CLOSE WINDOW

N1826: rten 'brel gyi mthus bsrung ba'i thabs
Wyliee-texts based on the ACIP/ALL Input

ཧྲིལ། ནཱ་ག་ཕྲོམ། ནཱ་ག་ཕོབ། ཕུར་པ་དང་ཚིལ་ཆེན་དང། ཁྱི་དང་བུང་བུ་དང་རྟ་རྣམས་ཀུན་ནག་པོའི་ཁྲག་དང། ཐོད་པ་མཚན་དན་གཅིག་དང། དོར་རྟ་དང། ཆུས་དངོས་དང། དེ་རྣམས་ལ་བྱའོ། །ལིང་ཀ་དང། གཟུགས་ལ་རྟེན་ལ ་བྱའོ། །ཆར་བ་འབེབས་ན། རྟེན་ས་རུ་སྦྲ་ཕུབ་ལ་གཟུངས་གདོན། སྔགས་གོང་མ་བཟླས། ཀླུ་མཆོད་དང། ཆབ་གཏོར་བྱ། དུས་དུས་སུ་བསླང། ཞག་བདུན་བྱའོ། །འདིས་ཀྱང་བསྲུང། ཨེ(རྒྱུད་འགྲེལ་ས་ཏེ། བར་མཧཱ་ཨཱ(རྒྱུད་འགྲེལ་རྐྱེན་གྱི་རྒྱུ་བསྙེན་པ་དང་སྒྲུབ་པ་ཟབ་མོ་རྫོགས་སོ།། །།དེ་ཡང་བྱ་བའི་དུས་ནི། སྔགས་ཀྱི་ནུས་པ་བསྐྱེད། ཉམས་རྟགས་བྱུང་བ་དང། ལས་མཛའ་བསྡུས་ཏེ། མནན་པ་ལ་སོགས་གཞན་དང་མཐུན། །སྦྱིན་སྲེག་གི་རིམ་པ་ལ། རྫས ་ནི་ཞི་རྒྱས་གཞན་དང་མཐུན། །གདུག་པའི་རྫས་ནི་སྣ་ཚོགས་དང། །མར་དག་ཚིལ་ཆེན་སྐེ་ཚེ་དང། །ཏིལ་དང་མིང་བྱང་སྤེལ་ཏེ་བསྲེག་།སླ་ང་འམ་ཐབ་ཁུང་རྙིང་པ་རུ། །བརྒྱ་འམ་ཡང་ན་ལྔ་བཞི་གཅིག་།བསྐྱར་ཞིང་ལས་ལ་སྦྱར་བ ་དང། །སྔགས་ཀྱི་མཐར་ནི་རཀྵ་ཤཱན་ཏིཾ་གདགས་པར་བྱ། །སྤྱན་དྲངས་མཆོད་དང་བསྟོད་པ་ནི། །གཞན་ཡང་སྐྱུས་ལས་ཤེས་པར་བྱ། །ཉམས་ཆུང་སྣོད་མེད་ཐེ་ཚོམ་རང་འཕུང་འགྱུར། །ཉམས་ལྡན་མ་ཡངས་བསྒྲུབས་བྱས་ནས། །བླ་མ ་དམ་པ་རྣམས་ཀྱི་ཞབས་ལ་ཐུག་།ཞར་ལ་འདི་ཡང་མཆོད་པ་སྟེ། །འཁར་སོར་སྣོད་ནི་མཛེས་པ་རུ། །འོ་མ་དང་བཅས་སྨན་རྣམས་ཀྱིས། །བཀང་སྟེ་མདུན་དུ་བཞག་པའོ། །དེ་སྟེང་བཞག་པའི་རྫས་རྣམས་ནི། །ཤིན་ཏུ་གསལ་བྱེད་གདན་སྟེངས་སུ།། ་ལྔ་ལྡན་མཛའ་ཡས་སྤྲུལ་དགུ་པ། །རྩི་སྨན་མཆོད་ཅིང་མདུན་གནས་པའོ། །བསྲེག་མནན་བསྐྱལ་པ་ཉམས་དང་སྦྱར། །བདག་རྣལ་འབྱོར་པ་སྡང་མིག་གིས་ལྟ་ཞིང་ཡུངས་ཀར་གྱིས་བྲབ་པའོ། །གྲུ་གསུམ་དུ་བྲུའོ། །དེ་ནས་སྔགས་གདབ་བོ། །དེ་ནས་ཐལ ་མོ་བརྡབ་ཅིང། ནད་དང་གདོན་བགེགས་ཐམས་ཅད་བརླག་པར་བསམ་མོ། །ཡང་ཡང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ་གོང་གི་མི་ལ་བསྟིམ་མོ། །དེ་ནས་ཕུར་པ་གདབ་ཅིང་བྲུབ་པར་བྱའོ། །ེའི་ཚོགས་ཀྱིས་རིམ་པ་དང། །དང་པོ་བདག་རྣལ་འབྱོར་པའི་མདུན ་དུ་མཛུབ་གང་བའི་འབྲུབ་ཁུང་གྲུ་གསུམ་བྲུས་ཏེ། དེའི་ནང་དུ་མིང་བྱད་བུ་ལ་བྲིས་ལ་གཞག་།དེའི་ཁ་རུ་གཡམ་པ་སྔོན་པོ་ཅིག་ལ་ཡུང་བ་སེར་པོས་རི་རབ་རྡོ་རྗེ་རྒྱ་གྲམ་གྱི་གཟུགས་བྲིས་ལ་གཞག་།མ་གྲུབ་བྱས་ན་བལྟས་ངན་འབྱུང། །ཀུན་ལ་ཡོང་ན་ངོ ་མཚར་ཆུང། །ལྕེ་དབབ་པའི་བྱ་ཐབས་རྫོགས་སོ།། །།རྟེན་འབྲེལ་གྱི་མཐུས་བསྲུང་བའི་ཐབས་ནི། རྨ་བྱའི་མཁྲིས་པ་དང། ཀ་ར་བསྲེ་ལ་བསྐུ། སའི་བདུད་རྩི་ལོ་ལྔ་བརྒྱ་ལོན་པ་ཡན་ཆད་བསྐུའོ། །སྤོས་གུ་གུལ་ནག་པོ་དང། གླ་རྩི་དང། ་མུ་ཟི་དང། ལྡོང་རོས་དང། དྲི་ཆེན་དང། ཆ་མཉམ་དུ་སྦྱར་ཏེ། སྦྲང་རྩིས་སྦྲུས་ཏེ་དུང་པ་བཏང་ངོ། །སྨན་གྱི་ནུས་པ་ནི་འབྲས་བུ་གསུམ་དང། བུ་སྐྱེས་མ་ཐག་པའི་རང་འགྱུར་དང་བསྲེས་ཏེ། དྲི་ཆུས་སྦྲུས་པའི་རི་ལུ་ཁར་གཞུག་གོ་།སྨན་གྱིས ་མཆོག་གིས་བསྲུང་བ་ནི། ། རུ་ར་རྣམ་པར་རྒྱལ་བ་བཅངས་པས་བསྲུང་བའོ། །ས་བདག་གི་ནད་ཐུབ་བོ།། །།ཉི་མ་ས་བླ་ན་ལ། སོགས་པ་ལ་འདི་གདགས་སོ། །ཤིག་བྱེར་ནན། མགོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། ཞེས་བཟླས་ཤིང ་སྲུང་བ་བྱའོ། །རྟེན་འབྲེལ་གྱིས་མཐུས་བསྲུང་བ་རྫོགས་སོ།། (ལག་ན་རྡོ་རྗེ་ལྕེ་དབབ་ཀྱི་སྔོན་འགྲོའི་ས་ནག་སྦྱོར་སྤྱོད་ལམ་བརྒྱད་པ་བཞུགས།།)་།།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར ་