CLOSE WINDOW

N1836: klu gtor rgyas pa
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།ཧཱུཾ་བདེ་གཤེགས་གཙོ་བོ་གཏུམ་པོ་དང། །ལྷ་རྣམས་ཕྱོགས་སུ་འཁོར་བ་རྣམས། །བདག་དང་སེམས་ཅན་རྒྱུད་སྦྱར་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ོཾ་ཨེ་ཧཡེ་ཧི་བྷ་ག་ཝན། མཧཱ་ཀཱ་རུ་ཎི་ཀ་ཧོ། ས་མ ་ཡ་སྟཝཾ། ས་མ་ཡ་ཛ(རྒྱུད་འགྲེལ་པས་མེ་ཏོག་ཕུལ་ལ་གདན་དབུལ། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །བཅོམ ་ལྡན་རྡོ་རྗེ་གཏུམ་པོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང། །ཐབས་ལ་མཁས་ཕྱིར་སྣ་ཚོགས་སྐུར་སྟོན་པ། །རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས ་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ལ། །ཡིད་ཀྱིས་ཅི་ནུས་དམིགས་པའི་མཆོད་འབུལ་ན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་ལྟར། །སྐུ་གསུང་ཐུགས་ལ་མཉེས་པའི་མཆོག་གྱུར་ཅིག་།བདག་གི་ཐོག་མ་མེད་པའི་དུས་མཛའ་ནས། །སྡིག ་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་སོ་སོར་སྡིག་བཤགས་སོ། །ཤེས་རབ་སྙིང་རྗེར་ལྡན་པའི་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བ་ཇི་ལྟར་བསྐྱེད་པ་བཞིན། །དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ ་སེམས་དེ་ནམ་ཡང་མི་བཏང་ངོ། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་རྗེ་འཆང། །རིགས་འཛིན་པ་ཡི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེ་ཡི་རང། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་དང། །འཁོར་དང་བཅས་ལ་ལུས་འབུལ་ནས། ། ་བཞེས་ནས་བདག་ལ་རྗེས་མཐུན་པར། །དངོས་གྲུབ་རྣམས་ནི་སྩལ་དུ་གསོལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ད་ལྟ་དགེ་བ་གང་སྤྱད་པ། །བདག་དང་སེམས་ཅན་དོན་སླད་དུ། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །ཕྱག་རྡོར་བདུན་རྣམས་དག ་གོ། །།གསེར་མེས་མ་ཚིག་པ། གཡུ་མིག་མ་ཕུག་པ། མུ་ཏིག་།རིན་པོ་ཆེ་མདུང་ལེན། གུར་གུམ་གྱིས་བྲིས་པའི་རྟེན་འབྲེལ་གྱི་སྙིང་པོ། རྨ་བྱའི་མདོངས། བྱ་ཁྱུང་གི་སྙིང་པོ་ཁྲོམ་གསེར་གྱིས་བྲིས་པ། གླ་རྩི་ག་པུར་མུ་ཟི། བཙན་དུག་།གུ་གུལ་། ་ཙནདན་གོར་ཤིར་ཤ་།སྨན་འགིའུ་ཝཾ། བྱ་རྒོད་ཀྱི་ཚིལ་བུ། སྤྲེའུ་ཡི་ལྤགས་པ་ལ་བཏུམ། ཨིཋི།། །།རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་འབྲུ་སྣ་ཚོགས་དང། ཀླུ་སྨན་སྣ་ཚོགས་དང། ཟན་ལ་སོགས་པའི་ཕུང་པོ་བརྩལ་ལ། ཟན་ལ་སོགས་པའི་ཕུང་པོ་ལ་པཾ ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྣོད། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་སྟེང་དུ་ཧྲི(རྒྱུད་འགྲེལ་ཨོཾ་ལས་སྨན་གྱི་སྡོང་པོ་སྟོང་གསུམ་གང་བ། སྭ་ལས་ཨུཏཔལ་གྱི་ནགས་ཚལ་མེ་ཏོག་གི་ཚལ་ཆགས་པ་བསམ་གྱིས་མི་ཁྱབ་པར་བསམ། ཏཾ་ལས་དཔག་བསམ་གྱི་ཤིང་འོ་མ་དང་བུམ་པ་དཔག་ཏུ་མེད་པ་འབབ་པ་བསྐྱེད་ལ། བདག་ལྷའི་རྣལ་འབྱོར་དུ་གནས ་པའི་སྙིང་གའི་ཡི་གེ་ལས་འོད་འཕྲོས་པས། ཀླུ་རིགས་ཐམས་ཅད་སྦྲུལ་མགོ་བདུན་པ་ལ་སོགས་པ་འམ། ཀླུ་རིགས་ས་བདག་བསམ། འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་ཡི། གླིང་བཞི་རི་རབ་དང་བཅས་པ་ནམ་མཁའ་དང་ས་གཞི་ཐམས་ཅད་ནས་བཀུག་ལ ་དེའི་ལྕེ་ལ་རྡོ་རྗེ་བསམ། དེ་ལས་རྡོ་རྗེར་བསམ། དེའི་སྟེང་དུ་ཧཱུཾ་ལས་འོད་འཕྲོས་པས། འོད་ཟེར་གྱི་སྤུ་གུ་ཡིས་འཐུངས། གཉིས་སུ་མེད་པའི་སེམས་དང་ལྡན་པར་བསམ། མཆོད་པ་ལྔ་དང་ལྡན་པ་ལ། ཨོཾ་བ་ཏ་ལི་མཧཱ་བ་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ། ཛ(རྒྱུད་འགྲེལ་སྙན་གསན་དབབ་པའོ། །ོཾ་བྷུ་ཨ་དྷི་པ་ཏི་མཧཱ་པདམེ། མཱ་ལེ་ནརི་ཛ(རྒྱུད་འགྲེལ་བྷཀྵ་ས་མ་ཡ་ཏིཥྛ་ཛ(རྒྱུད་འགྲེལ་ཨོཾ་ཕུ(རྒྱུད་འགྲེལ་དཾ་བ་ལིཾ་གྲིཧྞ་གྲིཧྞ་ས་མ་ཡེ་སྭཱཧཱ། ནཱ་ག་ཧུ་ལུ་ཀེ་སྭཱཧཱ། ཨོཾ་ནཱ་ག་བ་སུ་ཀེ་སྭཱཧཱ། ཏཀྵ་ཡ་སྭཱཧཱ། བ་ཏ་ལི་སྭཱཧཱ། ཨུ་པ་ནན་ད་སྭཱཧཱ། བ་རུ་ནན་སྭཱཧཱ། ཨོཾ་བི་རུ་པཀྵ་ཎ་ཡེ་སྭཱཧཱ། ཨོཾ་ནཱ་ག་ལེ་ནཱ་ག་ལེ་སྭཱཧཱ། ཨོཾ་ནཱ་ག་ཀེ་ཤེ་ཕུད་ཡ་ཏ་ནཱ་མ་ཀ་པྲ་མ་དྷ་ན ་ཡེ་སྭཱཧཱ། ཨོཾ་བྷུ་ཨ་ཏི་པ་ཏི་མཧཱ་པདྨ་མ་ལ་མྲི་ཛ། ཨའི་དཾ་བ་ལི་གྲིཧྞ་གྲིཧྞ་པ་ཡ་སྭཱཧཱ། ཨོཾ་བྷུ་ཨ་དྷི་པ་ཏི་མཧཱ་པ་ར། མཧཱ་པདྨ་མ་ལོ་མྲི་ཛ། མཧཱ་པཱུ་ཛཱ་ས་མ་ཡ་སྭཱཧཱ། ས་བདག་མཆོད་པ། ཀླུ་ཤིས་བསྟན་པ་ན། བཛྲ་པྲ་ནི་ནཱ་ག་ཤཱནྟིཾ་ཀུ་རུ་སྭཱཧཱ། ་སྟོར་བཟླས་ན་ས་བདག་ཀླུ་གཉན་ཁ་ཆིངས་པར་འགྱུར་རོ། །ཟབ་ཆེ་ཆུང་བལྟ། ཟབ་ཆེན་གཟུགས་སྣ་ཚོགས་བྱ་བ་བར་དུ་ཤ་དང་ཉ་ཤ་དང། ཆུ་མིག་ནས་ཆུ་བླངས་ལ་བ་དམར་སེར་གྱི་འོ་མས་བྱ། ཆུང་ན་གཏོར་མས་ཆོ་ག་།བྱ་ཁྱུང་ས་མ ་ཡ་ཏ་ན་ཏྲའི་རྒྱུད་ལས་བཏུས་པ་ལོཙྪ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའི་ཀླུ་གཏོར་རྒྱས་པ་རྫོགས་སོ།། (།།རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས་དཔལ་ཟླ་བ་སྙིང་པོས་མཛད་པ་བཞུགས།།)་།།རྒྱ་གར་སྐད་དུ། བཛྲ་ཙཎྜཱ་ཀྲོ་དྷ་སཱ་དྷ ་