེད་ལ་མེད། །ཇི་ལྟར་ལོག་པར་རྟག་པར་བྱེད། །མ་བྱས་སངས་རྒྱས་སྐུ་གང་ཡིན། །དེ་བདག་ཡིན་ཞེས་བྱ་དོན་མེད། །མ་བྱས་པ་ཡི་ལྷ་ཡི་སྐུ། །དེ་ནི་དེ་ལྟར་རྣམ་པར་དཔྱད། །གཟུགས་ནི་ཡིན ་པས་?་སོགས་ཡིན། །མ་བྱས་དེ་སྨྲ་ནུས་མ་ཡིན། །དེ་བས་འགྲོ་བའི་མགོན་པོ་ཡིས། །བྱིས་པ་རྣམས་ཀྱིས་རྟོགས་པའི་ཕྱིར། །སྐུ་ཡི་མི་རྟག་སྟོན་མཛད་པས། །མྱ་ངན་འདས་པ་གཉིས་བསྟན་མཛད། །དེ་བས་སངས་རྒྱས་སྐུར་ལྡན་པར། །འཇིག་རྟེན་གང་ཡང ་ལུས་མ་ཡིན། །སངས་རྒྱས་སྐུར་ནི་རབ་སྒྲུབ་ཕྱིར། །གཟུགས་ཀྱི་བསྒོམ་པར་བྱ་བ་མིན། །ཇི་ལྟར་སངས་རྒྱས་གཟུགས་མེད་པའི། །རིག་པ་བེམས་པོའི་བདག་ཉིད་ཉོན། །ཡུལ་ན་གནས་གྱུར་གཟུགས་ཅན་ནི། །མངོན་ཤེས་དྲུག་ཏུ་ཇི་ལྟར་འགྱུར། །འཇིག་རྟེན་ཁམས ་ནི་ཐམས་ཅད་ན། །གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས། །མིག་གི་སྐྱེ་མཆེད་ལ་སོགས་པ། །དེད་རྣམས་དེར་ནི་འོངས་མ་ཡིན། །གང་ཚེ་མིག་ལ་སོགས་པ་ཡི། །འགྲོ་བ་དམིགས་པར་མི་འགྱུར་ན། །དེ་རྣམས་ཇི་ལྟར་ཕྲེང་བར་འགྱུར། །མ་ཕྲད་ན་ནི་ཀུན་རིག ་མིན། །སོང་ནས་ཤེས་པར་འགྱུར་ཞེ་ན། །རིམས་ཀྱིས་ཤེས་པར་ཇི་ལྟར་ནུས། །ཤེས་བྱ་དུ་མའི་ངོ་བོ་བས། །ཐམས་ཅད་མཁྱེན་པ་དེ་འདྲ་མེད། །སངས་རྒྱས་སྤྱན་ལ་སོགས་པ་ཡི། །དེ་བས་དགོངས་པ་ཡོད་མ་ཡིན། །མིག་སོགས་དབང་པོ་མ་གཏོགས་པ།། ་ལུས་གཞན་དམིགས་པར་མི་འགྱུར་རོ། །གཟུགས་བརྙན་ལྟ་བུར་སེམས་མེད་པར། །སངས་རྒྱས་སྐུ་ནི་ཤེས་བྱས་ན། །གང་ཕྱིར་ཡང་དག་རིགས་མེད་པས། །སངས་རྒྱས་སྐུ་ནི་ཀུན་མཁྱེན་མིན། །རྩེར་ལྡན་རྣམས་ཀྱི་ལྷ་ཡི་སྤྱན། །སངས་རྒྱས་རྣམས་ལ་མངའ་བར་བཤད།། ་ལྷ་ཡི་སྙན་ནི་ཐམས་ཅད་མངའ་། །ཇི་ལྟར་ཐམས་ཅད་མཁྱེན་ཏེ་མིན། །གལ་ཏེ་ཡེ་ཤེས་ཀྱིས་མཁྱེན་ན། །དེ་ཚེ་སངས་རྒྱས་སྐུས་ཅི་བྱ། །སྐུར་གནས་ཡེ་ཤེས་དེར་རིག་པས། །དེ་བས་སྐུ་ནི་སྐུ་མཁྱེན་ཡིན། །སྐུ་ལས་ཐ་དད་ཐ་དད་མིན། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །སྐུ ་དང་ཡན་ལག་ལྡན་ཞེ་ན། །མྱ་ངན་འདས་ན་དེ་ཡང་འཇིག་།ལུས་ནི་འཇིག་པའི་ཆོས་ཅན་པས། །ཡེ་ཤེས་ཀྱང་ནི་འཇིག་པར་འགྱུར། །དེ་བས་སངས་རྒྱས་ཡེ་ཤེས་སྐུ། །འཇིག་པར་རིག་པ་མ་ཡིན་ནོ། །སྐུ་མེད་པས་ན་སྐུ་མཁྱེན་མིན། །རྟེན་འབྲེལ་ལས་བྱུང ་ཡེ་ཤེས་དེ། །དེ་བས་འཇིག་པ་ཉིད་དུ་འགྱུར། །ཉམས་འགྱུར་ཡེ་ཤེས་སྐུ་རྣམས་ནི། །ཐམས་ཅད་མཁྱེན་ཉིད་མི་རིགས་སོ། །དེ་བས་སངས་རྒྱས་སྐུ་དག་ནི། །ཐམས་ཅད་མཁྱེན་པར་བྱ་བ་མིན། །ཡེ་ཤེས་ལས་གཞན་ཕྱོགས་ལ་ཡང། །སངས་རྒྱས་སྐུར་ནི་ཇི ་ལྟར་འགྱུར། །འདི་ལྟར་སངས་རྒྱས་གཟུགས་བརྙན་དུ། །དེ་ལྟར་རྣལ་འབྱོར་སྨྲ་བའི་རིགས། །གང་ཞིག་འཇིག་རྟེན་རྨོངས་པ་རྣམས། །གཟུགས་གང་བསམ་པར་འདོད་པ་ནི། །སངས་རྒྱས་ཡེ་ཤེས་རབ་སྒྲུབ་ཕྱིར། །ནམ་མཁའ་ཟ་བར་འདོད་པ་ཡིན། །འགྲོ ་སྙིང་རྗེ་དམན་བ་དང། །ཐབས་དང་ཤེས་རབ་རྣམ་སྤངས་པ། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །དེ་རྣམས་བློ་གྲོས་ཡོད་པ་ཡིན། །དེ་ལྟའི་ཆོས་དང་བྲལ་བ་ནི། །ཕན་ཚུན་དག་ནི་རྒྱུག་པ་ན། །ཆོས་ལ་རྨོངས་རྣམས་སྨྱོན་པ་བཞིན། །གཡང་ས་དག་ཏུ་བཏུང ་འགྱུར་བ། །དེ་དག་ཀུན་ལ་ཁྱད་པར་དུ། །སྙིང་རྗེ་ཆེན་པོ་བྱ་བ་སྟེ། །ཡང་དག་ཡེ་ཤེས་ཉེར་ཤེས་པས། །དེ་ལ་བརྙས་པར་རིགས་མ་ཡིན། །ཡེ་ཤེས་གྲུབ་པ་ལས་གཟུགས་སུ་བསྒོམ་པ་དགག་པ་སྟེ་ལེའུ་གཉིས་པའོ།། །།དེ་ལྟར་གཟུགས ་སུ་བསྒོམ་པ་ཡི། །རྡོ་རྗེ་སེམས་དཔའ་མི་འགྲུབ་སྟེ། །རྣམ་བཅས་རྟོག་པས་ཀྱང་དེ་བཞིན། །རྡོ་རྗེ་སེམས་དཔའ་མི་འགྲུབ་བོ། །རྣམ་ཉིད་ཡེ་ཤེས་དེ་ཡིན་པས། །རྣམ་པ་ལས་ནི་ཐ་དད་འགྱུར། །འོན་ཏེ་རྣམ་པ་ཡེ་ཤེས་འགྱུར། །དེ་ལྟར་འདི་ནི་མི་རིགས་སོ ་རྣམ་པ་ཡེ་ཤེས་དེ་མིན་ཏེ། །ཤེས་ལ་རྣམ་པ་ཉིད་མེད་དེ། །དཔེར་ན་བུམ་པ་མཁར་མི་འགྱུར། །མཁའ་ཡང་བུམ་པར་མི་འགྱུར་རོ། །གཟུགས་མེད་གཟུགས་སུ་མི་འགྱུར་ཏེ། །གཟུགས་མེད་གཟུགས་ཅན་ཡོད་མ་ཡིན། །ཡེ་ཤེས ་གཟུགས་ནི་མེད་པར་གྲགས། །རྣམ་པ་གཟུགས་ཅན་ཡིན་པར་བཤད། །ཇི་ལྟར་དེ་གཉིས་གཞན་མིན་ཉིད། །འགྱུར་བ་ཡིན་ཞེས་བརྟག་པར་བྱ། །རྣམ་པར་ཡེ་ཤེས་ཉིད་ཡིན་ཞེས། །རྟོག་པ་འདི་ཡང་མི་རིགས་སོ། །ངེས་པར་གཞན་དུ་ཐལ་འགྱུར་བ། །མདོ་ཙམ་དུ་ནི་མཉན ་པར་བགྱི། །གལ་ཏེ་རྣམ་དེ་ཤེས་ཡིན་ན། །འདུས་བྱས་ཉིད་དུ་ཐལ་བར་འགྱུར། །ངོ་བོ་འདུས་མ་བྱས་འགྱུར་པ། །བྱིས་པ་རྣམས་ལ་ཡང་མ་ཡིན། །བྱས་པ་ཉིད་དང་རྣམ་འཇིག་ཉིད། །སངས་རྒྱས་ཡེ་ཤེས་ཇི་ལྟར་འགྱུར། །ཐོག་མཛའ་མེད་ཅིང་ཞི་བ་ཞེས། །དེ ་བཞིན་གཤེགས་པ་རྣམ་གསུངས་ལ། །དེ་སྲས་རྒྱལ་བ་ཆེན་པོ་ཡང། །ཡེ་ཤེས་འདུས་བྱས་མིན་ཞེས་གསུངས། །དེ་ཀུན་སྒྱུ་མ་ལྟ་བུ་དང། །མིག་ཡོར་ལྟ་བུར་ངེས་བཤད་དེ། །སྐྱེ་དང་འགག་པ་མེད་པ་དག་།ཡེ་ཤེས་སུ་དེ་ཅིས་མི་འགྱུར། །མིག་གི་རྣམ་ཤེས་ཞེས་བྱ ་དང། །ཡེ་ཤེས་སུ་ནི་དེ་མི་རྟག་།འགྱུར་བ་ཉིད་དུ་ཐལ་འགྱུར་ན། །སངས་རྒྱས་ཡེ་ཤེས་གཞན་དུ་མིན། །ཡེ་ཤེས་དེ་ནི་མི་འགྱུར་བར། །སངས་རྒྱས་ཀུན་གྱིས་རབ་གསུངས་ཏེ། །དེ་བས་གཅིག་པ་ཉིད་དཱུང། །ངེས་པར་སྨྲ་བ་རིགས་མ་ཡིན། །ཤེས་པའི་རབ་ཏུ་སྣང་དེ་ཡིན།། ་ཡེ་ཤེས་དག་ཏུ་དེ་མི་རྟག་།སོ་སོར་སྣང་བ་དགག་བ་ལས། །ཡེ་ཤེས་ཅི་ཕྱིར་དགག་མི་འགྱུར། །དེ་བས་གཅིག་པ་ཉིད་མི་འགྲུབ། །ཚིག་དེ་ཤིན་ཏུ་ངེས་ཡིན་ན། །ཅི་ཕྱིར་དེ་དག་གཅིག་ཉིད་དུ། །ཁྱེད་ནི་ཡོངས་སུ་རྟོག་པར་བྱེད། །ལུང་དང་རིགས་པ་དང་འགལ་བས། །རྣམ ་པ་ཀུན་ཏུ་འབྲས་བུ་མེད། །ཡེ་ཤེས་དེ་ཉིད་རྣམ་པར་ཤེས། །དེ་ལྟར་ཡང་ནི་མི་རིགས་སོ། །རྣམ་པ་ལས་ནི་ཐ་དད་མེད། །ཤེས་པའི་ཤེས་ཉིད་མི་རིགས་ཏེ། །ཤེས་བྱ་ལས་ནི་ཤེས་འགྱུར་གྱི། །ཤེས་བྱ་མེད་པར་མ་ཡིན་ནོ། །གལ་ཏེ་ཤེས་པ་ཐ་དད་འགྱུར། །ཡེ་ཤེས་སུ ་ནི་བརྟག་མགོ་།རྣམ་པ་ཐ་དད་གྱུར་པ་ནི། །ཡེ་ཤེས་ཉིད་ལས་གནས་མེད་ཡིན། །ཡེ་ཤེས་འབྱུང་བའི་དུས་སུ་ཡང། །རྣམ་པ་ཀུན་ཏུ་མི་འབྱུང་ལ། །རྣམ་པའང་ཀུན་ཏུ་འབྱུང་བ་ན། །ཡེ་ཤེས་ཉིད་ནི་མི་རིགས་སོ། །དཔེར་ན་བུམ་པ་རྫོགས་པ་ལ། །སྣམ་བུ་འབྱུང་བ་མེད་པ ་བཞིན། །ཐ་དད་པ་ཡི་ཆོས་རྣམས་ནི། །ཇི་ལྟར་འཇིག་རྟེན་དག་ན་སྣང། །བུ་ནི་མ་སྐྱེས་པ་དག་ནི། །གཞན་དག་གིས་ནི་གང་ཡིན་པས། །མོ་གཤམ་བུ་ལྡན་འཇིག་རྟེན་ན། །རྒྱུ་དང་མི་རྒྱུ་གང་ཡང་མེད། །བུ་དང་བཅས་པས་ལྷ་བཞིན་ནི། །གང་ཚེ་རང་གི་བུར་བཅས ་ན། །གཞན་དག་གི་ནི་བུ་ཡིན་ཀྱང། །བུ་དང་བཅས་པའི་རིགས་མ་ཡིན། །དེ་བཞིན་ཡེ་ཤེས་གནས་མེད་ནི། །རྣམ་བཅས་ཡིན་པར་ཇི་ལྟར་འདོད། །གང་ལ་ལྟོས་ནས་ཡེ་ཤེས་ནི། །གང་གིས་དེ་ནི་རྣམ་བཅས་འགྱུར། །ཡེ་ཤེས་རྣམ་བཅས་ཡིན་ཞེས་པ། །རྣམ ་པ་དང་བྲལ་མ་ཡིན་ཏེ། །རྣམ་པ་དང་བྲལ་ཡེ་ཤེས་ནི། །རྣམ་བཅས་ཉིད་དུ་ཇི་ལྟར་འགྱུར། །རྣམ་པ་དང་བཅས་གང་ཡིན་པ། །དེ་ནི་རྣམ་བཅས་ཉིད་ཡིན་ན། །རྣམ་པ་ཀུན་ལས་རྣམ་གྲོལ་བའི། །ཇི་ལྟར་སངས་རྒྱས་ཡེ་ཤེས་འགྱུར། །གལ་ཏེ་རྣམ་པ་མེད་ཀྱང་ནི། །འདི་ནི་རྣམ ་བཅས་ཉིད་འགྱུར་ན། །སངས་རྒྱས་ཡེ་ཤེས་མེད་པར་ཡང། །སངས་རྒྱས་སུ་ཁྱེད་ཅིས་མི་འགྱུར། །ཀུན་མཁྱེན་མིན་ཏེ་ཡེ་ཤེས་མིན། །ཡེ་ཤེས་ཐ་དད་པར་རབ་བརྟགས། །དེ་བས་རྣམ་བཅས་ཡེ་ཤེས་ལ། །དངོས་གྲུབ་རིགས་པ་མ་ཡིན་ནོ། །གལ་ཏེ་རྣམ་པ་བཅས་པས་ནི། །རྣམ ་པ་དང་བཅས་ཉིད་འགྱུར་ན། །སངས་རྒྱས་གདུང་ལ་རབ་འཇུག་པས། །དེ་དང་ཕྲད་པར་མ་མཐོང་ངོ། །གཟུགས་ཅན་ཡང་དག་མི་སྦྱོར་ཏེ། །གཟུགས་མེད་པ་ལ་རྣམ་ཀུན་མིན། །དཔེར་ན་ནམ་མཁའ་བུམ་པ་དང། །ཡང་དག་སྦྱོར་བར་མི་འདོད་ལྟར། །དེ་ནི་རྣམ་པ་དང་ལྡན་ཡང། །དེ་ནི ་རྣམ་བཅས་འགྱུར་མ་ཡིན། །ལྟོས་དང་བཅས་པས་རྣམ་འཇིག་ཉིད། །ཚོགས་པ་མེད་པ་དག་ཏུ་འགྱུར། །ཚོགས་པ་ལས་བྱུང་གང་ཡིན་ཏེ། །སངས་རྒྱས་ཡེ་ཤེས་འགྱུར་མ་ཡིན། །གང་ཚེ་ཡེ་ཤེས་འདུས་བྱས་པས། །རྣམ་བཅས་ཡིན་པར་མི་འགྲུབ་བོ། །གལ་ཏེ་རྣམ་པ ་ཡེ་ཤེས་དག་།གཞན་ཉིད་དག་ཏུ་འགྱུར་ན་ནི། །དེ་ལྟར་ཕན་ཚུན་ལྟོས་པ་དག་།ཡེ་ཤེས་སུ་ནི་ཇི་ལྟར་འགྱུར། །རྣམ་པ་ཤེས་ལས་ཐ་དད་པར། །གལ་ཏེ་དེ་ལྟར་རྟོགས་ན་ནི། །དེ་རྣམ་ཤེས་པ་ལས་གཞན་པས། །ཤེས་མེད་ཉིད་དུ་ཐལ་བར་འགྱུར།། ་གང་ཞིག་རྣམ་པ་ལས་གཞན་ཉིད། །དེ་བས་རྣམ་པ་མེད་འགྱུར་ན། །ཤེས་ཏེ་རྣམ་པ་མེད་པར་ནི། །ཅི་ཕྱིར་དེ་ལྟར་རྟོགས་མི་བྱེད། །ཡེ་ཤེས་གྲུབ་པ་ལས་རྣམ་པ་དང་བཅས་པའི་ཡེ་ཤེས་དགག་པ་སྟེ་ལེའུ་གསུམ་པའོ།། །།ཇི་ལྟར ་རིག་པས་རྣམ་བརྟགས་པ། །རྣམ་པ་དང་བཅས་རབ་བཀག་ནས། །རྣམ་མེད་ཉིད་ཀྱང་མི་འགྲུབ་པ། དེ་ལྟར་དུ་ནི་བརྗོད་པར་བྱ། །གལ་ཏེ་རྣམ་པ་མེད་ན་ཡང། །ཡེ་ཤེས་འགྱུར་བར་རྣམ་རྟོག་ན། །རྣམ་པ་དང་ནི་རྣམ་བྲལ་བ། །འདིས་ཅི་རིག་ནས་ཀུན་རིག་ཡིན། ་ཀུན་མཁྱེན་དེ་ལ་ཡོད་མིན་ཞིང། །ཡེ་ཤེས་ཞེས་བྱ་རྟོག་པ་ཉིད། །རྣམ་པ་ཐམས་ཅད་མ་གཟིགས་པས། །བེམས་པོ་ཉིད་དུ་ཐལ་བར་འགྱུར། །བེམས་མེད་རྟོགས་པའི་ངོ་བོ་ནི། །རྣམ་པ་མེད་པ་ཡིན་པར་བཤད། །གང་ཞིག་བདེན་ན་ཐམས་ཅད་རིག་།ཡང ་དག་མ་ཡིན་ཇི་ལྟར་རིག་།རྣམ་རྟོག་ཀུན་ལས་ངེས་གྲོལ་ཞིང། །ཆོས་རྣམས་ཐམས་ཅད་བདག་མེད་པར། །དེ་ལྟར་མཁྱེན་ན་ཡེ་ཤེས་དེ། །བརྫུན་པས་ཇི་ལྟར་རིག་པར་འགྱུར། །སྒྱུ་མ་འདྲ་སོགས་དཔེ་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་རབ་རྟོགས་ཏེ། །འགྲོ་ལ ་ཕན་ཕྱིར་དེ་དང་དེར། །སངས་རྒྱས་ཐམས་ཅད་སྟོན་པར་མཛད། །སྒྱུ་མ་ལ་སོགས་དཔེ་གང་ཞིག་།ལོག་པར་རྟོག་པས་བརྟགས་པ་སྟེ། །ངོ་བོ་ཉིད་ཀྱིས་ཨོད་མིན་ན། །ཀུན་མཁྱེན་དེ་ནི་ཇི་ལྟར་མཁྱེན། །རི་བོང་རྭ་དང་དེ་བཞིན་དུ། །མོ་གཤམ་བུ་ལྟར་མི་རིགས་ཏེ།། ་དངོས་པོ་མེད་པ་ཇི་ལྟར་རིག་།དེ་བས་རྣམ་པ་མེད་པར་འགྱུར། །སྒྱུ་མ་ལ་སོགས་དཔེ་རྣམས་ནི། །སྲས་བཅས་རྒྱལ་བས་བསྟན་མཛད་པ། །དངོས་པོ་མེད་པས་བརྟགས་པ་ཙམ། །ཐམས་ཅད་དུ་ནི་འགོག་པ་མིན། །དཔེ་ཉིད་དང་ནི་མཚུངས་པ་རུ། །རྣམ་པ་ཀུན་ཏུ་ཆེས ་བཤད་ན། །བསྒྲུབ་བྱ་ཡིན་པས་ཐམས་ཅད་དུ། །དཔེ་ཉིད་དུ་ནི་མི་འགྱུར་རོ། །དཔེར་ན་སྐྱེས་བུ་སེང་གེ་ཡི། །དཔེ་ནི་འཇིག་རྟེན་ལ་ཡོད་ན། །དཔལ་སོགས་ཡོན་ཏན་ལྡན་པ་སྟེ། །མཇུག་མ་ལ་སོགས་ཡོད་མ་ཡིན། །དེ་བས་དངོས་པོ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱི་ཐམས་ཅད ་མིན། །ལུང་དང་རིགས་པའི་རྗེས་འབྲངས་ཏེ། །སྐྱེས་བུ་མཆོག་གིས་རྟོགས་པར་བྱ། །དེ་ནས་ཁྱེད་ཀྱིས་གང་སྨྲས་པ། །བྱིས་པ་དྲང་བའི་ཐབས་ཡིན་གྱིས། །འགྲོ་བ་འདུལ་བའི་བསམ་པ་ཡིས། །བདེན་པར་སྨྲས་བ་དེ་མ་ཡིན། །ཇི་ལྟར་རི་བོང་རྭ་དང་ནི། །དེ་བཞིན་མོ་གཤམ་བུ་ལྟ ་བུར། །དངོས་པོ་ཐམས་ཅད་གང་དུ་ཡང། །རྒྱལ་བས་དངོས་མེད་མ་གསུངས་སོ། །གལ་ཏེ་གཟུགས་སོགས་དངོས་པོ་རྣམས། །རྣམ་པ་ཀུན་ཏུ་ཡོད་མིན་ན། །སངས་རྒྱས་ཐུགས་རྗེའི་བདག་ཉིད་ཀྱིས། །ལྷ་ཡི་སྤྱན་ནི་ཇི་ལྟར་འགྲུབ། །ལྷ་ཡི་སྙན་སོགས་ཐམས་ཅད་ཀྱང། །དེ ་བཞིན་དུ་ནི་ཡོད་མེད་པས། །མངོན་པར་ཤེས་པ་མེད་པའི་ཕྱིར། །དེ་བས་ཀུན་མཁྱེན་མེད་པར་འགྱུར། །རྣམ་པ་མེད་པའི་ཡེ་ཤེས་ནི། །སངས་རྒྱས་སྐུ་ལ་ཡང་དག་ལྡན། །མངོན་ཤེས་ཐམས་ཅད་འཇུག་འགྱུར་བ། །ཐམས་ཅད་རིག་པ་ཇི་ལྟར་མེད། །གཟུགས་ལ ་སོགས་པའི་སྐྱེ་མཆེད་ནི། །མིག་ལ་སོགས་པས་ཤེས་པ་སྟེ། །སེམས་དང་བཅས་པས་རྗེས་མྱོང་བ། །དེ་ལྟར་འཇིག་རྟེན་དག་ན་གནས། །གཟུགས་སོགས་ཡོད་པ་མ་ཡིན་ཏེ། །ཁྱོད་ཉིད་ཀྱིས་ནི་མ་སྨྲས་སམ། །གལ་ཏེ་དངོས་པོ་མེད་པ་ཡིན། །ཕྲད་པ་ཇི་ལྟར་རབ་ཏུ། ་བརྟག་།གལ་ཏེ་དངོས་མེད་ཕྲད་གྱུར་ན། །འདི་འདྲ་ཁྱེད་སྨྲ་རིགས་མ་ཡིན། །འདི་ཉིད་རྣམ་ཀུན་དངོས་པོ་མེད། །དེ་དང་ཕྲད་པ་ཇི་ལྟར་འདོད། །སྦྱོར་མེད་གྱུར་ཀྱང་ཡེ་ཤེས་ནི། །སྨོན་ལམ་དབང་གིས་དེ་བཞིན་དུ། །གདུལ་བྱའི་དབང་གིས་ཇི་བཞིན་དུ། །སེམས་ཅན་རྣམས ་ཀྱི་དོན་མཛད་དོ། །གང་ཚེ་འདི་ཡང་མི་མཁྱེན་ན། །འགྲོ་བའི་དོན་ནི་ཇི་ལྟར་མཛད། །རིག་པ་མེད་པ་ཀུན་མཁྱེན་མིན། །སེམས་ཅན་སྡུག་ལ་ཐུགས་རྗེ་མེད། །ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །སྨོན་ལམ་དབང་གིས་སེམས་ཅན་དོན། །མཛད་ཅེས་པ་ནི་རིགས་མ་ཡིན། །འདི ་ནི་ཡོད་པ་སྣང་བར་འགྱུར། །སེམས་ཅན་ཀུན་དོན་ལེགས་སྒྲུབ་ཕྱིར། །གང་ཆེ་དེས་པ་ཉིད་འགྱུར་བས། །ཡེ་ཤེས་ཡིད་བཞིན་ནོར་བུ་བཤད། །བེམས་པོའི་བདག་ཉིད་མ་ཡིན་ནོ། །གང་དུ་མ་མཐོང་མ་བྱས་ཀྱང། །རང་གི་ཡེ་ཤེས་ཀྱིས་བརྟགས་པ། །བདག་ནི་ཀུན་མཁྱེན ་འགྲོ་བའི་བདག་།འགྱུར་ཞེས་པ་དེ་ཅི་ཕྱིར་བྱ། །ཡང་དག་བྱང་ཆུབ་སེམས་བསྐྱེད་པས། །ལེགས་པར་ཚོགས་ཀུན་བསགས་ན་ནི། །སྤྲོ་ཆེན་རྟོགས་དང་བརྩོན་འགྲུས་ཀྱིས། །བསྒོམ་དང་བསམ་པ་ལ་སོགས་པས། །དམ་ཆོས་མཉན་ལ་སོགས་པ་ལ། །སྡུག་བསྔལ་རྣམས་ཀྱིས་དགོས ་མེད་དེ། །སྔོན་མེད་པ་ནི་འབྱུང་བ་མེད། །སྔར་གནས་པ་ཡང་འཇིག་པར་འགྱུར། །སངས་རྒྱས་ཉིད་ནི་འདི་འདྲ་ན། །མ་ལུས་ཐམས་ཅད་དོན་མེད་དོ། །འཆི་ལ་སོགས་པའི་འཇིགས་ལས་གྲོལ། །དམྱལ་སོགས་གནོད་པ་རྣམས་ལས་ཐར། །སྡུག་མི་སྡུག་སོགས་སྡུག་བསྔལ་སོགས།། ་བྲལ་བ་བེམས་པོའི་བདག་མིན་གང། །ཆོས་ཀུན་ངོ་བོ་ཉིད་མཁྱེན་པ། །ཀུན་མཁྱེན་ཞེས་ནི་ངེས་པར་བཤད། །རང་བཞིན་མཁྱེན་པས་ཀུན་མཁྱེན་ཞེས། །རྫོགས་པའི་སངས་རྒྱས་ཉིད་བཤད་ཅེས། །ཐམས་ཅད་མངོན་སུམ་མཁྱེན་པས་ན། །དེས་ན་ཀུན་མཁྱེན་ཞེས་བཤད་དོ།། ་ཉིས་ན་འཁོར་བར་འཁོར་འགྱུར་ཞིང། །དམྱལ་བའི་སྡུག་བསྔལ་དག་དང་ནི། །འཁོར་ལོ་སྒྱུར་སོགས་བདེ་བ་རྣམས། །འདི་ནི་ངེས་པར་ཐོབ་ཀྱང་བླའི། །ཡེ་ཤེས་གྲུབ་པ་ལས་རྣམ་པ་མེད་པ་དགག་པ་སྟེ་ལེའུ་བཞི་པའོ།། །།དེ་ལྟར་ཉེས་པའི་ཚོགས་གྱུར ་པས། །དེ་བས་རྣམ་མེད་དེ་མ་ཡིན། །དེ་ནས་སེམས་མེད་དེ་ཉིད་ནི། །ད་ནི་རབ་ཏུ་བཤད་པར་བྱ། །ཤིན་ཏུ་རྨོངས་སྐབས་ཡེ་ཤེས་ནི། །རྣལ་འབྱོར་པ་ནི་ལ་ལ་འདོད། །རྨོངས་པ་བསྒོམས་པས་རྨོངས་པ་ནི། །ཚུལ་ངན་རྣམས་ཀྱིས་ཐོབ་པར་འགྱུར། །ཐམས་ཅད་རྒྱུ་དང་མཚུངས་པ་ཡི།། ་འབྲས་བུ་འཇིག་རྟེན་ལས་སྤྱོད་དེ། །ཀོ་ཊ་པ་ལས་འབྲས་སྐྱེ་བ། །གང་ལའང་ཡོད་པ་མ་ཡིན་ནོ། །དེ་བས་མི་རྟོག་ཡེ་ཤེས་ནི། །ལྡན་པ་མེད་པར་ཤེས་པར་བྱ། །ཡེ་ཤེས་ཉིད་ཀྱི་མི་རྟོག་ཉིད། །གཞན་དུ་རིག་པ་མ་ཡིན་ནོ། །ཡེ་ཤེས་མི་རྟོག་ཉིད་དུ་ནི། །དེ་བཞིན་གཤེགས་པས་བདེན ་གསུངས་ཏེ། །ཡེ་ཤེས་ཀྱིས་ནི་རྨོངས་པ་དག་།མི་རྟོག་ཉིད་དུ་མ་གསུངས་སོ། །སངས་རྒྱས་ཡེ་ཤེས་ལྷུན་གྲུབ་པས། །དེ་བས་མི་རྟོག་པར་བཤད་དེ། །བསམ་པའི་དབྱེ་བ་ཡོད་མིན་གྱི། །སེམས་མེད་འགྱུར་བ་མ་ཡིན་ནོ། །མི་རྟོག་འདི་ནི་མི་ཤེས་པར། །གང་དུ་ཡང་ནི་མ་གསུངས་སོ།། ་ཆེས་ལ་ཉེས་པ་ཡོད་མིན་པས། །དེ་ཉིད་གཞན་དུ་རྟོག་པ་ཡིན། །ཀུན་མཁྱེན་ཐམས་ཅད་གཟིགས་པ་དང། །སེམས་ཅན་ཀུན་དོན་གྲུབ་པ་པོ། །ཐུགས་རྗེ་ལྡན་པའི་འགྲོ་མགོན་གྱིས། །དེ་དང་དེར་ནི་སྟོན་མཛད་པ། །རྣམ་པར་མི་རྟོག་ཙམ་ཉིད་དོ། །གལ་ཏེ་དྲན་པས་བྱས་ན་ནི།། ་གང་ཆེ་འདི་དག་ཐམས་ཅད་ཀྱང། །ཅི་ཡི་ཕྱིར་ན་དྲན་མ་གྱུར། གཉིས་ཀའི་དོན་དང་མ་བྲལ་བས། །ཤེས་མིན་ཀུན་མཁྱེན་པའང་ཡིན། །ལོག་པའི་ཤེས་པ་རྨེངས་རྣམས་ཀྱིས། །ཡེ་ཤེས་འདིར་ནི་རབ་ཏུ་བཀག་།ཡེ་ཤེས་གྲུབ་པ་ལས་རྨོངས་པ་བསྒོམ་པ་དགག་པ་སྟེ་ལེའུ་ལྔ ་པའོ།། །།དབུགས་འབྱུང་མ་ཡིན་རྡུབ་མིན་ན། །དེ་ཉིད་གྲུབ་པ་རིག་པ་མིན། །དེ་གཉིས་དབུས་ནའང་ཡོད་མ་ཡིན། །རླུང་གི་དེ་ཉིད་ཇི་ལྟར་འགྱུར། །དབུས་ནའང་ཅུང་ཟད་ཡོད་མིན་ན། །ཇི་ལྟར་དེ་ཉིད་དག་ཏུ་འགྱུར། །གལ་ཏེ་རླུང་ནི་དེ་ཉིད་འགྱུར། །སྡུད ་པ་ཡང་ནི་འགྱུར་དུ་འོང། །ཇི་ལྟར་འགའ་ཞིག་སྤུད་འབུད་པ། །སྤུད་པ་རླུང་གིས་འཐོར་བ་དང། །དེ་བཞིན་འདྲེན་པ་དག་ཀྱང་བྱེད། །ལུས་ཀྱང་ཡིད་ཀྱི་དེ་བཞིན་ནོ། །རླུང་ལས་འབུད་པ་འགའ་མེད་ཅིང། །དེ་བཞིན་རླུང་ཡང་འབུད་པ་ཡིན། །ལུས་ཀྱི་འབུད་པ་གང་ཡིན་དང། །སྤུད་པ་འབུད་པར་བྱེད་པ་དག་། ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་པས། །འབུད་པ་ཡིན་བྱི་བ་མིན། །མིང་དང་ཡིད་ཀྱང་མཚུངས་པ་ཡིན། །དབུགས་རྡུབ་དབུགས་འབྱིན་རླུང་དག་གིས། །རླུང་དང་སྤུད་པ་མཚུངས་པ་ཡིན། །སྤུད་ལྡན་དེ་ཉིད་ཇི་བཞིན་དུ། །ལུས་ཀྱི་རླུང་ཡང་དེ་བཞིན་འགྱུར ་གང་ཚེ་ལུས་ཀྱི་རླུང་དེ་ཉིད། །སྒོ་རྣམས་ཀུན་ནས་འབྱུང་འགྱུར་བ། །དེ་ཉིད་ཡིན་པས་བཤད་རིགས་ན། །རླུང་དང་ཁྱད་པར་མེད་པ་ཡིན། །མངོན་པར་རྨེངས་ཤིང་ལམ་ལས་ཉམས། །ལོག་པའི་དོན་ནི་རབ་བསྒོམས་པ། །དེ་དག་བདེ་འགྲོར་མི་སྐྱེ་སྟེ། །དམྱལ་བར་གཅིག་པུར?་འགྲོ ་པ་ཉིད། །ཡེ་ཤེས་གྲུབ་པ་ལས། དབུགས་རྡུབ་པ་དང་འབྱུང་བའི་དེ་ཁོ་ན་ཉིད་དགག་པ་སྟེ་ལེའུ་དྲུག་པའོ།། །།དབང་པོ་འབྱུང་བ་བདེ་བ་ཡིན། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ ་མཆོག་གིས་མ་གསུངས་སོ། །རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པ། །གང་དཱུང་དེ་ཉིད་ཤེས་མི་འགྲུབ། །གང་ཕྱིར་བདེ་དེ་ཐམས་ཅད་དུ། །ངོ་བོ་ཉིད་ཀྱི་ཡོད་མ་ཡིན། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ངོ་བོ་ཉིད་མཁྱེན་པའི། །བདེ་བ་ཀུན་གྱི་གཙོར་གྱུར ་པའི། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག་།མཆན་ཁུང་གཡའ་ཕྲུགས་ལས་བྱུང་བའི། །ཅིའི་ཕྱིར་ན་བདེ་ཆེན་མིན། །ཆགས་པ་མཉམ་པའི་བདེ་མེད་དེ། །དེ་ནི་རྒྱལ་བ་རྣམས་ལ་ཕུལ། །འདོད་པའི་དོན་ཀུན་ལོངས ་སྤྱོད་ཅིང། །སྨད་པ་དག་ཏུ་མི་བྱ་ཞེས། རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལས། །རྡོ་རྗེ་སེམས་དཔས་གསུངས་པ་ནི། །རྣལ་འབྱོར་པ་སེམས་བདེ་བའི་ཕྱིར། །དོན་དམ་པ་ཡི་དེ་ཉིད་མིན། །ཡེ་ཤེས་གྲུབ་པ་ལས་བདེ་བ་ཆེན་པོ་སྨྲ་བ་དགག་པ་སྟེ་ལེའུ་བདུན་པའོ།། །། ་བདེ་བ་མྱང་བ་བཀག་པས་ན། །དེ་བས་ཡང་དག་ཡེ་ཤེས་མེད། །རྨོངས་བཅས་རྣམས་ཀྱིས་བརྟགས་པ་ཡི། །དེ་ཉིད་ཐམས་ཅད་ལོག་པ་ཡིན། །མཁས་པ་ཡིས་ནི་ཐམས་ཅད་ཀྱང། །རང་བློ་ཉིད་ཀྱི་བཀག་པ་ཡིན། །ཇི་ལྟར་ཡང་དག་དེ་ཉིད་རྙེད། །དེ་དག་ད་ནི ་བཤད་པར་བྱ། །སེམས་ཅན་བློ་གྲོས་ཆུང་བ་དང། །བསོད་ནམས་ཆུང་ཞིང་བརྩོན་ཞན་ཉམས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་རྣམས་ཇི་ལྟར་འཐོབ། །སངས་རྒྱས་ཀུན་གྱིས་གསུངས་པ་དག་།དེ་འདིར་རིམ་གྱིས་བཤད་པར་བྱ། །པུས་མོ ་གཉིས་ནི་ས་དག་ལ། །ལེགས་པར་རབ་ཏུ་བཞག་ནས་སུ། །ལུས་སྲང་ཐལ་མོ་སྦྱར་བྱས་ཏེ། །དད་པས་འདི་སྐད་བརྗོད་པར་བྱ། །སྟོན་པ་འཇིག་རྟེན་འབྱུང་གྱུར་དང། །མ་འོངས་པ་ན་འབྱུང་འགྱུར་དང། །ད་ལྟར་བྱུང་བར་གཏོགས་པ་ཉིད། །དམ་ཆོས་སྟོན་པར་མཛད་པ ་དང། །གང་ཡང་དེ་ཉིད་སྟོན་མཛད་པའི། །སངས་རྒྱས་ཀུན་ལ་བདག་ཕྱག་འཚལ། །དེ་ལ་བདག་ནི་ཉིན་མཚན་དུ། །མཆོད་ཅིང་བསྙེན་བཀུར་ལས་ཀྱི་ཕྱིར། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །གཙོ་བོས་གཞེས་པར་མཛད་དུ་གསོལ། །མཆོད་པའི་ཁྱད་པར་ཐམས་ཅད ་ཀྱང། །ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ། །ཚད་མེད་པ་ནི་ཡོངས་བཟུང་སྟེ། །ཆོས་ཀྱི་དབྱིངས་ལས་ཡང་དག་འབྱུང། །བསམ་གྱིས་མི་ཁྱབ་སྣ་ཚོགས་མཆོག་།འདས་དང་མ་འོངས་པ་ཀུན་དང། །རྡོ་རྗེ་སེམས་དཔའ་ཨི་རྣམ་འཕྲུལ་གྱིས། །འགྲོ་བའི་བླ་མ་མཆོད ་པར་བགྱི། །སྡིག་པ་རྣམས་ནི་ཀུན་འབྱུང་བ། །འགྲོ་ལ་ཕན་ཕྱིར་ཐམས་ཅད་ཀྱང། །སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བགྱི་སྡོམ་པ་སླར་ཡང་ནོད། །སངས་རྒྱས་ཀུན་གྱི་བསོད་ནམས་གང། །དེ་སྲས་བློ་གྲོས་ལྡན་པ་དང། །རང་རྒྱལ་རྣམས་དང་ཉན་ཐོས ་དག་།གང་གཞན་ལུས་ཅན་ཐམས་ཅད་ཀྱི། །སྐྱེ་བ་ཀུན་ཏུ་གང་བྱས་པ། །བདག་གི་དང་ནི་གཞན་རྣམས་ཀྱང། །ཡང་དག་དགའ་བའི་སེམས་ཀྱིས་ནི། །བསོད་ནམས་ཀུན་ལ་རྗེས་ཡི་རང། །ཕྱོགས་བཅུ་ཀུན་ན་ཡང་དག་བཞུགས། །ཆོས་ཀྱི་དེ་ཉིད་ཤིང་རྟར་བཞུགས། ་ཐུགས་རྗེ་ཆེ་དང་ལྡན་པའི་ཐུགས། །ཆོས་སྟོན་པ་ལ་མཁས་པ་རྣམས། །དེ་རྣམས་ཆོས་ནི་སྟན་པར་མཛད། །བདག་ནི་རབ་ཏུ་སྐུལ་མ་འཚལ། །འགྲོ་ཀུན་སངས་རྒྱས་གྱུར་པ་ནི། །ཐམས་ཅད་ཇི་སྲིད་གནས་གྱུར་པ། །སེམས་ཅན་ཀུན་དོན་མཛད་པ་པོ། །མགོན་པོ་དེ ་སྲིད་ཞུགས་ནས་ནི། །ནམ་ཡང་མྱ་ངན་མི་འདའ་བར། །ཐལ་མོ་སྦྱར་ནས་གསོལ་བར་འཚལ། །ལུས་ངག་ཡིད་ཀྱི་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བའམ། །རྗེས་སུ་ཡི་རང་ཅི་ཡང་རུང། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག་།སངས་རྒྱས་ཀུན་གྱི ་དཀྱིལ་འཁོར་དང། །བྱང་ཆུབ་སེམས་དཔའ་ཉིད་ལའང། །དུས་གསུམ་དུ་ནི་ཅི་ནུས་པར། །མེ་ཏོག་ལ་སོགས་རྣམས་ཀྱིས་མཆོད། །བདུད་རྩི་ལྔ་དང་བསྲེས་བྱས་པའམ། །གལ་ཏེ་མ་སྲེས་བརྟགས་པ་རྣམས། །རྟོག་ཀུན་རྣམ་གྲོལ་བདག་ཉིད་ཅན། །དམ་ཚིག་ལ ་སོགས་བཟུང་བར་བགྱི། །དེ་ཉིད་སྡུས་སོགས་རྒྱུད་རྣམས་ལས། །གསུངས་པའི་དམ་ཚིག་སྡོམ་པ་རྣམས། །སྲོག་ཆགས་གསད་བར་མི་བྱའོ། །མ་བྱིན་པར་ཡང་མི་བླང་ཞིང། །འདོད་པ་ལོག་པར་མི་སྤྱོད་ལ། །བརྫུན་དུ་སྨྲ་བར་མི་བྱའོ། །ཉེས ་པ་ཀུན་གྱི་རྩར་གྱུར་པའི། །ཆར་ནི་རྣམ་པར་སྤང་བར་བྱ། །ཕྲ་མ་དེ་བཞིན་དག་རྩུབ་དང། །ཁྱབ་པའི་ཚིག་རྣམས་སྨྲ་བ་དང། །མ་རིག་སེམས་ཅན་ལ་སྡང་དང། །ལོག་པར་ལྟ་བ་འང་ཀུན་ཏུ་སྤང། །སྔོན་དུ་སེམས་ནི་བསྐྱེད་བགྱི་ཞིང། །མྱ་ངན་འདས་ལ་བགོད་པར་བགྱི། །ཏིང ་འཛིན་ཡན་ལག་དེ་ཐམས་ཅད། །སྡོམ་པའི་མཆོག་ནི་བཟུང་བར་བགྱི། །བསོད་ནམས་ཀུན་གྱི་འབྱུང་གནས་ཆེ། །བྱང་ཆུབ་སེམས་ཀྱང་དེ་བཞིན་བསྐྱེད། །བདག་གི་སེམས་ཅན་འདི་དག་ཀུན། །ཀུན་མཁྱེན་ས་ལ་བཞག་པར་བགྱི། །འདི་ཀུན་སྡུག་བསྔལ་སེལ་མཛད ་ཅིང། །ཕུན་སུམ་ཚོགས་པ་ཀུན་སྟེར་བ། །བྱང་ཆུབ་ལམ་ནི་སྟོན་པ་པ། །ཐུགས་རྗེ་ཅན་དུ་བདག་གྱུར་ཅིག་།ལུས་ཅན་ཀུན་ལ་མཉམ་ཉིད་ཀྱི། །ཡང་དག་སེམས་ནི་ལེགས་བསྐྱེད་པ། །བྱང་ཆུབ་སེམས་སུ་འདི་ཞེས་བྱ། །གཞན་དུ་ན་ནི་ལོག་པར་འགྱུར། །གང་ཚེ་མི་མཉམ་ཉིད ་གནས་པ། །བྱང་ཆུབ་སེམས་ཤེས་དེ་མི་བྱ། །ཐོག་མཛའ་དབུས་དང་བྲལ་བ་ཡི། །ཡེ་ཤེས་དེ་ནི་སྐྱེ་མི་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་བཅས་ཀུན། །དེ་ལ་བྱིན་གྱིས་རློབ་མི་མཛད། །ལྟ་ལ་སོགས་པ་ཐམས་ཅད་ཀྱང། །དེ་བས་ཐབས་ཤེས་རྣལ་འབྱོར་པས། །སེམས ་ཅན་ཀུན་གྱི་གཉེན་གཅིག་པས། །རྣམ་པར་བསླུ་བ་མེད་པའི་སེམས། །དེས་ན་བརྟན་པས་བསྐྱེད་པར་བྱ། །འདི་བྱས་པ་ནི་རྫོགས་སངས་རྒྱས། །དགྱེས་པའི་བདག་ཉིད་ཅན་ཀུན་མཉེས། །སྟོབས་ཆེན་ཕ་རོལ་གནོན་པ་རྣམས། །བྱིན་གྱིས་རློབ་པ་རབ་ཏུ་མཛད། །བདུད་དང ་བགེགས་ལ་སོགས་པ་ཡང། །གླགས་སྐབས་ཚོལ་བར་མི་བྱེད་ཅིང། །ཕྱག་ན་རྡོ་རྗེ་ལ་སོགས་པ། །དགྱེས་པས་བརྟག་ཏུ་བསྲུང་བར་མཛད། །སྡིག་པ་ཐམས་ཅད་རྣམ་དག་པ། །མི་ཡི་སྐྱེས་བུས་ཐོབ་པར་འགྱུར། །བསོད་ནམས་ཐམས་ཅད་སྐྱེད་པ་དང། །གཞན་དུ་དེ་ཉིད ་འབྱུང་བ་ནི། །རྣམ་པ་ཀུན་ཏུ་མི་འགྱུར་རོ། །དེ་བས་ཐོག་མར་སྦྱོར་ཤེས་ཤིང། །ཡེ་ཤེས་ཐོབ་པར་འདོད་པ་དང། །ཚེ་འདི་ཉིད་ལ་གྲུབ་དོན་དུ། །འཚེ་བ་མེད་པ་ཉིད་ཕྱིར་དང། །བགེགས་རྣམས་ཐམས་ཅད་ཞི་ཕྱིར་དང། །ཚེ་དང་ནད་མེད་འཕེལ་བ་ནི། །འབྲས་བུ་འདོད་པའི ་རྣལ་འབྱོར་པས། །དེ་བས་ངེས་པར་བྱ་བ་ཡིན། །སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །སྣ་ཚོགས་རྒྱུད་དུ་བསྟན་པ་ནི། །ལམ་འདིར་གནས་པའི་རྣལ་འབྱོར་པས། །ཡར་ངོའི་ཟླ་བ་ཇི་བཞིན་དུ། །རིམ་གྱིས་ཡང་དག་འཕེལ་འགྱུར་གྱི། །ནམ་ཡང་ཟད་པར་མི་འགྱུར་རོ། །བརྩོན ་འགྲུས་དམན་པ་ལ་ཞིག་།སངས་རྒྱས་ཉིད་ཐོབ་མི་འགྱུར་ན། །འཁོར་ལོ་སྒྱུར་རྒྱལ་བདེ་བ་ནི། །སྐྱེ་བ་ཀུན་ཏུ་ཐོབ་པར་འགྱུར། །སངས་རྒྱས་ཀུན་གྱི་བསོད་ནམས་གང། །ཕྱོགས་དུས་ཀུན་ན་ཡོད་པ་རྣམས། །དེ་ཡི་བ་སྤུའི་ཁུང་གནས་ཞེས། །རྒྱལ་བ་མཆོག ་གིས་རབ་ཏུ་གསུངས། །ཡེ་ཤེས་གྲུབ་པ་ལས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་འཕེལ་བ་ཞེས་བྱ་སྟེ་ལེའུ་བརྒྱད་པའོ།། །།ཇི་ལྟར་བཤགས་པས་སྡིག་པ་ནི། །ཤིན་ཏུ་མི་བཟད་ཟད་འགྱུར་ཞིང། །དེ་བཞིན ་རྗེས་སུ་ཡི་རང་བས། །ཇི་ལྟར་བསོད་ནམས་ཡང་དག་རྫོགས། །སྲོག་གཅོད་པ་ལ་སོགས་པ་ནི། །བྱའོ་ཞེས་ནི་ཡང་དག་བཤད། །རྒྱུད་རྣམས་ལ་ལར་མིན་ཞེས་པར། །དེ་དག་ཇི་ལྟར་འགལ་མི་འགྱུར། །བདུད་རྩི་ལྔ་སོགས་ཐམས་ཅད་ཀྱང། །དེ་བཞིན་བཟའ་ ་དང་བགྲོང་མིན་སོགས། །བཏུང་མི་བྱ་སོགས་དུ་མ་རྣམས། །དེ་ཡང་ཇི་ལྟར་དགེ་བསྐྱེད་ཡིན། །བློ་དམན་སྐྱེ་བོས་རྟོགས་བྱའི་ཕྱིར། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །རྒྱུད་དང་རྒྱུད་དུ་ངེས་གསུངས་པ། །དེ་ནི་རིམ་གྱིས་བཤད་པར་བྱ། །ལས་གང་བྱ་བ་ཅི་ཡང ་རུང། །ལུས་དང་ངག་དང་ཡིད་ཀྱིས་ཏེ། །ཞི་བ་གཞན་དག་ཡོད་མིན་པས། །དེ་རྣམས་འདི་ལྟར་རྣམ་པར་དཔྱོད། །སེམས་མེད་པར་ནི་ལུས་ངག་གིས། །ཅི་ཡང་བྱེད་པར་ནུས་མ་ཡིན། །དེ་མེད་པར་ནི་ཚིག་གིས་ཀྱང། །ནམ་ཡང་ནུས་འགྱུར་མ་ཡིན་ནོ། །དེ་བས་ལུས ་དག་ལས་རྣམས་ནི། །ཡིད་དག་ཉིད་ལས་གྱུར་པ་ཡིན། །འགྲོ་བ་ཐམས་ཅད་སེམས་ཉིད་ཀྱིས། །དགེ་དང་མི་དགེ་གང་བྱེད་པ། །ཕན་དོན་གྱུར་པའི་ལས་རྣམས་གང། །ཐམས་ཅད་ལེགས་པར་སྤྱད་པར་འགྱུར། །བཟློག་པའི་བསོད་ནམས་མ ་ཡིན་ཞེས། །རྒྱལ་པོ་མཆོག་གིས་རབ་ཏུ་གསུངས། །དེ་བས་དགེ་དང་མི་དགེ་ཀུན། །སེམས་ཉིད་ཀྱིས་ནི་བྱེད་པ་དང། །སེམས་ཉིད་ཀྱིས་ནི་འཇིགས་འགྱུར་ཞེས། །འགྲོ་བའི་བླ་མས་གསུངས་པ་ཡིན། །སེམས་ཅན་གནོད་བྱས་རྫོགས་པ་ཡི། །བདག་གིས་སྡིག་པ ་ཡོངས་བཤད་པ། །ཕན་སེམས་ཡང་དག་བསྐྱེད་ནས་ནི། །ཀུན་ཏུ་བསྒྲགས་པས་བཤགས་པར་བྱ། །གནོད་པ་ཤིན་ཏུ་སྦྱར་བ་ཡིས། །སྤྲོ་ཞིང་སྔོན་ཆད་གང་བྱས་པ། །གཉེན་པོ་ཡིས་ནི་འཇིགས་འགྱུར་ཏེ། །གང་ཕྱིར་དེ་ཉིད་ཀྱིས་དེ་བྱས། །གང་ཞིག་བུམ་པ ་སྐྱེད་བྱེད་པ། །རང་ཉིད་ཀྱིས་ནི་ད་བཤིག་པ། །དེ་ཕྱིར་སྡིག་པ་ཀུན་འབྱུང་བ། །གང་ཞིག་བདག་ཉིད་ཀྱིས་འཇིག་འགྱུར། །ཕྱི་ནས་བཤགས་པར་བྱའོ་ཞེས། །རྨོངས་རྣམས་གལ་ཏེ་བྱེད་འགྱུར་ན། །དེ་ནི་བཤགས་པར་མི་རིགས་ཤིང། །སྡིག་བྱེད་དེའང་འཇིག ་མི་འགྱུར། །དེ་བཞིན་བསོད་ནམས་འཇིགས་པའང། །དེ་བཞིན་དུ་ནི་འགྱུར་བས་ན། །བསོད་ནམས་བྱས་ཀྱང་མི་དགའ་བས། །འཇིག་པར་འགྱུར་བར་ཐེ་ཚོམ་མེད། །གང་ཚེ་སེམས་ལ་མི་སྦྱིན་ཉིད། །སྦྱིན་འདོད་པ་ལ་རབ་འཇུག་པ། །སྦྱིན་དུ་ཟིན་ཀྱང་བསོད ་ནམས་ནི། །རྣམ་པ་ཀུན་ཏུ་འབྱུང་མི་འགྱུར། །ཐམས་ཅད་ལས་ནི་ལྷག་པའི་གནས། །གང་དུ་ཐམས་ཅད་འཇིག་པ་སྟེ། །བསྐལ་པ་བྱེ་བ་སྟོང་དུ་ཡང། །ཡང་དག་བསྐྱེད་པའི་བདེ་བ་ཆེ། །བྱང་ཆུབ་སེམས་ནི་བསྐྱེད་པ་ཡི། །བསོད་ནམས་ཚོགས་ནི་བསགས་པའོ། །བསྐལ ་བ་བྱེ་བར་འབྱུང་བ་ནི། །སྐད་ཅིག་ཉིད་ན་རྣམ་འཇིག་པ། །དེ་དང་འདྲ་བའི་སྡུག་བའི་མི། །གཉིས་པ་ལ་ནི་སྡང་བྱེད་པའོ། །དེ་བས་སྲུང་བའི་དོན་གྱི་ཕྱིར། །འདི་སྐད་དེ་བཞིན་གཤེགས་པས་གསུངས། །དེ་ལས་གནོད་བྱས་ཆུང་དུ་ཡང། །སྡིག་པའི་ཕུང་པོ་ཆེན་པོར་འགྱུར། །དེ ་ལས་གནོད་བྱས་ཆུང་ངུ་ཡང། །སྡིག་པའི་ཕུང་པོ་ཆེན་པོར་འགྱུར། །དེ་ལ་ཕན་བྱས་ཆུང་ངུ་ཡང། །བསོད་ནམས་ཕུང་པོ་ཆེར་འགྱུར་ཏེ། །བདེ་བ་དག་ནི་ཐམས་ཅད་ཀྱི། །ཡོན་ཏན་རྒྱ་མཚོར་གནས་ཕྱིར་རོ། །རབ་རྨོངས་བྱིས་པ་ལ་ལ་ནི། །ལུང་དང་རིགས་པ་མ ་མཐོང་བ། །རྟོག་ཉིད་སྡིག་པས་འགྱུར་ཡིན་ཞེས། །བདག་ཉིད་འཇིག་པ་པོ་རྣམས་སྨྲ། །རྟོག་དང་བྲལ་བའི་རྣལ་འབྱོར་པ། །གལ་ཏེ་སྡིག་པས་མི་གོས་ན། །ཞེ་སྡང་སྐྱེ་བའི་རྒྱུ་ལའང། །རྣམ་པར་འགྱུར་ཉིད་མི་རིགས་སོ། །འཇིག་རྟེན་པ་ཡི་ཚུལ་སྤངས་ནས། །གཞན ་དུ་ཅི་ཡང་མི་འགྱུར་ཏེ། །མགོ་དང་རྒྱུག་པར་བྱེད་པ་དང། །དེ་བཞིན་རྡོ་ཡང་བཟའ་བའི་རིགས། །རླུང་དང་གྲངས་དང་སྒོམ་སོགས་ཀྱིས། །གནོད་པ་དེ་ལ་མ་རིགས་སོ། །མཆོད་བྲུས་གནོད་པར་བྱས་ཀྱང་ནི། །སྐྱོ་བ་ཉེ་བར་སྐྱེ་མི་འགྱུར། །གལ་ཏེ་རང་གི་བྱ་བ་ལ། །ཆགས ་སོགས་དྲངས་ཏེ་སྤང་དཀའ་བ། །རྣམ་པར་མི་རྟོག་རབ་རྟོགས་པ། །དེ་ལྟར་གཞན་དུ་དེར་མི་འགྱུར། །མ་སྐྱེས་པ་ནི་ཟིན་མིན་ཏེ། །འདི་ནི་སྡིག་པའི་ལས་ཅན་གྱིས། །ཁྲོ་དང་ང་རྒྱལ་ལྡན་པ་ཡི། །སྡིག་པ་ཡོངས་སུ་དག་མི་འགྱུར། །ལྷ་ཉིད་ཀྱིས་ནི་དེ་ཐམས་ཅད།། ་བྱས་སོ་ཞེས་ནི་རབ་རྟོག་ན། །སྔོན་ཉིད་འདི་ནི་བྱུང་བ་ལ། །ཇི་ལྟ་བཞིན་དུ་བྱས་པ་ཡིན། །ལྷ་ཉིད་ཀྱིས་ནི་བྱས་ཞེས་པ། །ཡོངས་སུ་རྟོག་པ་ལོག་པ་ཡིན། །གང་ཕྱིར་ཆགས་པས་ཟིལ་གནོན་པའི། །བྱ་བ་ཉིད་ནི་བྱེད་འདོད་དོ། །རྗེས་སུ་ཡི་རང་ལ་སོགས་ཀུན། །ཐམས་ཅད ་སེམས་ནི་ཁོ་ན་ལས། །བསོད་ནམས་ཚོགས་དང་ལྡན་པར་ནི། །བློ་དང་ལྡན་པར་ཤེས་པར་བྱ། །ལུས་ངག་བཅས་པའི་དམན་པ་ནི། །བསོད་ནམས་དེ་ལ་སྤྱོད་མི་འགྱུར། །དྲག་པོའི་སེམས་ནི་གཅིག་ཅིག་གི་།བསོད་ནམས་སངས་རྒྱས་གང་གསུངས་པ། །སྲོག་གཅོད ་ལ་སོགས་ལས་རྣམས་གང། །ཆགས་པ་རྒྱ་ཆེ་བ་ཡི་སེམས། །ཐམས་ཅད་དགེ་མིན་མི་འགྱུར་ཏེ། །བསོད་ནམས་སྙིང་རྗེ་ལས་བྱུང་ཡིན། །གཞན་ཕྱི་ནི་ལས་རྣམས་གང། །སྙིང་རྗེ་ཅན་གྱི་གང་བྱས་པ། །དེ་ཀུན་བསོད་ནམས་ཡིན་ཞེས་ནི། །འགྲོ་བའི་བསམ་པ་རྫོགས ་མཛད་གསུངས། །སྙིང་རྗེ་བསམ་པ་གདོལ་བ་ལ། །བཀག་པ་རྣམས་ཀྱང་རྗེས་གནང་གི་།རང་གི་དོན་ལ་རྗེན་འགྱུར་ཞིང། །ལུས་ཅན་སྙིང་རྗེ་བྲལ་བ་མིན། །བསོད་ནམས་བྱས་ཀྱང་གནོད་པའི་ཕྱིར། །སྐྱེ་བོ་འགའ་ལ་རྣམ་སྡང་བ། །དེ་ནི་སྡིག་པ ་ཉིད་འགྱུར་ཞེས། །རྒྱལ་བ་མཆོག་གི་རབ་ཏུ་གསུངས། །གང་འདི་དགེ་དང་མི་དགེ་རྣམས། །བྱང་ཆུབ་སེམས་དཔའ་ཀུན་རྟོགས་པས། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་རྣམས་ཡིད་དབང་ཡིན། །ཡེ་ཤེས་གྲུབ་ལས་བསོད་ནམས་དང་སྡིག་སྐྱེད་པ་དང ་འཇིག་པ་ཡོངས་སུ་ཤེས་པའི་ལེའུ་སྟེ་དགུ་པའོ།། །།བདུད་རྩི་ལྔ་ནི་མི་ཤེས་ཕྱིར། །སེམས་ནི་ཡང་དག་སྦྱང་ཕྱིར་དང། །གླང་པོ་ཤ་སོགས་ཀྱང་དེ་བཞིན། །རྣལ་འབྱོར་པ་ནི་རྒྱལ་བས་གསུངས། །སྲོག་ཆགས་ཐམས་ཅད་བསད་ནས་ནི། །བ?་རུ་ཟིན ་ཀྱང་སངས་མི་རྒྱས། །སེམས་དང་བྲལ་བའི་སེམས་ཅན་རྣམས། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། །ཐམས་ཅད་ཀྱང་ནི་གང་བའི་ཕྱིར། །རེ་ཞིག་ལུས་ལ་གཙང་བ་མེད། །དྲི་འཛག་ཟ་བ་ལ་ལ་ནི། །དེས་ནི་ཐམས་ཅད་ཀྱིས་མ་ཟོས། །ཇི་ལྟར་འོ་མ་ལ་སོགས་ཀུན། །ལུས ་ཅན་འདི་དག་ཐམས་ཅད་ཀྱིས། །བཟའ་དང་བཟའ་མིན་རབ་གྲགས་པ། །རང་གི་སེམས་ལ་ཡོད་མ་ཡིན། །ཟས་དང་གོས་ལ་སོགས་པ་ཀུན། །མི་གཙང་བར་ནི་རབ་ཤེས་ན། །གང་ཕྱིར་ཆུ་ལ་ཡོངས་དག་པས། །དེ་རྣམས་འདི་ན་རབ་ཏུ་འཇུག། ཆག་གྱི་ཚོགས་ནི་འབབ ་པ་ཡི། །སྨད་པ་ཐམས་ཅད་བཀྲུ་བ་དང། །འབྲུ་སྣ་ཐམས་ཅད་བསྐྱེད་ནས་ནི། །དེ་ནས་རྒྱ་མཚོར་འབབ་པར་འགྱུར། །མི་གཙང་རྣམས་དང་ལྡན་པ་ཡི། །ཆུ་ཡི་ཀླུ་ཡིས་བླངས་ནས་སུ། །ཆུ་ནི་གང་དང་གང་ཡིན་པ། །ཐམས་ཅད་དེ་བཞིན་ཆར་དུ་འབབ། །རྫིང་བུ་ལ་སོགས ་ཀུན་རྒྱས་ཤིང། །ཐམས་ཅད་ཀྱིས་ནི་ཐམས་ཅད་འཁྲུད། །དེ་བས་གཙང་དང་མི་གཙང་སོགས། །ཐམས་ཅད་འདིར་ནི་ཡོད་མ་ཡིན། །གཙང་བ་ཉིད་ནི་ཡོད་འགྱུར་ན། །མི་གཙང་ཉིད་ནི་འབྱུང་བར་འགྱུར། །དག་པ་མེད་པས་མི་གཙང་ཉིད། །རྣམ་པ་ཀུན་ཏུ་མི་རྙེད་དོ། ་དཔེར་ན་ཕ་རོལ་ཚུལ་རོལ་བཞིན། །དེ་ནི་ཕན་ཚུན་ལྟོས་པ་སྟེ། །གཙང་དང་མི་གཙང་ལ་སོགས་རྟོག་།རྟོག་འདི་འཇིག་རྟེན་པ་ཡི་ཡིན། །ཡེ་ཤེས་གྲུབ་པ་ལས་གཙང་བ་དང་མི་གཙང་བར་རྟོག་པ་ལས་གྲོལ་བ་སྟེ་ལེའུ་བཅུ་པའོ།། །། ་ཇི་ལྟར་རྣལ་འབྱོར་བ་རྣམས་ཀྱིས། །བགྲོད་མིན་པ་ལ་བགྲོད་གྱུར་པ། །ཡང་དག་རྗེས་མེ་སྣང་འགལ་བ། །ད་ནི་རྣམ་པར་དཔྱད་པར་བྱ། །འདི་ལྟར་ལུས་ཅན་ཐམས་ཅད་ནི། །སེམས་ལས་སྐྱེ་དང་འཇིག་པ་སྟེ། །དེ་ཡང་ལས་རྣམས་དབང་ཉིད་ཀྱིས། །སྲིད་དང་? ་ཐམས་ཅད་དུ། །ཕ་དང་མ་ཡང་བུར་འགྱུར་ཅིང། །བུ་དང་མ་ཡང་ཕར་འགྱུར་ལ། །བྲན་མོ་ཆུང་མ་འང་ཕར་འགྱུར་ཞིང། །ཆུང་མ་ཡང་ནི་མ་རུ་འགྱུར། །དེ་ལ་སོགས་པའི་ཚུལ་རྣམས་ནི། །ཤིན་ཏུ་རྒྱ་ཆེ་དུ་མར་ནི། །སྲིད་པར་བཟོད་ནས་གྱུར་ཏེ་ཞེས། །རྡོ་རྗེ་སེམས ་དཔས་གསུངས་པ་ཡིན། །དེ་ལྟར་གནས་ཤིང་འཁོར་བར་ནི། །ཡུན་རིང་དུས་སུ་འཇུག་པ་དང། །ཕ་དང་མར་ནི་མ་གྱུར་པའོ། །སེམས་ཅན་གང་ཡང་ཡོང་མ་ཡིན། །དེ་བཞིན་བུ་མོ་ལ་སོགས་ཀུན། །འགྲོ་བ་དྲུག་ཏུ་སྟོན་བྱུང་ནས། །དེ་བས་སྙིང་རྗེ་ཆེན་པོ་ནི། །བྱ ་ཞེས་རྒྱལ་བའི་མཆོག་གིས་གསུངས། །དེ་བས་རྡོ་རྗེ་སེམས་དཔའ་སོགས། །མགོན་པོའི་མཆོག་ནི་དེ་རྣམས་ཀྱིས། །རྣལ་འབྱོར་བ་ཡི་སེམས་སྦྱང་ཕྱིར། །བུ་མོ་ལ་སོགས་རྗེས་སུ་གནང། །རྟོག་པའི་ཆུས་ནི་གལ་བ་ཡི། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །རྡོ་རྗེ ་ཐེག་ལམ་ཞེན་པར། །སུ་ཞིག་ཕ་རོལ་འགྲོ་བར་འགྱུར། །ལོག་པའི་ཤེས་པ་ཐམས་ཅད་ནི། །ལུང་དང་རིགས་པ་ལེགས་ལྡན་པས། །ཉེས་པ་ཀུན་གྱི་འབྱུང་གནས་ནི། །དེ་རྣམས་རིམས་ཀྱིས་བཀག་པ་ཡིན། །ཡེ་ཤེས་གྲུབ་པ་ལས་བགྲོད་པ་དང་བགྲོད་པ་མ ་ཡིན་པ་དང་བྲལ་བ་སྟེ་ལེའུ་བཅུ་གཅིག་པའོ།། །།རྡོ་རྗེ་ཐེག་པ་རབ་རྟོགས་ཕྱིར། །རྣལ་འབྱོར་པ་ནི་མཆོག་དོན་དུ། །རྣལ་འབྱོར་རྒྱུད་གསུངས་དཔེ་དང་ནི། །རིག་པས་ཀྱང་ནི་དེ་བཤད་བྱ། །གཟུགས་སྐུ་ལ་སོགས་དངོས་རྣམས་ནི། །དེ་ཉིད་ངོ་བོ་ཇི ་བཞིན་མིན། །དེ་བཀག་སྔར་ནི་བྱས་ཟིན་པས། །དེ་བས་གཟུགས་མེད་དཱུང་གནས། །ཉེས་པ་ཀུན་ཏུ་ཐལ་འགྱུར་བས། །དངོས་པོ་དེ་ཉིད་འགྱུར་མ་ཡིན། །སྡུག་བསྔལ་ཀུན་གྱི་འབྱུང་གནས་མཆོག། མེད་པ་དེ་ཡང་དེ་ཉིད་མིན། །དངོས་དང ་དངོས་མེད་དེ་ཉིད་མིན། །གཞན་དུ་གྱུར་པའང་རྣམ་སྤངས་ཡིན། །དེ་བས་ཕྱོགས་ཡོད་རིགས་མིན་ཏེ། །དེ་ཚེ་ཀུན་མཁྱེན་འགྱུར་མ་ཡིན། །ཡང་དག་ཡེ་ཤེས་རིག་པ་ལས། །ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང། །འགྱུར་བ་མེད་པ་ཉིད་དང་ནི། །ཀུན་མཁྱེན་ཉིད་ནི་དེ་ཡི་འགྲུབ། །གཟུགས? ་ཅན་ཁྱབ་པ་ཉིད་དང་སྟེ། །དེ་བས་རྡོ་རྗེ་སྐུ་མ་ཡིན། །དེ་ལ་མི་འགྱུར་ཡིད་མིན་པས། །ཐམས་ཅད་མཁྱེན་པར་འགྱུར་མ་ཡིན། །རིམས་ཀྱིས་ཤེས་གང་ཅི་ཡང་རུང། །འདི་ནི་ཐམས་ཅད་རྟོག་མིན་ཏེ། །ཤེས་བྱ་རྣམས་ལ་ཆེད་མེད་པས། །ཀུན་མཁྱེན་དུ་ནི་འདི་མི ་འདོད་དོ། །གང་ཞིག་ཤེས་བྱར་རབ་བཤད་པ། །ཕྱོགས་ཀྱི་ཚ་ནི་གཅིག་པུར་ཉིད། །འདི་ནི་བསྐལ་པ་སྟོང་ཕག་དག། བྱེ་བས་ཀྱང་ནི་ཤེས་མི་འགྱུར། །གལ་ཏེ་སྐྱེས་ནས་འཇིག་འགྱུར་ན། །དེ་བས་བསྐྱེད་པར་བྱ་བ་མིན། །ཤིན་ཏུ་གནས་པའི་ཡེ་ཤེས་ཉིད། འཁྲུད? ་པ་ཙམ་ཞིག་རྣམ་པར་འཇིག་།གང་ཞིག་འགྲོ་དང་འོད་འགྱུར་བ། །དེ་ལ་ཁྱབ་པ་ཡོད་མ་ཡིན། །གཡོ་ཞིང་ཕྱོགས་གཅིག་ལ་གནས་པས། །དེ་ནི་འཇིག་པར་ཐལ་བར་འགྱུར། །གང་ཞིག་ཁ་དོག་མེད་གྱུར་ཆོས། །ང་ནི་གང་གིས་འཇིག་པར་འགྱུར། །མཚོན་དང་དུག? ་མེ་དང་ཆུ། །གནོད་པ་བསྐྱེད་པར་མི་འགྱུར་རོ། །ནམ་མཁའ་ཀུན་ནས་གནས་བདག་ཉིད། །མི་འགྱུར་མཁའ་དང་མཚུངས་པ་སྟེ། །ཉོན་མོངས་མེད་ཅིང་འགྱུར་མེད་ལ། རྣམ་པ་ཐམས་ཅད་དུས་ཀུན་ལ། །གང་ཞིག་དུས་ཀུན་པ་མིན་པ། །དེ་ཡང་ཀུན་མཁྱེན་འགྱུར་མ་ཡིན། །དེས ་དུས་རྣམས་ཀུན་ཏུ་ཡང། །འགྱུར་བ་མིན་པར་ཤེས་པར་བྱ། ལུས་ཅན་དག་ནི་ཐམས་ཅད་ལ། །ཡེ་ཤེས་ཆེ་གནས་ཉིད་ཡིན་ནའང། །མི་ཤེས་རབ་རིབ་ཀྱིས་ཁེབས་པའོ། །བྱིས་པ་རྨོངས་པས་མི་ཤེས་སོ། །ཇི་ལྟར་ཁྱི་ནི་བོད་བ་ལ། །སྙེག་ཅིང་འཕེན་པར་བྱེད་ལ་མིན། །དེ ་བཞིན་སེམས་ཀྱིས་གང་བསམ་བྱ། །སྙེག་གི་སེམས་ཉིད་ལ་མ་ཡིན། །གང་ཞིག་སེམས་ཀྱི་བསམ་བྱ་ཡང། དེ་ཉིད་ལའང་ངས་རྟོག་གི། སེམས་ཉིད་དེ་ཉིད་ཇི་འདྲ་ཞེས། །སེམས་པ་ལ་ནི་འཇུག་མི་བྱེད། །ཡེ་ཤེས་གྲུབ་པ་ལས་དེ་ཉིད་གནས་པ་བཞག་པ་ཞེས་བྱ་བ་སྟེ་ལེའུ ་བཅུ་གཉིས་པའི།། །།ཤིན་ཏུ་རྨོངས་པའི་འཇིག་རྟེན་རྣམས། །གལ་ཏེ་གཞན་གྱི་རབ་བསྐུལ་ན། །ཐར་པའི་དོན་དུ་བདག་གི་བདག། གཡང་སར་ཡང་ནི་འདོད་པར་མཛད། །རྨོངས་པར་གྱུར་པ་མང་པོ་ཡང། །སྤྱོད་པ་དག་ནི་འདི་འདྲ་བས། །བདེ་གཤེགས ་ལམ་ནི་ཀུན་སྤངས་ཏེ། །དམྱལ་བའི་ལམ་ནི་སྟེན་པ་སྣང། །ལོང་བའི་མི་ནི་ལ་ལ་ཞིག་།གཞན་དག་ལ་ནི་ལམ་སྟོན་བྱེད། །གང་དང་གང་བརྟགས་དེ་དང་དེ། །འདྲི་བར་བྱེད་རྣམས་དེ་མི་འདྲི། །གལ་ཏེ་རྨོངས་པའི་དབང་གིས་ལམ། །མི་མཐོང་དེ་ནི་སྟོན་བྱེད་ཀྱང། །སྡིག ་ཅན་གྱི་ནི་ལམ་དེ་ཡིས། །བགྲོང་བ་ཉམས་པ་ཐོབ་པར་འགྱུར། །རང་ཉིད་ཀྱི་ལམ་མི་མཐོང་བར། །ཇི་ལྟར་ཤིན་ཏུ་གཞན་བདག་འདྲེན། །ལོང་བ་གཉིས་ནི་འགྲོགས་འགྱུར་ན། །གཉི་གས་སྡུག་བསྔལ་ཐེ་ཚོམ་མེད། །ཇི་ལྟར་དམུས་ལོང་བྱ་བ་ཡི། །འབྲོག་དག་ཏུ ་ནི་ཞུགས་གྱུར་པ། །གཉིས་ཀའང་དེ་འདྲ་ལ་ལ་ཞིག་།ཇི་ལྟར་གྲོང་དུ་འཇུག་པར་འགྱུར། དེ་བཞིན་དམུས་ཡོང་གྱུར་པ་དེས། །ཡང་དག་ཡེ་ཤེས་མ་མཐོང་བས། །གནས་དེ་ཐོབ་པར་མི་ནུས་ན། །ཇི་ལྟར་དེ་ནི་གཞན་གྲོལ་བྱེད། །དེ་བས་བླ་མ་བསྟེན་པ་ནི། །ཡང་དག ་དང་ལྡན་སློབ་མ་ཡིས། །ཡོངས་སུ་བརྟགས་པར་བྱའོ་ཞེ། །རྒྱལ་བའི་མཆོག་གིས་རབ་ཏུ་གསུངས། །དཀོན་མཆོག་གསུམ་ལ་དང་གིས་དང། །སེམས་ཅན་ཀུན་ལ་སྙིང་རྗེར་ལྡན། །བརྟན་ཞིང་གཏོང་སོགས་ཡོན་ཏན་ལྡན། །བསོད་ནམས་ཐམས་ཅད་ཆེར་བསྐྱེད་ལ། །བྱང ་ཆུབ་སེམས་ནི་ཡང་དག་བསྐྱེད། །བློ་བཟངས་རབ་དང་ཡོན་ཏན་ལྡན། །ཁྲོ་བ་མེད་ཅིང་སྤྲོ་བ་ཆེ། །ཟབ་མོའི་ཆོས་ལ་ལྷག་པར་མོས། །དེ་ནི་ཆོས་ཀྱི་སྦྱིན་པ་དག་།ཟང་ཟིང་མེད་ལ་རྟག་པར་དགའ་། །དེ་ནི་རྟག་ཏུ་འདོད་པ་ཆུང། །ཚོགས་གཉིས་ཡང་བདག་བསགས་པ་པོ།། ་དེ་ནི་བླ་མར་སངས་རྒྱས་དང། །རྡོ་རྗེ་འཛིན་བཅས་ཀུན་གྱིས་གསུངས། །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི། །སྟོན་པ་འཇིག་རྟེན་འདྲེན་པ་ཡིན། །གང་གཞན་བླ་མར་བཤད་པ་དག་།ལོག་ཤེས་མངོན་པའི་ང་རྒྱལ་ཅན། །ཆགས ་སོགས་དོན་དུ་ཆོས་རྣམས་ནི། །མཆོག་དག་སྟོན་པར་བྱེད་འགྱུར་བ། །འགྲོ་བའི་སྡིག་པའི་གྲོགས་པོ་རུ། །འཇིག་རྟེན་ན་དེ་རབ་ཏུ་གནས། །བདུད་ཀྱི་ཕྱོགས་ཀྱི་རིགས་ཅན་ཏེ། །བདག་གཞན་ཕུང་བར་བྱེད་པ་ཡིན། །འགྲོ་སྟེ་རྟག་ཏུ་སྤང་བྱ་ཞིང། །དེ་ལ་བསྙེན ་བཀུར་བྱ་བ་མིན། །དེ་ལ་ཁོང་ཁྲོ་མི་བྱ་ཞིང། །ཤིན་ཏུ་ཉེ་བར་མི་བྱའོ། །ཇི་ལྟར་ཉན་ཐོས་རྣམས་དང་ནི། །ལྷན་ཅིག་བདེ་གཤེགས་བཞེད་མིན་ལྟར། །དེ་བཞིན་དེ་འདྲ་དང་ལྷན་ཅིག་།གནས་པར་ཤིན་ཏུ་མི་བྱའོ། །ཡེ་ཤེས་གྲུབ་པ་ལས་སློབ་དཔོན་གྱི་མཚན་ཉིད་ཀྱི ་ལེའུ་སྟེ་བཅུ་གསུམ་པའོ།། །།སྔར་བཤད་པ་ཡི་མཚན་ཉིད་ལས། །སློབ་དཔོན་དུ་ནི་བཤད་པ་ཡིན། །སློབ་མ་ཡིས་ནི་མཚན་ཉིད་ཀྱང། །ཇི་ལྟར་གྱུར་པ་བཤད་པར་བྱ། །ཇི་ལྟར་འགའ་ནི་གྲུར་ཞུགས་པ། །སྐྱ་བ་འཛིན་ལ་ལེགས་སློབ ་ན། །མཚོ་ཆེན་ཕ་རོལ་འགྲོ་འགྱུར་ཞིང། །གཞན་དུ་ཕ་རོལ་བགྲོད་མི་འགྱུར། །དེ་བཞིན་བླ་མ་དཀོན་མཆོག་གསུམ། །བྱང་ཆུབ་སེམས་ལའང་དང་ལྡན་ཞིང། །འཇིག་རྟེན་ལ་ནི་སྙིང་རྗེར་ལྡན། །འདི་ནི་གྲུ་ཞེས་བྱ་བར་བཤད། །བླ་མ་མཁས་པ་སྐྱ་པ ་འཛིན། །གྲུ་ནི་ཐམས་ཅད་རང་སྟོན་པ། །འཁོར་བའི་ཕ་རོལ་འགྲོ་རྣམས་ལ། །རྡོ་རྗེ་སེམས་དཔས་གསུངས་པ་ཡིན། །སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ནི་ཕ་རོལ་བགྲོད་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྟོགས་ཀྱང། །བླ་མ་མེད་པར་སྲིད་མཐར་མིན། །དེ་བས ་ངེས་པ་ཉིད་དུ་འདི། །བརྟུལ་ཞུགས་བརྟན་པས་དེ་བཞིན་དུ། །ཕྱི་ནང་བདག་ཉིད་ཅན་རྣམས་ཀྱི། །རྟག་ཏུ་རྣལ་འབྱོར་པ་མཆོད་བྱ། །ཕྱག་ལ་སོགས་པའི་བྱ་བ་ཀུན། །དུས་རྣམས་ཀུན་ཏུ་རབ་ཏུ་བྱ། །ཤེས་རབ་དད་པར་ཡང་དག་ལྡན། །སྐྱེ་བོ་རྣམས་ལ་སྙིང་རྗེར་ལྡན ་ཁྲོ་བ་མེད་ཅིང་སླུ་བ་མེད། །གཏོང་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །སྤྲོ་ཆེན་རང་གི་བརྩོན་འགྲུས་ལྡན། །རྟག་ཏུ་བླ་མའི་བཀའ་བཞིན་བྱེད་པ། །མ་བསྒོ་ཡང་ནི་རང་གི་བློས། །ཡོ་བྱད་ལ་སོགས་དངོས་པོ་རྣམས། །ཅི་སྙེད་པ་དང་ཅི་ནུས་དང། །དེ་བཞིན་བཟའ་དང་བཅའ་སོགས ་དབུལ། །ཇི་ལྟར་བརྙས་པར་གྱུར་ཀྱང་ནི། །ཡིད་ནི་ཞུམ་པ་མེད་པར་བཟོད། །ལུང་དང་རིགས་པ་རྟོགས་པ་པོ། །སློབ་མ་ཡོན་ཏན་ཀུན་ལྡན་ཡིན། །མི་རྟོག་པ་ཡི་རང་བཞིན་ཅན། །གང་ཡང་འདྲི་བ་མེད་པ་ནི། །རློབ་པར་བྱ་བ་མི་ནུས་ཞེས། །སངས་རྒྱས་ཉིད་ཀྱིས་རབ ་ཏུ་གསུངས། །ཇི་ལྟར་བྱིས་བ་འདག་གོང་གིས། །ཇི་དགའ་བར་ནི་འཕེན་པ་ལྟར། །དེ་བཞིན་གང་ཞིག་གཞན་དབང་གྱུར། །དམ་པ་ཆོས་ཀྱི་སྣོད་མ་ཡིན། །ཡེ་ཤེས་གྲུབ་པ་ལས་སློབ་མའི་མཚན་ཉིད་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་ད ་དེ་ཉིད་ཇི་ལྟ་བར། །རིག་པར་བཅས་པས་སྔར་བཤད་པ། །དེ་ཉིད་རྒྱུད་ཀུན་ལ་གནས་པ། །དེ་རྣམས་ལས་ནི་ཅུང་ཟད་བཤད། །འཇིག་རྟེན་ན་ནི་རྐུན་མའི་སྒྲ། །འབྲས་ཅན་དོན་དུ་སྟོན་པར་བྱེད། །ལ་ལ་རྐུན་མ་ཉིད་ལ་སྨྲ། །རྒྱུད་ཀྱང་དེ་དང་འདྲ་བ་ཡིན། །སེམས་ཅན ་ཕན་མཛད་སངས་རྒྱས་རྣམས། །མཆོག་དང་འབྲིང་དང་ཐ་མལ། །ཡི་གེ་དེ་དང་དེ་ཡི་བསྟན། །ཆོས་ནི་དེ་ཉིད་གསུང་བར་མཛད། །དེ་ཉིད་འབའ་ཞིག་གསུང་བ་དང། །དེ་བཞིན་ལ་ལ་ཚིག་གཉིས་དང། །དབང་པོ་གཞན་པ་འགའ་ལ་ཆོས། །འགའ་ཞིག་གསུང ་གི་གཞན་དུ་མིན། །དཔལ་ལྡན་གསང་བ་འདུས་པ་ལས། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་གསུངས་ཏེ། ཐོག་མ་ཐ་མ་མེད་ཅེས་བྱ་བ་ནི་སྐྱེ་བ་དང་འཇིག་པ ་མེད་པ་སྟེ། །འདིས་ནི་ཁྱབ་པ་ཉིད་དང། གཟུགས་ཅན་མ་ཡིན་པ་ཉིད་དང། མི་འགྱུར་པ་ཉིད་དང། དུས་ཐམས་ཅད་པ་ཉིད་དུ་ཡང་སྟོན་ཏེ། ཕྱོགས་ན་གནས་པ་དང། གཟུགས་ཅན་དང། འགྱུར་བ་དང་དུས་རྒྱུན་ཆད་པ་རྣམས་ནི། རྣམ་པར་འཇིག་པ་ཡིན ་པའི་ཕྱིར། གལ་ཏེ་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་ཡུལ་ན་གནས་པར་འགྱུར་ན། འཇིག་པ་ཉིད་དུ་འགྱུར་ཏེ། དཔེར་ན་གླ་རྩི་ལ་སོགས་པ་དྲི་ཞིམ་པ་རྣམས་ནི་གཟུགས་ཅན་མ་ཡིན་ནའང་ཡུལ་ན་གནས་པ་གླ་རྩི་ལ ་སོགས་པ་འམ། དེས་བསྒོས་པའི་རྫས་རྣམས་མེད་ན། རྣམ་པར་འགྱུར་པས་འཇིག་པར་འགྱུར་རོ། །ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ནི་བློ་བུར་བ་ཡིན་པའི་ཕྱིར་རབ་ཏུ་ཞི་བའོ། །སྔར་བཤད་པའི་ཡོན་ཏན་དང་ལྡན་པས་ན། དེ་ཉིད་དངོས་དང་དངོས ་མེད་ཟད་པའི་གཙོ་བོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དོན་རྣམས་རྫོགས་པར་མཛད་པའི་ཕྱིར་གཙོ་བོ་འམ་བདག་པོའོ། །སྟོང་པ་དང་སྙིང་རྗེ་མི་ཕྱེད་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་སྟོང་པ་ཉིད་དེ་དང། ཐུགས་རྗེ་ཆེན་པོ་མི་ཕྱེད་ཅིང་གཅིག་ཏུ་གྱུར་པའི་སེམས་གང་ཡིན་པ་དེ་ནི་སྙིང་རྗེ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་རྒྱལ་པོ་འདི་ཉིད་ལ་རབ་ཏུ་བཞག་པར་བྱ་ཞིང། བདེ་བའི ་ཡོ་བྱད་ཐམས་ཅད་ཀྱིས་ཕན་གདགས་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པའི་བསམ་པའོ། །འདི་སྐད་སྟོན་པར་གྱུར་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པའི་རྣལ་འབྱོར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ལྷན་ཅིག་ཕན་ཚུན་ཁྱབ་པ་དང ་ཁྱབ་པར་བྱེད་པའི་ངོ་བོ་ཉིད་ཀྱི་གནས་ཤིང་སངས་རྒྱས་ཀྱི་མཛད་པ་མཛད་པས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་གཅེས་པར་འཛིན་པར་རྟོགས་པ། བྱང་ཆུབ་སེམས་རྡོ་རྗེ་ཞེས་བྱ་བའི་དོན་ཏེ། འདིས་ནི་བསྒོམ་པ་ཡང་དེ་ལྟར་བྱའོ་ཞེས་སྟོན་པ་ཡིན་ནོ། །བྱང ་ཆུབ་སེམས་ཞེས་བྱ་བ་ནི། རྣལ་འབྱོར་གྱི་རྒྱུད་མ་ལུས་པ་རྣམས་ལས་དགོངས་པ་འདི་ཉིད་ཡིན་ནོ། །ལས་དང་པོ་པ་རྣམས་ལ་ཡང་བྱང་ཆུབ་སེམས་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་པར་བྱའོ་ཞེས་བྱ་བའི་སེམས་ཡིན ་པར་གསུངས་སོ། །ཡང་དེ་ཉིད་ལས་སངས་རྒྱས་ཀུན་ཞེས་བྱ་བ་ནི། །འདུས་པ་འདྲེས་པར་བཤད་པ་ཡིན་ཞེས་གསུངས་སོ། །གཟུགས་ཅན་རྣམས་ནི་ཐོག་མ་དང་ཐ་མ་མེད་པ་མི་སྲིད་པས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་ཅན་ཡིན་ཏེ། དེ་རྣམས་ཀྱི་འདྲེས་པ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཏེ། རྡོ་རྗེ་འཆང་བ་ཉིད་ཡིན་པར་སྟོན་གྱི་གཞན་དུ་ན་གཟུགས་ཀྱི་སྐུ་ཇི་ལྟར་འདྲེས་པར་འགྱུར། རྡུལ་ཕྲ་རབ་ཙམ་གྱི་ཚད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་འདྲེས་ན་ཡང་རབ་ཏུ་གང་ཞིང་དེ་བས་ལྷག་པར ་འགྱུར་ཏེ། ཐམས་ཅད་ཀྱི་སྒྲས་ནི་མ་ལུས་པའི་ཚིག་ཡིན་པས་ཉུང་དུས་ཀྱང་འདྲེས་པར་མི་རིགས་སོ། །ཡང་དེ་ཉིད་ལས། བསྐྱེད་པ་ཡིས་ནི་རིམ་ཉིད་དང། དེ་བཞིན་རྫོགས་པའི་རིམ་པ་སྟེ། །རྫོགས་པ་ཞེས་བྱ་བ། །ཡང་དག་ཡེ་ཤེས་དེ་ཉིད་དེ། །མ་བཅོས་པ་ཞེས ་བྱ་བ་ཉིད། །དེ་ཉིད་ལས་ནི་ཡང་དག་བཤད། །གང་གིས་ཐོག་མཛའ་མེད་པའི་དངོས། །རྣམ་དག་ཡིད་ཀྱིས་བསྒོམ་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །ལེའུ་དང་པོ་ལས་དེ་ནས་ནམ་མཁའ་ཨི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ ་བོར་གནས་པར་གྱུར་ཏོ་ཞེས་གསུངས་པ་དང། ཡང་མ་སྐྱེས་པའི་ཆོས་རྣམས་ལ། །དངོས་པོ་མེད་དེ་བསྒོམ་པའང་མེད། །ནམ་མཁའ་ཨི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་འདི་དག་རབ་ཏུ་བསྒྲགས། །ཡང་ཆོས་རྣམས་རང་བཞིན་འོད་གསལ་བའི། །གཟོད་ནས་དག་པ་མཁའ་ ་དང་མཚུངས། །བྱང་ཆུབ་མེད་ཅིང་རྟོག་པའང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་པ་དང། ལེའུ་དགུ་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་སྟེ། ཆོས་ཐམས་ཅད་ནམ་མཁའ་ཨི་ཁོངས་སུ་གཏོགས་པའོ། །ཆོས ་དེ་དག་ཐམས་ཅད་ཀྱང། འདོད་པའི་ཁམས་ནའང་མི་གནས། གཟུགས་ཀྱི་ཁམས་ནའང་མི་གནས། གཟུགས་མེད་པའི་ཁམས་ནའང་མི་གནས་འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ་དེ ་བཞིན་གཤེགས་པ་རྣམས་ཀྱི་ནི་དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང། སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་ནས་ཆོས་འཆད་དོ། །རིགས་ཀྱི་བུ་དེ་ལྟར་ནམ་མཁའ་ཨི་ཚིག་ངེས་པར་བརྗོད་པས། དེ་བཞིན་གཤེགས་པའི་དམ་ཚིག་དེ་དག་རྗེས ་སུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གཙུབ་ཤིང་དང་གཙུབ་སྟན་དང་མིའི་ལག་པ་སྐྱོད་པའི་རྐྱེན་གྱིས་དུ་བ་རབ་ཏུ་བྱུང་ཞིང། མེ་ཆེན་པོ་འབྱུང་བར་འགྱུར་མོད་ཀྱི། མེ་དེ་ཡང་གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པ་བསྐྱོད་པ་ལ་ཡང་མི་གནས་སོ། ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་འགྲོ་བ་དང་འོང་བ་ལ་སོགས་པ་རྗེས་སུ་རིག་པར་བྱའོ། །ལེའུ་བཅུ་པ་ལས། ལུས་ངག་སེམས་རྣམས་བསྒོམ་པ་ནི། །རྣམ་པར་མི་རྟོག་མི་དམིགས་པ། །གང་ལའང་མི་གནས་མཉམ་པ་ཉིད། །སྐུ ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །ལེའུ་བཅུ་གཉིས་པ་ལས། །ནམ་མཁའ་ཨི་ཁམས་དང་མཉམ་གྱུར་ཅིང། །རྣམ་པར་མི་རྟོག་ངོ་བོ་ཉིད། །རང་བཞིན་དག་པའི་ཆོས་རྣམས་ལ། །རོལ་མོ་འདི་དག་རབ་ཏུ་བསྒོམ། །ལེའུ་བཅུ་དྲུག་པ་ལས། རྡོ་རྗེ་ཐིག་ནི་གདབ་པ་དང། །ཚོན་རྩི་དག་ཀྱང ་དགྱེ་བ་ནི། །སྔགས་ཀྱི་སེམས་དཔའ་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པ་དཀའ་ཞེས་གསུངས་ཏེ། དཀྱིལ་འཁོར་ཐིག་གདབ་དང་ཚོན་རྩི་དགྱེ་བ་ལ་སོགས་པ་མི་བྱའོ། །སྔགས་ཀྱི་སེམས་དཔའ་ཞེས་བྱ་བ་ནི། ཡིད་སྐྱོ་བར་བྱེད་པར་བྱ་བའི་ཕྱིར་སྔགས་ནི་ཡེ་ཤེས་ཡིན་ཏེ། ཡང་དག ་པའི་ཡེ་ཤེས་མཐོང་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྨོངས་པས་དེ་ལྟར་བྱེད་ན་ནི་བྱང་ཆུབ་རྙེད་པར་དཀའ་བར་འགྱུར་ཏེ། བྱིས་པའི་སྐྱེ་བོ་ལས་དང་པོ་སེམས་ཅན་གྱི་བྱ་བ་བྱེད་པས་སངས་རྒྱས་ཉིད་དང། རྡོ་རྗེ་འཛིན་པ་ཉིད་རྙེད་པར་དཀའ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ་ཡང་དག་པའི་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་ནི་དཀྱིལ་འཁོར་བྲི་བ་དང། འཇུག་པ་དང་དབང་བསྐུར་བ་ལ་སོགས་པ་ནི་བཀག་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཨི་སྣང་བ་ཡིས། །རང་རང་ངོ་བོ་གསལ་བས་ན། །དེ་བཞིན་གཤེགས ་པའི་ཡེ་ཤེས་དང། །རྣམ་སྣང་མཛད་དུ་དེ་བཤད་དོ། །སྐྱེ་བོ་མི་འདོད་པ་ཀུན་དང། །ལོག་ཤེས་སློབ་དཔོན་སྐྱེ་བོ་ཡིས། །མི་བསྐྱོད་པ་ཡི་ངོ་བོ་བས། །འདི་ནི་མི་སྐྱོད་ཡང་དག་བཤད། །གང་ཕྱིར་ངེས་པར་སངས་རྒྱས་སོགས། །རིན་ཆེན་རྣམས་ནི་རང་འབྱུང་ཉིད།། ་ཡེ་ཤེས་སེམས་ཅན་དོན་ལྡན་པས། །རིན་ཆེན་འབྱུང་ལྡན་ཞེས་བཤད་དོ། །མི་གནས་པ་ཡི་མྱ་ངན་འདས། །སྲིད་དང་མྱ་ངན་འདས་མ་གོས། །གྲངས་མེད་ཡོན་ཏན་ཡང་དག་ལྡན། །འོད་དཔག་མེད་པར་དེ་བཤད་དོ། །སེམས་ཅན་ཀུན་དོན་བྱ་བ་རྣམས། །རང་ཉིད ་ཀྱིས་ནི་རང་བསྒྲུབས་པས། །དོན་ཡོད་ཡེ་ཤེས་ཆེན་པོ་སྟེ། །དོན་ཡོད་གྲུབ་པ་ཞེས་བཤད་དོ། །ཕྲ་བ་དང་ནི་རྒྱ་ཆེའི་ཚུལ། །འཇིག་རྟེན་གསུམ་པོ་ཡོངས་མཁྱེན་ཅིང། །ཞིང་རྣམས་ཀུན་ནས་གནས་གཟིགས་པས། །དེས་ན་སྤྱན་ཞེས་བཤད་པ་ཡིན། །དེ་བཞིན ་གཤེགས་ཀུན་ཡེ་ཤེས་ནི། །ཉིད་ཀྱི་ཉིད་ཀྱི་ཐུགས་སུ་ཆུད། །ཕན་ཚུན་དུ་ནི་ཁྱབ་ཉིད་པས། །དེས་ན་མཱ་མ་ཀཱིར་བཤད་དོ། །ཀུན་མཆོག་དེ་བཞིན་གཤེགས་པ་ནི། །ཉེས་པ་ཀུན་སེལ་ཡེ་ཤེས་ནི། །སེམས་ཅན་ཡང་དག་སྦྱོར་བར་བརྩོན། །གོས་དཀར་མོ་ཞེས་བྱ ་བར་བཤད། །ཐུགས་རྗེ་ཆེན་པོས་རྟག་ཏུ་ནི། །འགྲོ་བ་འདོན་པའི་དགོངས་པ་ནི། །སེམས་ཅན་སྒྲོལ་བ་མཁས་པས་ན། །ཡེ་ཤེས་སྒྲོལ་མར་རབ་བཤད་དོ། །ཁམས་གསུམ་པ་ལ་སོགས་པ་ནི། །སངས་རྒྱས་ཡེ་ཤེས་ཉེར་ལོངས་སྤྱོད། །འདོད་པའི་ལོངས་སྤྱོད ་ཐམས་ཅད་ནི། །སྤྱན་ལ་སོགས་པར་རབ་ཏུ་བཤད། །ཀུན་མཆོག་དེ་བཞིན་གཤེགས་པ་ཡི། །བསོད་ནམས་འཇིགས་པ་ལས་གྲོལ་བས། །རབ་གདུག་འདུལ་བའི་ཡེ་ཤེས་ཏེ། །དེ་བས་གཤིན་རྗེ་གཤེད་དུ་བཤད། །ལོག་པའི་ཤེས་པ་རྣམ་སེལ་བའི། ་རྨོངས་པའི་སེམས་ཅན་རབ་སྟོན་ཅན། །ཡང་དག་ཡེ་ཤེས་རབ་མཆོག་སྟེ། །ལྡན་པས་ཤེས་རབ་མཐར་བྱེད་བཤད། །འགྲོ་བ་ཀུན་གྱི་དགའ་བ་རྣམས། །རྣམ་པར་བརྟགས་ཤིང་མི་འཛིན་ལ། །སྲིད་པ་དྲི་མེད་ཐུགས་ཆུད་པས། །དེས་ནི་པདྨ་མཐར་བྱེད་བཤད། །བགེགས ་སོགས་པ་ལས་རྣམ་གྲོལ་བདག་།ཡེ་ཤེས་ཀུན་དོན་བསྒྲུབ་པ་པོ། །སངས་རྒྱས་ཀུན་གྱི་རང་བཞིན་འགྲུབ། །དེས་ན་བགེགས་ནི་མཐར་བྱེད་བཤད། །ཤེས་དང་ཤེས་བྱ་ཟད་གྱུར་པ། །སྙོམས་པར་ཞུགས་པ་ཞེས་བཤད་དོ། །སྲིད་གསུམ་མངོན ་ཕྱོགས་ཡེ་ཤེས་ནི། །ཆགས་སོགས་གསུམ་ནི་སྦྱོང་བ་སྟེ། །སངས་རྒྱས་སུན་གྱི་རང་བཞིན་དག་།ཞལ་གསུམ་དུ་ནི་དེ་ཡོངས་བཤད། །གཙང་ཞིང་རྣམ་དག་ངོ་བོ་པས། །སྐུ་མདོག་དཀར་པོ་རབ་ཏུ་སྟོན། །སྦྱིན་པ་ཀུན་ཀྱང་སེར་པོ་ཉིད། །དམར་པོ་དག་ཏུ་ཐུགས་རྗེས་མཚུངས།། ་དཀོན་མཆོག་གསུམ་ལ་གནོད་བྱེད་སོགས། །འདུལ་བར་མཛད་པར་བརྩོན་གྱུར་པ། །འགྲོ་བའི་དོན་ནི་མཛད་པའི་མཆོག་།ཡེ་ཤེས་དེ་ནི་ནག་པོར་བཤད། །སྣ་ཚོགས་ཐབས་ནི་རྣམ་དག་གང། །སྐུ་མདོག་ལྗང་གུར་རབ་ཏུ་བཤད། །གང་ཕྱིར་གཟུགས་སོགས་སྐྱེ་མཆེད ་རྣམས། །འདི་ནི་རབ་ཏུ་སྤྱོད་མཛད་དེ། །དེས་ནི་དེ་བཞིན་གཤེགས་ཡེ་ཤེས། །ཐུགས་ཆུད་ཕྱག་ནི་དྲུག་པར་བཤད། །བྱང་ཆུབ་སེམས་ནི་རྡོ་རྗེ་འགྱུར། །ཤེས་རབ་དྲིལ་བུ་ཡིན་པར་བཤད། །འཁོར་ལོ་མི་ཤེས་ཡང་དག་གཅོད། །རིན་ཆེན་དེ་པས་ཀྱང་རྙེད་དཀའ་། །སྲིད་པའི ་ཉེས་པས་མ་གོས་ཕྱིར། །ཡེ་ཤེས་དེ་ནི་པདྨར་བཤད། །རལ་གྲི་ཉོན་མོངས་དགྲ་ངེས་གཅོད། །ུཏཔལ་སྟེང་དུ་གྱུར་བ་སྟེ། །འཁོར་བའི་ཆུར་ནི་ནུབ་པ་ཡི། །ཤེས་པ་གང་ཕྱིར་སྐྱེས་པས་སོ། །སངས་རྒྱས་རྗེས་གནང་སེམས་ཅན་རྣམས། །རྡེག་པས་ཐོ་བ་ཡིན ་པར་བཤད། །དཔྱིག་པས་ཆད་པ་འདུལ་བ་སྟེ། །ཡེ་ཤེས་འགྲོ་བ་འདུལ་བ་པོ། །པདྨ་སྐྱེས་པ་རྣམ་དག་ཕྱིར། །རྣམ་རྟོག་དྲི་མ་སྤྱོད་བྱེད་པའོ། །ཕན་ཚུན་ཁྱབ་པ་བྱེད་པའི་ཕྱིར། །སྣ་ཚོགས་རྡོ་རྗེ་ཡིན་པར་བཤད། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་བཙུན་མོའི་བྷ་ག་ལ་བཞུགས་ཏེ་ཞེས་པ་ལས། འདི་སྐད་བདག་གིས་དུས་གཅིག་ཁོ་ནའི་ཚེ་ན་ཐོས་ཏེ། བཅོམ་ལྡན་འདས་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང ་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་བཙུན་མོ་སྟེ། མི་ཕྱེད་པའི་ཡེ་ཤེས་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་འཇིག་པས་བྷ་ག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་དེ་རྣམས་ལ་བཞུགས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕན་ཚུན་ཁྱབ་པར་བྱ་བ་དང་ཁྱབ་པ་པོར་གྱུར་པ་རྣམས་སུ་རྣལ་འབྱོར་པའི་ཡེ་ཤེས་དེའི་ནང་དུ་ཆུད་པ་ཡིན་ནོ།། ་ཐམས་ཅད་ཉིད་དོ་ཞུགས་སོ་ཞེས་བྱ་བ་ནི། དེ་ཡང་ཡེ་ཤེས་ཐམས་ཅད་ལ་རིམ་གྱིས་མི་བཞུགས་ཏེ། ཅིག་ཅར་ཉིད་དུ་ཡེ་ཤེས་ཐམས་ཅད་ལ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ ་སེམས་དཔའ་ཚད་མེད་པར་འདོད་པ་དང་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱང་ཚུལ་འདི་ཉིད་ཀྱིས་བཞུགས་སོ་ཞེས་བྱ་བར་དགོངས་སོ། །རྒྱུད་ཀྱི་རྒྱལ་པོ་དེ་ཁོ་ན་ཉིད་འདུས་པ་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར ་སེམས་བརྟན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ། །དེ་ནས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་སྐྱེད་ཅིང། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་བྱ་སྙམ། །བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་སྒྲུབ་པར་བགྱི། བཀའ་སྩལ་བར་གསོལ། དེ་བཞིན་གཤེགས་ ་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རང་གི་སེམས་ལ་རྟོག་ཅིང་མཉམ་པར་གཞོག་ལ། རང་བཞིན་གྱིས་གྲུབ་པའི་སྔགས་ནི་ཅི་དགར་བཟླས་ཤིང་སྒྲུབ་པར་གྱིས། སྭ་ཙིཏྟ་བེ་ཏཾ་ཀ་རོ་མི། བྱང་ཆུབ་སེམས་དཔའ་ཆེན ་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་གདའ་བར་འཚལ་བ་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བས་ན་ཟླ་བ་ལྟ་བུ་སྟེ། ་ཟླ་བའི་དཀྱིལ་འཁོར་ནི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དེ་ཉིད་དོ། །དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་རིམས་ཀྱིས་རྫོགས་པར་འགྱུར་ཏེ། དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་བསམ་པ་རིན་པོ་ཆེ་ཡང་རྫོགས་པར་འགྱུར་རོ། །དཔེར་ན་ཟླ་བའི ་དཀྱིལ་འཁོར་ནི་གློ་བུར་གྱི་དྲི་མ་རྣམས་དང་བྲལ་ཞིང། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་དང་བྲལ་བས་རིམ་གྱིས་རྫོགས་པར་སྣང་ངོ། །དེ་བཞིན་དུ་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཀྱི་རིན་པོ་ཆེ་ཡང་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མའི་ནག་ནོག་དང ་བྲལ་ཞིང། སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་སྣང་ངོ། །གཉིས་སུ་མེད་པར་མཉམ་པར་རྣམ་པར་རྒྱལ་བ་ལས་ཀྱང། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། །ཡང་ལེའུ་དགུ་པ་ལས། དངོས་པོ་དུ་མར་མ་གོས་པ། དེ་ཉིད་ཅེས་བྱ་དེ་བསྒོམས ་བ། །སངས་རྒྱས་སྐུ་ཡི་ཆོ་ག་ཞེས། །དེ་བཞིན་ཉིད་དུ་ཉེ་བར་སྤྱོད། །གཞན་དུ་སྔགས་ལ་སོགས་པ་ཀུན། །དགེ་བ་གྲུབ་པར་མི་འགྱུར་རོ། །ཡང་ལེའུ་བཅུ་གསུམ་པ་ལས། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི། །དེ་ཉིད་ཤེས་པའི་དཀྱིལ་འཁོར་ཏེ། །འདི ་ནི་དེ་ཉིད་སྒྲུབ་པ་ཡིན། །ཡིད་བཞིན་ནོར་བུ་ལྟ་བུར་བཤད། །ཟླ་གསང་ནོར་བུའི་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་ཏེ། ཡན་ལག་ཀུན་བསྒོམ་ལས་འདས་ཤིང། །རྟོག་དང་བརྟག་བྱ་རྣམ་སྤངས་ལ། །གུག་སྐྱེད་ཐིག་ལེ་ཡང་དག་འདས། །འདི་ནི་དཀྱིལ ་འཁོར་དམ་པ་ཡིན། །ཡང་དེ་ཉིད་ལས། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།དེ་ཉིད་དངོས་པོ་ཐམས་ཅད་ཀྱིས། །ཐམས་ཅད་དུ་ནི་ཡང་དག་བཞུགས། །ཡང། བྱང་ཆུབ་སེམས་ལས་མ་གཏོགས་པའི། །བདེ་གཞན་སྲིད་པ ་གསུམ་ན་མེད། །བྱང་ཆུབ་སེམས་དངོས་བདེ་བ་ནི། །བདེ་བ་ཐམས་ཅད་སྐྱེད་བྱེད་པའོ། །འདུས་པའི་དམ་ཚིག་གི་དེ་ཁོ་ན་ཉིད་ལས་བསྟན་ཏེ། །ང་ཡང་འདོད་དང་གཟུགས་མཆོག་ཏུ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ངས་ཀྱང་ཆོས་ཀྱི་སྐུ་མཆོག་ཏུ། །སངས ་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །འདྲ་དགྱེས་བཅོམ་ལྡན་རྟག་པར་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གང་ཕྱིར་དེ་རྣམས་སྐྱེས་པས་ན། །འདི་ནི་དེ་ཉིད་ཡིན་པར་འདོད། །ཡང། སེམས་དཔའ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔར་དེ་བཤད་དོ། །དེ་ཡི་སེམས ་དཔའ་ཐོག་མཛའ་མེད། །རྡོ་རྗེ་སེམས་དཔའ་དགའ་ཆེན་ཡིན། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །སངས་རྒྱས་བྱང་ཆུབ་ཁམས་གསུམ་པ། །མི་རྒྱུ་ཐམས་ཅད་འདི་ཡིན་ནོ། །རྡོ་རྗེ་ཆེན་པོ་མཆོག་ཆེན་པོ། །རྒྱུ་བ་སེམས་ཀྱི་འདུས་བྱས་ཏེ། །ཀུན་མཛད་ཐམས ་ཅད་འདི་ཡིན་ནོ། །སྒྱུ་འཕྲུལ་དྲ་བ་ལས་ཀྱང་གསུངས་ཏེ། །ཡེ་ཤེས་མིག་གཅིག་དྲ་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ལེའུ་བདུན་པའི་བྱང་ཆུབ་སེམས་དཔའ་ཨི་ལེའུ་ལས། ཆོས ་རྣམས་སྐྱེ་བ་མེད་པ་སྟེ། །འགྱུར་བ་མེད་ཅིང་གནས་པ་མེད། །རྟོག་དང་བྲལ་བའི་ཚུལ་སྤངས་འདི། །བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས། །ཡང་དེ་ཉིད་ལས། ཆོས་རྣམས་རང་བཞིན་འོད་གསལ་བས། །གཟོད་ནས་དག་ཅིང་རྟོག་པ་མེད། །སེམས་ཅན་མེད་ཅིང་སྲོག ་ཀྱང་མེད། །སངས་རྒྱས་ཉིད་ཀྱང་བྱང་ཆུབ་སེམས། །དཔལ་རྡོ་རྗེ་དཀྱིལ་འཁོར་གྱི་རྒྱན་ལས་གསུངས་པ། ཐམས་ཅད་དུ་ནི་ཁམས་ཀུན་དང་སེམས་ཅན་ཀུན་ལ་ཐམས་ཅད་དུ། །ལུས་ཀུན་ལ་ནི་མཉམ་པར་ཁྱབ། །སེམས་ཅན་ཁམས་བཞིན་ཡང་དག་གནས། །ཟག ་པ་མེད་ཀྱང་བསམ་མི་ཁྱབ། །དྲི་མེད་ང་མེད་རང་བཞིན་དང། །སྟོང་དང་མཁའ་དང་མཉམ་ཉིད་དང། །དངོས་དང་དངོས་མེད་རྣམ་སྤངས་པའོ། །ཐོག་མ་ཐ་མ་མེད་ཞི་བའོ། །ཆོས་ཀུན་གྱི་ནི་དབང་ཕྱུག་སྐུ། །གཟུགས་རྣམས་ཀུན་གྱི་འབྱོར ་པ་སྟེ། བདེན་པ་གཉིས་ལ་ཡང་དག་གནས། །མཆོག་ཡིན་དམ་པའི་དོན་གྱིས་ན། །དེ་ནི་ཆོས་ཀྱི་སྐུ་ཞེས་བཤད། །དབང་པོ་ཀུན་དང་རྣམ་ཤེས་དང། །སེམས་ཅན་ཀུན་ལས་ཡང་དག་ཏུ། །ཡིད་དང་རྣམ་ཤེས་ཞེས་བཤད་ཅིང། །ཤེས་རབ་བློ་དང་བློ་གྲོས་ལྡན། །ལྷག ་མཐོང་ཀུན་མཁྱེན་ཡེ་ཤེས་ནི། །ཤེས་བྱ་ཉོན་མོངས་ཐར་པ་ཉིད། །རྟག་དང་ཆད་པའི་མཛའ་ལས་གྲོལ། །མཛའ་གཉིས་དག་ནི་རྣམ་པར་སྤངས། །ཀུན་རྫོབ་དང་ནི་དོན་དམ་ལས། །དེ་ནི་རྣམ་པ་གཉིས་སུ་བརྟག་།དཔེར་ན་བུད་ཤིང་ལ་གནས་ཏེ། །མེ་ཡི་ས་བོན་ཀུན་ཏུ ་གནས། །དཔེར་ན་ཏིལ་ལ་ཏིལ་མར་དང། །བུ་རམ་ཤིང་ལ་ཁུ་བར་བརྟག་།དཔེར་ན་མེ་ཏོག་ལ་དྲི་དང། །དཔེར་ན་ཞོ་ལ་མར་སར་བཞིན། །ཀུན་ཏུ་སེམས་ཅན་ཐམས་ཅད་དང། །རྒྱུ་བ་དང་ནི་མི་རྒྱུ་དང། །གཟུགས་དང་གཟུགས་མེད་རྟོག་པ་ལ། །ཕྱག་རྒྱ་ཆེན་པོ་རབ ་ཏུ་གནས། །ཡང། ཡེ་ཤེས་འདི་མི་འཇིགས་པ་དང། །མི་བཟད་པ་དང། མི་གཡོ་བ་དང། བཟོད་མ་ནས་དག་པ་དང། དྲི་མ་མེད་པ་དང། འོད་གསལ་བ་དང། བརྗོད་དུ་མེད་པའོ་ཞེས་གསུངས་སོ། །བདེ་མཆོག་གི་རྒྱུད་ལས་ཀྱང་གསུངས་ཏེ། །གཟུགས ་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །སེམས་ལས་རྣལ་འབྱོར་ལྷར་འགྱུར་རོ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །དེ་བས་ཐམས་ཅད་བདག་འབྱོར་པས། །སངས ་རྒྱས་ཐམས་ཅད་ཐོབ་པར་འགྱུར། །མཐོང་བ་དང་ནི་རེག་པ་དང། །ཐོས་པ་དང་ནི་དྲན་པས་ཀྱང། །དེ་ནི་སངས་རྒྱས་ཐམས་ཅད་དང། །མཐོང་ཞིང་མཚང་བ་བྱས་པར་འགྱུར། །འདི་དང་སངས་རྒྱས་ཐམས་ཅད་ལ། །མཐོང་བ་དང་ནི་རེག་པ་ཡི། །དཀྱིལ་འཁོར་དག ་ཏུ་མ་ཞུགས་དང། །བདེ་བ་དག་ཀྱང་མཐོང་བས་ན། །མཐོང་བ་དང་ནི་རེག་པ་དང། །ཐོས་པ་དང་ནི་དྲན་པ་ཡིན། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང། །སངས་རྒྱས་དངོས་གྲུབ་ཐམས་ཅད་འགྲུབ། །འདི་དག་སངས་རྒྱས་ཐམས་ཅད་ལ། །རྣལ་འབྱོར་ཐམས་ཅད་མཉམ ་སྦྱོར་བའི། །བུད་མེད་དག་ཀྱང་རྣམ་གྲོལ་ཞིང། །སངས་རྒྱས་བྱང་ཆུབ་རེག་པར་འགྱུར། །ཀུན་ཏུ་ཀུན་ནས་ཐམས་ཅད་ཀུན། །བདག་ཉིད་རྣམ་པ་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་དངོས་གྲུབ་པར། །དེ་ཡིས་བདག་ཉིད་མཐོང་བར་འགྱུར། །འདི་ཡི་བདག་ཉིད ་ཀུན་གནས་པ། །མཆོད་པའི་སྤྲིན་ཆེན་ཐམས་ཅད་ཀྱི། །བཀོད་པའི་རབ་འབྱམས་མཆོག་དག་གིས། །དེ་བཞིན་གཤེགས་པ་མཆོད་པར་མཛད། །རྣལ་འབྱོར་ཀུན་གྱི་ལོངས་སྤྱོད་ཀྱིས། །ཇི་ལྟར་བདེ་བ་བསྟེན་བྱེད་ཅིང། །རང་གི་ལྷ་མི་རྣལ་འབྱོར་གྱིས།། ་བདག་ཉིད་རབ་ཏུ་མཆོད་པར་བྱ། །ཡང་སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །སྣ་ཚོགས་འདུལ་བའི་བདག་ཉིད་ནི། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །གཞན་པ་ཐམས་ཅད་སྒྲུབ་པར་བྱ། །གང་ཕྱིར་རྡོ་རྗེ་སེམས་དཔའ་མཆོག་།ཐོག་མཛའ་མེད་པའི་སེམས་དཔའ་ནི། །སངས་རྒྱས་ཕྱག ་རྒྱའི་བརྡའ་ཡིས་ནི། །སྐལ་བཟངས་ཤེས་ནས་རྣམ་པར་གྲགས། །ཡང། ཆོ་ག་སྣ་ཚོགས་འདོད་རྣམས་ལ། །ལས་ཀྱི་སྦྱོར་བ་སྣ་ཚོགས་ཀྱིས། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །གདུལ་བའི་ཕྱིར་ནི་བྱས་པ་ཡིན། །དཔལ་མཆོག་དང་པོ་ལས་ཀྱང། །གསང ་བའི་པདྨའི་ཚོགས་མཐོང་བ་ལ་སོགས་པ་ནི་གཞུང་མངས་ཀྱིས་དོགས་ནས་མ་བྲིས་སོ། །ཡེ་ཤེས་གྲུབ་པ་ལས་གསུངས་པའི་དེ་ཁོ་ན་ཉིད་ཀྱི་ཡི་གེའི་ཚོགས་ངེས་པར་བསྟན་པ་སྟེ་ལེའུ་བཅོ་ལྔ་པའོ།། །།དེ་ལྟར་ཤེས་མཆོག་ཐམས ་ཅད་ནི། །བཅས་པ་ཡང་དག་བསྒོམ་པ་ནི། །ཤིན་ཏུ་དྲག་པོའི་བདག་ཉིད་ཅན། །སྐྱེ་བ་གཅིག་གིས་འགྲུབ་པར་འགྱུར། །ཐབས་དང་སྙིང་རྗེའི་རྩེ་བ་ཅན། །བྱང་ཆུབ་སེམས་ནི་ལེགས་བསགས་ལ། །སེམས་ཅན་ཀུན་ལ་སྙོམས་པ་དང། །དཀོན་མཆོག་གསུམ་མི ་དད་པས་མཆོད། །སྟོང་ཉིད་མངོན་དུ་ཡེ་ཤེས་ཤིང། །འདོད་པ་ཀུན་ལས་ཆགས་བྲལ་ཞིང། །ལོངས་སྤྱོད་རྣམས་ཀྱང་མཆོད་པའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་འཆང། །ཕྱག་ལ་སོགས་པ་རྣམ་དག་ནི། །བསྔོ་བའི་བར་དུ ་བྱ་བ་ནི། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྙིང་རྗེ་ལ་སོགས་རབ་ཏུ་གསུངས། །དེ་ལྟར་ཐབས་ཤེས་རྣལ་འབྱོར་པ། །སངས་རྒྱས་ཀུན་འདྲ་གཉིས་པ་ཡིན། །དེ་ལ་འཚོ་བ་ཅུང་ཟད་ཀྱང། །རྟག་པར་ཀུན་ཏུ་ཡོད་མ་ཡིན། །སྔགས་དང་ཕྱག་རྒྱའི་སྦྱོར ་བ་ཡིས། །གང་ཞིག་བསྲུང་བར་ཡོངས་བསྒྲགས་པ། །སངས་རྒྱས་ཀུན་དང་དེ་སྲས་ཀྱིས། །ལུང་ཀུན་ཏུ་ནི་ངེས་གསུངས་པ། །སངས་རྒྱས་སྲས་བཅས་དེ་རྣམས་ཀྱིས། །བསྐལ་པ་བྱེ་བ་བརྒྱ་བར་དུ། །བསྲུང་བ་མཛད་པ་གང་ཡིན་པ། །དེ་ནི་ཡེ་ཤེས་དེ་བསྒོམ་པའི ་སྤྱོད་ལམ་བཞི་དང་ལྡན་པ་རུ། །བསྒོམ་པ་རུ་ནི་གསུངས་པ་ཡིན། །བདེ་བ་ཐམས་ཅད་སྟེར་བྱེད་པའི། །རྣལ་འབྱོར་བ་ཡི་གནས་མ་གསུངས། །རྣལ་འབྱོར་སྨྱུང་ལ་མི་གནས་ཤིང། །གཅེར་བུ་རྣམ་རྟོག་དག་པ་མིན། །སྣ་ཚོགས་རྟོགས་ལས་རྣམ་གྲོལ ་བདག་།རྣལ་འབྱོར་མཆོག་གི་བདག་ཉིད་བསྒོམ། །ལུས་དང་ཡིད་ཀྱི་སྡུག་བསྔལ་དང། བསྐལ་བ་བྱེ་བར་མི་བྱའོ། །བདེ་བ་ཀུན་དང་ཡང་དག་ལྡན། །འགྲུབ་པར་འདི་ཉིད་ཐེ་ཚོམ་མེད། །སེམས་ཅན་ཐམས་ཅད་སྐྱེ་བ་ནི། །འགྲོ་དྲུག་ལས་ཡོད་གཞན་ཡོད་མིན། །དེ་བས ་གང་དཱུང་གཟུང་བྱ་མིན། །ཁྱད་པར་སྤྱན་ནི་རྙེད་མི་འགྱུར། །གནས་དང་ཡུལ་དང་ཁྱིམ་དང་ནི། །གླེགས་བམ་སྐུ་ཡི་གཟུགས་བརྙན་ལ། །འཛིན་པ་ཀུན་ལས་རྣམ་གྲོལ་བའི། །རྣལ་འབྱོར་པ་རྣམས་སངས་རྒྱས་བསྔགས། །ཡེ་ཤེས་གྲུབ་པ་ལས་ཐབས་ངེས ་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་དག་ཡེ་ཤེས་ཡང་དག་བསྐྱེད། །རྣལ་འབྱོར་པ་ནི་རྟག་གསལ་འདེབས། །ཁམས་གསུམ་པ་ཡི་ཕྱག་བྱས་པས། །དབང་བསྐུར་བ་ནི་རབ་སྦྱིན་བྱ། །ཡོ་བྱད་ཀུན་དང་ཉེར་ལྡན་ཞིང། །མོས ་པས་ཐམས་ཅད་ལེགས་བསགས་པས། །ཡོན་ཏན་ཀུན་གྱི་གནས་གྱུར་པའི། །རྡོ་རྗེ་སློབ་དཔོན་མཆོག་མཉེས་བྱ། །བཟའ་དང་བཅའ་ལ་སོགས་པ་ཡིས། །དཀྱིལ་འཁོར་ཡང་དག་མཆོད་བྱས་ལ། །ཐལ་མོ་སྦྱར་བ་བྱས་ནས་བརྗོད། །ཐུགས་རྗེའི་བདག་ཉིད་དྲིན ་ཅན་གྱིས། །ཡང་དག་ཡེ་ཤེས་མཆོག་ཐོབ་སྟེ། །རང་རིག་པ་ཡི་ངོ་བོ་ལ། །བདག་ནི་ཤིན་ཏུ་ངེས་པ་སྐྱེས། །གཉིས་མེད་ཡེ་ཤེས་འདི་ཉིད་ནི། །འགྲོ་བ་གཞན་ལ་ཡོད་མ་ཡིན། །ཆོས་ཀྱི་བདུད་རྩི་འདི་འཐུང་ཕྱིར། །བླ་མ་ཆེ་ལ་གསོལ་བ་འདེབས། །སེམས ་ཅན་ཀུན་གྱི་བྱ་བ་ནི། །ཅི་ནུས་པར་ནི་བདག་བགྱིད་ཅིང། །ལྟོས་མེད་ཆོས་ཀྱི་སྦྱིན་པ་ནི། །བདག་ཉིད་ཇི་ལྟར་སྩོལ་འགྱུར་བ། །དབང་བསྐུར་བ་ཡི་རིན་ཆེན་མཆོག་།གལ་ཏེ་དྲིན་གྱིས་ཐོབ་འགྱུར་བ། །བདག་གིས་ལེགས་པར་འཚལ་ལགས་ན། །འཇིགས་པ ་མེད་པའི་བཀའ་དྲིན་གསོལ། །གལ་ཏེ་འགྲོ་བ་ཤེས་རབ་ལྡན། །བླ་མས་ཀྱང་ནི་དགའ་བ་ཡིས། །སངས་རྒྱས་ཀུན་གྱིས་རྗེས་གསུངས་པ། །དེ་ལྟར་རབ་ཏུ་སྦྱིན་པར་བྱ། །བཅོམ་ལྡན་ཐུགས་རྗེ་ལྡན་པ་ཡིས། །གསུང་གི་དོན་ཀུན་ཕུན་ཚོགས་པས། །ཆོས་ཀྱི་རྒྱལ ་པོ་དབང་བསྐུར་གསོལ། །དབང་བསྐུར་བ་ནི་བླ་མེད་ཡིན། །དེ་ནས་ཉིན་ཞག་ངེས་བྱས་ཏེ། །སློབ་མ་ལ་ནི་ཚིག་བསྒོ་བ། །དེ་ནས་ཉིན་ཞག་གང་གི་ཚེ། །བུ་མོ་ཐམས་ཅད་རྫོགས་པ་ཡི། །ཡིད་དུ་ངེས་པར་གྱུར་པས་ན། །དེ་བས་སེམས་ནི་བརྟན་པར་གྱིས། །ཇི ་ལྟར་གངས་དཀར་མི་འགྱུར་བ། །བློ་གྲོས་ཆེན་པོ་དེ་ལྟར་གྱིས། །དེ་ནས་ཉིན་ཞག་ངེས་ཐོབ་པ། །སངས་རྒྱས་ཐམས་ཅད་རབ་ཏུ་མཆོད། །འཕགས་པ་དགེ་འདུན་མཆོད་བསྟོད་ནི། །ཡོན་དང་བཅས་པ་སྦྱིན་པར་བྱ། །ཚོགས་ཀྱི་སྟོན་མོ་རྒྱ་ཆེན་དང། །ཁྱད་པར་བུ་ནི་བླ་མ ་ལ། །མགོན་མེད་ལ་ཡང་ཅི་ནུས་སྦྱིན། །ཆོ་ག་ཐམས་ཅད་ཀུན་ཏུ་སྤྱད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །བླ་མ་ལ་ནི་ཡོན་དབུལ་ཞིང། །ཀུན་ཏུ་སྣ་ཚོགས་བླ་མ་ལ། །ཡོན་དབུལ་བ་ནི་དམ་པ་འགྲུབ། །གང་ལ་གང་ནི་བཏང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ ་ཡིན། གང་དང་གང་ནི་སྡུག་པའི་མཆོག་།ཡང་ན་ཤིན་ཏུ་ཁྱད་པར་ནི། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་བཟང་འདོད་པས་དབུལ། །ཡང་ན་དེ་བཞིན་འདོད་འགྱུར་བར། །འོན་ཏེ་སེམས་ལ་དགོས་པ་དག་།དེ་བཞིན་ཡང་ན་དགོས་པ་བྱ། །དེ ་ནི་ཆུང་ཡང་མཆོག་ཡིན་ནོ། །གལ་ཏེ་དེ་ལ་མཆོག་ཡོད་ལ། །དེ་ལ་ངན་པའི་ཡོན་ཕུལ་ན། །ཀུན་གྱི་སློབ་དཔོན་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །འདི་ནི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་གི་ཡིན་ནོ། །བདག་ཉིད་ཀྱང་ནི་ཕུལ་ནས་སུ། །སླར་ཡང་རིན་གྱིས་སླུ་བ་ནི།། ་སྣ་ཚོགས་རྒྱུད་དུ་གསུངས་པ་ཡིན། །ཡོན་ནི་བླ་ན་མེད་པ་ཡིན། །དེ་ནས་སངས་རྒྱས་ཀུན་དབང་བསྐུར། །རྒྱུད་རྣམས་ཀུན་ཏུ་སྦས་པ་ཡིན། །སངས་རྒྱས་ཀུན་དངོས་རྣལ་འབྱོར་ནི། །ཐམས་ཅད་ཡང་དག་བདེ་བ་སྐྱེད། །སེམས་ཅན་ཀུན་གྱིས་མ་རྟོགས་པ། །འཇིག་རྟེན་མགོན ་པོས་གསུངས་པ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །སྐུ་དང་གསུང་ནི་ཐམས་ཅད་འདུས། །དེ་ལྟར་གཉིས་ཀ་ཤེས་ནས་ཀྱང། །བྱིན་གྱིས་བརླབས་པ་བརྗོད་པར་བྱ། །འདི་དག་ཐམས་ཅད་ཡིད་དང་ནི། །ལུས་དང་ངག་ལས་ཡང་དག་འབྱུང། །སངས ་རྒྱས་ཀུན་གྱི་བྱིན་བརླབས་ཕྱིར། །རྗེས་གནང་དེ་ལ་སྦྱིན་པར་བྱ། །རྡོ་རྗེ་འཛིན་པ་ཀུན་གྱི་ཕྱིར། །རྫོགས་སངས་རྒྱས་ཀྱི་དབང་བསྐུར་ཞིང། །འདས་དང་མ་འོངས་རྣམས་དང་ནི། །རྡོ་རྗེ་འཛིན་ཀུན་གྱིས་ཀྱང་ངོ། །ང་ནི་བློ་གྲོས་ཆེན་པོ་ཁྱོད། །སངས་རྒྱས་ཀུན་དང་སྐུ་གཅིག ་སྟེ། །ཆོས་དང་ཟང་ཟིང་སྦྱིན་པ་ཡིས། །སེམས་ཅན་རྗེས་སུ་བཟུང་བར་གྱིས། །ཅི་ནུས་པར་ནི་དཀོན་མཆོག་གསུམ། །བདེ་བ་སྐྱེད་པར་བསྲུང་བར་བྱ། །རྡོ་རྗེ་སེམས་དཔའ་ཨི་བྱ་བ་ནི། །སངས་རྒྱས་ཀུན་གྱིས་ངེས་གསུངས་ཏེ། །རྡོ་རྗེའི་འཛིན་མཆོག་ཁྱོད་ཀྱིས་ནི། །བརྙས ་པ་དག་ཀྱང་མི་བྱའོ། །ཡང་བ་ནི་མ་སྤངས་པས། །དུས་བྱས་ཤིན་ཏུ་མི་བཟད་པའི། །ང་རྒྱལ་བའི་སྡུག་བསྔལ་འཇིགས་པའི་ཚོགས། །བསྐལ་པ་བརྒྱར་ནི་མྱོང་བར་འགྱུར། །གང་ཡང་འཇིག་རྟེན་སུན་འབྱིན་དང། །ལོག་པའི་ཆོས་ནི་ཀུན་སྤྱོད་དང། །དམ་ཆོས་སྤོང ་པར་བྱེད་པའོ། །དེ་དང་ཀུན་ཏུ་གནས་མི་བྱ། །རྨོངས་ཤིང་ཆོས་བྲལ་དེ་དག་ནི། །རང་གི་བདེ་བ་རྩོན་ཡིད་ལྡན། །ཚུལ་ངན་བསོད་ནམས་བྲལ་བ་ཡིས། །བྱང་ཆུབ་མཆོག་ཐོབ་མི་འགྱུར་གྱི། །འཁོར་བ་རུ་ནི་ཕན་ཚུན་དུ། །འགྲོ་བ་དྲུག་ཏུ་ཤིན་ཏུ་འཁོར། །འཇིག་རྟེན་རྨོངས་པའི ་ངང་ཚུལ་ཅན། །རབ་ཏུ་འདྲེ་བར་བྱེད་མཚུངས་ཤིང། །དེ་འདྲ་བ་ཡི་དྲི་མ་ཡང། །འཁྲུལ་བའི་ཆོས་ལ་ཀུན་ཏུ་གནས། །དེ་རྣམས་བདེ་འགྲོར་མི་སྐྱེ་ཞིང། །སངས་རྒྱས་ཀྱང་ནི་རྙེད་པར་དཀའ་། །བློ་གྲོས་ཆེན་པོ་ཁྱོད་ཀྱིས་ནི། །དེ་རྣམས་ལ་ནི་རྟག་སྲུང་བྱ། །དེ་ལྟར་བདུད་ཀྱི་ཞགས་པས ་བཅིངས། །གཞན་རྣམས་ཀྱང་ནི་ཕུང་བ་ཡིན། །སངས་རྒྱས་ཀུན་བདག་རང་ཉིད་དོ། །ད་ནི་སེམས་ཅན་དོན་རྣམས་ཀྱིས། །ཇི་ལྟར་འདུལ་བ་རྣམས་ལ་ཆོས། །འགྲོ་བ་ཀུན་ལ་རབ་ཏུ་ཤོད། །ད་ནི་ཁྱོད་ཀྱི་ཆོས་རྣམས་ལ། །སོམ་ཉི་དག་ནི་མི་བྱའོ། །སླར་ནི་དབང་བསྐུར་མི་རླབ་བོ།། ་གཞན་དུ་དམ་ཚིག་ཉམས་པར་འགྱུར། །ཡང་དག་ཆོས་མཆོག་འཛིན་པ་སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་ཁྱོད་ཀྱི་ཐོབ་པས་ན། །འདི་ལས་མཆོག་གཞན་ཡོད་མ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཡེ་ཤེས་མཆོག་གི་དབང ་བསྐུར་བའི། །རྣལ་འབྱོར་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་ནི་དཔལ་གསང་བ་འདུས་པ་ལས་གསུངས་ཏེ། །འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་མངོན་པར་རྟོག་པའི་དབང་བསྐུར་བའི་སློབ་དཔོན་ལ ་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱིས་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཡཀྱི་སེམས་རྡོ་རྗེ་དང་སློབ་དཔོན་འདི་ཉིད་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །རིགས་ཀྱི་བུ་མདོར་བྱས་ནས་བསྟན་པར་བྱ་སྟེ། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད ་ཅིག་འཁོད་ཅིང་འཚོ་བ་དང་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས། །སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཡང་དག་པར་མཆོད་དེ། སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོའོ། །དག་རྡོ་རྗེའི་ཡི་གེ ་དེ་ཡང་འདི་སྐད་བརྗོད་དེ། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །ཞེས་པ་ནས། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ་ཞེས་པའི་བར་དུའོ། །འདི་ལྟ་སྟེ་དཔེར་ན ་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་ཤིང་རབ་ཏུ་སྤྱོད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་ཐུགས་རྡོ་རྗེའི་བསོད་ནམས་ཀྱི་ཕུང་པོ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་ཁུང་པོ་གཅིག་འཕགས་སོ། །དེ་ཅིའི་ཕྱིར ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་དང། སྐྱེ་བའི་གནས་སུ་གྱུར་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །ཡེ་ཤེས་གྲུབ་པ་ལས། ཡེ་ཤེས ་རྡོ་རྗེའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པའོ།། །།རྡོ་རྗེ་ཡེ་ཤེས་ཆེན་པོ་རབ་ཏུ་བསྒོམས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་མཐུ་ནི་བསྐལ་པ་བྱེ་བ་བརྒྱར་ཡང་བརྗོད་པར་མི་ནུས་མོད་ཀྱི། དཔལ་བདེ་མཆོག་ལས ་བཤད་པ་ཅུང་ཟད་གཅིག་བརྗོད་པར་བྱ་སྟེ། ཀུན་ཏུ་ཀུན་ནས་ཐམས་ཅད་དུ། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཐམས་ཅད་བརྟན་གཡོ་ཀུན། །ཀུན་ཏུ་དངོས་པོ་དེ་འགྱུར་རོ། །སངས་རྒྱས་ཞིང་ནི་མ་ལུས་པར། །སངས་རྒྱས་སྤྲུལ་པ་སྒྲུབ་པར ་བྱེད། །སངས་རྒྱས་སྤྲུལ་པ་སྒྱུ་མ་ཡིས། །སངས་རྒྱས་རྣམས་ཀྱི་མཛད་པ་སྟོན། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །སྣ་ཚོགས་གཟུགས་བྱེད་རིག་པ་ཡིས། །འགྲོ་བ་མཛའ་དག་མགུ་བར་བྱེད། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །འཇོམས་འདུ་མས་གཡུལ ་ལ་བྱེད་གྲུབ་པ་དག་།རྒྱལ་སྲིད་སྒྱུ་མ་རྣམ་སྤྲུལ་པས། །བྱ་བ་ཐམས་ཅད་སྟོན་པར་བྱེད། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །བདག་བརྟུལ་ཕོད་པས་མནན་ནས་ནི། །འགྲོ་བ་ཐམས་ཅད་རབ་འཇོམས་པ། །རྟ་ནི་གར་གྱིས་སྟོན་པར་བྱེད། །དེ་ལ་སོགས་པ་མཛའ་ཡས ་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་ཨི་དབྱིངས་ཀྱི་མཛའ་ཀླས་པའི། །སྣ་ཚོགས་ཀུན་གྱི་མཆོག་གིས་ནི། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་དགྱེས་རོལ་པ་རྣམ་འཕྲུལ་བ། །སྣ་ཚོགས་ཀྱིས ་ནི་རྣམ་པར་གྲོལ། །རྣམ་པ་སྣ་ཚོགས་སྐལ་བཟང་པོ། །རྣམ་པ་སྣ་ཚོགས་བདེ་མཆོག་གིས། །འདུལ་བ་རྣམ་པ་སྣ་ཚོགས་ཀྱིས། །སེམས་ཅན་ཁམས་ནི་རབ་ཏུ་སྡུད། །དེ་ལ་སོགས་པ་མཛའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པའི། །ནམ་མཁའ་དབྱིངས ་ཀྱི་མཛའ་ཀླས་པའི། །སངས་རྒྱས་ཐམས་ཅད་འབྱུང་བའི་མཆོག་།ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་གསུངས། །གྲུབ་པའི་དབང་ཕྱུག་རབ་གྲགས་པས། །ལུས་ཅན་གང་དེར་རབ་གྲགས་པ། །ཐམས་ཅད་བདག་ཉིད་གྲུབ་བར་བྱེད ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སངས་རྒྱས་ཀུན་ཏུ་མེས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་མཚར་དུ། །ཕ་རོལ་གནོན་པའི་རྩལ་དག་གིས། །ཤིན་ཏུ་གདུག་ཅིང་ཁྲོ་གཏུམ་པ། །སེམས་ཅན་རྣམ་པ་མང་པོའི་ཁམས། །འཇིག་རྟེན ་ཐམས་ཅད་རབ་ཏུ་འཇིག་།ཤིན་ཏུ་གདུལ་དཀའ་འདུལ་བ་རྣམས། །བྱིས་པ་རྐུན་པོ་ཆོམ་པོ་ཡིས། །ཐམས་ཅད་རྣམ་པར་སྤྱོད་པར་བྱེད། །བྲིས་པ་དང་ནི་སྒྱུ་དག་དང། །ངོ་མཐོན་སྟོབས་དང་དེ་བཞིན་དུ། །དགྲ་ཆ་ལྔ་ཡི་རྒལ་ནས་ནི། །དེ་ཚེ་འཇིག་རྟེན་གསུམ་ལས ་རྒྱལ། །སྐྱེ་འགྲོའི་གནས་དང་འགྲོ་བ་རྣམས། །འདུལ་བའི་ཐབས་རྣམས་སྣ་ཚོགས་ཀྱིས། །མཛའ་དག་བརྟུལ་ནས་གྲུབ་པར་འགྱུར། །འདུལ་བའི་ཐབས་རྣམས་སྣ་ཚོགས་ཀྱིས། །རང་གི་རྒྱལ་སྲིད་རྟག་ཏུ་སྐྱོང། །གཡེམ་པ་རྣམས་ལ་གཡེམ་པར་འགྱུར། །ཁྲོ་བ ་རྣམས་ལ་ཁྲོ་བའི་མཆོག་།ཞི་བ་རྣམས་ལ་ཞི་བའི་མཆོག་།དྲག་ཤུལ་ཅན་ལ་དྲག་པོར་གནོན། །སྡིག་མེད་སྟོབས་ཀྱི་ངོ་འཐོན་དུ། །དབང་ཕྱུག་དམ་པ་རབ་མནན་ནས། །ལྷ་མོ་དབུ་མ་ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གི ་སྤྱོད། །སྡིག་མེད་སྟོབས་ཀྱི་ངོ་འཐོན་དུ། །མཐུ་བོ་ཆེ་ལ?་རབ་མནན་ནས། །དུ་ཕི་ནི་ཡང་ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིས་སྤྱོད། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །སྐྱེ་དགུའི་བདག་པོ་རབ་མནན་ནས། །ལྷ་མོ་རབ་ཏུ་ཞི་བ་ཕྲོགས། །དེ་ཚེ་ལོངས་སྤྱོད་རང ་གིས་སྤྱོད། །སྡིག་མེད་སྟོབས་ཀྱི་ངོ་འཐོན་དུ། །འདོད་པའི་ལྷ་ནི་རབ་མནན་ནས། །དགའ་སྡུག་མ་ཡིན་དབང་ཕྱུག་མ། །ཕྲོགས་ནས་དེ་ཚེ་བདག་རང་སྤྱོད། །དེ་ལ་སོགས་ཏེ་མཛའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་ཨི་དབྱིངས་ཀྱི་མཐས ་ཀླས་པར། །རྡོ་རྗེ་ལས་མཆོག་རྣམ་པར་གནོན། །དེ་ལ་སོགས་ཏེ་རྣམ་འཕྲུལ་བ། །སྣ་ཚོགས་རྒྱུད་ལས་བསྟན་པ་ཡིན། །ཡེ་ཤེས་གྲུབ་པ་ལས་མཐུ་ངེས་པར་བསྟན་པ་དང་དབང་པོ་མཆོག་རྣམས་ལེགས་པར་སྤྱད་པ་སྟེ་ལེའུ་བཅོ་བརྒྱད་པའོ།། །། ་གང་ཞིག་ཡང་དག་ཡེ་ཤེས་མེད། །འདི་ལྟར་ལོག་ཤེས་སྦྱོར་བར་ལྡན། །དབང་པོ་གང་མ་ཞེས་བཤད་དེ། །དེ་ཡི་བྱ་བ་རབ་བཤད་བྱ། །གང་ཞིག་སྔར་ནི་རབ་བཤད་པའི། །ཕྱག་ལ་སོགས་པ་ཐམས་ཅད་དང། །དེ་བཞིན་འདུས་པའི་ཚིག་ཏུ་བཤད། །དེ་དག ་ཀུན་ཀྱང་བྱ་བ་ཡིན། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །རང་གི་ལྷ་ཡི་སྐད་ཅིག་གིས། །བསྐྱེད་ལ་མངོན་བཞིན་རྣལ་འབྱོར་པས། །ལམ་ལ་གནས་ཏེ་བཟླས་བརྗོད་བརྩམ། །མཐར་ཡང་འདི་སྐད་བརྗོད་པར་བྱ། །སྲས་བཅས་སངས་རྒྱས་ཐམས་ཅད་ནི། །ཐམས་ཅད ་ཐུགས་རྗེའི་བདག་ཉིད་ཅན། །བདག་ལ་བཀའ་དྲིན་མཛད་དུ་གསོལ། །ཐོག་མེད་དུས་ནས་འདི་བར་དཱུང། །བདག་ནི་འཁོར་བར་འཁོར་གྱུར་ཏེ། །ཡང་དག་ཡེ་ཤེས་མ་མཐོང་བས། །སྡུག་བསྔལ་རྣམས་ཀྱིས་རྟག་ཏུ་དུབ། །ཇི་ལྟར་ཡེ་ཤེས་སྐྱེ་འགྱུར་བས། །གང ་གི་ཡེ་ཤེས་མཆོག་ཐོབ་ནས། །སེམས་ཅན་ཁ་ལོ་བསྒྱུར་འགྱུར་བ། །ཁྱེད་ཀྱིས་དེ་ལྟར་བདག་ལ་མཛོད། །ཇི་ལྟར་འདས་པའི་རྫོགས་སངས་རྒྱས། །དེ་བཞིན་དེ་ལྟར་མ་བྱོན་པས། །སེམས་ཅན་དོན་མཛད་ཅེས་གྲགས་པ། །དེ་ལྟར་བདག་ནི་བགྱིད་པར་བརྩོན ་རིམ་པ་འདི་དང་ལེགས་ལྡན་པ། །གལ་ཏེ་ཡང་དག་འཇུག་འགྱུར་བ། །དེ་ནི་ཡེ་ཤེས་མཆོག་འགྱུར་ཏེ། །ལོག་པའི་ལམ་དུ་འགྲོ་མི་འགྱུར། །ཡེ་ཤེས་གྲུབ་པ་ལས། །དབང་པོ་འབྲིང་པོ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཕྱག་རྒྱའི ་དཀྱིལ་འཁོར་སྐུ་མདོག་སོགས། །ཕྱག་དང་གདན་ནི་རྣམ་བསྒོམ་དང། །ཏིང་འཛིན་གསུམ་དང་ཕྱག་རྒྱ་བཞི། །ཞལ་གསུམ་དང་ནི་ཕྱག་དྲུག་རྣམས། །སྒོམ་འགྱུར་དེ་ནི་ཕྱི་ཤུན་ཅན། །སྣ་ཚོགས་སྤྲོས་པའི་མན་ངག་རྣམས། །དེ་ཀུན་དམན་པའི་ཡིན་པར་བཤད།། ་དེ་རྣམས་ལ་ཡང་དེ་བཞིན་ཐབས། །དེ་ལ་གཏན་ཚིགས་བཤད་པར་བྱ། །མཆོག་དང་བར་མའི་ལམ་དག་ལས། །ཇི་བཞིན་ཆུང་ངུ་གཞན་བྱ་བ། །ལྷ་དང་སྔགས་ནི་རྣལ་འབྱོར་པས། །རྒྱུད་ལས་གསུངས་པ་ཀུན་ཏུ་བྱ། །གང་ལས་མཉམ་པའི་སེམས་ཡོད་པ།། ་དེ་ལ་ཡེ་ཤེས་སྐྱེ་འགྱུར་གྱི། །གཞན་དུ་བསྐལ་པ་བྱེ་བ་ནི། །བརྒྱས་ཀྱང་དེ་ཐོབ་མི་འགྱུར་རོ། །ཀུན་ཏུ་སེམས་དང་ལྡན་པ་ཡི། །རྩ་བ་ཆེར་ལྡན་བློ་གྲོས་བཟང། །སྔར་བཤད་མཚན་ཉིད་ལྡན་པ་ཡི། །རྣལ་འབྱོར་ཡེ་ཤེས་མཆོག་ཐོབ་འགྱུར། །གང་ཞིག ་བར་མཛའ་གཉིས་པོ་ཉིད། །བསྒོམ་པ་གསུམ་པོ་གཙོ་བོ་བས། །ཡང་དག་ཡེ་ཤེས་འབྱུང་བའི་དོན། །ཡང་དག་བྱ་བ་དབང་དུ་འགྱུར། །དེ་ཉིད་མེད་པར་འཚང་མི་རྒྱ། །ལམ་ལ་བགྲོད་པ་དེ་ཉིད་མིན། །དེ་བས་ལམ་ལ་གནས་བདག་ཉིད། །བསྒྲུབས་ནས ་ཡེ་ཤེས་ཐོབ་པར་འགྱུར། །གང་ཞིག་ལམ་ལས་ཉམས་པ་དང། །སྙིང་རྗེ་དང་བྲལ་སེམས་ལྡན་ཞིང། །ཆགས་སོགས་དོན་ལ་སྤྲོ་བདག་ཉིད། །དེ་རྣམས་ལ་ནི་འབྱུང་མི་འགྱུར། །ཡེ་ཤེས་གྲུབ་པ་ལས་དབང་པོ་ཐ་མ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། ་རྣལ་འབྱོར་པ་ཡེ་ཤེས་གྲུབ་ཕྱིར། །བདག་གིས་ཡང་དག་ཤིན་ཏུ་བཤད། །རྒྱུད་ཀུན་དུ་ནི་སྦས་གྱུར་པའི། །གསང་བ་འདི་ནི་བཤད་མི་བྱ། །གང་ལ་ཡེ་ཤེས་མཆོག་གི་མི། །རྣལ་འབྱོར་མཆོག་ནི་མེད་གྱུར་པ། །ལྷ་ཡི་གཟུངས ་ནི་བསྒོམ་པ་ལ། །སེམས་ནི་བརྩོན་པ་དག་ཏུ་བྱ། །གླེགས་བམ་ཙམ་ཞིག་བསྟན་པ་ཡང། །སྦྱིན་མི་བྱ་བར་ཤེས་བྱ་སྟེ། །རྡོ་རྗེ་ཡེ་ཤེས་རབ་སྤངས་པས། །རྨོངས་པ་དམྱལ་བར་འགྲོ་བར་འགྱུར། །དེ་ཡི་དམྱལ་བའི་རྒྱུར་གྱུར་པས། །མི་དེ་མནར་མེད ་འཐོབ་པར་འགྱུར། །དེ་བས་བདག་གཞན་ཕུད་བ་ནི། །འབྱུང་བས་ངེས་པར་བསྲུང་བར་བྱ། །གཞན་དུ་སྟོན་པར་འགྱུར་ན་ནི། །དམ་ཚིག་དག་ཀྱང་ཉམས་པར་འགྱུར། །རྣལ་འབྱོར་རྒྱུད་ནི་དམ་པ་རུ། །བརྩེ་ལྡན་སངས་རྒྱས་ཐམས་ཅད་ཀྱིས། །རྟོག་མའི ་དྲ་བ་རྣམ་སྤངས་པ། །རྡོ་རྗེ་ཡེ་ཤེས་འདི་མཆོག་ཡིན། །རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པ་ཡི། །ལུང་དང་རིག་པ་ལས་ཤེས་བྱས། །སྒྲུབ་པའི་ཐབས་ནི་བྱས་པ་ལ། །བདག་གིས་དགེ་བ་གང་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱང། །རྡོ་རྗེ་སེམས་དཔའ་ ་མཆོག་ཐོབ་ཤོག་།དཔལ་དབུ་རྒྱན་ནས་བྱུང་བ། ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།རིན་ཆེན་བཟང་པོས་བསྒྱུར། །སླད་ཀྱིས་ནག་ཚོས་བཅོས་སོ།། །། ་