| Wylie | e-texts based on the ACIP/ALL Input |
(རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་སློབ་དཔོན་ཤྲི་བྷ་ཏྲས་མཛད་པ་བཞུགས།།)་རྒྱ་གར་སྐད་དུ། སརྦ་ཀལ་པ་ས་མུཙྪ་ཡ་ནཱ་མ་པྲ་ཏི། བོད་སྐད་དུ། རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེ་བོ་ཕལ ་ཆེར་འདོད་པའི་ཡུལ་ལ་ཆགས་ཤིང་རང་གི་བདེ་བ་གཞན་གྱི་དོན་དུ་མི་སྒྲུབ་པ། །དེ་ལ་གསང་ཕྱིར་ཕྱག་ན་རྡོ་རྗེས་རང་གི་རྒྱུད་དུ་མ་བྱས་སངས་རྒྱས་ཡུལ་དུ་གྱུར། གསང་བ་ཉེར་བཀོད་དེ་ཉིད་རྟོག་པ་བསྡུས་དང་མེ་ལྕེ་འབྱེད་པ་ལ་སོགས་རྗེས་འབྲངས ་ནས། ཇི་སྲིད་ཀླུ་ཡི་མན་ངག་མ་ཆད་གསང་བའི་བདག་ལ་བཏུང་དེ་བདག་གིས་བཤད། མངོན་པར་བྱང་ཆུབ་སྐུ་མངའ་བའི། །གསང་བའི་བདག་པོ་གོས་སྔོན་ཅན། །འཇིག་རྟེན་ལྷ་ལ་སོགས་པས་བསྟོད། །རྡོ་རྗེ་འཆང་བའི་དབང་མཆོག་ཐོབ། ། ་ཉི་མ་དང་འདྲའི་བདག་ཉིད་ཅན། །གཉིས་མེད་ལྷུན་འགྲུབ་བདེ་གནས་སུ། །གསང་བདག་གོས་སྔོན་དེར་སངས་རྒྱས། །འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་ནས། །བྱང་ཆུབ་མང་པོའི་འཁོར་དང་བཅས། །སྟོབས ་ཆེན་གསང་བའི་དོན་བཀའ་སྩལ། །སྤྲུལ་པའི་སྐུ་ཡི་ཚུལ་བསྟན་ནས། །རི་རབ་རིའི་རྩེ་མོ་ལ། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །གསང་ཆེན་རྒྱུད་དང་ཐུན་མོང་དག་།ལེགས་པར་བསྟན་པའི་དོན་རྣམས་ལ། །སྡེ་ཚན་ལྔ་ལྔ་ཉི་ཤུ་ལྔ། །མཛའ་ ་དང་ལྷག་པའི་མཛའ་བཅས་པ། །སུམ་ཅུ་རྩ་བཞི་རྩ་བར་ལྡན། །ཡན་ལག་རྒྱུད་ནི་གྲངས་ལས་འདས། །དེ་དག་གསུམ་མམ་བཞིར་འདུས་ཏེ། །རྩ་བ་བཤད་དང་ཕྱི་མ་དང། །ཕྱི་མའི་རྒྱུད་དུ་ངེས་པར་གསུངས། །དེ་དག་དོན་འདི་ཐུབ་ཆེན་དག་།རྡོ་རྗེ་འཆང་དང ་གོས་སྔོན་ཅན། །དེ་ལ་སོགས་པས་རྒྱས་པར་གསུངས། །དེ་ཉིད་བསྡུས་པའི་དོན་གསུམ་སྟེ། །བསྐྱེད་རྫོགས་གྲོགས་དང་རྣམ་པ་གསུམ། །བསྐྱེད་པ་དག་ནི་གཉིས་ཡིན་ཏེ། །རིམ་གྱིས་བསྐྱེད་དང་ཅིག་ཅར་པ། །ཡི་གེ་ཕྱག་མཚན་སྐུར་གྱུར་པ། །རིམ་གྱིས ་བསྐྱེད་པ་ཞེས་སུ་གསུངས། །དྲན་པས་ལྡང་བ་ཆུ་བུར་ཚུལ། །ཅིག་ཆར་བསྐྱེད་པ་ཞེས་སུ་གསུངས། །རྫོགས་པའི་དོན་ནི་རྣམ་གཉིས་ཏེ། །རིམ་གྱིས་འཇུག་དང?་ཅིག་ཆར་འཇུག་།རྩ་དང་ཡན་ལག་རྟེན་བྱེད་པ། །རིམ་གྱིས་འཇུག་པའི་ཚུལ་དུ་གསུངས ་ཅིག་ཅར་འཇུག་པ་ཞེས་བྱ་བ། །རྒྱུ་དང་འབྲས་བུ་སྐད་ཅིག་མ། །ཁྱད་པར་རྒྱུད་ཀྱི་དབང་དུ་གསུངས། །གྲོགས་ནི་དམ་ཚིག་ཤེས་རབ་དང། །སྙིང་རྗེ་འཁོར་ལོ་ལ་སོགས་དང། །ཁྱད་པར་སྤྱོད་པའི་དོན་ཤེས་པའོ། །དེ་དག་བཤད་པའི་ཡན་ལག་ནི། །དྲང་བའི ་དོན་དང་ངེས་པའི་དོན། །དགོངས་པས་བཤད་དང་དགོངས་པ་མིན། །ཇི་བཞིན་སྒྲ་དང་ཇི་བཞིན་མིན། །དེ་དག་བཤད་པ་རྣམ་པར་གསུམ། །དགོངས་པའི་གཞི་དང་གང་ཟག་དང། །དགོངས་པ་སྐྱོན་དང་བཅས་པའོ། །སེམས་ཅན་མོས་པ་མི ་མཐུན་པས། །གསང་བ་མ་ཡིན་སོ་སོར་སྟོན། །དྲང་པའི་དོན་དུ་གསུངས་པ་ཡིན། །ཡང་དག་དོན་དང་ལྡན་པ་ལ། །དེ་ཉིད་མན་ངག་རབ་སྟོན་པ། །ངེས་པའི་དོན་དུ་འགྱུར་པ་ཡིན། །མ་བྱིན་ལེན་པ་ལ་སོགས་པ། །སྤྱད་པས་གྲོལ་པར་གསུངས ་པ་སྟེ། །དགོངས་པས་བཤད་པ་ཞེས་སུ་གསུངས། །དེ་ཉིད་དོན་དང་མཐུན་གྱུར་བ། །དགོངས་པ་མིན་པ་ཞེས་སུ་གསུངས། །ཤུ་ཀྲ་སུ་ཀ་ཞེས་པ་དང། །མ་ནུ་ཏ་ར་ཞེས་བྱ་བ། །ཇི་བཞིན་མ་ཡིན་སྒྲ་རུ་འདོད། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །དེ་ཉིད་བརྡ ་མིན་སྐྱེ་བོའི་ཚིག་།རྒྱང་ཀྱི་བཤད་པ་མདོར་བསྡུས་ཡིན། །དེ་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེའི་རྒྱུད་དུ་ལེགས་པར་མ་གསུངས་ཏེ། དེའི་དོན་མ་ལུས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་བཤད་པར་བྱ་དགོངས་སོ། །འོ་ན་རྩ་བའི ་རྒྱུད་དུ་ལེགས་པར་མ་གསུངས་པ་ཅིའི་ཕྱིར་ཞེ་ན། དེ་ནི་གང་ཟག་གཟུ་ལུམས?་མཁན་གྱིས་རང་དགར་སྤྱད་ཀྱིས་དོགས་པའི་ཕྱིར་རོ། །འོ་ན་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་མ་ཁྱབ་པས་ལུང་དང་འགལ་ལ་ཞེན་མ་ཡིན ་ཏེ། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་ན་ནི་བདེན་ཏེ་དེ་མ་ཡིན། འདི་ནི་གང་ཟག་ཐེག་པ་ཆེན་པོའི་རིགས་ཅན་མ་ཡིན་པ་ལ་མ་བསྟན་ཏེ། དེ་ཡང་ཐུགས་རྗེས་མ་ཁྱབ་པ་མ་ཡིན་ཏེ། དེ་ལ་དེའི་རྣམ་པར་སྟོན་པའི་ཕྱིར་རོ།། ་དེ་ནི་ལུང་གཞན་དག་ལས་ཀྱང། ཐེག་ཆེན་རིགས་མིན་འོག་མ་པ། །གསང་བའི་དོན་འདི་ཐོས་ན་སྐྲག་།གང་ཟག་གཟུ་ལུམས་མཁན་དག་ནི། །བླ་མའི་ཁ་དང་རབ་བྲལ་ནས། །ཐུགས་ཐུབ་གཟུ་ལུམས་རས་ཆོད་བྱེད། །དེ་ནི་ངན་སོང་སྡུག་བསྔལ ་མྱོང། །དེ་བས་སངས་རྒྱས་ཐམས་ཅད་ཀྱིས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་པ། །དེ་ལྟ་དེ་ལྟར་རྣམ་པར་སྤྲུལ། །ཞེས་པའོ། །དེ་ལ་རེ་ཞིག་དང་པོར་རྒྱུད་ཀྱི་བྱུང་ཁུངས་གདབ་པར་བྱ་སྟེ། དེ་ཡང་ལེའུ་དང་པོས་ནི་རྒྱུད་ཀྱི་གླེང་གཞི་བསྟན་ཏོ། །ལེའུ་གཉིས་པས ་བསྐྱེད་རྫོགས་རིམ་གྱིས་འབྱུང་བ་བསྟན་ཏོ། །ལེའུ་གསུམ་པས་ནི་ལས་སྣ་ཚོགས་ཀྱི་སྔགས་བསྟན་ཏོ། །ལེའུ་བཞི་པས་ནི་སྲེག་པའི་སྔགས་ལ་སོགས་པའི་ནུས་པའི་ཡོན་ཏན་བསྟན་ཏོ། །ལེའུ་ལྔ་པས་ནི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་དོན་བསྟན་ཏོ། ་ལེའུ་དྲུག་པས་ནི་ལས་བཅུའི་སྦྱིན་སྲེག་བསྟན་ཏོ། །ལེའུ་བདུན་པས་ནི་བདུང་བཏུལ་བ་བསྟོད་པ་དང་བཅས་པ་བསྟན་ཏོ། །ལེའུ་བརྒྱད་པས་ནི་ཕྱི་ནང་གི་གཏོར་མའི་ཆོ་ག་བསྟན་ཏོ། །ལེའུ་དགུ་པས་ནི་སྔགས་ཐམས་ཅད་བསྟན་ཏོ། །ལེའུ་བཅུ་པས ་ནི་གྲུ་དགུག་ཅིང་དུག་གཞོམ་པ་དང་བཅས་པ་བསྟན་ཏོ། །ལེའུ་བཅུ་གཅིག་པས་ནི་ཀླུ་གཟིར་བ་བསྟན་ཏེ། །ལེའུ་བཅུ་གཉིས་པས་ནི་མཆོད་པའི་ཆོ་ག་བསྟན་ཏོ། །ལེའུ་བཅུ་གསུམ་པས་ནི་འཁོར་ལོ་བརྒྱད་ཀྱི་ཡན་ལག་དང་ཡོན་ཏན་འབྱུང་པ་བསྟན་ཏོ། །ལེའུ ་བཅུ་བཞི་པས་ནི་རྫོགས་རིམ་འབའ་ཞིག་བསྟན་ཏོ། །ལེའུ་བཅོ་ལྔ་པས་ནི་རྗེས་སུ་ཡི་རང་པའི་བསྟོད་པ་བསྟན་ཏོ། །དེ་ལ་ལེའུ་གཉིས་པས་ནི། བསྐྱེད?་རྫོགས?་རིམ་གྱིས་འཇུག་པའི་ཚུལ་བསྟན་ཏོ། །གཞན་ནི་ཕལ?་ཆེར་གྲོག་པུ་འགྱུར་རོ། །དེ་ལ་གླེང་གཞི་བསྟན ་པའི་ཕྱིར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དང་པོར་འཕགས་པ་ལག་ན་རྡོ་རྗེས་ཡི་གེ་དང་ཕྱག་མཚན་ལ་སོགས་པའི་སྒོ་ནས་འབྲས་བུ་མོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་གྱུར་ཏོ། ། ་དེའི་ཚེ་ཆོས་ཉིད་རང་བཞིན་གྱིས་འོད་གསལ་པ་ནི། །རྡོ་རྗེ་སེམས་དཔའ་འམ། རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དོ། །དེ་པས་ན་རྡོ་རྗེ་སེམས་དཔའ་ལ་ཕྱག་ན་རྡོ་རྗེས་ཐོས་ཞེས་པའོ། །ཡང་ན་ཕྱག་ན་རྡོ་རྗེ་ཉིད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ།། ་ལོངས་སྤྱོད་རྫོགས་པའི་སྐུད་སྤྲུལ་ཏེ་དེ་ཉིད་ལས་ཐ་དད་པའི་འཁོར་ཁམས་གསུམ་རྣམ་པར་རྒྱལ་བས་དོན་ཞུས་ནས་གསུངས་པའང་ཐོས་པ་ཞེའོ། །ཡང་ན་ཕྱག་ན་རྡོ་རྗེ་ཉིད་བརྒྱ་བྱིན་ལྷའི་དབང་པོའི་གནས་སུ་སྤྲུལ་བའི་སྐུར་ཕྱུང་སྟེ། །དེ་ཉིད་ལ་ཐ་དད ་པའི་འཁོར་ལོ་བཤད་ཅིང་བསྡུས་པ་ནི་ཐོས་པ་ཞེའོ། །དེ་དག་ནི་དྲང་བའི་དོན་ཏོ། །ཡང་ངེས་པའི་དོན་དུ་བཤད་པ། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཉིད་ཕྱག་ན་རྡོ་རྗེའི་སྐུར་སྤྲུལ་ཏེ། མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ཕྱག་རྒྱ་ཆེན་པོའི་ཚུལ ་བསྟན་པའོ། །འོ་ན་གང་རྡོ་རྗེ་འཆང་ཆེན་པོ་ཉིད་ཕྱག་ན་རྡོ་རྗེའི་སྐུར་སྤྲུལ་པ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱག་ན་རྡོ་རྗེ་ལ་དད་པའི་གང་ཟག་གདུལ་བའི་ཕྱིར་རོ། །འོ་ན་རྡོ་རྗེ་འཆང་ཆེན་པོ་ཉིད་ཕྱག་ན་རྡོ་རྗེའི་སྐུར་བསྟན་པ་མ་ངེས་པ་མ་ཡིན་ནམ། ། ་དངོས་སུ་སྤྲུལ་པ་ཞིག་གམ་འོན་ཏེ་མ་སྤྲུལ་ཞེ་ན། དེ་ནི་སྤྲུལ་དུ་ཡང་རུང་མ་སྤྲུལ་དུ་ཡང་རུང་ངོ། །རྒོལ་ཏེ་དངོས་སུ་སྤྲུལ་ན་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཨི་ཡང་དངོས་སུ་སྤྲུལ་པས་ཁྱད་མེད་པ་དང། ཇི་ལྟར་རང་གི་གནས་པར ་འགྱུར། འོན་ཏེ་མ་སྤྲུལ་ན་སྣང་བར་མི་རིགས་སོ་ཞེ་ན། བདེན་ཏེ་ལོག་པའི་ཤེས་པའམ། རྣམ་པར་རྟོག་པ་ལྡན་ན་ནི་ཤེས་པ་དེ་གསུམ་འབྱུང་སྟེ། དེ་མ་ཡིན་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་ནི། ཡང་དག་པའི་ཡེ་ཤེས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་རིང་དུ་སྤངས་ཏེ་ཐམས ་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པས་དངོས་སུ་སྤྲུལ་པའང་ལོག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟ་བའི་ལས་སུ་གྱུར་པ་ཐམས་ཅད་ལ་ཐོགས་པ་མེད་དོ། །དེ་ལྟར་ན་ནི་སེམས་ཅན་གྱི་ཤེས་པས་གོས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། སངས ་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །གལ་ཏེ་མ་སྤྲུལ་ཡར་འགལ་བ་མ་ཡིན་ཏེ། སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་དང། སེམས་ཅན་གྱི་མོས་པ་ཐ་དད་པས་ཇི་ལྟར་ཡང་སྣང་དུ་རུང་ངོ། །དེ་ལྟ་བས་ན་སྟོན་པ ་ཕྱག་ན་རྡོ་རྗེ་ནི་འདིར་རྡོ་འཆང་ཆེན་པོ་ཉིད་དོ། །ཐོས་པ་ཞེས་པ་ནི། འདི་ལྟར་ཤེས་རབ་མཆོག་ཏུ་གྱུར་པ་དང། རྒྱུད་ཐོས་པར་དཀའ་བ་དང། ཐོས་པ་མང་པོའི་སྒོ་ནས་བདག་གིས་ཐོས་ཤེའོ། །དེ་ལ་ཤེས་རབ་མཆོག་ཏུ་གྱུར་པ་ནི་སྐད་ཅིག་ཙམ་གྱིས་ཐོས ་ཤེའོ། །རྒྱུད་འདི་ཐོས་པར་དཀའ་བ་ནི་གཞན་དུ་འདི་མ་ཐོས་ཤེའོ། །ཐོས་པ་མང་པ་ནི་འདིའི་ཚེ་འདི་ཐོས་ལ་གཞན་གྱི་ཚེ་གཞན་ཐོས་ཤེའོ། །དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བ་ནི་དེ་གནས་དེར་སྟོན་པ་དེ་ལ་ཐོས་པ་ནི་གཞན་ཐོས་པ་སྟེ། ཕ ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །གནས་འདིར་འདི་ལ་འདི་དང་ལྷན་ཅིག་ཐོས་པ་ཞེས་པ་ནི་ཕྱག་ན་རྡོ་རྗེའི་རྒྱུད་དོ། །ཐེག་པ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ། ཐེག་པ་ཆེན་པོའི་ཁམས་གསུམ་རྣམ་པར་རྒྱལ ་བ་ཞེས་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཤཱ་རིའི་བུ་ལ་སོགས་པར་སྣང་ངོ། །དེ་བས་ན་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་དངོས་སུ་ཕྱག་ན་རྡོ་རྗེ་ཉིད་དོ། །རྒོལ་ཏེ་འོ་ན་སྡུད་པ་པོ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། སྡུད་པ་པོ་ནི་མེད་དོ། །དེའི་ཕྱིར ་འདི་སྐད་ཅེས་སྟོན་པའང་ཡང་དག་པའི་དོན་སྟོན་པའི་བརྡར་བཤད་དོ། །ཕྱག་ན་རྡོ་རྗེ་འཆི་བདག་གི་རྒྱུད་ཕྱི་མ་ལས། གང་ཚེ་བཅོམ་ལྡན་གོས་སྔོན་ཅན། །འདུས་པ་ཆེན་པོའི་འཁོར་དང་བཅས། །ཇི་ལྟའི་གཟུགས་སུ་སྣང་བ་དང། །གཞན་ཡང་སངས ་རྒྱས་དཀྱིལ་འཁོར་དག་།གཅིག་དང་ཐ་དད་ཅི་འགྱུར་བ། །གསང་བའི་བདག་པོས་བཀའ་སྩལ་མཛོད། །དེ་སྐད་གསུངས་པར་གྱུར་པ་དང། །ལེགས་ཤེས་ལན་གསུམ་གསུངས་མཛད་ནས། །བདུད་རྩི་འཁྱིལ་ལ་སླར་གསོལ་པ། །དེ་བཞིན་གཤེགས ་པའི་ཐུགས་རྗེ་དང། །སེམས་ཅན་སོ་སོའི་ལས་འཕྲོ་ཡིས། །སྐུ?་གཅིག་བསྟན་པའི་སངས་རྒྱས་ལ། །སྣ་ཚོགས་གཟུགས་སུ་རྣམ་པར་སྣང། །གཅིག་དང་ལྔ་དང་བརྒྱ་དང་སྟོང། །དེ་ལ་སོགས་པ་མཛའ་ཡས་པ། །གཙོ་དང་འཁོར་གྱི་རྣམ་པར་སྣང། ་སྤྱི་བོ་མགྲིན་པ་ལྟེ་བ་དང། །སྙིང་ནས་བཙུན་མོའི་བྷ་ག་ན། །གསང་བའི་ཐིག་ལེའི་གཟུགས་གནས་ཚེ། །ཀུན་གྱི་སྣང་བ་སོ་སོར་སྣང། །ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། །གནོད་སྦྱིན་ཐམས་ཅད ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གནོད་སྦྱིན་ནི་གནོད་སྦྱིན་གོས་སྔོན་ཅན་ཏེ། །གནོད་སྦྱིན་ཐམས་ཅད་ཀྱི་སྡེ་དཔོན་དུ་གྱུར་པའོ། །དེའི་གནས་ཡིན་པར་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྟུག་པོ་བཀོད་པའི་ཕོ་བྲང་དུ་ཕྱག་ན་རྡོ་རྗེ ་མཐོང་བའི་སྐལ་པ་མེད་པས་དོན་བཞུགས་ཞེས་བྱའོ། །ཤིན་ཏུ་དབེན་པ་ཡོངས་སུ་དག་པ་ནི། འོག་མིན་གྱི་གནས་ཏེ། དེ་བས་ན་གནས་གཉིས་ཁོ་ནའོ་ཞེས་ལ་ལ་འཆད་དོ། །ལ་ལ་དག་ནི་གནས་ནི་གསུམ་དཱུང་འདོད་དོ། །དེ་དག་ནི་ཕྱག་ན་རྡོ་རྗེའི ་སྤྲུལ་པའི་སྐུ་ཁོ་ནའི་གནས་ཡིན་ཏེ། འབྱུང་པོ་དང་བར་དུ་གཅོད་པའི་རྣམ་པས་དབེན་པས་དབེན་པའོ། །ཡོངས་སུ་དག་པའང་དེ་ཉིད་དེ། དེ་ལས་རིང་དུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་ཁྱབ་པའི ་ཕྱིར་རོ། །ཡོན་ཏན་རྣམ་པ་མང་པོ་དང་ལྡན་པའི་གནས་ནི་སྟོན་པ་བཞུགས་པའི་ཚུལ་འདིས་སྟོན་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཞེས་པ་ནི། གནོད་སྦྱིན་ནི་གང་བ་བཟང་པོ་ལ་སོགས་པ་སྟེ། དེའི་དཔོན་དུ་གྱུར་པ་ནི་གོས་སྔོན་ཅན་ནོ། །ཆེན་པོ་ན ་ཕྱག་ན་རྡོ་རྗེའོ། །དེའི་དོན་ནི་གནོད་སྦྱིན་གྱི་གཙོ་བོར་གྱུར་པ་ལག་ན་རྡོ་རྗེ་ཞེས་བྱ་བ་ཡིན་ཏེ། དེ་གདུལ་བའི་ཕྱིར་སྤྲུལ་པའི་སྐུ་ལག་ན་རྡོ་རྗེས་སྐུ་ཁྲོ་བོར་བསྟན་པ་འདོད་པའོ་ཞེའོ། །ལོག་ན་རྡོ་རྗེ་ཐོགས་པས་ལག་ན་རྡོ་རྗེའོ། །དེ་ཡང་ཡེ་ཤེས་རྣམ་པ ་ལྔ་གསང་བའི་ཐིག་ལེས་འཛིན་པས་ལག་ན་རྡོ་རྗེའོ་ཞེས་ཀྱང་བཤད་དོ། །གོས་སྔོན་པོ་གོན་པས་འདི་ནི་གོས་སྔོན་པོ་ཅན་ཉིད་དེ་ཕྱི་ལྟར་བཤད་པའོ། །ཐབས་དང་ཤེས་རབ་ཀྱི་བར་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡོད་པས་ན་གོས་སྔོན་པོ་ཅན་ཏེ ་སྦས་པའོ། །གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ནི་གོས་སྔོན་པོ་ཅན་ཏེ་མཐར་ཐུག་པའོ། །དུས་གསུམ་གྱི་སངས་རྒྱས་ནི་མར་མེ་མཛད་ལ་སོགས་པ་སྟེ། དེ་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར་བ་ནི། ལས་ཀྱི་ཁྲོ་བོ་གྱིས་ཤིག་པའོ། །ལུང ་གཞན་ལས་ཀྱང། ཕྱག་ན་རྡོ་རྗེ་ཁྱོད་སོང་ལ་འཇིག་རྟེན་གྱི་ཁམས་ལྷ་དང་བདུད་ལ་སོགས་པ་སེམས་ཅན་རྣམས་ཀྱི་མདངས་འཕྲོག་ཅིང་འཚེ་བར་བྱེད་པ་གང་དག་ཟུང་ཞིག་ཅེས་ལུང་བསྟན་པའི་ཕྱིར་རོ། །མཆེ་བ་གཙིགས་པ་ནི་མཆེ་བ་བཞི ་གཙིགས་པའོ། །ཡིད་ཁྲོས་པ་ནི་ཁྲོས་པའི་བཞིན་བསྟན་པའོ། །མིག་མེ་མདག་གི་ཕུང་པོ་འདྲ་བ་ནི། མིག་རྩ་དམར་སར་འབར་བར་འདུག་པའོ། །དབུགས་མེ་ལྕེ་ལྟར་འབར་བ་ནི། དབུགས་མེ་ལྟར་ཚ་བར་གྱུར་པའོ། །འཇིགས་པའི་ང་རོ་ནི། ཧཱུཾ ་དང་ཕཊ་དང་ཧ་ལ་སོགས་པས་རང་ལས་གཞན་པའི་འཁོར་འཇིགས་པར་བྱེད་པའོ། །ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ་ཞེས་པ་ནི་སྤྲུལ་དཀར་པོས་བརྒྱན་པའོ། །ཀླུ་ནག་པོ་སེ་རལ་ཁར་ཐོགས་པ་ནི། སྤྲུལ་ནག་པོ་སེར་ལ་ལ་གཟེད་པའོ། །དགའ་བོ ་དང་ཉ་དགའ་བོས་སྙན་བརྒྱན་པ་ནི། སྤྲུལ་སེར་པོས་སྙན་བརྒྱན་པའོ། །སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ་ནི་སྤྲུལ་མགོ་རིན་པོ་ཆེའི་ཅོད་པན་གྱིས་དབུ་ལ་གདེངས་པའོ། །སྤྲུལ་གདུག་པ་ཟ་བ་ཞེས་པ་ནི། ཞལ་ནས་སྤྲུལ་གྱི་ཕྱུང་ནས་འདུག་པའོ།། ་བཞིན་རྒྱས་པ་ཞེས་པ་ནི། བཞིན་གྱི་དཀྱིལ་འཁོར་འཕེལ་ཆེ་བའོ། །སྨིན་མ་དང་འཕྲལ་བ་བསྡུས་པ་ནི། ཁྲོ་གཉེར་མིའི་ཕྲེང་བ་དང་ལྡན་པའོ། །ཡ་སོས་མ་མཆུ་མནན་པ་ནི། །ཡ་སོས་མ་མཆུའི་སྟེང་དུ་ཕྱིན་པའོ། །གཤིན་རྗེའི་ཆ་བྱད་ནི་གཤིན་རྗེ་དང ་གཟུགས་མཐུན་པའམ། གཤིན་རྗེའི་སྐྱེས་བུ་ལྟར་གསུངས་པ་འཕྱང་བའོ། །གསུས་པ་ཆེ་བ་ནི་གསུས་ཁྱིམ་ཆེ་བའོ། །ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ་ནི་རྡོ་རྗེ་དང་ལྡན་པའི་ལག་པ་བརྡབས་པས་འབྱུང་པོ་ཐམས་ཅད་འཇིགས་པར་བྱེད་པའོ ་ཡེ་ཤེས་རྡོ་རྗེ་ལག་པ་དག་།ས་ལ་བརྡབས་པས་བརྒྱལ་བར་འགྱུར་ཞེས་པ་ལྟ་བུའོ། །འདབ་བཟངས་ནི་སྤྲུལ་དམར་པོ་སྟེ། དེ་ཉིད་སྐ་རགས་སུ་བཅིངས་པའོ། ། ལ་ཨ་ལ་ཞེས་པ་ནི། ངོ་མཚར་གྱི་ཚིག་སྟེ། དེ་སྒྲོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱ ་མཚོའི་ཟབས?་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ་ནི་པུས་མོ་མན་ཆད་ནུབ་པའོ། །དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ་ཞེས་པ་ནི། ཨ་ལི་དང་ཀཱ་ལིར་ལྡན་པའི་ཉི་ཟླའི་སྟེང་དུ་ལྷའི་དབང་པོ་འདུག་སྟེ། དཔེར་ན་ཉི་ཟླ་ཕྲག་པ་ལ ་ཁུར་ཞེས་ལ་ལ་དག་འདོད་དོ། །ལ་ལ་དག་ནི་ལྷའི་དབང་པོས་ཉི་ཟླ་ཕྲག་པ་ལ་ཁུར་ཞིང་དེའི་སྟེང་དུ་འདུག་གོ་ཞེས་འདོད་དོ། །ལ་ལ་དག་ནི་ཕྱག་ན་རྡོ་རྗེ་ཕྲག་པ་ལ་དབང་པོ་ཁུར་ཏེ། དེས་དབང་པོ་ཁུར་རོ་ཞེས་འདོད་དོ། །ཀླུ་ཐམས་ཅད་ནི་མ་ལུས་པ་སྟེ་ཀླུའི ་རིགས་སུ་གཏོགས་པ་ཐམས་ཅད་བརླག་བར་བྱེད་ཅེའོ། །གད་རྒྱངས་ནི་དྲག་པོའི་ཤུགས་ཀྱི་ཧ་ཧ་ཞེས་རྒོད་པ་སྟེ། དེས་འཇིག་རྟེན་གྱི་འབྱུང་པོ་ཐམས་ཅད་འཁྲུགས་པར་བྱེད་པའོ། །ཀླུ་ཐམས་ཅད་འཆིང་བ་ཞེས་པ་ནི་འགུལ་མི་ནུས་པར ་བྱེད་པའོ། །དེ་དག་ནི་ཕྱིར་གདུག་པ་ཅན་འདུལ་བར་བྱེད་པ་དང། ཁྱད་པར་ཀླུ་དང་གཤིན་རྗེའི་ཚོགས་དང་ལྷ་ཐམས་ཅད་འདུལ་བར་བྱེད་པའོ། །འབྱུང་པོ་ཐམས་ཅད་འགུགས་ཤིང་འཆིང་བ་ཞེས་པ་ནི། འབྱུང་པོའི་བདག་པོ་དབང་ལྡན་ལ་སོགས་པ་ཐམས ་ཅད་ལྕགས་ཀྱུའི་སྦྱོར་བས་འགུགས་ཤིང་ཞགས་པས་བཅིངས་ཏེ་འགུལ་མི་ནུས་པར་བྱེད་པའོ། །སྦྱོར་བ་ནི་དུག་དང་ཁྲག་འཁྲུགས་པ་དང། སྔགས་ཀྱི་སྦྱོར་བ་སྟེ་དབང་ཕྱུག་ལ་སོགས་པའི་སྦྱོར་བའོ། །དེ་གཅོད་པ་ནི་རལ་གྲིའི་སྦྱོར་བས་གཏུབས་ཏེ་གཅོད ་བའོ། །ལུང་གཞན་ལས་ཀྱང། བྱས་པའི་གཟུགས་དང་མིང་རུས་ལ། རལ་གྲིས་གཏུབས་པར་གཅོད་པར་བྱེད་ཅེས་པ་ལྟ་བུའོ། །བཟློག་པ་ནི་རང་གི་གནས་སུ་བཟློག་པའོ། །གནོན་པ་ནི་ཕྱིས་མི་ལྡང་བར་བྱེད་པ་སྟེ། གང་ལ་དེ་ལྟ་བུའི་ནུས་པ་ཡོད་པ་དེ་ལ ་དེ་སྐད་ཅེས་བྱའོ། །ཡོན་ཏན་མ་ལུས་པ་ཐམས་ཅད་ཀྱི་བདག་པོ་ནི་ཕྱག་ན་རྡོ་རྗེ་ཉིད་དོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་བཞུགས་ཞེས་བྱ་བར་སྦྱར་རོ། །གང་དང་ལྷན་ཅིག་བཞུགས་ཤེ་ན། འཁོར་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ ་བརྒྱད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནོར་བུ་བཟང་པོ་ལ་སོགས་པའོ། །ཡང་ན་གང་བ་བཟང་པོ་དང་མིག་མི་བཟང་ལ་སོགས་པའོ། །གནོད་སྦྱིན་མཐུ་བོ་ཆེ་ནི་རང་གི་གདུལ་བྱ་འཇོམས་པའི་མཐུ་ཁྱད་པར་ཅན་ཡོད་པའོ། །དྲག་པོ་ཞི་བའི་ལས་ཀྱི་སྦྱོར་བ་དང་བྲལ ་བའོ། །ལྷ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམ་པ་བརྒྱད་དེ། དེ་ལྟར་དེའི་འཁོར་དང་བཅས་པ་ཐམས་ཅད་དོ། །ཀླུ་ནི་དགའ་བོ་ལ་སོགས་པ་སྟེ། དེ་ཡང་གོང་མ་བཞིན་ནོ། །དྲི་ཟ་ནི་གཙུག་པུད་ལྔ་པ་ལ་སོགས་པའོ། །ལྷ་མ་ཡིན་ནི་ཐག་བཟངས་རིས་ལ་སོགས ་པ་ཐམས་ཅད་དོ། །ནམ་མཁའ་ལྡིང་ནི་གསེར་མིག་ཅན་ལ་སོགས་པའོ། །མི་འམ་ཅི་ནི་ལྗོན་པ་ལ་སོགས་པའོ། །ལྟོ་འཕྱེ་ནི་ལྟོ་འཕྱེ་ཉིད་དོ། །དེ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་ཤེའོ། །ཉི་མ་ལ་སོགས་པ་ནི་འདི་ཡིན་ཏེ། འདི་ལྟར་སྟོན་པ་པོ་དང་སྡུད་པ ་དང་འཁོར་གྱི་རྣམ་པར་བཞུགས་ཤེའོ། །ཟླ་བ་ཞེས་པ་ནི་ཐུན་མོང་པའི་སྡུད་པས་སྡུད་པ་བསྟན་ཏོ། །ཁྱད་པར་དུ་རྡོ་རྗེ་ཁྲོས་མ་ལ་ལ་དག་ན་རེ་སྡུད་པ་པོ་ནི་མེད་ཀྱི་འདིར་འདུས་པ་ཆེན་པོ་ཐམས་ཅད་ཀྱིས་ཞུས་པའི་ཕྱིར་རོ་ཞེའོ། །དེ་ནི་མ་ཡིན་ཏེ། འདུས་པ་ཆེན ་པོའི་འཁོར་གྱི་ནང་ནས་ཁམས་གསུམ་རྣམ་པར་རྒྱལ་བས་སྟན་ལས་ལངས་ཏེ། འདུས་པ་ཆེན་པོའི་འཁོར་དང་མགྲིན་གཅིག་ཏུ་གསོལ་བ་བཏབ་པོ་ཞེས་པ་ནི་ཚིག་ཏུ་མ་སྨོས་ཀྱང་དོན་གྱི་ཤུགས་ཀྱིས་ཤེས་པར་བྱའོ། །དོན་གྱི་ཤུགས་ཀྱི་གང་ལས་ཤེས ་ཤེ་ན། དུར་ཁྲོད་ཆེན་པོའི་གནས་ན་རྡོ་རྗེ་བེ་ཅོན་གྱི་རྒྱུད་ཅེས་བྱ་བ་བམ་པོ་ཉི་ཁྲི་བཞི་སྟོང་ཡོད་དོ། །དེར་བསྟན་པའི་ཕྱིར་རོ། །གཞན་གོ་སླའོ། །གོས་སྔོན་པོ་ཅན་ཁྱོད་ནི་ཞེས་པ་འོག་མ་དང་འབྲེལ་ཏེ། བདེ་གཤེགས་ཀུན་གྱི་སྤྲུལ་པའམ་ཞེས་པ་ནི། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཡིན་ནམ་ཞེས་པའོ། །ལས་ཀྱི་ཁྲོ་བོར་དབང་བསྐུར་བའམ་ཞེས་པ་ནི། ལས་ཐམས་ཅད་གྲུབ་པའི་དབང་བསྐུར་བའམ་ཞེས་པའོ། །འོན་ཏེ་བསྡུས་པའི་སྐུ་ཡིན་ནམ་ཞེས་པ་ནི། དེ་བཞིན་གཤེགས ་པ་ཐམས་ཅད་བསྡུས་པའི་སྐུ་ཡིན་ཞེས་པའོ། །དེའི་དོན་ནི་གསང་བའི་བདག་པོ་གོས་སྔོན་ཅན་ཁྱོད་ཅི་ཡིན། བདག་ཅག་ལ་བཀའ་སྩལ་མཛོད་ཅིག་ཅེས་སྦྱར་རོ། །དེ་ནི་ཚིག་ཏུ་མ་སྨོས་ཀྱང་དོན་གྱིས་ནི་གཅིག་ཏུ་བསྡུས་པའི་སྐུ་ཡིན། རྡོ་རྗེ་སེམས་དཔའ་ཉིད་དེ ་ལྟར་སྣང་བའི་ཕྱིར་རོ། །གཞན་གྱི་སྡུད་པ་པོར་གྱུར་པའི་དུས་ན་ནི་ཐུགས་ལས་སྤྲུལ་པའི་སྐུ་ཡིན་པའི་ཕྱིར་རོ། །དེའི་དུས་ན་ནི་ལས་ཀྱི་ཁྲོ་བོར་དབང་བསྐུར་བ་ཡང་ཡིན་ཏེ། གོང་དུ་བསྟན་པའི་ཕྱིར་རོ། །ལུང་ལས་ཇི་ལྟའི་རྣམ་པར་སྣང་མཛད་དང། དེ་ལྟའི་ཞི་བའི་ལྷ ་ཚོགས་ཀུན། །རྡོ་རྗེ་སེམས་ལས་གཞན་མ་ཡིན། །དེ་ཉིད་ང་ཡི་དབང་ཡང་རྫོགས། ཞེས་འབྱུང་བ་དང། འཁོར་ལོ་ཉེ་བར་བཀོད་པའི་རྒྱུད་ལས། ཕྱག་ན་རྡོ་རྗེའི་རིགས་ཅན་དང། །དེས་འདུལ་བའི་སྐྱེ་བོ་ལ། །སངས་རྒྱས་རྡོ་རྗེའི་རིགས་ཅན ་དང། །ཕྱག་ན་རྡོ་རྗེའི་སྐུ་རུ་སྣང། །དངོས་སུ་སྣང་བ་མ་ཡིན་ཏེ། །སྨོན་ལམ་ཐུགས་རྗེའི་བྱིན་རླབས་དང། །སེམས་ཅན་མོས་པའི་དབང་དུ་སྣང། །ཇི་ལྟར་སྣང་ཡང་རང་བཞིན་མེད། །ཅེས་འབྱུང་བ་ལྟ་བུའོ། །གླེང་གཞི་ནི་དུས་དང། གནས་དང། འཁོར ་ལ་སོགས་པ་སྟོན་ཏོ། །ལེའུ་གང་ལ་གླེང་གཞི་གཏན་ལ་དབབ་པ་ཡོད་པ་དེ་སྐད་ཅེས་བྱའོ། །རྟོག་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཤཱི་བྷ་ཏྲས་མཛད་པ་ལས་ལེའུ་དང་པོའི་བཤད་པའོ།། །།དེ་ལྟར་གླེང་གཞི་བསྟན་ཀྱང ་བསྐྱེད་པའི་རིམ་པའི་བསྒྲུབ་ཐབས་དང། ལས་ཀྱི་རིམ་པའི་དོན་མདོར་བསྡུས་པ་མ་བསྟན་ན་མེད་པར་འགྱུར་བས་དེའི་ཕྱིར་ལེའུ་གཉིས་པ་བསྟན་ཏོ། །དེ་ནས་ཤེས་པ་ནི་བར་ཅིས་ཀྱང་མཆོད་པ་སྟེ། གླེང་གཞི་བསྟན་མ་ཐག་པ་དེ་ནས་ཤེས་སྦྱར་རོ། །རྡོ་རྗེ ་དྲག་པོ་ནི་རྡོ་རྗེ་དྲག་པོ་སྟེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དྲག་པོ་ཞེས་བྱ་བའི་མིང་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྐུ་གསུང་ཐུགས་དྲག་པོ་ཐོབ་པར་བྱེད་པའི་རྒྱུ་རིམ་པ་གཉིས་ཏེ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཞེས་བྱའོ།། ་ཞུགས་པ་དེའི་ཚེ་འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་གསང་སྔགས་ཐུགས་སྦྱོར་ལས་ཞེས་པ་ནི། དང་པོར་བསྐྱེད་པའི་རིམ་པའི་དབང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་དེ་ལས་ཕྱག་རྒྱ་ཆེན་པོར་གྱུར་པའོ། །ཁྲོ་བོའི་རྒྱལ་པོའང་དེ་ཉིད་དེ། གདུག་པ་ཅན་རུ་ཏྲ ་ལ་སོགས་པ་ལས་ཁྱད་པར་དུ་བྱས་པའོ། །ཁྲོ་བོ་རྡོ་རྗེ་འང་དེ་ཉིད་དེ། རྣམ་པར་རྟོག་པའི་རི་འཇོམས་པས་རྡོ་རྗེའོ། །དེ་ལ་བསྟན་པར་འགྱུར་ནས་བྱིན་གྱིས་བརླབས་སྣ་ཚོགས་པ་དང་ལྡན་པ་ནི། འདི་རིམ་གྱིས་བསྐྱེད་པའི་དབང་དུ་བྱས་པའོ། །ཅིག ་ཅར་འབྱུང་བའི་དབང་དུ་བྱས་པ་ནི། ཕྱག་རྒྱ་ནི་དྲན་པ་ཙམ་གྱིས་ལྷའི་སྐུར་གྱུར་པའོ། །དེའི་སྙིང་གི་ནང་ན་ཡེ་ཤེས་སེམས་དཔའ་ཨི་སྐུ་གསུང་ཐུགས་ཀྱི་ངོ་བོར་གནས་པ་དང། དེའི་གསང་བའི་གནས་ནས་ནི་ཐུགས་སྦྱོར་ཞེས་བྱའོ། །དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་བྱིན ་བརླབས་པས་ཁྱད་པར་དུ་གྱུར་པའི་སྐུ་ནི་ཁྲོ་བོའི་རྒྱལ་པོའོ། །ཁྲོ་བོའི་རྡོ་རྗེ་ནི་ཁྲོ་བོ་རྡོ་རྗེའི་རིགས་ཏེ། དེས་ནི་རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རིགས་དང། མཉེས་ཤིང་བསྲུང་བར་བྱེད་པའང་གཟུང་ངོ། །དེ་བསྒོམས་པའི་བྱིན་གྱིས་བརླབས་ལས་ཐམས་ཅད ་ཐེགས་པ་མེད་པས་ནི། ཡ་མཚན་སྣ་ཚོགས་ལྡན་ཞེས་བྱའོ། །དེ་ནི་གསང་བའི་དབྱིངས་ཆེན་ཞེས་བྱ་བའི་རྒྱུད་ལ་བརྟེན་ནས་སྒྲུབ་པའི་ཐབས་སུ་བསྡུ་བར་བྱའོ། །ཡིད་དང་མཐུན་ཞིང་ཉམས་དགའ་བར། །ཕྱི་ནང་ཁྲུས་ལ་ལེགས་གནས་ཏེ། །སྟེགས་བུ་མེ ་ཏོག་བཅལ་བཀྲམ་ལ། །གསང་བདག་སྐུ་གཟུགས་མདུན་དུ་དགྲམ། །རང་གི་ལུས་སྤངས་བདེ་གཤེགས་སྐུ། །ཉི་མའི་དཀྱིལ་འཁོར་མདུན་དུ་བསམ། །དེའི་སྟེང་ཁྱད་པར་བླ་མ་དགུག་།འོད་ཞུ་རྡོ་རྗེ་སེམས་དཔར་བརླབ། །ཡེ་ཤེས་སེམས་དཔའ་སྤྱན ་དྲངས་གཞུག་།ཕྱག་འཚལ་མཆོད་པ་ལ་སོགས་བྱ། །དེ་ནས་བདེ་གཤེགས་ཀུན་བཀུག་ནས། །སེམས་དཔའ་དགུ་ཡི་སྟེང་དུ་བཞུགས། །དེ་ལ་ཕྱག་འཚལ་མཆོད་པ་དང། སྡིག་བཤགས་སྡོམ་པ་གཟུང་བར་བྱ། །ཡི་རང་བསྐུལ་ཞིང་སྐྱབས་སུ ་འགྲོ། །སེམས་བསྐྱེད་སྨོན་ལམ་གདབ་པར་བྱ། །ཚད་མེད་བཞི་པོ་སྔོན་དུ་བསམ། །དེ་ནས་སྟོང་པ་ཉིད་དུ་བསྒོམ། །ོཾ་མཧཱ་ཤཱུ་ནྱ་ཧཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ། དེ་ནས་སྙིང་རྗེའི་ངོ་བོ་ལས། སེམས་ཉིད་ཡི་གེ་ཧཱུཾ་དུ་གསལ། །ཡཾ་རཾ་པཾ་ལཾ་ཀཾ་འབྲུཾ ་རླུང་མཆུ་ཡི་དཀྱིལ་འཁོར་དང། །ས་གཞི་རི་རབ་གཞལ་ཡས་ཁང། །འཁོར་ལོ་བརྒྱད་དང་མུ་ཁྱུད་དང། །གྲུ་ཆད་ཁྱམས་དང་སྒོ་བཞིར་ལྡན། །དྲ་བ་དྲ་བ་ཕྱེད་པ་དང། །ཀ་བ་བརྒྱད་དང་ཕ་གུས་བརྒྱན། །ཏྭ་ར་བཞིས་ནི་ཡང་དག་བརྒྱན། །ཉི་མའི་སྟེང ་དུ་ཧཱུཾ་བསམ་སྟེ། །འཕྲོ་འདུ་རྩེ་ལྔ་ཁྲོ་བོ་ཡི། །རྡོ་རྗེ་གདེངས་པ་ཧཱུཾ་དང་ལྡན། །དེ་ནས་འཕགས་པ་གོས་སྔོན་ཅན། །སྐུ་མདོག་སྔོ་སྐྱ་འབར་བ་ལ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་ན་རྡོ་རྗེ་རྩེ་ལྔ་ཐོགས། །གཡོན་ན་པེ་ཅོན ་དབྱུག་ཏོ་འཛིན། །མི་བསྐྱོད་པ་ཡི་དབུ་ལ་བརྒྱན། །སྤྱན་དམར་མཆེ་གཙིགས་ཁྲོ་གཉེར་ལྡན། །བཞིན་གྱི་དཀྱིལ་འཁོར་ཉི་མ་འབྲས། །ཧཱུཾ་གི་རླངས་པ་མེ་ལྕེ་འབར། །ཀློག་གི་ལྟགས་ལྡན་གསུས་པ་འཕྱར། །སྤྲུལ་?་རྣམས་རབ་ཏུ་མཛད། །རིན་ཆེན ་སྤྲུལ་བརྒྱད་གདེངས་ཀ་ཅན། །ལྟོས་འགྲོ་དཀར་པོས་རྐང་ལག་བརྒྱན། །དམར་པོའི་སྐ་རགས་འཆིང་བར་མཛད། །སྤྲུལ་གྱི་ཟ་འཕྲོས་བྲང་དུ་སླེབས། །དབང་པོ་ཉི་མ་ཕྲག་པར་ཁུར། །རྡོ་རྗེ་གོས་སྔོན་སྐུ་ལ་འཁྲིལ། །སྙིང་ནས་ཉི་མའི་དཀྱིལ་འཁོར་ཏེ།། ་མཚོན་གང་སྙིང་ནང་རྡོ་རྗེ་ལྡན། །བུམ་པར་ཧཱུཾ་དང་བཟླས་པར་ལྡན། །ཡེ་ཤེས་དཀྱིལ་འཁོར་མདུན་དུ་དགུག་།མཆོད་དང་གཏོར་མས་མཉེས་བྱས་ནས། །འདོད་པའི་དངོས་གྲུབ་གསོལ་བ་གདབ། །ཐིམ་འགྱུར་སྦྱོར་བ་འམ་འོད་ཟེར་ལས། །ཧཱུཾ་འཕྲོས་སྟེ ་གསུམ་བཀང་བར་གྱུར། །སླར་འདུས་ཚོམ་བུ་ལྔ་རུ་གྱུར། །དབུས་ལས་གོས་སྔོན་བདག་ལ་བསྟིམ། །རྡོ་རྗེ་སྐུ་ཡིས་གོས་སྔོན་ཅན། །འཁོར་ལོ་དྲིལ་བུ་ཐོགས་པ་དཀར། །ཤར་གྱི་ཕྱོགས་སུ་བསམ་པར་བྱ། །ཡོན་ཏན་རིན་ཆེན་གོས་སྔོན་ཅན་ནོ། །རིན་ཆེན ་དྲིལ་བུ་ཐོགས་པ་སེར། །ལྷོ་ཡི་ཕྱོགས་སུ་བསམ་པར་བྱ། །པདྨ་གསུང་མཆོག་གོས་སྔོན་ཅན། །པདྨ་དྲིལ་བུ་ཐོགས་པ་དམར། །ནུབ་ཀྱི་ཕྱོགས་སུ་བསམ་པར་བྱ། །ལས་ཀྱི་གོས་སྔོན་སྐུ་མདོག་ལྗང། །རྒྱ་གྲམ་དྲིལ་བུ་ཐོགས་པ་ནི། །བྱང་གི་ཕྱོགས་སུ་བསམ ་པར་བྱ། །དཀར་མོ་གདུག་པ་ཤར་ལྷོ་སྟེ། །ལྷོ་ནུབ་སེར་མོ་མེ་ཏོག་མ། །ཡང་ན་མཐིང་ཀའི་ཁ་དོག་ལྡན། །དམར་མོ་མར་མེ་ནུབ་བྱང་སྟེ། །ལྗང་ཁུ་དྲི་ཆབ་བྱང་ཤར་ལྡན། །བསལ་ནས་ཡེ་ཤེས་དཀྱིལ་འཁོར་གཞུག་།མཆོད་དང་བསྟོད་པ་རྣམ་གཉིས་ནི།། ་ཆོ་ག་བཞིན་དུ་དབུལ་བར་བྱ། །སྔགས་ཀྱི་བསྙེན་པ་ཐེམ་གྱུར་ནས། །སྤྱི་བོ་དཔལ་བ་མགྲིན་པ་སྙིང། །གནས་བཞིར་བཞི་པོ་བསྡུ་བར་བྱ། །མིག་དང་རྣ་བ་ལ་སོགས་ལ། །ས་ཡི་སྙིང་པོ་ལ་སོགས་ལྡན། །ཞེས་འབྱུང་བ་དང། ལུང་གཞན་ལས་བསྐྱེད་པ་བརྟན་པ་ཐོབ་གྱུར ་ནས། །ལས་རྣམས་ཐམས་ཅད་བྱད་པར་གསུངས། །མཐར་ཕྱིན་གྱུར་ནས་སྨོས་ཅི་དགོས་ཤེའོ། །དེ་ཉིད་སླར་བཤད་པ་རིན་པོ་ཆེ་སྒྲོལ་མའི་རྒྱུད་ལས། གོས་སྔོན་ཕྱག་རྒྱ་ལྡན་གྱུར་ནས། །བར་མ་ཆད་པར་བྱེ་བ་བཟླས། །རྟགས་ཐོབ་གྱུར་ནས་ལས་རྣམས་བརྩམ། ཞེས་འབྱུང ་ངོ། །འདི་དག་ན་ནང་གི་དབང་དུ་གསུངས་སོ། །ཕྱིའི་དབང་དུ་ནི་ཁམས་གསུམ་རྣམ་རྒྱལ་དང། མགོན་པོ་མིང་སྲིང་དང། འཕགས་སྐྱེས་པོ་དང། མིག་མི་བཟང་དགོད་ཅེའོ། །དཀྱིལ་འཁོར་དག་ནི་འཁོར་ལོ་འམ། །པདྨ་རྡོ་རྗེ་རྒྱ་གྲམ་འམ། །ཚོམ་བུ་ལྔ་འམ་དགུར་འདོད ་པ། གསང་བའི་བདག་པོའི་རྒྱུད་ལས་འབྱུང། །ཞེས་ཀྱང་གསུངས་སོ། །ཡང་ན་ཕྱག་རྒྱ་ནི་བསྐྱེད་པའི་རིམ་པ་ལས་བྱུང་བའི་སྐུའོ། །གསང་སྔགས་ཀྱི་སྔགས་ཀྱི་བཟླས་པ་སྟེ། འདིར་དང་པོར་རླུང་དང་སྔགས་འདྲེས་པའི་བཟླས་པའོ། །དེའི་དོན་ཡང་བསྐྱེད་པའི་ལྷའི་སྐུའི་གནས ་བཞིར་རླུང་གི་དཀྱིལ་འཁོར་ལ་བལྟས་ཏེ། དེ་ནས་གཡས་ནས་འགྱུ་བ་དང། གཡོན་དུ་འགྱུ་བ་དང། གཉིས་ནས་འགྱུ་བ་ཀུན། །ོཾ་ཨཱ(རྒྱུད་འགྲེལ་ཏེ། འདིར་སེམས་ལ་དམིགས་པ་དེ་ཡང་གནས་པའི་ཨའི་ཐིག་ལེ་ལ་བློ་གཏང་དེ། ཐམས་ཅད་དེའི་ངོ་བོར་བསྒོམ་པའོ། །ཁྲོ་བོའི་རྒྱལ་པོ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཉེ་བར་མཚོན་པའོ། །དེ་དང་དེ་ཡང་དེ་ཉིད་ཀྱི་རྣམ་པར་དག་པ ་དང། གོང་མ་ལ་རག་ལས་པར་འདོད་པའོ། །ཁྲོ་བོ་ནི་གོང་མ་ཉིད་དེ། དེ་རང་བཞིན་གྱིས་ཡོངས་སུ་དག་པ་ནི་རྡོ་རྗེའོ། །དེ་བས་ན་དེ་ཐོབ་པའི་ཐབས་ལའང་དེ་སྐད་ཅེས་བྱའོ། །བྱིན་བརླབས་ཤེས་པ་ནི་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའོ། །ཏིང་ངེ ་འཛིན་དེ་ལ་དབང་ཐོབ་ནས་ཤེས་པ་ནི་གཉིས་སུ་མེད་པའི་བསམ་གཏན་མཐར་ཕྱིན་ནས་སེམས་ཅན་གྱི་སྣང་བ་ལ་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་ཇི་ལྟར་?་སྣང་བ་སྟེ་གོ་སླའོ། །ཡང་ན་ཕྱག་རྒྱ་ནི་ཕྱག་རྒྱ་མ་སྟེ། ལྷན་ཅིག་སྐྱེས་པའི ་རིགས་ཅན་ནམ། པདྨ་ཅན་ལ་སོགས་པའོ། །གསང་སྔགས་ནི་དེའི་གནས་ཐམས་ཅད་དུ་ཡི་གེ་བཀོད་པའོ། །དེ་ལ་ཕྱག་མཚན་དུ་གྱུར་པ་ནི་ཐུགས་སྦྱོར་ཞེས་བྱའོ། །ཁྲོ་བོའི་རྒྱལ་པོ་ནི་དེ་ལས་བྱུང་བའི་ཁྲོ་བོའོ། །གཞན་ལས་རྡོ་རྗེ་ཁྲོས་མའི་གནས་རྣམས་སུ། ་རིམ་གྱིས་འབྱུང་བའི་བསམ་ཞེས་སོ། །ཁྲོ་བོ་རྡོ་ནི་གོས་སྔོན་པོ་ཅན་ཏེ། །བདག་ཉིད་དེ་ལྟར་གསལ་བའོ། །བྱིན་གྱིས་བརླབས་པ་ནི། །པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་པ་སྟེ། །གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་སློབ་མའི་ལྕེ་ལ་བཞག་པ་འདི་ནི་གསང་བའོ། །ཡང་ན་ཕྱག ་རྒྱ་མའི་གསང་བའི་འཁོར་ལོའི་ཡི་གེ་ནི། གསང་སྔགས་ཏེ་འཁོར་ལོ་ནི་ཕྱག་མཚན་ཐུགས་ཀྱི་ངོ་བོའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་གང་ལ་ཡོད་པ་དེ་སྐད་ཅེས་བྱའོ། །ཁྲོ་བོའི་རྒྱལ་པོ་ནི་གོས་སྔོན ་ཏེ། དེའི་ཏིང་ངེ་འཛིན་དང་ལྡན་པས་ཁ་ཁ་མུ་ཁ་བྱིན་གྱིས་བརླབ་སྟེ། དེ་ནི་བྱིན་གྱིས་བརླབས་ཤེས་བྱའོ། །གནས་དེར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ། བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་ཡ་མཚན་སྣ་ཚོགས་ལྡན་ཞེའོ། །སྦས་པའི་དབང་དུ་བཤད ་པའོ། །ལུང་གཞན་ལས་ཀྱང། ཕྱག་རྒྱ་ལ་སོགས་རྣམ་པ་ལྔ། །བསྐྱེད་པའི་ཏིང་འཛིན་ལ་མཛེས་ལ། །རླུང་དང་སྔགས་གཉིས་འདྲེས་པ་ཡི། །རྡོ་རྗེའི་བཟླས་པ་བརྩམ་པར་བྱ། །སེམས་དང་རྒྱུ་མངོན་དམ་པ། །གཉིས་མེད་ཏིང་འཛིན་ལ་གནས་ནས།། ་འབྲས་བུ་བླ་མེད་ཐོབ་པར་འགྱུར། །ཞེས་པ་དང་གོས་སྔོན་པོ་ཅན་མེ་རི་འབར་བའི་རྒྱུད་ལས། །ཕྱག་རྒྱ་མ་ནི་ལེགས་མཛེས་ལ། །གནས་ཀུན་ཏུ་ནི་ཡི་གེ་བསམ། །དེ་ལས་ཕྱག་མཚན་སྐུར་གྱུར་ཏེ། །ཉིད་ནི་རྡོ་རྗེ་ཁྲོས་མར་བསམ། །གཉིས་མེད་སྦྱོར ་བའི་སེམས་དབང་བསྐུར། ཞེས་འབྱུང་བ་དང། ཕྱག་ན་རྡོ་རྗེ་བདེ་བ་རྒྱན་གྱི་རྒྱུད་ལས། །གང་ལ་གསང་བའི་རྩ་ཡོད་པའི། །ཕྱག་རྒྱ་མ་ནི་ལེགས་མཛེས་ལ། །ཡི་གེ་རྩ་ཡི་བྱིན་བརླབས་ཏེ། །བཏང་ཞིང་བཟློག་པས་དངོས་གྲུབ་འགྱུར། ཞེས་པ་ལྟ་བུའོ། །དེ་ནས་དེ་ཉིད་ཀྱི་གྲོགས ་བསྟན་པའི་ཕྱིར། །རང་བཞིན་འཕགས་དང་བླ་མ་དང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པའི་ཡུལ་དུ་རབ་ཏུ་གྱུར་པ་རྡོ་རྗེ་འཆང་ཆེན་པོ་དང། དེ་ལས་གཞན་པ་ནི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་གཞན་རྣམས་སོ། །བླ་མ་ནི་ལུང་སྟོན་པའི་སློབ་དཔོན་ཏེ། ་དབང་བསྐུར་བ་ནི་བླ་མར་གཟུང་ངོ། །དེས་ནི་འཇིག་རྟེན་གྱི་ལྷ་མཧཱ་དེ་བ་ལ་སོགས་པ་དང། ལོག་པའི་སློབ་དཔོན་བསལ་ལོ། །གོང་མ་དེ་ལ་མཆོད་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་པ་སྟེ། །སྔོན་དུ་འགྲོ་བ་དང་འགྲེལ་ཏོ། །གལ་ཏེ་གཞན་ལ་ཕན་འདོགས་ན། །སྐུ་དེ་སྣ ་ཚོགས་སྐུ་རུ་སྣང་ཞེས་པ་ནི། གང་དག་ལྷའི་བསྙེན་དང་ལྡན་པ་ལ། ལྷའི་སྐུར་སྣང་སྟེ། དེ་བས་ན་དེ་ལ་སོགས་པ་ལ་དེ་དང་དེའི་རྣམ་པ་བསྟན་ཏོ། །གཞན་གོ་སླའོ། །ལེའུ་གཉིས་པ་ནི་གྲངས་ཀྱི་གཉིས་པའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས ་ལེའུ་གཉིས་པའི་བཤད་པའོ།། །།དེ་ལྟར་ལེའུ་གཉིས་པར་རིམ་པ་གཉིས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་ཀྱང། སྔགས་ཀྱི་མཛའ་མ་ཤེས་ན་དེ་ཉིད་ཀྱི་དོན་མི་འགྲུབ་པས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །གཞན་ཡང་གསང ་སྔགས་སྦྱོར་བ་ནི་ཞེས་པ་ནི། བསམ་གཏན་དང་ཕྱག་རྒྱ་ལ་སོགས་པའི་བསྐྱོར་བ་མ་ཡིན་གྱི་སྔགས་ཁོ་ནའི་ཤས་ཆེ་བ་སྟེ། གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གང་ཞེ་ན། ད་ཧ་ཞེས་པ་ནི། དངོས་སུ་བསྟན་པ་སྟེ། དེས་འོག་མའང་ཤེས་པར་བྱའོ། ། ་ཐོགས་མེད་ཅེས་པ་ནི་རྡོ་རྗེ་བཞིན་ཐོགས་པ་མེད་པ་སྟེ། དེའི་དོན་ཡང་བདག་ཉིད་ཀྱི་སྐུ་དང་ལྡན་པས་བསྒྲུབ་བྱའི་མིང་གི་མཛའ་ད་ཧ་ཞེས་བྱ་བའི་མིང་དང་སྤེལ་ཏེ། དེའི་སྦྱོར་བ་དང་ལྡན་པར་གྱུར་ན་རྡོ་རྗེ་བཞིན་ཐོགས་པ་མེད་པར་སྲེགས་པའི་ལས་གྲུབ ་པར་འགྱུར་ཏེ། གཞན་ལའང་དེ་ལྟར་ཤེས་པར་བྱའོ། །གཉིས་ཀྱི་འོག་མ་ནི་ཨིའོ། །གསུམ་པ་ནི་གའོ། །རིལ་མཛའ་ནི་རིང་པོ་སྟེ། གསུམ་པའི་མཛའ་ན་ནི་སྟེ། དྲག་པོ་དགའ་བའི་ཧ་གཉིས་ལན་ཞེས་པ་ནི་ག་ལ་ཧ་བཏགས་པ་དང། ནའི ་གོ་སྟེ་དངོས་སུ་གྲིཧྞ་གྲིཧྞ་ཞེས་པའོ། །ལན་གཉིས་སྨོས་པ་ནི་ཟུང་ཞིག་པའོ། །དེའི་བསམ་གཏན་ནི་ལྕགས་ཀྱུ་ཅན་ལ་སོགས་སྤྲོས་ཏེ། ཞེ་ན་པ་དང་གནས་པའི་ས་ནས་སྙིང་ག་ནས་བཟུང་ནས་འོང་བར་བསམ་པ་ནི་ལྕགས་ཀྱུའི་སྦྱོར་བ་ཞེས་བྱའོ། །ཧཱུཾ་ཕཊ་ནི་ཀུན་ལ་སྦྱར་རོ། ། ་བཛྲ་པཱ་ཎི་ཕྱག་ན་རྡོ་རྗེའོ། །ནཱི་ལཱཾ་བ་ར་ནི་གོས་སྔོན་ཅན་ཏེ། གོང་མ་དང་འབྲེལ་པས་ཀྱི་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཆེ་གེ་མོ་ཟུང་ཞིག་རབ་ཏུ་ཟུང་ཞིག་པའོ། །མཇུག་ཏུ་རྫོགས་པ་ནིཀྵ་སྟེ། དེའི་གོང་ན་འདུག་པ་ནི་ཧའོ། །གསུམ་པའི་མཛའ་ནི་ནའོ། །ལན་གཉིས་ནི་ཧ་ན་ཧ་ན་ཞེས ་པ་སྟེ་རྒྱོབ་ཅིག་པའོ། །གསུམ་པ་ནི་སྡེ་ཚན་གསུམ་པ་སྟེ་དེའི་དང་པོ་ནི་ཏའོ། །གཉིས་པ་ནི་ཐ་སྟེ། དྲུག་པའི་དང་པོའི་ཡི་གེ་ནི་ཡའོ། །ལན་གཉིས་ནི་ཏ་ཐཱ་ཡ་ཏ་ཐཱ་ཡ་ཞེས་པ་སྟེ། གཏོགས་ཤིག་པའོ། །དེ་གཉིས་ནི་ཐོབ་ཅན་དང་གཏུན་ཕྲུགས་ཅན་བསྐུལ་བའོ། ། ་གཉིས་པའི་དང་པོ་ནི་ཙའོ། །ལྔ་པའི་དང་པོ་ནི་པའོ། །དྲག་པོ་དགའ་བའི་ས་བོན་ནི་ཧ་སྟེ་གོང་མའང་ཤེས་པར་བྱའོ། །འདི་ནི་པ་ཙ་པ་ཙ་ཞེས་པས་ཆོས་ཤིག་པ་སྟེ། གཉིས་གཉིས་ཤེས་པར་བྱའོ། །ལེའུ་གསུམ་པ་ནི་གྲངས་ཀྱི་གསུམ་པའོ། །རྟོག་པ་ཐམས ་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་གསུམ་པའི་བཤད་པའོ།། །།དེ་ལྟར་སྔགས་རབ་ཏུ་བཤད་ཀྱང་སྦེལ་བ་དང་ཡོན་ཏན་མ་ཤེས་ན་འཇུག་པར་མི་འགྱུར་བས། དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །དེ་ལ་སྣ་ཚོགས་མངོན་པར་འགྲུབ་པ་ནི་སྐུ་གསུང་ཐུགས ་སྣ་ཚོགས་པར་འགྱུར་བ་སྟེ། ལས་བཅུའི་ཕྱག་རྒྱ་ལ་སོགས་པའོ། །ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ་གསུངས་ཞེས་བྱ་བར་སྦྱར་རོ། །གང་གསུངས་ཤེ་ན། སྔགས་དང་དོན་དུ་བཅས་པ་འོག་མའོ། །དེ་ལ་དེ་ཧ ་ནི་སྲེགས་ཤིག་པའོ། །བཛྲ་ནི་རྡོ་རྗེ་སྟེ་རྡོ་རྗེ་བཞིན་ཐོགས་པ་མེད་པར་སྲེགས་ཤིག་པའོ། །གང་གིས་གང་ཞེ་ན། ཕྱག་ན་རྡོ་རྗེ་གིས་སྔོན་པོ་ཅན་བསམ་གཏན་གྱི་མེས་སྲེགས་ཤིག་པའོ། །དེ་ཡང་ཀླུ་བསྲེག་པ་ནི་ནཱ་ག་རཱ་ཛ་ཞེས་པའམ། ཡང་ན་སརྦ་ནཱ་ག་ཡ་རཀྵ་རཀྵ ་ས་ཞེས་པ་དང་སྦྱར་རོ། །ལྷ་བསྲེག་ན་སརྦ་དེ་བ་རཱ་ཛ་ཞེས་པ་དང་སྦྱར་རོ། །གནོད་སྦྱིན་བསྲེག་ན་ཀུ་བེ་ར་སརྦ་ཞེས་པ་དང་སྦྱར་རོ། །ཡི་དགས་བསྲེག་ན་སརྦ་ཡ་མ་ཞེས་པ་དང་སྦྱར་རོ། །སྲིན་པོ་བསྲེག་ནས་རྦ་རཱ་ཀཱ་ས་ཞེས་པའོ། །དགྲ་བསྲེག་ན་སརྦ་ཤ་ཏྲུཾ་ཞེས་པ་དང ་སྦྱར་རོ། །དེ་ལ་སོགས་པ་གང་ལ་བྱ་བའི་མིང་གི་སྔགས་དང་སྲེག་པའི་སྔགས་སྡེ་ལྟེ། སྔགས་འདི་དག་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་རྒྱུད་ལས་གསལ་བར་གསུངས་སོ། །ཇི་ལྟར་བསྲེག་པའི་སྔགས་ལ་སྦེལ་བ་དེ་ལྟར་དགུག་པ་ལ་སོགས་པ་ལའང་སྤལ་ལོ། །གང་ཞིག་འདི ་འཛིན་རྣལ་འབྱོར་དེ་ཞེས་པ་ནི། རྣལ་འབྱོར་པ་གང་ཞིག་སྔགས་འདི་འཛིན་པར་འགྱུར་ཏེ་ཞེས་པའོ། །ཉེས་པ་ཀུན་ལས་རབ་ཏུ་ཐར་ཞེས་པ་ནི། འབྱུང་པོ་དང་ཡི་དགས་ལ་སོགས་པས་བྱས་པའི་རིག་སྔགས་ཀྱི་སྦྱོར་བ་ལ་སོགས་པ་ལས་ཐར་པའོ།། ་ལེགས་པའི་ཡོན་ཏན་ཐམས་ཅད་འཐོབ་ཅེས་པ་ནི། ཉེས་པ་ལས་ལོག་པའོ། །ཡང་ན་རྒྱུད་འདིའི་དོན་འཛིན་པ་དེ་རྣམ་པར་རྟོག་པའི་འཆིང་བ་ལས་ཐར་ནས་དངོས་གྲུབ་རྣམ་གཉིས་འཐོབ་པོ། །གཞན་གོང་དུ་བཤད་པ་བས། རྟོག་པ་ཐམས་ཅད་བསྡུས ་པའི་སྒྲོན་མ་ལས་ལེའུ་བཞི་པའི་བཤད་པའོ།། །།སྤེལ་བ་དང་ཡོན་ཏན་བསྟན་ཀྱང་འཁོར་ལོ་བསྒོམ་པ་མ་བསྟན་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །འོད་ཟེར་ནི་འཁོར་ལོ་སྟེ་སོ་སོའི་འོད་དང་ལྡན་པའོ། །དེས་བསྲེག ་པ་ལ་སོགས་པ་མངོན་བར་འགྲུབ་པའི་ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །འབྱུང་བ་བཞིའི་སངས་རྒྱས་རབ་བསྒོམས་ནས་ཞེས་པ་ནི། ལས་སོ་སོའི་དབང་དུའོ། །མེ་བརྒྱད་ནི་རྐང་མཐིལ་གཉིས་དང། དཔྱི་མི་གཉིས ་དང། ལག་པ་གཉིས་དང། འདོམས་དང་མགྲིན་པ་བརྒྱད་དུ་རཾ་ལས་བྱུང་བའི་གྲུ་གསུམ་དམར་བ་བརྒྱད་བསྒོམ་མོ། །ཆུ་བརྒྱད་ཀྱང་དེ་ལྟར་བརྒྱད་དུ་བཾ་ལས་བདུད་རྩིའི་རྒྱུན་འབྱུང་བས་དག་པར་བསམ་མོ། །གནས་བརྒྱད་དུ་ལཾ་ལས་ས་གཞི་སེར ་པོ་གྲུ་བཞི་བཟུང་བཞི་རྡོ་རྗེ་བཞིས་མཚན་པའོ། །དེ་ནི་ས་བརྒྱད་པའོ། །ཡང་ན་གནས་དེར་ཡཾ་བརྒྱད་ལས་རླུང་གི་དཀྱིལ་འཁོར་བརྒྱད་བསྒོམ་པའོ། །དེ་ནི་རླུང་ངོ། །འཁོར་ལོ་ནི་དེས་དེ་དང་དེའི་རྣམ་པར་གཅོད་པའི་ཕྱིར་རོ། །འབྲས་བུ་རིམས་ཀྱིས་གནོད་སྦྱིན་གཙོ ་ཞེས་པ་ནི། ཧཱུཾ་དང་རྡོ་རྗེ་ལས་གོས་སྔོན་པོའི་སྐུར་འགྲུབ་པའོ། །ཡང་ན་ནི་འདི་ལྟར་ཡང་སྔོན་ཏེ། སློབ་དཔོན་ཡང་ན་མདུན་གནས་པས་བདག་ཉིད་མཛའ་ཡས་བརྒྱད་དུ། རཾ་ལས་བྱུང་བའི་མེ་འབར་བ། འོག་ཏུ་རླུང་གིས་གཡོགས་པས་འབར། །འབྱུང་པོ་ཐམས་ཅད ་ཚིག་ནས་བྱེད། །ཐལ་བའི་ཤོལ་དུ་ཡཾ་ལས་རླུང། །བསྐྱོད་པས་གཏོར་ནས་དག་པའི་སར། །ཡི་གེ་བཾ་ལས་ཆུ་སྐྱེས་པས། །དངོས་དང་བག་ཆགས་དག་པས་བཀྲུས། །ཀུན་བཞི་བྱང་ཆུབ་ཐིག་ལེ་ལས། །ཧཱུཾ་གྱུར་དེ་ལས་རྡོ་རྗེའི་སྐུ། །གསང་བའི་བདག་པོ་གོས ་སྔོན་གསལ། །ཡེ་ཤེས་གོས་སྔོན་གཉིས་མེད་བསྟིམ། །ཡང་ན་མདུན་གྱི་དེ་ཉིད་བཞུགས། །གནས་བརྒྱད་ལམ་ལས་ས་གཞི་བརྒྱད། །སྟེང་དུ་རིན་ཆེན་འབྱུང་ལྡན་སྐུ། །བདུད་རྩི་བུམ་པ་ཐོགས་པ་བརྒྱད། །འོད་ཀྱི་འཕྲོ་འདུས་སྟོང་གསུམ་ཚེ། །བདུད་རྩི་བུམ ་པར་བླུག་ཅིང་དགང། །མདུན་རྒྱབ་གཡས་གཡོན་གོས་སྔོན་བཞི། །ཚེ་ལ་གནོད་པའི་བགེགས་རྣམས་བསྲུང། །དེ་ལྟར་བྱས་ནས་བཟླས་པ་བྱ། །ཕྱི་ནང་དགུག་པ་དང་བརྟན་པ་དང། །ཡི་གེ་ཨོཾ་གྱི་གསུམ་ལ་དམིགས། །ཕྱོགས་དུས་ལྷ་མོས་མཆོད་པ་བྱེད། །ཅེས ་པ་ནི། སྒྲུབ་པའི་ཐབས་སུ་ཤེས་པར་བྱའོ། །རྟོག་པ་བསྡུས་པའི་སྒྲོན་མ། ལས་ལེའུ་ལྔ་པའི་བཤད་པའོ།། །།འཁོར་ལོའི་སྦྱོར་བ་དང་ལྡན་ཡང་སྦྱིན་སྲེག་གི་ཆོ་ག་མེད་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །ལས་བཅུའི་སྦྱིན་སྲེག་ནི ་ལས་བཅུ་ཁོ་ནའི་སྦྱིན་སྲེག་སྟེ། སྦྱིན་སྲེག་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོན་པ་དེ་ལ་དེ་སྐད་ཅེས་བྱའོ། །གསུངས་ཤེས་བྱ་བ་ནི་དེ་ལྟ་བུའི་སྦྱིན་སྲེག་གསུངས་སོ། །ཞི་ལ་ཞེས་པ་ཞི་བའི་སྦྱིན་སྲེག་གི་སྔགས་སོ། །ཤཱནྟིཾ་ཀུ་རུ་ཞེས་པ་ནི་ཞི་བར་གྱིས་ཤིག་པའོ། །དེས་བདུད་དང་སྲིན་པོ་ལ ་སོགས་པ་ཞི་བར་འགྱུར་པས་དེ་སྐད་ཅེས་བྱའོ། །རྒྱས་པ་ནི་ཚེ་དང་བསོད་ནམས་ལ་སོགས་པ་རྒྱས་པར་བྱེད་པ་སྟེ། དེའི་སྔགས་གསུངས་པ་དུཥྚི་ཀུ་རུ་ནི་རྒྱས་པར་གྱིས་ཤིག་པའོ། །དབང་ནི་ཀླུའི་བུ་མོ་དབང་དུ་བྱ་བ་དང། ལྷའི་རྒྱལ་པོ་དབང་དུ་བྱ་བ་ལ་སོགས་པའོ། ། ་དེའི་སྔགས་གསུངས་པ། བ་ཤ་ཀུ་རུ་ནི་དབང་དུ་གྱིས་ཤིག་པའོ། །དྲག་པོ་ནི་དྲག་པོ་སྟེ། འདིར་བསད་པའི་ལས་ཁོ་ན་དྲག་པོའོ། །དེའི་སྔགས་གསུངས་པ། མ་ར་ཡ་འམ་ཡང་ན་སུམ་བྷ་ནི་ལ་སོགས་ཏེ། རྩ་བ་དང་མིང་དང་བསྐུལ་བར་བྱ་བ་སེལ་བར་ནི་སྔགས་སོ།། ་ཤིང་ནི་ག་སླའོ། །ཐབ་ཁུང་དབྱིངས་ནི་ལས་བཞི་སྟེ། ཞེས་པ་ཟླུམ་པོ་དང་གྲུ་བཞི་དང། ཟླ་གམ་དང་བྷ་ག་ལྟ་བུའོ། །ལས་ཐམས་ཅད་པ་ནི་པདྨའི་དབྱིབས་ཀྱི་ཐབ་ཁུང་དུ་ཙན་དན་གྱི་ཤིང་ལ་མེ་བུས་ཏེ་བསྲེག་པའོ། །དེ་ཉིད་ཀྱི་སྔགས་གསུངས་པ། བི་དྷཝཾ་ས་ཡ་ནི་དབྱེ ་བའོ། །ུཙྪ་ཏ་ནི་བསྐྲད་པའོ། །མོ་ཧ་ཡ་ནི་རྨོངས་པའོ། །སྟཾ་བྷ་ཡ་ནི་མནན་པའོ། །ུཏྨ་ན་ནི་སྨྱོ་བའོ། །ཱ་ཀཱརཱ་ཡ་ནི་དགུག་པའོ། །ལྷག་མ་ནི་སྨྱོ་བར་བྱའོ། །དེའི་ལས་ཀྱི་མན་ངག་ནི་ཐབ་ཁུང་གཞལ་ཡས་ཁང་དུ་སོ་སོའི་མེ་ལྷ་སྤྱན་དྲངས་ཏེ། མཆོད་པ་དང། ་བསྟོད་པ་དང། གཉིས་སུ་མེད་པར་བྱས་ནས་དབུས་སུ་འཕགས་པ་གོས་སྔོན་པོ་ཅན་ལས་སོ་སོའི་དབུ་རྒྱན་དང་ལྡན་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། གཉིས་སུ་མེད་པ་ལ་སྦྱིན་སྲེག་བྱས་པས་དེ་དང་དེའི་རྣམ་པར་འགྲུབ་པར་འགྱུར་རོ། །རྟོག་པ་བསྡུས་པའི་སྒྲོན ་མ་ལས་ལེའུ་དྲུག་པའི་བཤད་པའོ།། །།དེ་ལྟར་ལེའུ་དྲུག་པའི་སྦྱིན་སྲེག་གི་ཆོ་ག་བསྟན་ཀྱང། །སྨེ་བའི་སྦྱིན་སྲེག་མ་བསྟན་ན་དོན་མེད་པར་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །དཔལ་ལྡན་གོས་སྔོན་ཅན་ཞེས་བྱ་བ་བཤད་ཟིན་ཏོ། །གདུལ ་བར་དཀའ་པ་འདུལ་བའི་མཆོག་།ཅེས་པ་རུ་ཏཱ་ལ་སོགས་པ་འདུལ་བའོ། །གསང་བ་ནི་སྐུ་གསུང་ཐུགས་ཏེ། དེའི་བདག་པོ་ཡིན་པས་དེ་སྐད་ཅེས་བྱའོ། །དྲག་པོ་ཆེན་པོ་ནི་དྲག་པོ་ཆེན་པོ་སྟེ། དྲག་པོ་གང་ལ་རབ་ཏུ་འབར་བ་ཡོད་པ་དེ་ལ་དེ ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའི་ཚེ། འཁོར་གྱི་ཀླུ་ནི་འཁོར་ན་གནས་པའི་ཀླུ་སྟེ། དགའ་བོ་ལ་སོགས་པའོ། །གང་གིས་དེ་དབང་དུ་བསྡུས་པའོ། །གང་གི་ཚེ་ཀླུ་དབང་དུ་སྡུད་པ་དེའི་ཚེ། ཁམས་གསུམ་རྣམ་པར་རྒྱལ་བས་ཞུས་ཏེ་ལུང་བསྟན ་ཏོ། །ཞུས་པའི་རྒྱུད་ནི་མཁའ་འགྲོ་མའི་གླིང་ན་འདུག་པའོ། །གང་གིས་བསྡུས་པ་ལ་དགའ་བ་འཇུག་པར་འགྱུར་བ་དེའི་ཚེ་བསྡུས་པ་བསྟན་ཏོ། །གང་ཚེ་ཁམས་གསུམ་རྣམ་པར་རྒྱལ་བས་ཞུས་པ་དེའི་ཚེ་གསུངས་ཤེས་སྦྱར་རོ། །ཞུས་པའི་ལེའུ་རེ་རེ་ལས་སྦྱར ་ཏེ། འདིར་མ་སྨོས་སོ། །ཉེན་བཟློག་པའི་གནས་གསུངས་པ། རིམ་པ་གསུམ་སྟེ། འདི་ལ་རིམ་པ་གསུམ་ཡོད་པས་རིམ་པ་གསུམ་པའོ། །དེར་ཅི་བྱ་ཞེ་ན། ཕྱི་རོལ་གྱི་ཁང་པར་སྨྲེ་བའི་སྦྱིན་སྲེག་བྱ་སྟེ། དེ་ཉིད་གསུངས་པ། ཧོ་མ་ཁུང་གྲུ་གསུམ་གདེངས ་པའི་སྟེངས། །དུག་སོགས་ཤིང་ལ་མེ་སྦར་ཏེ། །སྟེང་དུ་ནད་པ་མེ་བརྒྱད་བསྒོམ། །གུ་གུལ་ལ་སོགས་དུད་པས་བདུག་།སློབ་དཔོན་གསང་བར་ཕྱག་རྒྱ་ཡིས། །བྱ་ཁྱུང་གཟུགས་ལ་དབབ་པ་བརྩམ། །དེ་ཡི་སྟེང་ནས་བརྡབ་པ་དང། །ཀླུ་གཟིར་དྲག་སྔགས ་བཟླས་པར་བྱ། །དེ་ལས་ཐོན་པའི་ཀླུ་རྣམས་བཀུག་།ཕྱི་ཡིས་གཞལ་ཡས་ཁང་དུ་དགུག་།དུག་བཅོམ་སོས་ནས་གནས་སུ་བསྐྱལ་ཞེའོ། །བར་དུ་ཕྱི་ནང་ཁྲུས་བྱས་ཏེ་ཞེས་པ་ནི། དེ་ནས་བར་གྱི་ཁང་པར་ཕྱི་ནང་གི་ཁྲུས་ཀྱིས་དག་པར་བྱའོ། །དེར་ནི་ཚོགས་ཀྱི ་འཁོར་ལོ་ལ་སོགས་པའང་བྱ་སྟེ་མཉེས་པའོ། །ནང་དུ་བུམ་པའི་དབང་བསྐུར་ཞེས་པ་ནི། ནང་དུ་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྫོགས་པར་བྱས་ཏེ། བུམ་པ་ལ་སོགས་པའི་དཔེར་བསྐུར་བའོ། །དེས་ཅིར་འགྱུར་ཞེ་ན། ཉེན་རྣམས་བཟློག་ལ་ཐེ་ཚོམ་མེད། །ཅེས ་གསུངས་ཏེ། འབྱུང་པོའི་ཉེན་ལ་སོགས་པ་མྱུར་དུ་བཟློག་པར་འགྱུར་རོ། །རིགས་མཐུན་པའི་ཀླུ་ལ་སོགས་པ་ཁ་ཅིག་ལ་ནི་རུང་བ་མ་ཡིན་ནོ། །གཞན་ནི་གོ་སླའོ། །རྟོག་པ་བསྡུས་པའི་སྒྲོན་མ་ལས་ལེའུ་བདུན་པའི་བཤད་པའོ།། །།ཡི་དགས་ཐམས་ཅད་བཟློག ་པའི་ཆོ་ག་གསུངས་ཀྱང་གཏོར་མའི་ལས་མེད་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་སྐད་བསྟན་ཏོ། །ཐམས་ཅད་ལྡན་པའི་གཏོར་མ་ནི། །ཕྱེ་དང་མེ་ཏོག་ལ་སོགས་པ་དང། །སྨན་དང་འབྲུ་དང་དྲི་དང་སྙིང་པོའོ། །རཾ་གྱིས་སྦྱངས་ཞེས་པ་ནི། ཡི་གེ་རཾ ་གྱིས་དངོས་པོ་བག་ཆགས་སུ་གྱུར་པ་བསྲེགས་པ་དང། ཡཾ་ལས་རླུང་གི་བུས་ཁཾ་ལས་ཆུས་བཀྲུས། དེའི་དབུས་སུ་བཾ་ལས་ཆུ་རྒྱུན་བྱུང་བས་མཉེས་པར་བྱས་ཏེ། ཕྱི་ལྟར་བཤད་པའོ། །ཡང་ན་ཐམས་ཅད་ལྡན་པ་ནི་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་སྟེ། དེ ་ལ་ཡི་གེ་གསུམ་གྱིས་དག་པ་ལས་ཤ་ལྔ་བདུད་རྩི་ལྔ་བསྐྱེད་དེ། དབབ་པ་ནི་ཨོཾ་ལས་བྱུང་བས་ཡེ་ཤེས་ཀྱི་བདུད་རྩི་ཕབ་སྟེ། གཉིས་སུ་མེད་པ་ནི་སྦྱོར་བའོ། །ཛ་ཡིས་བཀུག་སྟེ་ཞེས་པ་ནི་བདག་འཕགས་པ་གོས་སྔོན་པོ་ཅན་གྱི་བསམ་གཏན་དང་ལྡན་པའི་འོད ་ཟེར་ལས་ལྷ་མོ་ལྕགས་ཀྱུ་ཅན་གྱི་ཚོགས་ཀྱིས་འབྱུང་པོ་ཐམས་ཅད་བཀུག་སྟེ། ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་གཏོར་མ་སྦྱིན་ནོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བརྒྱད་པའི་བཤད་པའོ།། །། ་བསམ་གཏན་འཁོར་ལོ་མེད་པ་ལ་ཞེས་པ་ནི་བསམ་གཏན་མི་ནུས་པའོ། །སྔགས་ཀྱི་ངེས་པ་ནི་སྔགས་ཀྱི་མན་ངག་སྟེ། ནུས་པ་ཁྱད་པར་ཅན་འབྱུང་བའི་སྔགས་བཤད་པའོ། །དེ་ལྟ་ཏ་ཏ་ཡ་ཐཱ། ཞེས་པ་ནི། དང་པོ་ལས་ཐམས་ཅད་པའི་སྔགས་སོ། །དེ་བས་སྔགས་དེ་ནི ་ཀུན་ལ་སྦྱར་རོ། །ལས་སོ་སོ་བ་ནི་འབྱུང་པོ་སོ་སོ་འདུལ་བའི་སྔགས་ཏེ། དེ་ནི་དང་པོ་ཀླུ་གདུལ་བའི་སྔགས་སོ། །བུད་དྷ་སོགས་པ་ནི་སྨེ་བའི་སྦྱིན་སྲེག་གི་དུས་སོ། །ཡང་ན་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་ལ། དགའ་བོ་ལ་སོགས་ཀླུ་བརྒྱད་དགོད། །མཉེས་པར་བྱས་ནས་བདུག ་པ་དབུལ། །ཞེའོ། དེའི་འོག་མ་གཤིན་རྗེ་དགོད་པ་དང་བཟློག་པ་སྟེ། འཁོར་ལོ་བཅུ་དྲུག་དཀྱིལ་འཁོར་དུ། །འཇམ་དཔལ་སྤྲུལ་པ་བཅུ་དྲུག་དགོད། མཉེས་ནས་འཁོར་དུ་གཏོགས་པས་བཟློག་ཞེའོ། །པྲེ?་ཏ་ན་ཡི་དགས་འབྲོག་པས་ཏེ།?་།དེ? ་ཡང?་འཁོར་ལོ་བརྒྱད་ཀྱི་དཀྱིལ་འཁོར་དུ། །ཡི་དགས་གཙོ་བོ་བརྒྱད་པ་མནན། །འདོད་རྒྱལ་འཆིད་བྱེད་སྲོག་ལེན་དང། །རལ་གཅིག་གཅེར་བུ་བུ་པའི་སྣ། །མགོ་སྐྱེས་མིག་བཟང་ཞེས་སུ་བཤད། །དེ་ཡིས་དེ་དག་འདུལ་བར་མཛད་ཅེའོ། །གནད་སྦྱིན་བཟློག་པ་ནི་གནོད ་སྦྱིན་སྡེ་དཔོན་ཉི་ཤུ་ལྔ། །བསྡུས་པའི་གཙོ་བོ་རྣམ་པ་བརྒྱད། །འདབ་མ་བརྒྱད་ལ་བཀོད་ཅིང་བཟློག་ཅེའོ། །གཞན་ནི་གཞུང་ལས་ཤེས་པར་བྱའོ། །དེ་ལྟ་བུའི་སྔགས་གསུང་བར་འགྱུར་བས་བདག་པོ་སྟེ། དེ་ལྟ་བུའི་སྒོ་ནས་ཡོན་ཏན་བརྗོད་པ་ནི་བསྟོད་པའོ། །རྟོག་པ ་ཐམས་ཅད་བསྡུས་པའི་སྒྲོན་མ་ལེའུ་དགུ་པའི་བཤད་པའོ།། །།དེ་ནས་དབུག་པའི་ལས་བཤད་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་ནི་ཕྱག་ན་རྡོ་རྗེའི་འོད་ཟེར་ལས་བྱུང་བས་ལྕགས་ཀྱུའོ། །ཡང་ན་རླུང་གི་རྔ་མོ་འམ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཀུག་ནས ་འོད་བར་བསམ་མོ། །རླུང་དང་ལྕགས་ཀྱུས་འགྲུབ་པ་དེ་བཞིན་དུ་མེ་ཡིས་ཀྱང་ནུས་ཤེས་སྦྱར་རོ། །སྔགས་གོང་དུ་བསྟན་ཏོ། །བསམ་གཏན་དྲག་པོ་ནི་གོང་མ་ཉིད་དོ། །ཀླུ་རིགས་དུ་མ་ཐམས་ཅད་ཀུན་ཅེས་པ་ནི་རྒྱལ་རིགས་ལ་སོགས་པའོ། །འགུགས ་འགྱུར་ཞེས་ཐབས་འདི་ལ་གནས་ཀྱིས་མ་ཡིན་ནོ། །ཁུགས་པ་དེ་ཇི་ལྟར་བྱ་ཞེ་ན། ཟངས་གཞོང་ནང་དུ་སྤྱན་དྲངས་ཏེ་ཞེས་པ་ཟངས་གཞོང་དུ་དགུག་ཅེའོ། །དེའི་ནི་ཉེན་གྱིས་ཟིན་པའི་ལུས་ལ་སྦལ་བ་ལ་སོགས་པ་བཀོད་ལ་སྔགས་དང་ཕྱག་རྒྱས་དབྱུང ་བར་བྱས་ཏེ། ཟངས་གཞོང་དུ་དགུག་ཅེའོ། །དུག་གཞོམ་པ་ནི་འདོད་ཆགས་ལ་སོགས་པའོ། །སྨན་གྱིས་གོས་ཞེས་པ་ནི་དབང་པོ་ལག་པ་ལ་སོགས་པས་གསོ་པའོ། །གང་གནོད་ཕྱོགས་སུ་བསྐྱལ་ཞེས་པ་ནི། གང་ན་གནས་པའི་སར་བསྐྱལ་བའོ། །རྟོག་པ ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་པའི་བཤད་པའོ།། །།དེ་ནས་ཀླུ་གཟིར་བ་བཤད་པར་བྱ་སྟེ། ཞི་བའི་ལས་ཀྱིས་མི་འདུལ་བ་ནི་ཞི་བར་མི་འགྱུར་བའོ། །དེ་གཟིར་བའི་སྔགས་ནི་ཏ་ན་ལ་སོགས་པའོ། །བསམ་གཏན་ཞེས་པ་ནི་སྔགས ་དེ་དང་འབྲེལ་བའི་བསམ་གཏན་ནོ། །དེ་ནི་གང་ཞེ་ན། རྡོ་རྗེ་ལ་སོགས་པ་ཐོགས་པའི་ཁྲོ་བོས་བརྡེག་པར་བསམ་མོ། །འོག་ཏུ་མེའི་འཁོར་ལོ་བསམ་ཞེས་པ་མི་བརྒྱད་བསྒོམ་པའོ། །གཞན་གོ་སླའོ། །ཡུངས་ཀར་ཡུངས་ནག་ཅེས་པ་ལ་སོགས་པའི་དོན་ནི། །ཡུངས ་ཀར་ཡུངས་ནག་ལ་སོགས་པ་ཁྲོ་བོའི་ཚོགས་སུ་བསམས་ལ་བརྡེག་ཅེའོ། །ཁྲ་སྤྱང་ལ་སོགས་པ་ནི། ཁྲ་དང་སྤྱང་སྐུ་ལ་སོགས་པའི་གསོབ་ཀྱིས་བརྡབ་ཅིང་སྔགས་གོང་མའོ། །ཀླུ་གཟིར་བའི་ཆོ་ག་བསྟན་པ་དེ་བཞིན་དུ་ཡི་དགས་གཞན་ལ་ཡང་ཤེས་པར་བྱའོ།། ་མྱུར་དུ་ཐར་པ་ནི་མྱུར་དུ་གནོད་པ་སེལ་བའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། །།དེ་ནས་མཆོད་པ་སྟོན་ཏེ། ཉིད་ལ་ཉིད་མཆོད་པ་ཞེས་པ་ནི་ཉིད་ཀྱིས་མཆོད་པ་ཉིད་ལ་ཁྱབ་པ་སྟེ། འོག་ནས་སྟོན་ཏོ། །རྡོ ་རྗེ་བདུག་པ་མོ་ནི་ཕྱག་ན་རྡོ་རྗེ་མཉེས་པར་བྱེད་པའི་སྤོས་སོ། །ཡང་ན་ཐོགས་པ་མེད་པས་རྡོ་རྗེའོ། །བདག་ཉིད་དྲི་ཡིས་རྒྱས་མཛད་མ། །ཞེས་བྱ་བ་ནི། དྲིའི་མཆོད་པས་མཉེས་པར་བྱེད་མ་ཞེའོ། །མེ་ཏོག་ཐོགས་པ་མེ་ཏོག་མའོ། །བདག་གི་དཀྱིལ་འཁོར་གསལ་བར ་བཀྲ་པས་བཀྲ་བའོ། །སྤོས་དང་སྨན་གྱི་འང་གུ་ཐོགས་པས་དྲི་ཆབ་མའོ། །ཉོན་མོངས་པ་ཐམས་ཅད་དག་པར་བྱེད་པས་དག་མའོ། །མར་མེ་ཐོགས་པས་མར་མེ་མའོ། །བདག་ཉིད་ཀྱི་དཀྱིལ་འཁོར་གསལ་བར་བྱེད་པས་གསལ་བྱེད་མའོ། །ཇི་སྲིད་ཐམས་ཅད་མཆོད་པ་ཆེ་ཞེས་པ་ནི ་ཇི་སྲིད་དུ་བསམ་གཏན་གྱིས་ཁྱབ་པ་དེ་སྲིད་དུ་མཆོད་པའོ། །ཡང་ན་ཇི་སྲིད་དུ་ནམ་མཁའ་བར་ཁྱབ་པ་དེ་སྲིད་དུ་མཆོད་པ་ཆེན་པོས་ཞེའོ། །དེ་ཉིད་ཀྱིས་དབང་པོའི་རྒྱུད་ཚིམ་པས་བདེ་བའོ། །ཡང་ན་རྩའི་པདྨའི་སངས་རྒྱས་ལ་བྱང་ཆུབ་སེམས་ཀྱི་མཆོད་པས་བདེ ་ཞེའོ། །དེ་ཉིད་ནི་བླ་ན་མེད་པའི་མཆོད་པ་སྟེ། ཁྱད་པར་དུ་འཕགས་པའོ། །ཡང་དག་པའི་མཆོད་པ་ནི་ལོག་པའི་མཆོད་པ་དང་བྲལ་བའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་གཉིས་པའི་བཤད་པའོ།། །།དེ་ནས་འཁོར་ལོ་སྔོན ་བྱུང་བ་སྟོན་ཏེ། བསྡུ་བ་ནི་ཀླུའི་ཚོགས་ལ་སོགས་པ་བསྡུ་བའོ། །སྡུད་པར་བྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པའི་ཏིང་ངེ་འཛིན་པ་ལ་སྙོམས་པར་ཞུགས་སོ། །མེའི་འཁོར་ལ་ནི་འཁོར་ལོ་བརྒྱད་པའོ། དེའི་སྔགས་ནི་གོང་དུ་བསྟན་པའོ། །དེས་ཅི་བྱེད་ཅེ་ན། ཀླུ་ཚིག་པར ་བྱས་ཤེས་སོ། །བྲལ་ནས་དཔག་ཚད་གནས་སུ་འབྲོས་ཞེས་པའོ། །བྱེད་ཤ་ཐོན་ནས་བྲོས་པའོ། །སླར་བསྡུས་བདུད་རྩི་སྨན་གྱིས་གསོས་ཞེས་པ་ནི་བདུད་རྩིས་སོས་པར་གྱུར་པའོ། །སོ་སོའི་གནས་སུ་བཀོད་ཅེས་པ་ནི། སོ་སོའི་གནས་སུ་སོང་ཞེས་སོ། །གཞན་གོ ་སླའོ། །ཆུའི་ངང་ལ་གནས་འདོད་ན་ཞེས་པ་ནི། ཆུའི་འཁོར་ལོ་བསྒོམ་པར་འདོད་པ་ཞེའོ། །ཆུ་བརྒྱད་ཏིང་ངེ་འཛིན་ལ་གནས་ནས། ཞེས་པ་ནི། གོང་མ་ལྟར་བསམ་པའོ། །འོག་མ་ནི་བསྡོད་པའོ། །གཞན་ལའང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་འཁོར ་ལོ་བཞི་བསྒོམས་པས་ཡོན་ཏན་གོང་དུ་སྨོས་པ་ཉིད་དོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་གསུམ་པའི་བཤད་པའོ།། །།དེ་ནས་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། ཕྲ་མོའི་ཏིང་འཛིན་ལ་གནས་པས་ཤེས་པ་ནི། ་ཆོས་དང་སྤྲུལ་པ་དང་ལོངས་སྤྱོད་དང་བདེ་བ་ཆེན་པོ་ལ་སོགས་པ་ལ་ཐིག་ལེ་གནས་པ་དང། རང་འབྱུང་གི་ཡི་གེ་གནས་པ་ནི་ཕྲ་མའོ། །ཏིང་ངེ་འཛིན་གང་ལ་མིང་དེ་སྐད་བྱ་བ་ཡོད་པའི་ཏིང་ངེ་ཛིན་དེ་ལ་སྙོམས་པར་ཞུགས་ནས་ཤེས་པའོ། །ཞུགས ་པ་དང་དེའི་དང་ལ་གནས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །འཁོར་གྱི་གནོད་སྦྱིན་ནི་མིག་མི་བཟང་ལ་སོགས་པ་སྟེ། དེ་དག་གིས་ཞུས་པའོ། །ཕྲ་མོའི་ཐིག་ལེ་ནི་འཁོར་ལོ་བཞིའི་ཐིག་ལེའོ། །ཅིར་སྣང་དངོས་པོ་གཅིག་ཏུ་འདུས་ཤེས་པ་ནི་འབར ་པའི་མེའི་དང་བ་གནས་ལས་བྱང་ཆུབ་སེམས་ཀྱི་ཁུ་བཞུ་བའོ། །དེ་ཉིད་མཛའ་འདས་རང་བཞིན་མེད་ཅེས་པ་ནི། འོད་གསལ་ཆོས་སྐུ་ཐོབ་པ་སྟེ། རྣལ་འབྱོར་གྱི་ལམ་གྱི་དབང་དུ་བྱས་པའོ། །འདོད་ཆགས་ཏིང་འཛིན་ལ་གནས་ནས་ཤེས་པ་ནི། རྡོ་རྗེ་ཁྲོས་མ་དང་སྦྱོར ་པས་ཤེས་པ་སྟེ། གཞན་ལས་བདེ་བའི་འཕྲོ་འདུ་རབ་བྱེད་ཅིང། །འོ་དང་འཁྱུད་པ་ལ་སོགས་པ་ཞེའོ། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན་ཞེས་པ་ནི། འཁོར་གྱི་གནོད་སྦྱིན་འདོད་ཆགས་དང་བྲལ་བའོ། །སྡངས་དང་དུས་དང་བརྒྱལ་བ་དང་ཞེས་པ་ནི། དེ་ལྟ་བུའི་འདོད ་ཆགས་ཀྱི་ཆོས་མཐོང་བས་སྤངས་པ་ལ་སོགས་པའོ། །བསླང་སྟེ་བླ་མེད་དོན་བསྟན་པས། །ཤེས་པ་ནི། ང་རྒྱལ་བ་ཐམས་ཅད་བསླད་སྟེ། བླ་ན་མེད་པའི་ཕོ་ཉའི་མན་ངག་བཤད་པའོ། །དེས་ཅིར་འགྱུར་ཞེན། ཐམས་ཅད་འདོད་ཆགས་མངོན་སངས་རྒྱས་ཞེས ་པ། གནོད་སྦྱིན་ཐམས་ཅད་ཕོ་ཉའི་ལམ་དུ་ཞུགས་པས་སངས་རྒྱས་པར་འགྱུར་བའོ། །འཁོར་གྱིས་སྐུ་ལ་མངོན་པར་བསྟོད་ཅེས་པ་ནི་འཁོར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡིད་རབ་ཏུ་དགའ་སྟེ། བསྟོད་པ་བྱས་ཤེའོ། །ལུང་གཞན་ལས་ཆོས་དང་ལོངས་སྤྱོད ་བདེ་ཆེན་སྤྲུལ། །སུམ་བཅུ་གཉིས་དང་བཅུ་དྲུག་བརྒྱད་དོ། །དྲུག་ཅུ་གཉིས་ཀྱི་དབུས་དག་ཏུ། །ཐིག་ལེ་བཞི་ལས་གཅིག་ཏུ་གྱུར། །དེས་ནི་བླ་མེད་མངོན་པར་འགྲུབ་ཅེའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་བཞི་པའི་བཤད་པའོ།། །། ་དེའི་རྗེས་སུ་ཡི་རང་སྟོན་པའི་ཕྱིར། འདུས་པའི་འཁོར་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕང་ལོ་ཅན་གྱི་ཕོ་བྲང་ན་ཞེས་པ་ནི། འོག་མིན་གྱི་གནས་ན་ཞེས་པའོ། །གསང་བའི་བདག་པོ་གོས་སྔོན་ཅན་ཞེས་པ་གོང་དུ་བཤད་པའོ། །ཡོན་ཏན་ཐམས ་ཅད་སྐུ་ལ་རྫོགས། ཞེས་པ་ནི། མཚན་དང་དཔེ་བྱད་དང་ལྡན་པའོ། །ཡང་ན་དངོས་གྲུབ་རྣམ་པ་གཉིས་འབྱུང་བའི་གནས་སུ་གྱུར་པའོ། །དངོས་མེད་དག་པ་ནི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྦྱར་རོ། །འཁོར་གྱི་ཀླུ་ཚོགས ་འདུལ་བའི་ཚེ། ཞེས་པ་ནི། འཁོར་ན་གནས་པ་ཀླུ་རིགས་བཞི་འདུལ་བའོ། །ཀླུ་བརྒྱད་སྐུ་ལ་རབ་བརྒྱན་ནས། ཞེས་པ་ནི། ཀླུ་དགའ་བོ་ལ་སོགས་པས་བརྒྱན་པའོ། །ཀླུ་གཙོ་ཞལ་དུ་གསོལ་བར་མཛད་ཅེས་བ་ནི། སྤྲུལ་ནག་པོ་ཞལ་དུ་གསོལ ་པར་མཛད་ཅེའོ། །དེ་ལྟར་ན་ཀླུ་ཐམས་ཅད་འདུལ་བར་འགྱུར་རོ། །དེའི་ལུས་ལ་བརྒྱན་པ་ནི་སྤྲུལ་པར་ཤེས་པར་བྱའོ། །ཀླུ་འདུལ་བྱམས་པ་ནི་བྱམས་པ་ཆེན་པོས་ཀླུ་ཐམས་ཅད་འདུལ་བར་བྱེད་ཅེའོ། །སྣ་ཚོགས་དག་པའི་སྐུ་མངའ་ཞིང་ཞེས་པ་ནི། རང་བཞིན ་གྱིས་རྣམ་པར་དག་པ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྣ་ཚོགས་པར་སྣང་བའོ། །རིས་དྲུག་སྡེ་བརྒྱད་འདུལ་བར་མཛད་ཅེས་པ་ནི། འགྲོ་བ་རིས་དྲུག་གམ་ལྷ་མ་སྲིན་སྡེ་བརྒྱད་འདུལ་བར་བྱེད་པ་ཞེའོ། །སྐྱོན་གྱིས་མ་གོས་རང་སངས་རྒྱས ་ཞེས་པ་ནི། དངོས་པོ་དང་མཚན་མའི་སྐྱོན་གྱིས་མ་གོས་ཤིང་རང་བཞིན་གྱིས་རྣམ་པར་དགེ་བའོ། །ཐོགས་མེད་ཀུན་འདུལ་ཞེས་པ་ནི། །གདུག་པ་ཅན་ལ་སོགས་པ་འདུལ་བ་ལ་ཐོགས་པ་མེད་པ་ཞེའོ། །ཇི་ལྟར་བསམ་པའི་དངོས་པོ་ཀུན་ཞེས་པ་ནི། ཇི ་ལྟར་འདོད་པའི་དངོས་གྲུབ་ཀུན་ཞེས་པའི་དོན་ཏོ། །ཁྱོད་ལས་བྱུང་བས་མི་བཟད་གཏེར་ཞེས་པ་ནི། ཡིད་བཞིན་གྱི་ནོར་བུ་བཞིན་དུ་འབྱུང་ཞེའོ། །སྣ་ཚོགས་ཡིད་བཞིན་འཕྲུལ་པོ་ཆེ་ཞེས་པ་ནི། །སྐུ་གསུང་ཐུགས་སྣ་ཚོགས་པར་འབྱུང་བ་སྟེ། སྒྱུ་མ་འམ ་མིག་འཕྲུལ་དང་འདྲ་བ་ཞེས་པའི་དོན་ཏོ། །ཡིད་བཞིན་ནོར་བུ་ཁྱོད་ཕྱག་འཚལ། ཞེས་པ་ནི། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སྐུ་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །ནད་དང་རིམས་ཀྱིས་གཉེན་པོ་མཛད་ཅེས་པ་ནི། ནད་དང་རིམས ་ཐམས་ཅད་སེལ་བར་མཛད་པ་སྟེ། སྣང་བ་དང་མུན་པ་ལྟ་བུའོ། །ནོར་དང་རྫས་ཀྱི་བདག་པོ་མཛད་ཅེས་པ་ནི། ནོར་དང་རྫས་ཐམས་ཅད་ལ་མངའ་བརྙེས་པ་ཞེས་པའོ། །འཇིགས་པ་ཀུན་ལ་སྐྱབ་པར་མཛད་ཅེས་པ་ནི། ནད་དང་དུག་དང་སྤྲུལ་ལ་སོགས་པའི ་འཇིགས་པ་མི་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་ལ་ཕྱག་འཚལ་བ་དང། མཆོད་པ་བྱེད་པ་དེ་ནི་ནད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཆུ་དང་མེ་ལ་སོགས་པས་འཇིགས། །གོས་སྔོན་མིང་ཙམ་ཐོས ་པས་ཐར་ཞེའོ། །བླ་མེད་སྐྱོབ་མཛད་ཅེས་པ་ནི། བླ་ན་མེད་པའི་སྐུ་གསུམ་ཏེ། དེ་དང་ལྡན་པ་དེ་ཡང་བླ་ན་མེད་པའོ། །དེས་སྐྱོབ་པ་ནི་གོང་དུ་བཤད་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། །ལྷ་དང་ཀླུ་ལ་སོགས་པ་ནི་ཡི ་ངགས་དང་བརྗེད་བྱེད་དང་མངག་པ་དང་ཕོ་ཉ་ཡང་བསྡུའོ། །ཡིད་དགའ་བའི་མཆོད་པས་ཁྱད་པར་འགྱུར་ཞེས་པ་ནི་གོས་སྔོན་པོ་ཅན་མཉེས་པར་འགྱུར་ཞེའོ། །མི་ལ་སོགས་པའི་འཇིག་རྟེན་ཉེན་དང་ལྡན་པ་ཐམས་ཅད་བདེ་བ་ལ་བཀོད་དོ་ཞེས་པ་ནི། རིམས ་ནད་ལ་སོགས་པའི་ཉེན་ཐམས་ཅད་ལས་ཐར་བར་འགྱུར་ཞེའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྒྱུད། །བདེ་གཤེགས་ཡུལ་གྱུར་རྟོགས་དཀའ་སྦས་པའི་གསང་ཆེན་ཏེ། །བློ་དམན་བདག་གིས་ཤིན་ཏུ་བརྩམ་པར་མི་རིགས་ཀྱང། །བདེ་གཤེགས ་བཀའ་ལ་བདག་གིས་རབ་བརྟེན་ནས། །བདག་པས་དམན་ལ་ཕན་ཕྱིར་རྒྱུད་ཀྱི་འགྲེལ་འདི་བརྩམས། །འདི་ལ་ཉེས་པར་གྱུར་པའི་སྐྱོན་རྣམས་ཀུན། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་དང། །ས་གནས་རྡོ་རྗེ་སེམས་ལ་བཟོད་པར་གསོལ།། ་བདག་གིས་བརྩམས་པའི་དགེ་བའི་རྩ་ཅི་ཐོབ་དེ་དང་དེ་དག་གིས། །འཇིག་རྟེན་ཁམས་འདིར་རྟོག་པ་བསྡུས་པའི་སྒྲོན་འདི་འདིར་གནས་ཤིང། །འདི་ལ་བརྟེན་ནས་བདག་དང་མཛའ་ཡས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་གོས་སྔོན་མཆོག་དང་ཐུན་མོང ་ཐམས་ཅད་ཐོབ་པར་ཤོག་།རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ། སློབ་དཔོན་ཆེན་པོ་ཤྲཱི་བྷ་ཏྲེས་མཛད་པ་རྫོགས་སོ།། (།།གོས་སྔོན་ཅན་གྱི་རྒྱུད་རྒྱ་ཆེར་བཤད་པ་སློབ་དཔོན་མཆོག་རབ་སྙིང་པོས་མཛད་པ་བཞུགས།།)་།།རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱི་བ་ར ་