CLOSE WINDOW

N1848: gtor ma'i rgyan
Wyliee-texts based on the ACIP/ALL Input

རྣམས། །ནང་དང་སྡུག་བསྔལ་རྩད་ཆོད་ནས། །ཞིང་ཁམས་གཙང་མར་སྐྱེ་བར་ཤོག་།དགེ་སློང་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ།། །*། །རྒྱ་གར་སྐད་དུ། བ་ལཾ་ཀཱ་ལཾ་ཀཱ་ར། བོད་སྐད་དུ། གཏོར་མའི་རྒྱན། བཅོམ་ལྡན་འདས ་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཀུན་གྱི་གྲོགས་འགྲོལ་ལས་ཀྱི་མཆོག་།བཀྲ་ཤིས་པར་ཆོད་སེལ་མཛད་པ། །གཏོར་མའི་ལས་ནི་བདག་གིས་བཤད། །ཕྱི་ནང་གཏོར་མ་རྒྱ་ཆེན་འདི། །རྒྱས་པར་གཏོར་མ་ཆེན་པོ་བསྟན། །བསྡུས་པ་ལ ་སོགས་མན་ངག་འདི། །སྒྲུབ་པ་པོ་ཡི་དོན་དུ་བསྡུས། །ཐམས་ཅད་ལྡན་པའི་གཏོར་མ་ལ། །ཧཱུཾ་གི་འོད་ཟེར་འཕྲོས་པ་ཡིས། །རཾ་གྱིས་བསྲེགས་ཏེ་ཡཾ་གིས་པུས། །ཁཾ་གིས་བཀྲུས་ཏེ་དག་པ་ལས། །སྟོང་པའི་ངང་ལས་ཡཾ་ལས་རླུང། །མ་དང་བརྟེན ་པའི་དངོས་པོ་དང། ། ལས་བདེ་སྐྱོང་ནང་དུ་ནི། །བཾ་ལས་བདུད་རྩི་ཆུ་རྒྱུན་འབྱུང། །དེ་དབུས་ཐབས་དང་ཤེས་རབ་འབར། །གཏོར་མའི་རྫས་ནི་ཡིག་འབྲུ་བཅུ། །སྐུ་གསུང་ཐུགས་ཀྱི་ས་བོན་དང། །རྡོ་རྗེ་ཟླ་བའི་དཀྱིལ་འཁོར་བཅས། །ཐབས་དང ་ཤེས་རབ་ཡི་གེས་མཚན། །ཧཱུཾ་གི་འོད་ཀྱིས་རླུང་སྔོན་བསྐྱོད། །འབར་དང་ཁོལ་བས་ཡབ་ཡུམ་བཞི། །སྐུ་གསུང་ཐུགས་ཀྱིས་བསྡུས་ཤིང་སྦྱངས། །སྤྲོས་པས་ཡེ་ཤེས་བདུད་རྩི་འབེབས། །ོཾ་ཨ་ར་ལི་ཧོ(རྒྱུད་འགྲེལ་ཨོཾ་ཨ་ཧཱུཾ་སྭཱཧཱ། །ཞེས་པའི་སྔགས་ལན་བདུན་གྱིས་བྱིན་གྱིས་བརླབ། །གདན་གསུམ་ལྡན་པའི་རིན་ཆེན་མཛེས། །ཧཱུཾ་ལས་འོད་ཟེར་ཛ(རྒྱུད་འགྲེལ་བསྐྱེད་ཅིང་མ་ལུས་དབང་བསྐུར་ནས། །བླ་མ་མི་བསྐྱོད་གཟུགས་འཛིན་རྣམས། །བདེན་འཚམ་རིམ་པར་བཞུགས་པ་རྣམས། །དེ་ལ་ཕྱག་འཚལ་མཆོད་བྱས་ན། །རང་གི་རྩ་བའི་སྔགས་ལ་ནི། །གསུམ་དང་བདུན་དང་ཉི་ཤུ་གཅིག་།ི་དམ་བ་ལཾ་ཁ་ཁ་ཁཱ་ཧི་ཁཱ ་ཧི་ཞེས་པའི་སྔགས་ལ་བཏགས་ལ་དབུལ་ལོ། །མ་མི་སརྦ་ཤད་ཧཱུཾ། ཨ་མུ་ཀ་མ་ཧི་མན་ཙི་མེ་ཏེ་མ་ས་བ་བུ་གཾ་རུ་ཏི་རི་ཕྲ་ཡཾ་བྷཀྵ་བ་ལིཾ་ཨི་དཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་རཀ་ཏ་པི་བ་ཏི། ཨང་ཏི་ཀྲ་སྭ་མ་ཡེ་སྭཱཧཱ། །གསང་པའི་སྔགས་དེས་ཀྱང་མགྲོན་མ་ལུས་པ ་ལ་དབུལ་བར་བྱའོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨདྱཱ་ནུཏཔནྣ་ཏྭཱ་ཏ། ཨོཾ་ཨཱ(རྒྱུད་འགྲེལ་སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །འབྲས་སྣུམ་ཁུར་བ་ལ་སོགས་ལ། །ཐམས་ཅད་མ་སྤྱད་སྣང་དུ་བླུག་།སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབ། །པཾ་ལས་པདྨ་དཀར་པོ་སྟེ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །ཕྱོགས་སྐྱོང་རིགས་དྲུག་འཁོར་དང ་བཅས། །སྤྱན་དྲང་གདན་ལ་བཞུགས་སུ་གསོལ། །ོཾ་ཨིནྡྲ་ཡེ་ཧཱུཾ་ཛ(རྒྱུད་འགྲེལ་ཧཱུཾ་ཛ:། སྤྱན་དྲངས་བ་ལིཾ་ཡོངས་སུ་དབུལ། །བསྟོད་དང་དངོས་གྲུབ་བླང་བ་དང། །ཐ་མ་ཚིག་བཅད་བསྔོས་བྱས་ནས། །སྨོན་ལམ་རྫོགས་པར་གདབ་པར་བྱའོ། །གཏོར་མའི་མན་ངག་གཞུང་དོན་འདི། །སྒྲུབ་པ་པོ་ཡི་དོན་དུ་བྲིས། ། ་ཚིག་དང་དོན་གྱི་ངེས་པ་རྣམས། །རིགས་ལྔ་བདེ་བར་གཤེགས་པ་དང། མཁའ་འགྲོ་རྣམས་ལ་བཟོད་པར་གསོལ། །སྔོན་བྱ་མེད་དང་གོ་རིམ་བྲལ། །འདི་ནི་བར་ཆོད་སྦྱོར་བ་སྟེ། །དེ་ནས་བར་ཆོད་སྦྱོར་བ་ཡོངས་སྤངས་ནས། །དངོས ་གྲུབ་ཀླུ་མོ་མཁའ་འགྲོས་འབྱུང། །བདག་གིས་འདི་བརྩམས་བསོད་ནམས་ཀྱིས། །རགས་དང་ཕྲ་བའི་རྟོག་པ་ཀུན་སྤངས་ནས། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །གསང་ཆེན་ལམ་ལ་རབ་གནས་ནས། །གོས་སྔོན་དངོས་གྲུབ་ཐོབ ་པར་ཤོག་།གཏོར་མའི་རྒྱན་གྱི་མན་ངག་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ས་མ་ཡ་ཨ་ལཾ་ཀཱ་ར། བོད་སྐད་དུ། དམ་ཚིག་གི་རྒྱན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དམ་ཚིག་མེད་དང ་