| Wylie | e-texts based on the ACIP/ALL Input |
སློབ་དཔོན་ལས་ཀྱི་རྡོ་རྗེས་མཛན?་པའི་གསང་བ་ཐུགས་ཀྱི་ཕུར་གཅིག་མའོ།། །།པཎྜི་ཏ་ཝ་ལ་ཙནྡྲ་དང། ལོཙྪ་བ་དང་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། །།ོཾ་བཛྲ་ཙནཌ་མཧཱ་རོ་ཥ་ན་མ་གྷོ་མི་ཤ་ཧཱུཾ། ཆེ་གེ་མོ་ཤི་རཾ་ཀི་ལ་ཡེ་ཏ་ཧཱུཾ ་ཕཊ་ཤི་རི་སྟཝཾ་བྷ་ཡ་ཧཱུཾ་ཕཊ། ཀ་ཏི་མུ་ལ་ཡེ་ཏ་ཧཱུཾ་ཕཊ། ཀ་ཏི་མུ་ཁ་སྟི་བྷ་ཡ་ཧཱུཾ་ཕཊ། ཧྲི་ཏ་སྟཝཾ་བྷ་ཡ་ཧཱུཾ་ཕཊ། པ་ཏ་ཀི་ལ་ཡེ་ཏ་ཧཱུཾ་ཕཊ། མཆོག་ཕུར་གྱིས་གནས་ལྔར་གདབ་པོ། །སྟོང་གསུམ་སྣོད་ཀྱི་སེམས་ཅན་རྣམས། །ཁྲོ་བོ་གཏུམ་པོའི་སྐུ་རུ་བསྒོམ། །འགྲོ་དྲུག ་བཅུད་ཀྱི་འཇིག་རྟེན་དག་།བཅོམ་ལྡན་གཏུམ་པོའི་བསམ་པ་བྱ། །དེ་ལ་བསམ་རྒྱུད་ནི། རླུང་རྡོ་རྗེ་རྒྱ་གྲམ་ནས་སྲིད་པའི་རྩེ་མོའི་བར་དུ་སྟོང་པ་ཕྱི་མཛའ་དག་རྡོ་རྗེ་གཏུམ་པོ་རྡུལ་གཅིག་གི་སྟེང་ན་རྡུལ་སྙིད་ཀྱི་སྐུའི་རང་བཞིན་དུ་བསམ་སྟེ། དེའི་དབུས་སུ་ཟླ་བའི་དཀྱིལ ་འཁོར་ལ་ཞབས་གཡོ་ཞིང་བརྡབས་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཟད་ཙམ་ཟླ་བའི་དཀྱིལ་འཁོར་འདར་བ་དང། སྐུའི་བ་སྤུའི་བུ་ག་ནས་ཉི་མ་སྟོང་གི་འོད་གཟི་བརྗིད་ཅན་ཨུགྱི་མེའི་འོད་ཟེར་འཕྲོ་པ་དང། ལྗགས་ཀྱི་རྡོ་རྗེ་ལས་བཟླས་པའི ་སྔགས་ཀྱི་འོད་ཟེར་རིམ་པ་གསུམ་འཕྲོས། སྟོང་གསུམ་གྱི་སྟོང་རྡོ་རྗེ་ཕྲ་མོའི་འོད་ཟེར་གྱིས་འགེངས་པ་དང། ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པས་བདུག་པ་དུ་བའི་འོད་ཀྱིས་ཀླུ་ཕྲ་མོ་དང་ས་བདག་རྣམས་བསྲེག་པ་དང། ཐུགས་ཀྱི་རྡོ་རྗེ་ལས ་ཁྲོ་བོ་དུ་མ་འཕྲོས་པས། བསྐལ་པ་ཆེན་པོའི་རླུང་བཞིན་དུ་བགེགས་ཀུན་དུ་འཐོར་བ་དང། ཕྱག་གི་རྡོ་རྗེ་གསོར་བས་གང་དུ་གནོད་པར་སེམས་པ་དེའི་ས་ཕྱོགས་སུ། རྡོ་རྗེ་ཆེན་པོ་འོད་ཟེར་སྒྱོགས་འཕེན་པ་བཞིན་དུ་ཡང་དང་ཡང་བསྣུན་པར་བསམ། ་དེ་ནས་བཟླས་པ་མ་ཟིན་པར་དུ་ཧཱུཾ་འབྲུག་གི་སྒྲ་ལྟ་བུ་རྒྱུན་དུ་འདོན། བསྣུན་པའི་འཁོར་ལོ་ཟངས་ལྕགས་ཀྱི་ཕྱེ་མ་དང། ཡུངས་ཀར་ཀེ་ཚེ་དུག་ཆུས་བྲབ་བོ།། །།ཡང་རྣམ་པ་གཅིག་ལ། སྙིང་ཁའི་ཧཱུཾ་ལས་འཕྲོས་པས་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ཕྱག་ན་རྡོ་རྗེར་གྱུར་ཏེ། འཇིམ་པ་མི་དམིགས་པ་ལས་ཕྱག་ན་རྡོ་རྗེར་གྱུར། སྔགས་བརྒྱ་རྩ་བརྒྱད་བཟླས་ནས། ཤོག་བུ་ལ་གནོད་བའི་གདོན་ལམ་སྟཾ་བྷ་བ་ནན་ཤཱན་ཏི་སྟཾ་བྷ་ནཾ་ཀུ་རུ་ནཾ་ཧཱུཾ་ཕཊ། སཱཙྪ་དེ་མཆོད་རྟེན ་ནག་པོ་འོད་འབར་བ་མཐོང་བ་ཙམ་གྱིས་སྐྲག་པར་བྱེད་པ། བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ཐམས་ཅད་མཚོན་ཆ་ཐོགས་པ་བཞུགས་པར་བསམ་མོ། །དེ་ནས་སྙིང་གའི་འོད་ཟེར་གྱིས་གཞན་གྱི་སྲུང་མ་རིག་སྔགས་རྣམས་བཀུག ་ནས་མཐུ་མེད་པར་བསམ་ཞིང། གཏུམ་པོའི་ཞབས་འོག་ནས་མི་འཆོར་བར་བསམ། དེ་ནས་མཆོད་པ་དང་བདེན་པའི་བྱིན་བརླབས་བརྗོད་པ་ལ་སོགས་པ་བྱའོ། །དེ་ལྟ་བུ་འབུམ་བཏབ་ན། དྲང་སྲོང་དམོད་པ་ཡང་ཟློག་པར་འགྱུར་རོ། །རིག་སྔགས་བཅད ་པ་དང་མནན་པའི་ཆོ་གའོ།། །།དཔལ་ཕྱག་ན་རྡོ་རྗེའི་སྦྱིན་སྲེག་མདོར་བསྡུས་པ། བཀྲ་ཤིས་པའི་གནས་སུ་མེ་ཐབ་ཟླུམ་པོ་དཀར་པོ་བྱས་ལ། ཙནདན་ནམ་འོ་མ་ཅན་གྱི་ཤིང་དཀར་པོ་ལ་ཟླུམ་པོར་བརྩིགས་ཏེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། ་