| Wylie | e-texts based on the ACIP/ALL Input |
ཏྲའི་ཞལ་སྔ་དང། །ལོཙྪ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ། དུར་ཁྲོད་ནགས་ཚལ་དུ་བརྒྱུད་པའི་སློབ་དཔོན་ལ། ཤིན་ཏུ་གསང་ཞིང་ཞུས་པའི་དོན་ལགས་སོ།། (།།ཕྱག་ན་རྡོ་རྗེ་ལྕེ་བབས་ཀྱི་འགྲེང?་བ་མུ་ཏིག་གི་ཕྲེང་བ་བཞུགས་སོ།། །) ་ཕྱག་ན་རྡོ་རྗེ་ལྕེ་བབས་ཀྱི་འགྲེལ་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོ་བསྙེན་པའི་རིམ་པ་ནི། །མཎྜལ་མདའ་གང་གྲུ་བཞི་པ། །བ་ཡི་རྣམ་ལྔས་བྱི་དོར་བྱ། །དབུས་སུ་ལྔ་ལྡན་སྤྲུལ་སྐུ་དགོད། །མདུན་དུ་བུམ་པ་བཟེད་ཞལ་དང། །མཆོད་པ ་རྣམ་ལྔ་བཅས་པར་དགོད། །འཁར་སོགས་སྣོད་ནི་མཛེས་པ་རུ། །འོ་མ་དང་བཅས་སྨན་རྣམས་ཀྱིས། །བཀང་སྟེ་མདུན་དུ་བཞག་པའོ། །ཞེས་པ་ནི། འོ་མའི་ནང་དུ་གླུ་སྨན་སྣ་ཚོགས་པ་བླུགས་ལ་བཞག་པའོ། །དེ་སྟེང་བཞག་པའི་རྫས་རྣམས་ནི། །རྫས་གོང་དུ་བསགས་པ་དེ ་ལ་བྱའོ། །རྫས་དེ་རྣམས་གང་ལ་དབུལ་བ་བསྟན་པའི་ཕྱིར། །ཤིན་ཏུ་གསལ་བྱེད་གདན་སྟེངས་སུ། །ལྔ་ལྡན་མཛའ་ཡས་སྤྲུལ་དགུ་པ། །ཞེས་བྱ་བ་ནི་མདུན་དུ་རྒྱ་མཚོ་ཆེན་པོ་བསམ་པའི་ནང་དུ། །ཕུ་ལས་ཀླུ་མཛའ་ཡས་སྐུ་མདོག་སེར་པོ། །ཕྱག་གཉིས་ཐུགས་གར ་ཐལ་མོ་སྦྱར་བ། དབུ་ལ་སྤྲུལ་མགོ་དགུ་ཡོད་པ་སྤྲུལ་འཁྱིལ་པ་ལྔའི་སྟེང་ན་བཞུགས་པར་བསམ་མོ། །ཧཱུཾ་ལས་ཕྱག་ན་རྡོ་རྗེ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཀྲངས་ཀྱི་བསྐྱེད་དོ། །སྐུ་མདོག་མཐིང་ག་།དབུ་སྐྲ་ཐོར་ཚུགས་གཅིག་ཏུ་བཅིངས་པ། །ཞབས་བགྲད་པ་མཆེ ་བ་གཙིགས་པ། སྤྱན་བཟློག་པ། ཟས་སུ་སྤྲུལ་ཟ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམས་ལ། (རྒྱུད་འགྲེལ་པ་ལྔས་མཆོད་བསྟོད། །ོཾ་ཨཱ(རྒྱུད་འགྲེལ་ལྔས་མཆོད་དོ། །དེ་ནས་སྔགས་བརྗོད་ཅིང་འོ་མ་དང་བཅས་རྩི་སྨན་གྱིས་མཆོད་དོ། །ཀླུའི་ནད་དང་གདུག་རྩུབ་ཐམས་ཅད་དང་བྲལ་བར་གྱུར་ཅིག་ཅེས་བརྗོད་ཅིང་བསྟོད་དོ། །དེ་ནས་སྔགས་འདི་བདུན་འབུམ་དུ་བཟླས་སོ། །ོཾ་བཛྲ་ཉི་མས་བླ་ན་ཀླད་པ་ནཾ། ཀུ་ན་ཞི། ཙིཏྟ་ཀུ་ལི ་ནཾ། ཙི་ཏྲ་མུ་ཏྲ་བཟློག་བྱེར། དུས་བཞིའི་མཆོད་པ་རྒྱུན་ཏུ་བྱའོ། །ཀླུ་ཡི་གཏོར་མ་དུས་བཞིར་བཏང། །མཛའ་མ་རྟགས་བྱུང་བ་དང། ལས་ཀྱི་མཛའ་བཏུལ་བར་བྱ་བའི་ཕྱིར། བདག་རྣལ་འབྱོར་པ་སྡང་མིག་ཏུ་བལྟ་ཞིང། ཞེས་པ་ནི། བདག་ཕྱག་ན་རྡོ་རྗེའི་ང་རྒྱལ་དུ་གནས ་ལ། མདུན་དུ་གྲུ་གསུམ་མཐིང་ནག་བྲུས་ལ། དར་ཕྱེ་ལ་སོགས་པའི་རྫས་ལ་ལིངཀ་བྱས་ལ། །མིང་རུས་གྲོ་ཁ་འམ་ཤིང་ཤུན་ལ་བྲིས་ལ་བཞག་གོ་།དེ་སྦལ་པ་ནག་པོ་དང་ལྟོ་སྦྱར་ལ་ཚོན་སྐུད་ཀྱིས་དཀྲིས་ལ་གྲུ་གསུམ་དུ་གཞུག་གོ་།དེའི་བླ་དགུག་པར་བསྟན་པར་བྱ་བའི ་ཕྱིར། ཡང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་གོང་གི་ལིངྒ་ལ་བསྟིམ་མོ་ཞེས་པ་ནི་གོ་སླའོ། །སྔགས་ནི་ཨོཾ་བཛྲ་ཉི་མ་ས་བླ་ནའི་རྟིར་ལ་བཛྲ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་ཅིར་གྲུབ་པར་བྱ་ཞེས་པ་ནི། ལག་ཏུ་ཡུངས་ཀར་བླངས་ལ་ཉི་མས་བླ་ནའི་རྟིང་ལ་ཆེ་གེ་མོ་མ་ར་ཡ་རྦད་ཅེས་བཟླས་ཤིང། །གྲུ་གསུམ་དུ་ཡུངས་ཀར་བྲབ་པོ། །སེང་ལྡེང་གི་པུར་པས་དྲིལ་ཞིང། ཉི་མ་ས་བླ་ནའི་རྟིང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཆེ་གེ་མོ་མཱ་ར་ཡཱ་སརྦ་བིགྷཾ་ན་པཾ་ཧཱུཾ་ཕཊ ་ཅེས་ཕུར་པས་གདབ་བོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལ། །དེ་ནས་ཐལ་མོ་གདབ་ཅིང་ནད་དང་གདོན་བགེགས་ཐམས་ཅད་བརླག་པར་བསམ་མོ་ཞེས་པ་ནི། ཐལ་མོ་བརྡབ་ཅིང་གདོན་བགེགས་སྟོང་ཕྲག་བརྒྱད་ཅུ། སྐུ་ལ་བོད་པའི་དགྲ་ཐམས་ཅད་དང། རྣམ་པར་ཤེས ་པ་དབང་དུ་བསྡུས་ཤིང་ལུས་རྡུལ་ཕྲན་དུ་རློག་ཅིག་ཅེས་བརྗོད་དོ། །དེ་ནས་ལས་ཀྱི་མཛའ་བཏུལ་བར་བྱ་བའི་ཕྱིར། སྲེག་མནན་བསྐྱལ་བ་ཉམས་དང་སྦྱར་ཞེས་འབྱུང་སྟེ། ཐབ་ཁུང་རྙིང་བའམ་སླ་ངར་གདུག་པ་ཅན་གྱི་ཤིང་ལ་མེ་བཏང་ལ། སྦྱིན་སྲེག་བྱ་བ་དང། མནན་པ ་བསྐྱལ་པ་ཀུན་མན་ངག་བཞིན་དུ་ཤེས་པར་བྱའོ། །བསྙེན་པའི་རིམ་པ་བསྟན་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བསྟོད་པ་ནི། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །རིག་སྔགས་གསང་སྔགས་ཀུན་གྱི་བདག་པོ་སྟེ། །ལོག ་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་མཛའ་ཡས་ནི། །སྐུ་མདོག་ལྗང་ཁུ་སྣ་ཚོགས་མདོག་།ཕྱག་གཉིས་ཐལ་སྦྱར་རིན་ཆེན་འཛིན། །སྦྲུལ་མགོ་དགུ་ཡིས་བཙུན་མོ་ཡི། །མགུལ ་ནས་འཁྱུད་པའི་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདུད་རྩི་ཟིལ་དངར་སྨན་གྱི་མཆོད། །ཀླུ་ཡི་གདུག་རྩུ་བཞི་གྱུར་ཅིག་།ོཾ་ནཱ་ག་བཛྲ་པུཥཔེ་ཧཱུཾ། ཨོཾ་ནཱ་ག་བཛྲ་དྷུ་པེ་ཧཱུཾ། ཨོཾ་ནཱ་ག་བཛྲ་ཨཱ་ལོ་ཀེ་ཧྲི(རྒྱུད་འགྲེལ་བི་ཏྱ་ཧཱུཾ། ཨོཾ་ནཱ་ག་བཛྲ་བོ་དྷ་ཀ་རེ་ཧཱུཾ། བསྟོད་པ་དང་མཆོད་པའི་རིམ་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །སེར་བ་དབབ་པར་འདོད་ན། མཎྜལ་གྲུ་བཞི་པ་ཞིག་བྱས་ལ། དེའི་སྟེང་དུ་ལྔ་ལྡན་མཛའ་ཡས་སྤྲུལ་སྐུ་རྒྱུ་པའི་གཟུགས་དང། བཟེད ་ཞལ་དང། མཆོད་པ་རྣམ་པ་ལྔ་དང་དུག་རྫས་སྣ་ཚོགས་དང། ཡུངས་ཀར་ལ་སོགས་པའི་རྫས་དང། དྲི་མི་ཞིམ་པ་སྣ་ཚོགས་བསག་གོ་།རབས་ཆད་ཀྱི་ཐོད་པ་མཚན་ཕན་ཅིག་གི་ནང་དུ། ཚིལ་དང་ཁྱི་ནག་དང། ཕུར་བུ་ནག་པོ་དང། རྟ་ནག ་པོ་དང། དེ་རྣམས་ཀྱི་ཁྲ་བོ་བླུག་གོ་།ཐོད་པའི་ཕྱི་རོལ་དུ་ཡང་བསྐུ། ཚིལ་ཆེན་དང། ཁྲག་ཕྱེད་ཕྱེད་དང་ཆུང་ངུ་ཡང་བླུགས་ལ། ?་ཐུན་གྱི་རྫས་སུ་བཞག་གོ་།ཐོད་པའི་ནང་དུ་སེར་བ་བྱུང་བའི་ཆུ་ཡང་བླུགས་སོ། །ཐོད་པ་དེ་ལུགས་ས་མོའི་དོར་རྟས་དྲིལ་ལ་མཎྜལ ་??་ཤར་དུ་གྲུ་གསུམ་གྱི་སྟེང་དུ་བཞག་གོ་།འགྲམ་དུ་སེང་ལྡེང་གི་ཕུར་པ་གཅིག་ཀྱང་གཞུག་གོ་།དེ་ནས་ཕྱག་ན་རྡོ་རྗེ་བསྐྱེད་ལ་མཆོད་པ་དང། བསྟོད་པ་དང། སྔགས་བཟླས་པ་ཀུན་བསྙེན་པ་ལྟར་བྱའོ། །དེ་ནས་ལས་ལ་སྦྱོར་ཀ་ནི། མཆོད་བསྟོད་གོང ་བཞིན་བྱ། །སྔགས་འདི་བདུན་འབུམ་བཟླས་ཤིང། ཐོད་པ་དོང་ཆུང་ངུ་སེར་རྟའི་ནང་དུ་ཡུངས་ཀར་ལ་སོགས་པའི་ཐུན་བརྡེག་གོ་།ཉི་མས་བླ་ན་མཚེར་བ་ཕོབ། ཀླད་པ་ནན་སེར་བ་ཕོབ། ཀུན་ཞི་སེར་བ་ཕོབ། ཙིཏྟ་ཀུ་ལི་ན་ཎ་སེར་བ་ཕོབ། ཙི་ཏྲ་མུ་ཏྲ་སེར་བ་ཕོབ ་བཟློག་བྱེར་སེར་བ་ཕོབ། ནཱ་ག་ཧྲི་ལ་ཧྲི་ལ་སེར་བ་ཕོབ། ནཱ་ག་ཕྲོ་སེར་བ་ཕོབ། ནཱ་ག་ཕོབ་སེར་བ་ཕོབ་ཅེས་བཟླས་སོ། །སྔགས་དེ་རྣམས་ཡི་གེར་བྲིས་པ་ཐོད་པར་གཞུག་གོ་།དེ་ནས་སྐབས་སྐབས་སུ་གཏོར་མ་གཏང་ངོ། །དེ་ནས་ཐོད་པ་ཁྱེར་ལ་ཡུལ་གྱི་ཆུ་མིག་གམ། ལྷ་ཐོའི་རྩར ་སོར་ལ་གསེར་སྐྱེམས་བཏང། ལྷ་འདྲེ་ལ་སྨོད་བཙུགས་ལ་ཐོད་པ་བཞག་གོ་།འགྲམ་དུ་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ་གཟུགས་སོ། །དེ་ནས་དོང་ཆུང་གི་ཁྲག་དུམ་ཀ་ཡང་གཏོར་རོ། །དེ་ནས་དོད་ཆུང་གི་ཁྲག་ལ་ཁྲག་དུམ་ཀ་ཡང་བསྣན་ལ། གོང ་བཞིན་ཟོར་བསྒྲུབ་ཞག་ལྔ་འམ་དྲུག་ཏུ་བྱའོ། །དེ་ནས་རྟག་ཏུ་སྔས་སུ་བཅུག་ལ་ཐུན་བརྡེག་གོ་།དེ་ནས་དགྲའི་ཡུལ་དུ་ཕྱིན་ལ། །ཞིང་ཐོག་དང་སེར་རྟའི་ཐོག་ཏུ་ཟོར་འཕང་ངོ། །ཐུན་བརྡེག་གོ་།ཡུལ་འདིར་སྤགས་བཟླས་ཤིང་སེར་བ་ཕོབ་བའོ། །སེར་བ ་?་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །སེར་བ་བསྲུང་བར་འདོད་ན་མཎྜལ་མཆོད་པ་གོང་བཞིན་དུ་བྱས་ནས། ཐལ་ཆེན་དང། སྐེ་ཚེ་དང། ཕུར་པ་རྣམས་གདགས་ལ། ལག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ། ཉི་མ ་ས་བླའི་རྟིང་ལ་བཛྲ་?་པེ་ཤ་ཡ་?། །ས་འདི་བསྲུངས་ཤིག་བྱེར་ཡ་ཞེས་འབུམ་ཙམ་བཟླས་སོ། །སྐབས་སུ་གཏོར་མ་གཏང་ངོ། །ཐལ་ཆེན་དང་སྐེ་ཚེ་རས་ཀྱི་ཁུད་དུ་ཕུར་ལ་ཕུར་པའི་སྐེལ་གདགས་སོ། །ཕུར་བ་ཁྱེད་ལ་ཡུལ་ཕྱོགས་བཞི་མཚམས་བརྒྱད་དུ་ལྷ ་མགྲིན་སྟེ?་?་ལ་ཕུར་པ་བཏབ་པར་དམིགས་ལ?་གཟུགས་སོ། །དེ་ནས་སེར་??་ན། སེར་བ་འོང་བའི་ཕྱོགས་སུ་ཐལ་ཆེན་དང་སྐེ་ཚེ་འཕར་ཞིང་བསྔགས་བཟླས་གཡས་གཡོན་དུ་མཛུབ་རིས་བྱས་ལ་བསྲུང་ངོ། །དེས་?་མ་ཐུབ་ན། རང་གི་ལག ་པ་གཡས་གཡོན་དུ། བསྲུང་བའི་ཞིང་ཡུལ་བསམས་ལ། ཐལ་མོ་ཁ་?་སྟེ། སེར་པོ་ཕ་རི་ལ་མཚངས་པར་བསམ་མོ། །སྔགས་འདི་ཉི་མས་བླ་ནའི་ཏིང་ལ། བཛྲ་པྲ་བེ་ཤ་ཡ་ཕཊ། ས་འདི་བསྲུངས་ཤིག་ཕྱིར་ཡ་བྱའོ། །དེས་སེར་བ་ཐུབ་པར་འགྱུར་རོ།། ་སེར་བ་བསྲུང་བའི་རིམ་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཆར་དབབ་པར་འདོད་ན། ཀླུའི་རྟེན་ས་ཆུ་མིག་གི་སྒབ་ནི་དམའ་བར་སྒྲ་ཕུབས་ལ་མཎྜལ་བྱ། ཕྱག་ན་རྡོ་རྗེ་དང་ལྔ་ལྡན་སྦྲུལ་དགུ་པ་མཆོད་པ་དང། བསྟོད་པ་བྱས་ལ་གཟུགས ་གདོད། །ཀླུ་མཆོད་བྱའོ། །ཆུ་གཏོར་བཏང། དེ་ནས་མདུན་དུ་གྲུ་གསུམ་བྲུས་ལ། བག་ཕྱེ་ལ་ཀླུའི་གཟུགས་བྱས་ལ་གཞུག་གོ་།དེ་ནས་བདག་ཉིད་ཕྱག་ན་རྡོ་རྗེའི་ང་རྒྱལ་བྱས་ལ། སེང་ལྡེང་གི་ཕུར་པ་ཐོགས་པ། ཉི་མ་ས་བླ་ནའི་རྟིང་ལ། ནཱ་ག་ཧྲིལ་ཧྲིལ། ་ནཱ་ག་ཕྲོམ་ཕྲོམ། ནཱ་ག་ཕོབ། ཆར་པ་ཕོབ་ཅེས་མང་དུ་བཟླས་སོ། །ཀླུའི་སྤྱི་བོར་ཕུར་པ་བཏབ་ལ་ཆར་པ་ཕོབ་ཅེས་བྱའོ། །དེ་ནས་གཏོར་མ་བཏང། དེ་ནས་དོད་སས་བཀབ་ལ་ཕོབ་ཅེས་བྱའོ། །དུས་དུས་བསླད་ཞེས་བྱ་བ་ནི་། ཞག་རེ་ལོན་ཞིང་ཆུ་མིག་ལ་ཡར ་མར་སྦྲ་ཕུབ་ལ་མཎྜལ་དང། དེ་ལྟར་ནུབ་རེ་རེ་ཞིང་རེ་རེ་བྱའོ། །ཞག་བདུན་པ་ལ་ཆུ་མིག་གིས་ཐོག་ཏུ་སྦྲུ་ཕུབ་ལ་མཎྜལ་དང་མཆོད་བསྟད་ལ་སོགས་པ་གོང་བཞིན་དུ་བྱས་ལ། ཀླུའི་གཟུགས་ལ་སྔགས་བཟླས་ལ་ཕུར་པ་གདབ་བོ། ཞག ་མདུན་དུ་བྱའོ། །ཆར་དབབ་པའི་རིམ་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀླུ་བཟློག་པར་འདོད་ན། མཎྜལ་བྱ་བ་དང། བསྐྱེད་པ་དང། མཆོད་པ་དང། བསྟོད་པ་ཀུན་གོང་བཞིན་དུ་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ་། ་??་ནང་དུ་བག་ཕྱེ་ལ་ཀླུའི་གཟུགས་བྱས་ལ་གཞུག་གོ་།རྫས་ནི་ཚིལ་ཆེན་དང། གླ་རྩི་དང། ཆོན་སྐུད་སྣ་ལྔ་ལས་སྔགས་མདུང་བྱས་པ་དང། སེང་ལྡེང་གི་ཕུར་པ་དང། དེ་རྣམས་ལྷར་བསྐྱེད་པ་དང། མཆོད་བསྟོད་བྱས་ལ། སྔགས་འདི་བཟླས་སོ། ་??་བླ་ན་ཀླད་པ་ནཾ། ཀུ་ན་ཞི་ཙིཏྟ་ཀུ་ལི་ནཾ། ཙི་ཏྲ་མུ་ཏྲ་བཟློག་བྱེད། ནཱ་ག་ཤིག་ནཱ་ག་བྱེར། ནཱ་ག་ན། ནཱ་ག་གོ་ནཾ། ནཱ་ག་ཧཱ་ན་ཧ་ན། ན་ག་ཧ་ན་ཧ་ན་མཱ་ར་ཡ་རྦད་ནཾ། ཞེས་གྲངས་མང་དུ་བཟླས་ལ། ཚིལ་ཆེན་ན་སར་བསྐུ། གླ་རྩི་ལུས་ཀུན་ཏུ་? ་སྔགས་མདུད་ལུས་ལ་གདགས། མདུན་དུ་དོང་གྲུ་གསུམ་བྲུས་ལ། བག་ཕྱེ་ལ་གླུའི་གཟུགས་བྱས་ཏེ་བཅུག་ལ། དེ་ལ་བདག་ལ་གནོད་པའི་ཀླུ་དགུག་གཞུག་བྱ། བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད་ལ་ཕུར་པ་དྲིལ་ཞིང་སྔགས་བཟླས་ལ། སེང་ལྡེང་གི ་ཕུར་པ་ཀླུ་ལ་གདབ་པོ། །དེ་ནས་ཀླུའི་གཟུགས་དེའི་ཐོད་པར་བཅུག་ལ། ལྷ་ཁང་གི་ཐེམ་པའི་འོག་ཏུ་མནན་ནོ། །དུས་ཐམས་ཅད་དུ་ལྷའི་ང་རྒྱལ་དུ་བྱས་ལ་བཟླས་པ་བྱའོ། །བསྲུང་བའི་ཆོ་ག་བླ་ན་མེད་པ་འདིས་ཅི་འདྲ་བ་ཡང་ཐུབ་བོ། །ཀླུ་བཟློག ་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ས་བདག་གནོད་པ་བཟློག་པར་འདོད་ན་བསྙེན་པ་གོང་བཞིན་ལས། མཎྜལ་དང་མཆོད་བ་ཀུན་བྱས་ལ། མདུན་དུ་དོང་གླུ་གསུམ་བྲུས་ལ། ནང་དུ་བག་ཕྱེ་ལས་བདག་གི ་གཟུགས་བྱས་ལ། ཚོན་སྐུད་ཀྱིས་སྐྱེ་ནས་བཏགས་ལ་གཞུག་།རྫས་ལ་ཚིལ་ཆེན་དང། ཚོན་སྐུད་སྣ་ལྔ་ལས་སྔགས་མདུང་བྱས་ལ། གླ་རྩི་དང། སེང་ལྡེང་གི་ཕུར་པ་ལ་སྔགས་འདི་བདུན་འབུམ་བཟླས། སྐབས་སུ་གཏོར་མ་བཏང། ཉི་མ་ས་བླ་ནའི ་རྟིང་ལ། ས་དོམ་ནག་པོ་སོད། ས་དོམ་ནག་པོ་ནན། ས་དོམ་ནག་པོ་ནན། ཞེས་བཟླས་ལ། ཚིལ་ཆེན་ན་སར་བསྐུ། སྔགས་མདུང་ལུས་ལ་གདགས་ལ། གླ་རྩིས་ལུས་ཀུན་བཀྲུ་།སེང་ལྡེང་གི་ཕུར་པ་ལ་སྔགས་འདི་བདུན་འབུམ་བཟླས་ལ། ་ས་བདག་སྙིང་ཁར་གདབ། ས་བདག་ཐོད་པར་བཅུག་ལ་མཆོད་རྟེན་འོག་ཏུ་མནན། དུས་ཐམས་ཅད་དུ་གོང་བཞིན་དུ་བྱའོ། །ས་བདག་བཟློག་པའི་རིམ་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བདུད་དང་མ་མོ་དང། བཙན་དང ་འབྱུང་པོ་ཕལ་པ་གནོད་པ་བཟློག་པར་འདོད་ན། སྔོན་དུ་བསྙེན་པ་བྱས་ལ། ཡང་མཎྜལ་དང། ལྷ་བསྐྱེད་པ་དང། མཆོད་པ་དང། བསྟོད་པ་ཀུན་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ། དར་ཟན་ལ་འབྱུང་པོའི་གཟུགས་བྱས་ལ། ཚོན ་སྐུད་ཀྱིས་སྐེ་ནས་བཏགས་ལ་ནང་དུ་གཞུག་གོ་།གནོད་པའི་འབྱུང་པོ་དེ་ལ་དགུག་གཞུག་བྱས་ལ། བདག་ཉིད་ལྷའི་ང་རྒྱལ་དུ་གནས་ཏེ། ཕུར་པ་དང་ཡུངས་ཀར་ལ་སྔགས་འདི་བཟླས་ལ། འབྱུང་པོ་ལ་ཡུངས་ཀར་གྱི་ཐུན་བརྡེག་།ཉི་མ་ས་བླ་ནའི ་རྟིང་ལ་ཕྱུ་ག་ཙི་ཕཊ། ཙི་ག་ཕྱུ་ཕཊ། ལྕེ་བ་ཏི་ཕཊ་ཅེས་ནུས་ཚད་བཟླས་ལ། འབྱུང་པོའི་གཟུགས་ཐོད་པར་བཅུག་ལ། མཆོད་རྟེན་གྱི་འོག་ཏུ་མནན་ནོ། །སྐྲད་འབུར་བྱུང་བ་ལ་ཡང་གདབ་པོ། །བདུད་དང་མ་མོ་དང་བཙན་དང། འབྱུང་པོ་ཐམས ་ཅད་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་ཏུ་བསྲུང་བ་འདི་ཁྱད་པར་དུ་རྒྱལ་ཕོ་ལ་བྱ། བསྙེན་པ་གོང་དུ་བྱས་ལ། མཎྜལ་དང། ལྷ་བསྐྱེད་པ་དང། མཆོད་བསྟོད་བྱས་ལ། མདུན་དུ་དོད་གྲུ ་གསུམ་དུ་ངར་ཟན་ལ་རྒྱལ་པོའི་གཟུགས་བྱས་ལ་བཅུག་ལ་ཆོན་སྐུད་ཀྱི་སྐེ་ནས་གདགས་སོ། །དེ་ནས་ཕུར་པ་དང། ཉུངས་ཀར་དང། ཉུངས་ནག་དང། སྐེ་ཚེ་དང། ཐལ་ཆེན་ལ་སྔགས་འདི་བཟླས་པ་མང་དུ་བྱའོ། །སྒྲ་སྤྱི་བོར ་བཅིངས་ལ། ཉི་མ་ས་བླ་ནའི་རྟིང་ལ། ཨེ་པ་ཀ་ཙེ། དི་ནཱ་ག་བར་མ་པ་ལ་སེ་ཏཱ་ཡེ་ཞེས་བཟླས་ལ། གཟུགས་ལ་ཡུངས་ཀར་ལ་སོགས་པའི་ཐུན་བརྡེག་གོ། སྙིང་གར་ཕུར་པ་བཏབ་པ་ཐོད་པར་བཅུག་ལ། ལྕེ་ཏའི་འོག་ཏུ་མནན་ནོ། །རྒྱལ ་པོ་བཟློག་པའི་རིམ་པའོ།། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་ཏུ་སྲུང་བར་བྱེད་ན། བཅའ་གཞི་གོང་དང་འདྲ། སྐྲ་སྤྱི་བོར་བཅིངས་ལ། སྔགས་འདི་བཟླས། ཉི་མས་བླ་ནའི་རྟིང་ལ། ཨེ་པ་ཀ་ར་ཙེ། དི་ནཱ་ག་བར ་མ། པ་ལ་ས་ཏཱ་ཡེ། ཤིག་བྱེར་ནན། གོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། ཞེས་མང་དུ་བཟླས་ལ། ཐུན་དང་མནན་པ་ཀུན་གོང་བཞིན་བྱའོ། །ཐམས་ཅད་བསྲུང་བའི་རིམ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འགོང་པོ་གནོད ་ན་འདི་ལྟར་བྱ་སྟེ། སྔོན་དུ་བསྙེན་པ་བྱས་ལ། མདུན་དུ་དོད་གྲུ་གསུམ་བྲུས་ལ། དོང་གི་ནང་དུ་ངར་ཟན་ལྔ་བཅུག་ལ་ཚོན་སྐུད་ཀྱིས་སྐྱེད་ནས་བཏགས་ལ་བཞག་གོ་།གང་གནོད་པའི་འགོད་པོ་བྲིས་ལ་ལུས་ལ་གཞུག་།དེ་ནས་མཎྜལ་བྱས་ལ། ལྷ ་བསྐྱེད་དང་མཆོད་བསྟོད་བྱས་ལ་སྔགས་བཟླས་སོ། །ཉི་མ་ས་བླ་ནའི་རྟིང་ལ། འགོ་སྟེ་ས་སྟེ་ནན་ཞེས་མང་དུ་བཟླས་ལ་ཐུན་བརྡེག་གོ་།ཕུར་པ་བཏབ་ལ་ཐོད་པར་གཞུག་།རབ་གནས་བྱས་པའི་མཆོད་རྟེན་འོག་ཏུ་མནན་ན། ཕྱག་ན་རྡོ་རྗེའི་ང ་རྒྱལ་དང་སྟང་སྟབས་ཀྱིས་མཚམས་བཅད་དོ། །འགོང་པོ་ཐམས་ཅད་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་ཏུ་བསྲུང་བ་ཞེས་བྱ་བ། སྔགས་པ་གཞན་གྱི་རྦོད་སྟོད་བསྲུང་བར་འདོད ་ན། སྔོན་དུ་བསྙེན་པ་བྱས་ལ། དེ་ནས་མཎྜལ་བྱ་བ་དང། བཟེད་ཞལ་དང། མཆོད་པ་བཤམ་པ་དང། མཎྜལ་གྱི་སྟེང་དུ་མཆོད་རྟེན་ནག་པོ་ཁང་སྟོང་བརྩིགས་པའི་ནང་དུ་ཁོའི་གཟུགས་བག་ཟན་ལ་བྱས་ལ། མིང་རུས་བཅུག་ལ་བཞག་གོ་།བུམ་པའི་ནང ་དུ་ཕྱག་ན་རྡོ་རྗེ་བག་ཟན་ལ་བྱས་ལ་གཞུག་གོ་།རྡོ་རྗེ་དེའི་ལུས་འགེམས་པར་བསམ་མོ། །མཆོད་རྟེན་གྱི་ནང་དུ་དོང་གྲུ་གསུམ་བྲུས་ལ། དེའི་ནང་དུ་ཡང་ཁོ་ཡི་གཟུགས་དང། མིང་རུས་བཅུག་ལ། སྤྲུལ་དང། སྦལ་པ་གཉིས་ཀྱི་ལྟོ་བར་བཅུག་ལ། ཀླུ་ལྔ ་ལྡན་སྤྲུལ་དགུ་པས་ཟ་བར་བསམ་མོ། །དེ་ཐོད་པར་བཅུག་ལ་གྲུ་གསུམ་དུ་གཞུག་།ལན་གཅིག་གཞུང་བཞིན་དུ་མནན་པར་བྱའོ། །བདག་རང་ཕྱག་ན་རྡོ་རྗེར་བསམས་ལ། ཕུར་པ་འདྲིལ་ཞིང་སྔགས་བཟླས་པས། ཁོའི་བསྲུང་མ་བདག་གི་བཀའ་ཉན་ཅིང ་ལས་བྱེད་པར་བསམ་མོ། །བདག་གིས་རྦད་པས་ཁོ་རང་གི་སྲོག་གཅོད་པར་བསམ་མོ། །དེ་ནས་ཐུན་རྫས་དང་ཕུར་པ་རྣམས་བསགས་ལ། ལྷ་བསྐྱེད་པ་དང། མཆོད་བསྟོད་དང། སྔགས་འདི་ཉི་མ་ས་བླ་ནའི་རྟིང་ལ། བར་མ་མཧཱ་ཨཱ(རྒྱུད་འགྲེལ་ཞེས་འགྲུབ་ཚང་བཟླས། སྐོར་བ་ཕྱིན་ཅི་ལོག་ཏུ་བྱ། ཐུན་པ་རྡེག་།མནན་ཟོར་གྱི་མཛའ་བཏུལ་ལོ། །སྤོང་སྟོང་ཐམས་ཅད་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །མདུན་དུ་འབྲུབ་ཁུང་གྲུ་གསུམ་དུ། ་དགྲ་དང་བགེགས་ཀྱི་ལིངྒ་གཞུག་།དགྲ་ཡི་ལིངྒ་རྐང་རྗེས་དང། །དྲི་མ་ཕྱིས་གཅིན་ལ་བྱའོ། །རབས་ཆད་ཐོད་པར་བཅུག་ནས་ནི། །ཐོད་པ་ཡུགས་སའི་ཞྭ་མོས་དྲིལ། །དེ་ཡང་རེ་བའི་སྟེན་དུ་བཞག་།འགྲམ་དུ་དུག་རྫས་སྣ་ཚོགས་དང། །དྲག ་པོའི་རྫས་རྣམས་བཞག་ནས་ནི། །སྐབས་སུ་དུག་ཐུན་རྫས་ཐུན་བརྡེག་།དེ་ཡི་འགྲམ་དུ་མཎྜལ་ཏེ། །བཟེད་ཞལ་མཆོད་པ་རྣམ་ལྔ་བཤམ། །བདག་ཉིད་ཕྱག་ན་རྡོ་རྗེ་དང། །ལྔ་ལྡན་བསྐྱེད་ཅིང་སྤྱན་དྲངས་དང། །མཆོད་དང་བསྟོད་དང ་གསོལ་པ་གདབ། །དེ་ནས་སྔགས་ཀྱི་བཟླས་བརྗོད་ནི། །ཉི་མ་ས་བླ་ན། ཀླང་པ་ནཾ། ཀུན་ཉི་ཙིཏྟ་ཀུ་ལི་ནཎ། ཙི་ཏྲ་མུ་ཏྲ་བཟློག་བྱེད། ཐུམ་རིལ་རྦད་ཆེ་གེ་མོ་མཱ་ར་ཡ་ཛ(རྒྱུད་འགྲེལ་སྐབས་སྐབས་སུ་ཨག་ཚེ་བ་ན་མར་ཐུན་བརྡེག་གོ་།དེ་ལྟར་བྱས་ནས་ཐོད་པ་ཁྱེར་ལ། ལམ་རྒྱ་གྲམ་སམ། མཆོད་རྟེན་དང། དུར་ཁྲོད་དམ། གོང་གསུམ་མམ། ཆུ་མིག་གམ། ལ་བཙས་སམ། ཆུ་གླིང་ལ་མནན་པ་གཞན་བཞིན་དུ་བྱའོ། ་དགྲ་དང་བགེགས་ཀྱི་ལིངྒ་བཅའ་བའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དགྲ་བསད་པའི་རིམ་པ་ནི། དང་པོ་རྣལ་འབྱོར་པའི་མདུན་དུ་མཛུབ་གང་པའི་འབྲུབ་ཁུང་གྲུ་གསུམ་བྲུས་ཏེ། དུར་ཁྲོད་ཀྱི་སོལ་བས ་ནག་པོར་བྱུག་གོ་།དེའི་ནང་དུ་དགྲ་བོའི་རྐང་རྗེས་ཀྱི་ས་དང། བག་ཕྱེ་ལ་ལིངྒ་བྱས་ལ། མིང་བྱང་བཞུག་ལ་གྲུ་གསུམ་དུ་གཅུག་།དེའི་ཁར་གཡམ་པ་སྔོན་པོ་ཅིག་ལ། ཡུར་བ་སེར་པོས་རི་རབ་དང། རྡོ་རྗེ་རྒྱ་གྲམ་གྱི་གཟུགས་བྲིས་ལ། ཁ་བཅད་ལ ་བཞག་གོ་།འགྲམ་དུ་བཟེད་ཞལ་དང་མཆོད་པ་རྣམ་ལྔ་བཤམས་ལ། བདག་ཉིད་ཕྱག་ན་རྡོ་རྗེ་དང། མདུན་དུ་ལྔ་དན་སྐྱེད་ཅིང་སྤྱན་དྲངས། མཆོད་པ་དང། བསྟོད་པ་དང། གསོལ་བ་གདབ། གུ་གུལ་དག་གིས་ལྷ་དང་དབྲལ། །ཐུན་གྱི་རྫས ་རྣམས་བསགས་ནས་ནི། །དྲག་པོའི་སྔགས་ནི་བཟླས་བརྗོད་བྱའོ། །ཉི་མ་ས་བླ་ན། ཀླུང་པ་ནན་ཀུན་ཞི། ཙིཏྟ་ཀུ་ལི་ནཎ། ཙི་ཏྲ་མུ་ཏྲ་བཟློག་བྱེད། ཐུམ་རིལ་རྦད་ཆེ་གེ་མོ་མཱ་ར་ཡ་ཛ(རྒྱུད་འགྲེལ་མགོ་དང་ལིངྒ་སར་པ་གཉིས། །རབས་ཆད་ཐོད་པའི་ནང་དུ་གཞུག་།མནན་པ་སྒྲུབ་པ་ཚུལ་བཞིན་བྱ། །ལྷ་འདྲེ་གནས་པའི་ས་རུ་གཞུག་།ལིངྒའི་ལུས་དང་གསར་པ་གཉིས་རལ་གྲིས་གཏུབས་ལ་དྲག་པོའི་རྫས་དང། གདུག་པ་ཅན་གྱི་ཤིང་ལ་སྦྱིན ་སྲེག་ཚུལ་བཞིན་དུ་བྱའོ། །དགྲ་ལ་བྱ་བའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་བྱེད་ན་སླ་ང་འམ་ཐང་ཁུང་སྙིང་པ་རུ། །བརྒྱ་འམ་ཡང་ན་ལྔ་བཞི་གཅིག་།བསྐྱར་ཞིང་ལས་ལ་བསྐྱར་བར་བྱ། །གདུག་བའི ་རྫས་ནི་སྣ་ཚོགས་དང། །མར་ནག་ཚིལ་ཆེན་སྐེ་ཚེ་དང། །ཏིལ་དང་མིང་བྱང་སྤེལ་ཏེ་བསྲེག་།མེ་ལྷ་བསྐྱེད་ལ་སྦྱིན་སྲེག་དབུལ། །སྔགས་ནི་ཉི་མ་ས་བླ་ནའི་རྟིང་ལ་ཆེ་གེ་མོ་རཀྵ་ཤཱནྟི་ཀུ་རུ། མཱ་ར་ཡ་རྦད་ཅེས་པས། དུག་སྣ་ཚོགས་དང། དྲི་མི ་ཞིམ་པ་སྣ་ཚོགས་དང། དྲག་པོའི་རྫས་སྣ་ཚོགས་དང། མར་ནག་ལ་སོགས་སྦྱིན་སྲེག་བྱའོ། །ཏིང་ངེ་འཛིན་དགྲ་བགེགས་གང་ཡིན་པར་མོས་པར་བྱས་ལ། རྫས་རེ་དང་སྔགས་རེ་བསྟུན་ཞིང་སྦྱིན་སྲེག་བྱའོ་ཕྱག་ན་རྡོ་རྗེ་དང། ལྔ་ལྡན་བསྐྱེད་པ་དང ་སྤྱན་དྲང་བ་དང། མཆོད་པ་དང། བསྟོད་པ་བྱས་ལ། དེ་ནས་མེ་ལྷ་བསྐྱེད་ལ་སྦྱིན་སྲེག་བྱའོ། །དྲག་པོ་དང་ཞི་བའི་སྦྱིན་སྲེག་གི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གྲུ་གསུམ་ཉིས་འགྱུར་བྲིས་ལ་ནང་ཐལ ་བ་འཇམ་པོས་བྱུག་།ཁ་ཚངས་དམར་གྱིས་བསྐོར། ཉི་མ་ས་བླ་ན་ལ་སོགས་པ་ལ་འདི་གདགས་སོ། །ཤིག་བྱེར་ནན། མགོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། སྦལ་པ་འམ། སྦྲུལ་ལྟ་བུའི་རྗེས་བྱུང་ན། འགོད་པོ་ཡིན། ཨུཾ་པའི་བཤགས ་པ་འདྲ་བ་བྱུང་ན་རྒྱལ་པོ་ཡིན། ཤིང་ལོ་ལྟ་བུའི་རྗེས་སམ་རལ་པ་སྙིགས་པ་ལྟ་བུའི་རྗེས་བྱུང་ན་བདུད་ཡིན། མདའ་མང་པོ་བཞག་པ་འདྲ་པའི་རྗེས་བྱུང་ན། བཙན་ཡིན། ཕུག་རོན་གྱི་བྱ་བྲབ་རྗེས་འདྲ་བ་འམ། ལྕགས་ཐལ་སྦྲེལ་བའི་རྗེས་བྱུང་ན་མ ་མོ་ཡིན། དེ་རྣམས་གང་བྱུང་བ་དང་ལས་ལ་སྦྱར་རོ། །རྡོ་རྗེ་ལྕེ་དབབ་ཀྱི་འདྲེལ་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བའི་རིམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པའོ། །སླད་ཀྱི་པཎྜི་ཏ་ཛཱ་ཡཱ་ཨཱ་ཀ་ར་དང། ་ལོཙྪ་བ་མར་པས་བསྒྱུར་ཅིང་གཏན་ལ་ཕབ་ནས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བྷ་ག་ཨཱན་ནཱི་ལཱཾ་བ་ར་དྷ་ར་བཛྲི་ཧཾ། བཛྲ་པཱ་ཎི་སཱ་དྷ་ར་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་གསང་བའི་ཡང་བཀོལ་གྱི ་