CLOSE WINDOW

N1853: dam tshig rgyan gyi rnam par bshad pa zhes bya ba
Wyliee-texts based on the ACIP/ALL Input

ས་ཐོབ་ཤོག་།སྔགས་ཀྱི་རྒྱན་གྱི་འགྲེལ་པ། མཆོག་རབ་རྒྱས་ཀྱིས་མཛད་པ་རྫོགས་སོ།། །།བླ་མ་དམ་པའི་མན་ངག་སྙན་ནས་སྙན་དུ་ཐོབ་པ་རྫོགས་སོ།། (།།དམ་ཚིག་བརྒྱན་གྱི་རྣམ་བཤད་མཆོག་རབ་མ་བཞུགས།། །།) ་རྒྱ་གར་སྐད་དུ། ས་མ་ཡ་ཨ་ལང་ཀཱ་ར། ནཱ་མ་ཊཱིཀཱ། བོད་སྐད་དུ། དམ་ཚིག་རྒྱན་གྱི་རྣམ་པར་བཤད་པ་ཞེས་བྱ་བ། སྟོན་ཀའི་ཟླ་བ་དྲི་མེད་འོད། །མ་སྐྱེས་རྡོ་རྗེ་ཡེ་ཤེས་ཉིད། །རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ས་གཞི་དང་ནི་ཡོངས་བསྐྱེད་ལ། ། ་འབྲས་བུ་འབྱིན་པའི་ནུས་པའོ། །ཏིང་འཛིན་རྒྱུ་དང་རབ་སྦྱོར་པའི། །བདག་པོ་བྲོགས་ལ་སོགས་པ་ཡི། །འདི་ཡང་འབྲས་བུ་འབྱིན་པའི་གྲོགས། །རྟེན་མེད་འབྲས་བུ་འབྱིན་འདོད་པ། །མི་འབྱུང་ས་བོན་མེས་བསྲེགས་བཞིན། །དེས་ན་འདི་ཡི་དོན་འདི་བྲི། །ཞེས་པའོ། །དེས ་ན་དམ?་ཚིག་མེད་དང་འཆལ་བར་གཏོང། །སོམ་ཉི་ལ་སོགས་བསལ་བའི་ཕྱིར། །དམ་ཚིག་རྣམས་ནི་མདོར་བསྡུས་ནས། །གསང་བའི་བདག་བཏུད་དེ་ནི་བཤད། །ཅེས་པ་ནི། རྩ་བའི་དོན་བཤད་པའི་དོན་དགོངས་སོ། །དེ་ལ་དམ་ཚིག་མེད་ནི་བསྒོམ་པ་དང། བསྒྲུབ ་པ་དང། སྦྱིན་སྲེག་ལ་སོགས་པ་རྣམས་འབྲས་བུ་མེད་དེ་ས་བོན་མེ་འམ་ཆུ་ལ་གཏོར་བ་བཞིན་ནོ། །སོམ་ཉི་བསལ་བ་ནི། བླང་བ་དང། སྲུང་པ་དང་བཅོས་པ་ནི་སྤྱི་དང་ཁྱད་པར་རོ། །དམ་ཚིག་མདོར་བསྡུས་པ་ནི། ཉན་ཐོས་སྡོམ་པ་དང། ཐེག་པ་ཆེན་པོའི་དོན ་བྱེད་པ་དང། གསང་སྔགས་སོ། །གསང་བའི་བདག་ལ་བཏུད་དེ་བཤད། །བཀྲ་ཤིས་པའི་ཡན་ལག་སྟེ། མཆོད་པའི་ཚུལ་གྱིས། ཉོན་མོངས་ཟིལ་གྱིས་མནན་ནས་བར་ཆད་མི་འབྱུང་སྟེ། དེ་ནས་བཤད། ཅེས་པ་འོག་མ་དང་འབྲེལ་ཏོ། །སྔགས་པས ་བསྲུང་བའི་དམ་ཚིག་།ཅེས་པ་ནི། སྔགས་པ་ནི་རིན་པོ་ཆེའི་རིགས་ཀྱི་གང་ཟག་ལ་དབང་བསྐུར་བའོ། །ཡིད་སྐྱོབ་ཅིང་འཛིན་པས་ན་དེའི་དོན་ཡོད་པས་ན་སྔགས་པས་སོ། །སྲུང་བ་ནི་སྡོམ་པ་སྲུང། ཞེས་པའོ། །དམ་ཚིག་ནི་གོང་མའི་དོན་ལས་མི་འདའ་ ་ཞེས་པའི་དོན་ཏོ། །ཉན་ཐོས་དང་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་དོན་ལས་འདས་ན། མནར་མེད་པར་སྐྱེ་བས་དོན་བསྲུང། ཞེས་བྱ་བ་སྟེ། སྔགས་པ་རྣམས་སོ། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཉ་འམ་སྟོང་གི་དུས་དག་དུ། །ཡན་ལག ་བརྒྱད་པ་ཉེར་གནས་ཏེ། ལོ་གཅིག་པ་འམ་ཟླ་གཅིག་གོ་ཞེས་པ་ལ། བྱང་ཆུབ་སེམས་དཔའ་ནི་བདག་གཅིག་པུ་འཁོར་བ་ལས་བསྒྲལ་ལོ། །ཞི་བ་མྱ་ངན་ལས་འདས་པ་ཐར་པ་ཐོབ་པར་བྱ། ཞེས་པ་ཉན་ཐོས་ཀྱི་སེམས་བསྐྱེད་དོ། །ཉ་འམ་སྟོང་ནི། ་ཞེས་པ་ལ། སྡོམ་པ་དང་ལྡན་པའི་དགེ་སློང་ཅིག་ལ། ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཟླ་བ་འོང་ངོ་ཅོག་གི་ཉ་འམ་སྟོང་ལ། དེ་དང་འབྲེལ་པའི་སྡོམ་པ་བླང། །ཞེས་པའོ། །ཡན་ལག་བརྒྱད། ཅེས་པ་ནི། སྲོག་གཅོད་གཞན་གྱི ་ནོར་འཕྲོག་དང། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང། །གླུ་གར་རོལ་མོ་རྒྱན་བྱུག་པ། །མལ་སྟན་ཆེ་དང་ཁ་ཟས་སྤོང། །འདི་ནི་སྡོམ་པའི་ཚུལ་ཁྲིམས་སོ། །ཡང་ན་སྡོམ་པ་གསུམ་ལྡན་པའི་བླ་མ་ལ། ཕྱག་སྔོན་དུ་འགྲོ་བས། བླ་མས ་སྲོག་ཆགས་རྣམས་ནི་བསང་མི་བྱ། ཞེས་པས་སྡོམ་པ་བྱིན་ཏེ། ལོ་གཅིག་ཟླ་གཅིག་བར་དུ་བསྲུང་ཞེས་པའོ། །གོང་མ་བཞི་དང་འགྲེལ་ཏོ། །དེ་ནས་ཇི་སྲིད་སེམས་དེ། བསླབ་པ་ལྔ་པོ་ལེགས་གཟུང་སྟེ། ལོ་གཅིག་ཟླ་གཅིག་བར་དག ་ཏུ། སྡོམ་པ་བརྟན་པར་བཟུང་བར་བྱ། །ཞེས་པ་ལ། དེ་ནས་ཇི་སྲིད་སེམས་བསྐྱེད། ཅེས་པ་ལ། སྨོན་འཇུག་གཉིས་ཀྱིས་དགེ་བསྙེན་དུ་སེམས་བསྐྱེད། དགེ་སློང་དམ་བླ་མ་རྣམས་ཀྱི་མདུན་དུ། ཕྱག་སྔོན་དུ་འགྲོ་བས། དགེ་བསྙེན་གྱི ་ལས་ཀྱིས། དེའི་སྡོམ་པ་བླངས་ཏེ། ཚངས་པར་སྤྱོད་པའི་དགེ་བསྙེན་ནི། ཡན་ལག་བརྒྱད་པོ་ཇི་སྲིད་འཚོའི་བར་དུ་བསྲུང་བའོ། །སྣ་འགའ་སྲུང་བ་ཕལ་ཆེན་ནོ། །རྩ་བ་བཞི་དང་མྱོས་པའི་ཁུ་བ་དང། བསླབ་པ་ལྔ་པོ་ལེགས་པར ་བསྲུང་བར་གསུངས་པ། དེ་ཡང་ལོ་དང་ཟླ་བའི་བར་དུ་སྡོམ་པ་གོང་མ་དེ་བརྟན་པར་གཟུང་ཞེའོ། །དེ་ནས་དགེ་ཚུལ་དགེ་སློང་གི་།བསླབ་པ་ལ་ནི་ལེགས་གནས་ནས། །མི་བཏང་ལོ་འམ་ཟླ་བ་འམ། སྡོམ་པ་ཉམས་པ་བླང་བར་བྱ། །ཞེས ་པ་ལ་དེ་ནས་དགེ་ཚུལ་གྱིས་མཁན་པོ་དང་བཙུན་པ་ལ། བར་ཆད་ཀྱི་ཆོས་ཡོངས་སུ་བསལ་ཞིང། དཀོན་མཆོག་ལ་ཕྱག་དག་གིས། སྤོང་བ་བཅུ་འཁོར་དང་བཅས་པས་བླང་ཞིང་བསྲུང་ཞེས་པའི་དོན་ཏོ། །དགེ་སློང་གིས་བཙུན་པ་གསུམ ་གྱི་མདུན་དུ་ཁྲིམས་ཉི་བརྒྱ་ལྔ་བཅུ་རྩ་གསུམ་བླངས་པ་དང། བསྲུང་བ་དང་བཅས་པའོ། །དེ་ནས་རང་རང་གི་བསླབ་པ་ལེགས་པར་བསྲུང། །ཞེས་པའོ། །དེ་ནས་སྔགས་ཀྱི་དམ་ཚིག་པའི་ཆེད་དུ། མི་བཏང་བར་ལོ་འམ་ཟླ་བའི་བར་དུ། སྡོམ་པ་ཉམས་པ་བླང་ཞིང ་བཤགས་ཤེས་སོ། །སོ་སོར་ཐར་པའི་སྡོམ་པ། གང་ཞིག་གིས་ནི་གནས་ནས། མཁས་པ་རྣམས་ཀྱིས་དུས་ཀུན་ཏུ། །སྲོག་གི་ཕྱིར་ཡང་མི་བཏང་ངོ། །ཞེས་པ་ནི། སོ་སོར་ཐར་པའི་སྡོམ་པ་ནི། འདུ་བྱེད་ཤེས་པ་ངོ་ཚ་ཤེས་ཤིང་ཁེལ་ཡོད་པའོ། །བག ་ཆགས་ལ་སེམས་བསླན་པས་བརྟན་པར་བྱས་ཏེ། རྟེན་གྱི་གང་ཟག་གི་སྡོམ་པ་ལ་ལེགས་པར་གནས་པར་བྱས་ཏེ། མཁས་པ་ནི་བླང་བ་དང་བསྲུང་བ་དང། བཙའ་བཤེས་པས་བཙའ་ཞེས་པའོ། །སྲོག་གི་ཕྱིར་ཡང་མི་བཏང་སྟེ། ཕུང་པོ་སྲོག་དང་བྲལ ་ཡང་རང་གི་སྡོམ་པ་མི་བཏང་བའོ། །གང་ཞིག་གིས་ནི་དེ་གོམས་འགྱུར། །དེ་ཚེ་གོང་མའི་བསླབ་གནས་པས། །དེ་ཚེ་འོག་མའི་མིང་དང་བྲལ། །ཞེས་པ་ལ། གང་ཞིག་གིས་ནི་དེ་གོམས་འགྱུར་ནི། རྟེན་གྱི་གང་ཟག་དེས་བསྙེན་གནས་དང། ངག ་བསྙེན་དང་སོ་སོར་ཐར་པའི་སྡོམ་པ་ལ། དང་པོར་རིམ་པ་གོམས་པར་བྱ། ཞེས་པའོ། །གང་ཚེ་གོང་མའི་བསླབ་གནས་ན་འོག་མའི་མིང་དང་བྲལ་ནི། །སྤང་བ་ཆེན་པོ་ཆེན་པོ་ལ་གནས་ན། ཆུང་ངུའི་སྤང་བྱ་ནི། སོར་མེད་དེ་གོང་མས་ཁྱབ་བྱ་ལ་དོན་ཁྱད་པར ་གནས་པ་སྟེ། འོག་མའི་དོན་གོང་མ་ལ་འབྲས་བུའི་ཚུལ་དུ་ཁྱབ། ཅེས་པ་ནི། ཙ་དང་རྒྱུ་དང་ལོ་མ་དང་འབྲས་བུ་དང་ས་བོན་གྱིས་ཁྱབ་ཅེས་པའོ། །གོང་མ་གཙོ་བོ་ཡིན་པའི་ཕྱིར་ཡང་གོང་མའི་མིང་དང་བྲལ། །ཞེས་པའོ། །དང་པོ་སྦྱིན་པ་བསླབ་བྱ་སྟེ། དངོས ་པོ་བཅུ་གཉིས་ཡང་དག་ལྡན། ཞེས་པ་ནས་ནི། སེམས་ཅན་དོན་བྱེད་ཚུལ་ཁྲིམས་སྟོན་པ་ཡིན་ཏེ། བླ་མ་འམ་དཀོན་མཆོག་གི་མདུན་དུ། བཀྲ་ཤིས་པས་སེམས་ཅན་དོན་བྱེད་ཚུལ་དུ་སེམས་བསྐྱེད་ནས། ཇི་ལྟར་དུས་གསུམ་མགོན་པོ་ཡིས། །ཡང ་དག་བྱང་ཆུབ་ངེས་མཛད་པའི། །ཆོ་གས་སྡོམ་པ་བླང་བ་ནི། །ཕ་རོལ་ཕྱིན་དྲུག་ཚུལ་དུ་སྤྱད། །ཅེས་པའི་ཚིག་དང་འབྲེལ་ཏོ། །སྦྱིན་པ་ལ་དངོས་པོ་བཅུ་གཉིས་ནི། ཆོས་ཀྱི་སྦྱིན་པ་ལ་དོན་བཤད་པ་དང། སྨྱུ་གུ་དང་སྣག་ཚ་པོ་ཏི ་བཞིའོ། །ཟང་ཟིང་ལ་ནོར་དང་དབྱིག་དང་ཟས་དང། གོས་ཏེ་གཉིས་པའོ། །སྐྱབས་ཀྱི་སྦྱིན་པ་ལ། སྲོག་དང་ལམ་འཕྲད་དང་འཇིགས་སྐྱབས། བྱམས་པ་དང་བཞི་སྟེ། བཅུ་གཉིས་སོ། །ཚུལ་ཁྲིམས་ལ་ནི་རྣམ་དགུ་དེ། །བཟོད་དང་བརྩོན་འགྲུས་བསམ ་གཏན་དང། །ཤེས་རབ་གསུམ་སྟེ་གསུམ་དུ་བསྟེན། །ཅེས་པའི་དོན་ལ། སྡོམ་པ་དང་དགེ་བ་དོན་བྱེད་དེ། །དེ་ཡང་ལུས་ངག་ཡིད་གསུམ་སྤངས་པ་དང་འབྲེལ་ཏེ། བཟོད་པ་ནི་ཆོས་ཟབ་མོ་ལ་སེམས་པའི་བཟོད་པ་དང། སྡུག་བསྔལ་དང་དུ་ལེན་པ་དང ་གནོད་པ་བྱས་ལ་ཇི་མི་སྙམ་པའི་བཟོད་པའོ། །བརྩོན་འགྲུས་ནི་གོ་ཆ་དང་སྦྱོར་བ་དང་མཐར་ཕྱིན་པ་གསུམ་མོ། །བསམ་གཏན་ནི་ཉེས་པ་སྤོང་བ་དང། དབང་འབྱོར་པ་དང། རྣམ་པར་གནས་པ་གསུམ་མོ། །ཤེས་རབ་ནི་ཐོས་པ་བསམ་པ་སྒོམ་མོ། ། ་གཞན་གྱི་མྱ་ངན་ལས་འདས་པ་ལ་སོགས་པས་སེམས་ཅན་དོན་འགྱུར་ཐམས་ཅད་ཀུན། །སྲོག་གི་ཕྱིར་ཡང་མི་བཏང་ངོ། །ཞེས་པ་ལ། གཞན་གྱི་མྱ་ངན་ལས་ངན་པ་བསགས་པའི་སྡིག་པའི་གང་ཟག་རྣམས་ཏེ། དད་པ་བརྩོན་འགྲུས་དང་ཤེས་རབ ་དང་སྙིང་རྗེ་དང། སྔར་གྱི་ལས་ངན་པ་སེལ་ཅིང་ཐར་པ་དང་བདེ་བ་གྲོལ་ལོ། །ཞེས་བྱའོ། །སེམས་ཅན་སྲོག་གི་ཕྱིར་ཡང་མི་བཏང་ནི། སེམས་ཅན་དོན་དང་འབྲེལ་བ་སྲོག་གི་སྐྱབས་ལ་སོགས་པ། རང་གི་སྲོག་དང་མི་བསྔོ་ཞེས་པའོ། །སྡོམ་པ་དེ ་ལོ་འམ་ཟླ་བའི་བར་དུ་བརྟན་ནས་སྔགས་ཀྱི་དམ་ཚིག་བླང། ཞེས་པའོ། །སྡོམ་པ་དེ་རྣམས་རིམ་པས་ལེན་པ་ནི་གང་ཟག་སྤྲོས་བཅས་ལ་དགའ་བའི་དོན་དུ་གསུངས་པའོ། །ཐེག་པ་ཆེན་པོའི་རིགས་ཅན་ལ་ནི། སྡོམ་པ་གསུམ་གདན་ཐོག་དུ་བླང ་ཞེས་པའོ། །སྔགས་ཀྱི་དམ་ཚིག་བླང་བ་ནི། བླ་མ་སྡོམ་པ་གསུམ་དང་ལྡན་པ་ལ་དབང་བླང་ཞིང་དབང་བཞི་དང་འབྲེལ་པའི་དམ་ཚིག་གསུམ་པའོ། །སྤྱི་དང་ཁྱད་པར་གཉིས་སུ་ཤེས་ནི། སྤྱིར་གསང་སྔགས་ཕྱི་ནང་གི་དམ་ཚིག་དང། ཁྱད་པར་གསང་བའི ་བདག་པོའི་དམ་ཚིག་གོ་།དང་པོ་དག་ནི་བཤད་བྱ་ནི། སྔགས་སྤྱིའི་དམ་ཚིག་གོ་།དང་པོ་སློབ་དཔོན་མཉེས་པར་བྱ། །ཡི་དམ་སྤོང་ལེན་མི་བྱ་སྟེ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། ཕྱག་རྒྱ་ཆེ་ལ་རབ་ཏུ་གནས། །ཞེས་པ་ལ། དང་པོ་དབང་གི་དུས་སུ ་བླ་མ་ཡོ་བྱད་དང་སྤྱོད་པས་མཉེས་པར་བྱ་བའོ། །དབང་ཐོབ་པར་བྱ་སྟེ། ཕྱིས་དེ་བཞིན་དུ་བླ་མ་དང་དམ་པ་རྣམས་ལ། རང་གི་ལུས་ངག་ཡིད་ཀྱི་ཉེས་པ་མེད་ཅིང་མོས་པར་བྱ། ཞེས་པ་དང་ཉེས་ན་ཉེས་པ་ཆེ་ཆུང་གི་ཚོགས་དང། གཏོར་མ་བརྒྱ་དང་འབུམ་ལ ་སོགས་པས་བཤགས་པ་བྱའོ། །ཡི་དམ་སྤོང་ལེན་མི་བྱ་ནི། །ཤེས་པས་གོང་མའི་ལྷ་སྤངས་ན། རྩ་བ་ཆད་དེ་ངན་སོང་འགྲོ་།ཞེས་པ་ནི་དེ་ནི་མནར་མེད་པའོ། །ཤུལ་གྱི་དོན་ལ་ལྷ་སྔ་མའི་འབྲས་བུ་ཡོད་པ་བསྟིམ་སྟེ་གཉིས་མེད་བྱ་ན་འམ། གཉིས ་སྣང་མེད་པར་གཅིག་གི་ངོ་བོ་བྱུང་ན་མ་སྤངས་པའོ། །ལུས་ངག་ཡིད་ཕྱག་རྒྱ་ཆེན་པོ་ནི། ལུས་ལྷ་དང་ངག་གི་དྲག་པོ་རྡོ་རྗེའི་བཟླས་པ་དང། སེམས་ཕྱག་རྒྱ་ཆེན་པོ་དང་མི་འབྲལ་བ་སྟེ་མི་དགེ་བ་བཅུ་མེད་པ་ནི་ཕྱག་རྒྱ་ཆེན་པོ་ལ་རབ་ཏུ་གནས་ཤེས་བྱའོ།། ་དམ་པ་རྣམས་ནི་སྨད་མི་བྱ། །གསང་བའི་དོན་ཡང་བསྟན་མི་བྱ། །རྟོགས་ཆེན་སྐུ་ཡང་མི་བསྟན་ཏེ། །བཟླས་དང་སེམས་ཉམས་བསྟན་མི་བྱ། །ཞེས་པ་ལ། དམ་པ་རྣམས་ནི་བླ་མ་དམ་པ་འམ་སངས་རྒྱས་འབྱུང་བའི་བླ་མ་དམ་པ་སྟེ། དེ་ལ་སྨད་ན ་སངས་རྒྱས་ལ་མཉེས?་པ་མི་བགྱིས་པ་སྟེ། ཆོས་མེད་པའི་ཡུལ་དུ་སྐྱེ་ཞེས་པའོ། །གསང་བའི་དོན་ནི་གསང་སྔགས་ཀྱི་དོན་དང། དབང་གཉིས་པ་གསུམ་པའི་མན་ངག་རྣམས་དང། །རྡོ་རྗེའི་སྤུན་མ་མྱིན་པ་ལ་མི་བསྟན་པ་སྟེ། བསྟན་ན་སྔགས་ཀྱི་དངོས ་གྲུབ་པ་ལ། །ཞེས་པའོ། །རྟགས་ཆེན་སྐུ་ཡང་མི་བསྟན་ཏེ། །རང་གི་ལྷག་པའི་སྐུའི་རྟགས་རྣམས་ཕྱི་བ་ལ་མི་བསྟན་ཏེ། བསྟན་ན་ལྷག་པའི་ལྷའི་དངོས་གྲུབ་མི་འབྱུང་པའོ། །བཟླས་ན་སེམས་ཉམས་མི་བསྟན་ན། །རང་གི་རྡོ་རྗེ ་སྤུན་མིན་པ་ལ་བཟླས་པའི་སྤྱོད་པ་དང། མན་ངག་དང་དོན་རྣམས་བསྟན་ན། དེའི་དེ་ཉིད་མི་འབྱུང། ཞེས་པའོ། །ཉམས་དང་དངོས་དང་རྨི་ལམ་དང་འབྲེལ་པའི་སེམས་ཉམས་མི་བསྟན་ཏེ། དེའི་དངོས་གྲུབ་ཡལ། ཞེས་པའི་དོན་དང་འབྲེལ་ཏོ།། ་བླ་མ་དང་རྡོ་རྗེ་སྤུན་ལ་མ་ཡིན་ཏེ། རང་ཡིན་པའི་ཕྱིར་རོ། །དེ་ནི་རྩ་བའི་དམ་ཚིག་བསྟན་པ་ཡིན་པའི་ཕྱིར་རོ། །གོང་གི་དོན་ཏོ། །རྡོ་རྗེ་དྲིལ་བུ་འཕྲེང་བ་དག། སྐད་ཅིག་ཙམ་ཡང་སྤང་མི་བྱ། །གྲོགས་པོའི་སེམས་ནི་དཀྲུག་མི་བྱ། །ཁྱད་པར་གྲོགས ་ལ་སྨོས་ཅི་དགོས། །ཤེས་པ་ལ། རྡོ་རྗེ་དྲིལ་བུ་རྟག་ཏུ་བཅང་སྟེ་མཆོད་རྫས་ཡིན་པ་དང་འབྲེལ་བའི་དོན་ཡིད་ལ་བྱ་བའི་ཕྱིར་རོ། །ཕྲེང་བ་ནི་བླ་མ་དང་ལྷ་དང་ལམ་ཁྱད་པར་ཅན་ཕྲེང་ཞིང་ཡིད་ལ་བྱ། ཞེས་པའི་དོན་ཏོ། །སྐད་ཅིག་ཀྱང་མ ་བརྗེད་པར་ཡིད་ལ་བྱའོ། །གྲོགས་པོའི་སེམས་ནི་རྡོ་རྗེའི་སྤུན་དེ་དབང་དང། དམ་ཚིག་ཡོངས་སུ་གཟུང་ངོ། །སེམས་ཅན་གནས་གཅིག་ཏུ་སྐྱེས་པ་ཡང་ཉེ་བའི་སྤུན་ཡིན་པས་གནོད་པ་མི་བྱ། ཞེས་པའོ། །ཁྱད་པར་གྲོགས་ནི་དབང་དང་མན ་ངན་གཅིག་པ་དང། གྲོལ་བས་མི་བྱ་ཞིང་མཉེས་པའོ། །ཡང་ན་དབང་གསུམ་པའི་རྟེན་ཏེ། དེ་ཉིད་དུ་ཁྲིད་པའོ། །གྲོགས་ཡིན་པའི་ཕྱིར་རོ། །གྲོགས་ནི་སྲིད་པ་བར་དོ་སྐྱོབ་པ་དང། གནས་པ་གསུམ་དུ་འགྲོགས་པའི་ཕྱིར་གྲོགས་སོ། །བསྲུང་བའི ་ཕྱིར་བསྲུང་པའོ། །ཚོགས་དང་གཏར་མ་སྦྱིན་སྲེག་དང། མཎྜལ་སཱཙྪ་ལ་སོགས་པ། སྲོག་གི་ཕྱིར་ཡང་མི་བཏང་ངོ། །ཚོགས་དང་གཏོར་མ་དང་སཱཙྪ་ལ་སོགས་པ་རྣམས། ལུས་ལ་མེ་འབར་བས་མྱུར་བར་བྱ་སྟེ། དུས་རྐྱེན་གྱིས་འདས་ན་བསྒྲུབ ་པའི་སྐལ་པ་དང་མི་ལྡན་པས་མྱུར་པར་བྱ། ཞེས་པའི་དོན་ཏོ། །དེ་ནི་རྩ་བ་དང་ཡན་ལག་ཉམས་ན་བསྐང་པ་ཡིན་ཏེ། ཉེས་པའི་རིམ་པ་བདུན་དང་ཉི་ཤུ་རྩ་གཅིག་དང། བརྒྱ་རྩ་བརྒྱད་སྟོང་དང་ཁྲི་དྲུག་འབུམ་གྱིས་ཉེས་པའི་རིམ་པ་དང་སྒྱུར་ནས་འདག་ཅེས ་པའོ། །ཆོས་ཀྱི་སྤྱོད་པ་གཞན་རྣམས་ཀྱང་སྤང་བར་འགྱུར་བ་སྨོས་ཅི་དགོས་ནི། ཀློག་འདོན་དང་ཉེན་པ་བསྐྱབ་པ་སྟེ། ཐར་པའི་ལམ་དང་དགེ་བའི་སྟོབས་འབྱིན་པའི་ཕྱིར་རོ། །མི་སྤང་བར་སྤྱོད་པ་དང་འབྲེལ་ཏོ། །ཤ་ཆེར་ཁྲག་དང་ཁུ་པ་དང། །དྲི་ཆེན་དང་ནི་དྲི་ཆུ་སྟེ། ་བླང་དང་སྤང་བར་བྱ་བ་མིན། །རྩ་བ་བྱང་ཆུབ་སེམས་མི་བཏང། །ཞེས་པ་ལ། ཤ་ཆེན་ཁྲག་དང་ཁུ་བ་ལ་དྲི་ཆེན་དང་དྲི་ཆུ་ལ་དྲོད་ཀྱི་ནུས་པ་མེད་པར། སྐྱེ་བོ་ཕལ་པའི་མདུན་དུ་སྤྱད་པ་མ་ཡིན་ཏེ། ཁྱི་ཕག་དང་འདྲ་བའི་ཕྱིར་རོ། །སྤང་ན་ཉན་ཐོས་དང་འདྲ་བས ་སྤང་བ་མ་ཡིན་ནོ། །གསང་སྔགས་སྤང་བ་དང་བླང་བའི་ལམ་མིན་ཏེ་དེ་ནི་རྟོག་པ་ཡིན་པས། འདི་ནི་བདེ་བའི་ལམ་ཡིན་ཏེ། །རྟོག་མེད། ཅེས་པའི་དོན་ཏོ། །རྩ་བ་བྱང་ཆུབ་སེམས་མི་བཏང་ནི་ཀུན་རྫོབ་དང་དོན་དམ་སྟེ། དགེ་བའི་འབྲས་བུའི་རྩ་བ་མ ་ལུས་པའི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན་པས་སྤངས་ན་ངན་སོང་དུ་འགྲོ་།ཞེས་པའོ། །ཆོས་ལ་སྨོད་པའང་སྤང་བར་བྱ། དད་ལྡན་བསམ་པ་སུན་མི་དབྱུང། །བུད་མེད་རྣམས་ལ་སྨད་མི་བྱ། །སྤང་དང་བླང་བར་བྱ་བ་མིན། །ཞེས་པ་ལ། ཆོས་དང་སྨོད ་པ་རང་དང་གཞན་གྱི་གྲུབ་པའི་མཛའ་སྟེ། སྨད་ཅིང་སྤངས་ན་རྣམ་པར་སྣང་མཛད་རིང་པའི་རྒྱུའོ། །དད་ལྡན་བསམ་པ་སུན་མི་དབྱུང་ནི་ཐེག་པ་ཆེ་ཆུང་གི་རིགས་ཅན་ཏེ། ཆུང་ངུ་ནི་ཆེན་པོར་འགལ་ཏེ་སུན་མ་ཕྱུང་བའོ། །གཞན་ནི་ལམ་གཉིས་ངན ་སོང་སུན་འབྱིན་པ་ནི་དེ་ནི་རྒྱུ་ལ་འཇུག་པ་སྟེ། རྒྱུ་འབྲས་སུན་འབྱིན་པའོ། །བུད་མེད་ནི་བུད་མེད་དེ་ཆགས་བཅས་རྣམས་དབང་གསུམ་པའི་དུས་རིན་པོ་ཆེའི་རིགས་ཀྱི་གང་ཟག་རྣམས་ལ་མི་སྨད། ཅེས་པའོ། །ཡེ་ཤེས་ངོས་འཛིན་མེད་པར་དེ་སྤང་བའང ་མིན་བླང་བའང་མེད། གང་ཟག་གཉིས་ཀྱིས་སོ། །བགྲོད་མེད་ལམ་ནི་བགྲོད་པ་མེད། །སྤོང་བ་མི་སྤོང་འགྱུར་བ་དང། །བླང་བྱ་མི་ལེན་སྤང་བར་བྱ། །ཞེས་པ་ལ། ཐེག་པ་ཆེན་པོའི་ལམ་ལ་ཞུགས་པའི་གང་ཟག་གིས། མུ་སྟེགས་དང་ཉན ་ཐོས་ཀྱི་ལམ་ངན་པས་ཕྱིས་མི་བགྲོད་པའོ། །སྤོང་བ་ཕྱིས་མི་སྤོང་བར་འགྱུར་པའོ། །ཉོན་མོངས་པ་དང་ལས་ཀྱི་ཉོན་མོངས་པ་རྣམས་ཏེ། དེའི་གཞི་རྣམས་སྤང་ཞེས་པའོ། །བླང་བྱ་མི་ལེན་ནི་བསྐྱེད་རྫོགས་ཀྱི་དོན་དེ་བརྩོན་འགྲུས་ཀྱིས། །འཇུག་ཅེས་པའོ། །དུག་ལྔ ་སྤོང་བ་ཡང་སྤང་བར་བྱ། །བླང་བ་ཡང་ནི་སྤང་བ་ཡིན། །དུག་ལྔ་མི་སྤང་བར་སྤྱང་བྱ། །ཞེས་པ་སྟེ། ལུང་ལས་ཕ་དང་མ་ནི་བསད་བར་བྱ། །རྒྱལ་པོ་ངན་པ་བཀུར་མི་བྱ། །བྲམ་ཟེ་གྲོང་ཁྱེར་གཞོམ་པར་བྱ། །སེམས་ཅན་དོན་དུ་གཞན་གྱི་བུད་མེད་སྤྱད ་ཅིང་མི་གཙང་བས་སེམས་ཅན་གྱི་དོན། །སྲོག་ཆགས་ཀྱང་ནི་བསད་པར་བྱ། །མ་བྱིན་བླང་ཞིང་བརྫུན་སྨྲ་དང། །གཞན་ལ་ཕྲག་དོག་མྱོས་འགྱུར་བཏུང། །འདས་ཀྱང་གྲོལ་བར་འགྱུར་བ་སྟེ། །དགོངས་པས་བཤད་པ། ཞེས་ནི། དུག་ལྔ་སྤང་བ། ་ཞེས་པ་སྟེ་རང་ཀ་རུ་མི་སྤྱད་ཅེས་པའོ། །གསང་བ་ཐེག་པ་ཆེན་པོའི་གང་ཟག་སྐྱེས་བུ་རྣམས་ཀྱིས་ནི། དུག་ལྔ་མཐུན་རྐྱེན་གྱིས་བླང་ཞིང་སྤྱད་པར་སྤང་མི་བྱ། འགལ་རྐྱེན་དགྲ་རུ་ཡང་མི་གཟུང་སྟེ། སྤང་བྱ་བླང་བྱ་རུ་བྱས་ནས་ལམ་བགྲོད་ན། ་ཐེག་པ་ཆེན་པོའི་རིགས་མིན་ཏེ་ཆུང་ངུའོ། །དགྲ་དང་གཉེན་དུ་མ་གཟུང་བ་ནི་སྤངས་བཤུགས་ཏེ་བཏང་སྙོམས་ཆེན་པོའོ། །དེ་ནི་ཐེག་པ་ཆེན་པོ་མི་བསླུ་བའི་ལམ་ལ་ཞུགས་པའོ། །དམ་པ་མ་ཡིན་བསྟེན་མི་བྱ། །ཞེས་པ་ནས་རྟག་ཏུ་མི་དང་སྤྱོད ་པ་བསྟུན། །ཞེས་པའི་བར་ལ། ལོག་པའི་བླ་མ་མི་བསྟེན་པ་དང། རྡོ་རྗེ་སློབ་དཔོན་གྱི་ལས་ཀྱི་རིམ་པ་དང། དེ་ཡང་རྩ་བ་ན་གསལ་བས་མ་བྲིས་སོ། །དང་པོ་དཀའ་ཐུབ་བསྟེན་པ་སྟེ། ཐ་མའི་དུས་སུ་སྤང་བར་བྱ། །ཆང་སོགས་ཉེས་པར་གྱུར་པ་སྤང།། ་ཞེས་པ་དང་པོ་བསྙེན་པ་ལོ་འམ་སྒྲ་བ་རུ་བརྟན་པར་གཟུང་ལ་དགེ་སློང་གི་བསླབ་པའི་དུས་སུ་བསྙེན་གནས་ལོགས་སུ་མི་དགོས་ཏེ། སྤང་བའོ། །ཡང་ན་དང་པོ་སྡོམ་པ་གསུམ་ལ་གནས་པར་བྱས་ལ། འཇིག་རྟེན་མཆོག་གི་ཡེ་ཤེས་སྐྱེས་ཙམ་ན། དཀའ་ཐུབ་མི ་དགོས་ཀུན་བརྟགས་ཡིན་པའི་ཕྱིར་རོ། །ཆར་སོགས་ཉེས་པར་གྱུར་པ་ནི། །སྔགས་པའི་བྱང་ཆུབ་སེམས་དཔའ་ཨི་རྩ་བ་ལྔ་རྒྱུན་དུ་སྤང་ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་སྔགས་ཟློས་པ་རྣམས་ཀྱིས། བྲག་ཅོང་ལ་སོགས་དང། མི་ནག་སྡིག་བྱེད་དང་གསུང ་ཆེན་ལ་མི་འགྲོགས་སོ། །ཐབས་ལྡན་དངོས་གྲུབ་སྦྱར་བར་འགྱུར་ན་ནི། །གྲང་བཅན་གྱི་ནད་སེལ་བའི་སྨན་ཕུལ་དག་རེ་བཏུང་བ་འམ། དེ་རུ་ཡང་རུལ་གསུམ་སྐྱོན་སྤངས་པའོ། །ཞེས་ནང་གཞིའི་རྟེན་མི་བྱེད་པ་བཏུང་ངོ། །ཡང་ན་བདུད་རྩི་བསྒྲུབ་པ་བཞིན་བཏུང ་ཞེས་སོ། །གང་ཚེ་བཅོམ་ལྡན་རྡོ་རྗེ་ཞེས་པ་ནས། དེ་ཕྱིར་ཉོན་མོངས་སྤང་བྱའི་ཕྱིར་ཏུ་རྩ་བ་ན་གསལ་བས་མ་བྲིས་སོ། །ཁྱད་པར་ཐོད་པའི་འཕྲེང་བ་ཅན་ཞེས་པ་ལ། དང་པོ་བླ་མ་ལ། དཀྱིལ་འཁོར་མེ་ཏོག་སྔོན་པོར་བཅས། ཞེས་པ་དང་པོ་ཁྱད་པར་གྱི་སྡོམ ་པ་བླངས་ལ་འཕགས་པ་གོས་སྔོན་པོ་ཅན་གྱི་སྡོམ་པ་བསྲུང། ཞེས་པའོ། །དེ་ནས་ཁྱད་པར་གཞན་དང་མ་འདྲ་བའི་ཐོད་སྤྱི་ཕུང་དང་འདྲ་བའི་སྡོམ་པ་བསྲུང། ཞེས་པའོ། །ཐོད་ནི་བཟང་པོ་སྟེ། གཙར་ཆང་དང་བྲག་ཙོང་དང། རྟ་རྐྱང་ཤ་དང་ལོངས་སྤྱོད ་དང་བཅས་པར་མཁས་ཞེས་ཟེར་བ་ནི། ཆོས་ཟིང་དུ་ཁྱེར་བ་སྟེ། དེ་ནི་རོ་མྱགས་མོའི་འདམ་དུ་སྐྱེ་ཞེས་སོ། །ཡང་ཆོས་ཀྱི་མཆོག་གི་ཡེ་ཤེས་ཀྱི་ཡེ་ཤེས་ཡོད་པ་དེ་རྣམས་ཀྱིས་ནི་གྲོང་ཁྱེར་དུ་གཏོར་མ་ལ་སོགས་པས་ཕན་གདགས་པའོ། །དམ་ཚིག་རྟག་ཏུ་བསྲུང ་བྱེད་པའི། །རྣལ་འབྱོར་དེ་ལ་དངོས་གྲུབ་འབྱུང། །དམ་ཚིག་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་སྟེ་དེ་བསྲུངས་ན་དེ་ལ་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་རི་ལུ་ལ་སོགས་པ་འགྲུབ་ཅེས་སོ། །དམ་ཚིག་རྣམས་ནི་རྡོ་རྗེ་སྟེ། །དམ་ཚིག་གདུག་པ ་ཟིལ་གྱིས་གནོན། །དམ་ཚིག་ཐུབ་དཀའ་གདུག་པ་འཇོམས། །དེ་བས་མཁས་པ་དུས་ཀུན་ཏུ། །དངོས་གྲུབ་རྒྱུར་འགྱུར་དམ་ཚིག་བསྟེན། །ཅེས་པ་ལ། དམ་ཚིག་ཆེན་ནི་དམ་ཚིག་དང་ལྡན་ན། ཉོན་མོངས་རྡོ་རྗེ་པ་ལམ་དང་འདྲ་བར ་འཇོམས་ཤེས་པའོ། །དམ་ཚིག་བསྲུང་བའི་གང་ཟག་གིས། །གདུག་པ་ལས་ཀླུའི་གནོད་པ་ལ་སོགས་ཏེ། ནང་གཞི་མི་འབྱུང། ཞེས་པའོ། །དཀའ་ཐུབ་དམ་ཚིག་ནི་སྡོམ་པ་གསུམ་ལྡན་ན་ཤིན་ཏུ་དཀའ་བས་དཀའ་ཨོ། །བར་དུ་གཅོད་པའི་གདུང་སེལ་བས ་རིང་དུ་མི་གནས་ཤེས་པའོ། །དེ་བས་ན་མཁས་པས་ནི་བླང་བ་དང་བསྲུང་བ་དང། །བཤགས་པའི་དོན་ཤེས་པའོ། །དངོས་གྲུ་འགྲུབ་པའི་རྒྱུ་དམ་ཚིག་ཡིན་པས་བསྲུང། ཞེས་པས་གོང་མ་རྣམས་དང་འབྲལ་ཏོ། །གང་དག་དམ་ཚིག་མེད་ཅིང་སྦྱོར་བ ་ཀུན་སྤངས་པ། །རྟག་ཏུ་དངོས་གྲུབ་སྦྱོར་སྤངས་ནི། །སྡུག་བསྔལ་ཐམས་ཅད་སྐྱེད་ནོ་ཞེས་པ་ལ། གང་དག་དམ་ཚིག་མེད་པ་ནི། སྡོམ་པ་གསུམ་བླངས་ནས་མི་སྲུང་པའོ། །སྟེ་ཉམས་པ་རྣམས་སོ། །སྦྱོར་བ་ཀུན་སྤངས་ནི་ཉམས་ན་བཤགས་པ་ལ ་མི་འཇུག་ཅིང་ཆོས་ཀྱི་སྤྱོད་པ་གཞན་འདོར་བའོ། །རྟག་ཏུ་དངོས་གྲུབ་སྦྱོར་སྤངས་ནི། དམ་ཚིག་སྦྱོར་བ་མེད་ན་མཆོག་ཐུན་མོང་གི་དངོས་གྲུབ་མེད་ཅེས། བླ་མ་དམ་ཚིག་ཉམས་པའི་ཆོས་ཟབ་པ་དང་དབང་དང་མན་ངག་ལ་སོགས་པས་རང་ཉིད ་ཀྱང་མི་གྲོལ་ཏེ། ས་བོན་ཉམས་པ་ལ་མྱུ་གུ་སྔོན་པོ་མི་འབྱུང་བའི་ཕྱིར་རོ། །གཞན་ཡང་དེས་གྲོལ་བར་མི་འགྱུར་ཏེ། གྲོང་གི་རྒྱུ་ཉམས་པས་འབྲས་བུ་འབྱིན་མི་ནུས་པའི་ཕྱིར་རོ། །དེས་ན་དམ་ཚིག་ཉམས་པའི་མི་དང་ལུང་པ་གཅིག་གི་ཚུལ་ཡང ་མི་བཏུང་སྟེ། སྡུག་བསྔལ་ཐམས་ཅད་བསྐྱེད་བའི་རྒྱུ། །དམ་ཚིག་ཉམས་པ་ཡིན་པའི་ཕྱིར་རོ། །འགྲོ་བའི་སྡུག་བསྔལ་སེལ་མཛད་སངས་རྒྱས་རྡོ་རྗེ་ཅན། །རྟག་ཏུ་ཐུབ་བྱེད་སྡོམ་གནས་རྟག་ཏུ་བདེ་བའི་མཆོག་།བླ་མེད་ལམ་མཆོག་གསང་ཆེན ་དེ་ཉིད་སྐྱབས?། །ཅེས་པ་ལ། འགྲོ་བ་ནི་རིགས་དྲུག་སྟེ་གཅིག་ནས་གཅིག་ཏུ་འགྲོ་བའི་ཕྱིར་རོ། །སྡུག་བསྔལ་ནི་གསུམ་མམ་བརྒྱད། །དེ་སེལ་བ་ནི་སངས་རྒྱས་རྡོ་རྗེ་ཅན་ནོ། །རྟག་ཏུ་ཐུབ་བྱེད་ནི། །ཤཱཀྱ་ཐུབ་ཀྱི་བསྟན་པ་ལ། དེའི་སྡོམ་པ་གསུམ་ལ་མ་གནས་པར་ལམ ་གཞན་མེད་ཅེས་སོ། །རྟག་ཏུ་བདེ་བའི་མཆོག་ནི། ལམ་དེ་ལ་གནས་པས་རྒྱུ་དང་འབྲས་བུ་དུས་གཉིས་བདེ་ཞེས་པའོ། །བླ་མེད་ལམ་ནི་འབྲས་བུ་ལམ་དུ་བྱེད་པའི་ཐེག་པའོ། །གསང་ཆེན་རྣལ་འབྱོར་ཆེན་པོ་ལམ་མོ། །དེ་ཉིད་སྤངས་ནི་རྡོ་རྗེ་འཆང་གི་ངོ་བོ ་སྤངས་པ་ཡིན་པའི་ཕྱིར་རོ། །མི་གནས་དངོས་གྲུབ་མེད་ཅིང་ཚ་གྲང་སྡུག་བསྔལ་མྱོང་ནི། དོན་ནོར་སྨྲ་བ། ཉམས་ཤིང་སློབ་དཔོན་དཀའ་སོགས་བཅག་།སྤྱི་ནས་བླ་མེད་བླང་ཞིང་མཁའ་འགྲོས་སྙིང་ནས་འདྲེན་ཞེས་པ་ལ། མི་གནས་ནི་སྔོ་བ་དང་དམ་ཚིག་ཉམས ་པས། དངོས་གྲུབ་རྣམ་གཉིས་མེད་པ་འབྲས་བུ་ཚ་གྲང་གི་སེམས་ཅན་དམྱལ་པའི་སྡུག་བསྔལ་མྱོང་ཞེས་པ་སྟེ། དེས་ན་ཀྱི་ཧུད་བར་མེད་པའི་སྡུག་བསྔལ་འདི་ལྟ་བུ་ཀྱི་ཧུད་ཨེ་བཟོད་ཐབས་མེད་པའི། ཚ་དང་ཐར་པའི་ཐབས་མེད་ན། །དེའི་རྒྱུ་འདོན་ནི་སྡོམ ་པ་ཉམས་ཤིང་ལྟ་བ་ལོག་མིག་ཟླུམ་ཤ་ལ་སོགས་པ་འཕྲལ་དུ་སྲོག་དང་བྲལ་བའི་ཤ་དང་མི་བཟའ་བ་དང། ཆང་ནི་དུག་ལྔ་བསྐྱེད་པའི་རྒྱུ་ཡིན་པས། ཉོན་མོངས་པ་ཀུན་ནས་སློང་བའོ། །ཤེས་པ་མྱོས་བྱེད་ནི་མ་ཡིན་ནོ། །དུག་ལྔ་ལ་སོགས་པ་གཡེང ་བའི་རྒྱུ་མ་ལུས་པ་སྤངས་ལ། སེམས་ཅན་མ་ལུས་པ་ལ་སྙིང་རྗེ་ཆེན་པོས་སྒྲུབ་ཅེས་སོ། །དེས་ཕྱག་རྒྱ་ཆེན་ལམ་ལ་ཕྲེང་བ་དང་ཕྲེང་ཐག་བཞིན་འབྲེལ་བས་ཀྱང་ཕྲེང་བའོ། །དམ་ཚིག་ལ་ཕྲེང་བ་དང་འདྲ་བར་ཕྲེང། ཞེས་སོ། །གོས་སྔོན་པོ་དང་རཀྵ་དང་རུས་པའི་ཕྲེང་བ་བླག་ཤེས་པས། གོས་སྔོན་པོ ་དང་?་བས་ངོ་ཚ་བྲེལ་ཡོད་གོས་སྟོང་གཡོགས་སྟེང་དུ་གོམ་པ་ནི་གོས་སྔོན་པོའི་རིགས་སོ། །རཀྵ་ནི་གནོད་སྦྱིན་རཀྵ་སྐྲག་པའི་རྒྱན་སྦྲུལ་དང་སྟག་དང་བྱ་ཁྱུང་གིས་མཚན་པ་ལ། སོགས་པ་ཁྲོ་བོའི་རྒྱན་བསམ་ཞེས་སོ། །རུས་པའི་ཕྲེང་བ་ནི་རིན་པོ་ཆེ་བཻ་ཌཱུརྱའི་རྒྱན་ཕྲག་པ ་ག་ལས་ལ་ཟར་བུ་ཚགས་སུ་བསམ་མོ། །ཡང་ཕྲེང་བ་ནི་ཕྲེང་བ་སྟེ་ཤིང་ཀུ་རུས་བྱང་ཆུབ་སྒྲིབ་སེལ་གྱི་འབྲས་བུ་དང་དྲག་པོ་ལ་འབོར་ཉེ་རུས་པ་ཡང་བགྲང་ཞེས་ཏེ། རྒྱན་གྱི་དམ་ཚིག་གོ། དུས་ཀུན་ཏུ་ནི་རང་ལྷ་མཆོད། །རྟག་ཏུ་བླ་མ ་མཉེས་པར་བྱ། །རྟག་ཏུ་རང་ལྷའི་བསྙེན་པ་བྱ། །རྟག་ཏུ་རང་ལྷའི་དམ་ཚིག་བསྲུང། །དུས་ཞེས་པ་ནི་དུས་ཀུན་ཏུ། །ལྷ་མཆོད་ནི་ཉིན་མཚན་ནི་རང་གི་ལྷག་པའི་ལྷ་ལ་ཕྱི་ནང་དག་དང་བས་མཆོད་ཅིང་དང་བ་དང་མོས་པས་མཉེས་པར་བྱ་སྟེ། འཇིག་རྟེན་པའི ་ལྷ་ལ་མི་མཆོད་ཅེས་སོ། །རྟག་ཏུ་བླ་མ་མཉེས་པ་ནི། དབང་གི་དུས་སུ་ཡོན་གྱིས་བླ་མ་མཉེས་པ་ལས་དབང་ཐོབ་པར་བྱ་སྟེ། ཕྱིས་བླ་མ་དང་མི་ཉམས་པར་དམ་པའི་ཆོས་དང་མཐུན་པས་བླ་མ་མཉེས་པར་བྱ། །ཞེས་པའོ། །རང་ལྷའི་བསྙེན་པ་བྱ་བ ་ནི། སྒྲུབ་པ་དང་ལས་སྦྱོར་མིན་པར་རྒྱུན་ཏུ་རྩ་སྔགས་བཟླས་ཏེ། སྔགས་དེ་ནི་སྦྱོང་ཞིང་ནུས་པ་བསྐྱེད་པའོ། །དེས་ནི་སྐུ་གསུང་ཐུགས་ཀྱི་བྱིན་ཉེ་བའོ། །རྟག་ཏུ་རང་གི་དམ་ཚིག་ནི་འཕགས་པ་གོས་སྔོན་པོ་ཅན་དང་འབྲེལ་པའི་དམ་ཚིག་རྣམས་ཏེ་མི ་དགེ་བ་ལས་ལོག་པའི་ཐ་ཚིག་གོ་།རྟག་ཏུ་སྔགས་ཀྱི་སྤྱོད་པ་བསྟེན་པ་ནི། རྟག་ཏུ་ཆོས་ཀྱི་དམ་པ་བླང། རྟག་ཏུ་ཁྲུས་ཀྱི་ཆོ་ག་བྱ་བ་ནི་རྟག་ཏུ་ཆོས་ཀྱི་དམ་པ་བླང། ཞེས་པ་ལ་རྟག་ཏུ་སྔགས་སྤྱོད་པ་ནི་ཟས་དང། གཏོར་མ་ཁྲུས་དང་སྤྱོད་ལམ་གོས་དང ་ཏིང་ངེ་འཛིན་ལ་སོགས་པ་རྣམས་དང་ནམ་དུ་ཡང་མ་འབྲལ་བར་བསྟེན་ཅེས་པའོ། །རྟག་ཏུ་ཆོས་ཀྱི་དམ་པ་བླང་ནི་འབྲས་བུ་གསང་སྔགས་ཀྱི་ཆོས་ལ་ཆོག་མི་ཤེས་བར་བྲི་བ་དང་མཉན་པ་དང་བསམ་པ་སྟེ། ཐེག་པ་འོག་མ་པའི་དོན་དང་མ་འབྲེལ་ཞེས ་པའི་དོན་ཏོ། །རྟག་ཏུ་ཁྲུས་ཀྱི་ཆོ་ག་བྱ་ནི་ཕྱི་ནང་གི་ཁྲུས་སྟོང་པ་ཉིད་ཆེན་པོ་དང། ཕྱི་ལྷ་ཞུ་བ་སྟེ། རིགས་ལྔ་དང་འབྲེལ་ཞེས་པའོ། །སྲོག་གཅོད་པའི་སེམས་ཅན་པས་ཀུན་ཏུ་རྒྱུག་པར་བྱེད་པ་བླ། ཞེས་པ་ལ། སྲོག་གཅོད་པའི་དང་གཅོད་དུ ་གསལ་བ་དང། ཡི་རང་བའི་ལས་ཀྱི་ལས་རྣམས་ཀྱིས། ཚ་བ་དང་ཚ་བའི་སེམས་ཅན་རྣམས་སུ་སྐྱེ་སྟེ། ཕྱིས་ངེས་ན་མནར་དུ་མི་འདོད་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་སྲོག་ཕངས་ཤིང་སྲོག་གི་ཟུག་རྡུ་ཤིན་ཏུ་མི་བཟོད་པའི་ཕྱིར་རོ། །རྒྱུ་དེ་ནས་འབྲས་བུ ་ཡང་ངན་སོང་གསུམ་དུ་འགྲོ་ངེས་སོ། །སྡུག་བསྔལ་ཡང་སྤང་དུ་མེད་དོ། །བཙོ་བསྲེག་དུས་གཅིག་ལ་མྱོང་བའོ། །དེ་ནས་དགེ་བའི་ནང་དུ་སྲོག་གི་སྦྱིན་པ་ཆེ་ཞེས་རྒྱལ་བས་གསུངས་སོ། །དེས་ན་སྲོག་གཅོད་པའི་སེམས་ཅན་པས། སྦྲང་ཞིང་ཟས་ཚོལ་བབ་སྟེ་བཟང ་ཞེས་པའོ། །དེ་ནས་སྲོག་གཅོད་པའི་ལས་རྣམ་སྨིན་ཆེ་ཞིང་ཆེ་བས་སྲོག་གཅོད་པ་སྤོང་ངོ། །གྲོང་ཁྱེར་འཇུག་དང་གཏོར་མ་གཏོང། །སྲོག་གི་ཕྱིར་ཡང་མི་གཏང་ངོ། །ཞེས་པ་ལ། གྲོང་ཁྱེར་འཇུག་སྟེ་རྙེད་པའི་ཕྱིར་སྦྱིན་སྲེག་དང་གཏོར་མ་དང། སྣང་ལས ་སུ་མ་རུང་བའོ། །གང་ཟག་རྣམས་པའོ། །སྨྲ་བ་ཉམས་པ་ནི་ཁས་བླངས་ན་དཀོན་མཆོག་བསླུ་བ་ཡིན་པའི་ཕྱིར་དང། གཞུང་བཞིན་མ་བྱས་པའི་ཕྱིར་རོ། །སློབ་དཔོན་དཀའ་སོགས་བཅག་པ་ནི། བླ་མའི་ངག་མ་མཉན་ཞིང་གསུངས་པ་ལས་བླ་མ་རྒྱབ་ཏུ ་གཤེ་ཤིང་ནོར་དང་རྫས་ལ་མ་གནང་བར་ལོངས་སྤྱད་པ་ནི། ཡི་དགས་ཀྱི་སེམས་ཅན་དམྱལ་བའོ། །བླ་མའི་ཁྱད་པར་གྲོགས་ལ་སྤྱད་ཅིང། བླ་མ་རྒྱབ་ཀྱིས་ཕྱོགས་ན། སྦྱི་ནས་རྐང་བ་སོག་ལེ་འབར་བས་འདྲ་ཞིང། ཐར་ཐབས་མེད་པའི་སྡུག་བསྔལ ་མྱོང་བ་སྟེ། རྒྱུ་འབྲས་སོ། །ཚེ་འདི་ལ་མཁའ་འགྲོས་སྙིང་ནས་འདྲེན། ཞེས་པའོ། །གང་ཟག་ལ་ལ་ནི་ཚེ་འདི་ལ་གྲགས་པ་སྙན་ཞིང་བདེ་ཞིང་འཇིག་རྟེན་ཆོས་ལ་དགའ་བ། ཚུལ་འཆོས་གཡོ་ཅན་རྣམས་སྔ་མའི་བདེ་བའི་ལས་ཀྱིས་འདིར་བདེ་ཞེས་ཏེ། ཚེ ་འདི་འདས་ནས་སྡུག་བསྔལ་མྱོང། ཞེས་སོ། །གནོད་བྱེད་མེ་འབལ་རྟག་ཏུ་དགྲ་བཞིན་སྤང། ཞེས་ཏེ། དམ་ཚིག་ཉམས་པ་བསྲུང་ཞེས་པའོ། །ཡིད་བཞིན་ནོར་བུ་རང་གི་སྲོག་བཞིན་བཙའ། སྲོག་དང་འདྲ་བར་དམ་ཚིག་ཅེས་སོ། །དང་པོ་བླང་བསྲུང་ཉམས ་པ་བཤགས་པར་བྱ་སྟེ། མཁས་པ་ནི་ཤེས་པ་དང་དད་པ་ཅན་ནོ། །གང་ཟག་དེས་བདེ་བ་ལ་གནས་ཤིང་སྡུག་བསྔལ་སྤངས། ཞེས་པའོ། །བདག་གི་གནས་ཐབས་འདི་ནས། བདེ་བ་ལ་གནས་པར་ཤོག་གི་བར་རྩ་བ་ན་གསལ ་ཞིང་ཆང་བས་མ་བཀྲལ་ལོ། །བདག་གིས་འགྲེལ་འདི་བརྩམ་པར་མི་རིགས་ཀྱང། སེམས་ཅན་དམན་པ་རྣམས་ལ་ཕན་པ་དང། །དམ་ཚིག་ཉེས་དམིགས་མཐོང་བས་སུ། །སྡོམ་པ་དག་ལ་གནས་པར་འགྱུར། །རང་ཉིད་སྡོམ་ལ་མོས་པ་ཡིས། །དད་པའི ་དབང་གིས་འགྲེལ་འདི་བརྩམས། །མ་ལེགས་ཉེས་པ་ཤོར་སྲིད་ན། །བླ་མ་མཁས་པ་རྣམས་ལ་བཟོད་པར་གསོལ། །འཕགས་པ་གོས་སྔོན་དངོས་གྲུབ་ཉིད། །བདག་གིས་མྱུར་དུ་ཐོབ་གནས་པས། །མ་ལུས་མྱུར་ཏུ་ཐོབ་པར་ཤོག་།ཤེས་བྱ་སྒྲིབ ་པ་ཕྲ་མོ་རྩད་ནས་རྣམ་གཅོད་ཅིང། །ཅུང་ཞིག་དེ་ཉིད་རྩད་ནས་མཆོད་ཀྱང། །རགས་དང་ཕྲ་བའི་རྟོག་པ་འོག་མནན་ནས། །དྲོད་དང་རྩེ་མོ་ཆོས་ཀྱི་ཕྱག་རྒྱ་དང། །གསང་སྔགས་ཟབ་མོ་དག་གི་ལམ་ལ་རབ་གནས་ནས། །སྡོམ་པ་གསུམ་གྱི་ལམ་གྱིས་ཕྱག་རྒྱ་ཆད ་གྲོལ་ནས། །སེམས་ཅན་མ་ལུས་འཁོར་བའི་འདམ་ལས་བདག་ཉིད་འདོན་པར་ཤོག་།བདག་གིས་འགྲེལ་འདི་བརྩམས་པའི་དགེ་བ་ཡིས། །མ་ལུས་སེམས་ཅན་ཐམས་ཅད་ཀུན། །མཛེ་དང་ཤུ་བ་གཡན་ལ་སོགས། །ནད་ཀྱི་ཟུག་རྔུ་རྩད་ནས་འབྱང ་བ་དང། །འཁོར་བའི་ཆུ་རྒྱུན་བསྐམས་ནས་ཀྱང། །བདག་དང་མཛའ་ཡས་སེམས་ཅན་རྣམས། །གོས་སྔོན་དངོས་གྲུབ་ཐོབ་པར་ཤོག་།དམ་ཚིག་རྒྱན་གྱི་འགྲེལ་པ་མཆོག་རབ་མ་རྫོགས་སོ།། །།ཟངས་དཀར་ཚུལ་ཁྲིམས ་གཞོན་ནུས་བསྒྱུར་བ་ལགས་སོ།། (།།གོས་སྔོན་ཅན་གྱི་སྒྲུབ་ཐབས་མན་ངག་གི་འགྲེལ་བ་བཞུགས།།)་།།རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཏྭ་ནོ་པི་ཀ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན ་