CLOSE WINDOW

N1822: las kyi rim pa mu tig phreng ba zhes bya ba
Wyliee-texts based on the ACIP/ALL Input

སྤྱད་དུ་མེད། །མ་མཐོང་འདོགས་ན་སྐལ་རྣམས་མེད་པར་ཐལ། །སློབ་དཔོན་བྷ་བས་མཛད་པའི་མཎྜལ་གྱི་སྦྱོར་ཀ་རྫོགས་སོ།། །།!། །རྒྱ་གར་སྐད་དུ། ཀརྨ་ཀྲ་མ་ནཱ་མ་མུ་མུ་ཏི། ཨཱ་བ་ལི། བོད་སྐད་དུ། ལས་ཀྱི་རིམ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ། འཇམ ་དཔལ་དབྱངས་དང་རྡོ་རྗེ་བསྣམས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་མཐུ་ལྡན་ལས། །ཉོན་མོངས་གདུང་བཞི་བྱེད་པ། །ཞབས་ཀྱིས་པདམོ་ལ་བཏུད་ནས། །དད་བས་ཤིན་ཏུ་གུས་ཕྱག་འཚལ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ་ལས་ཀྱི་རྡོ་རྗེ་ཕྲེང་བ་འདི། །རྒྱུད་རྣམས་མ་ལུས་སྣ་ཚོགས་ནས། །མན་ངག་དགོས་པ་བཏུད་དེ་བཤད། །རྒྱལ་བས་སྔོན་གྱི་དུས་དག་ཏུ། །ཞལ་ནས་གསུངས་པ་ཙམ་གྱིས་ནི། །སེམས་ཅན་དོན་གྲུབ་གླེགས་བམ་མེད། །དེ་ལྟར་རྩོད་པའི་དུས་སུ་ནི། །བོ་ཏི ་དག་ལས་བརྟེན་གྱུར་པས། །བླ་མས་གནང་བའི་པོ་ཏ་ལ། །དགའ་བ་ཆེན་པོ་བསྐྱེད་པར་བྱ། །དེ་ནས་མ་ག་གང་ཟག་ལ། །སྟོན་པ་ཐུགས་རྗེ་ཆེ་ལྡན་པས། །སྡུད་པ་རྡོ་རྗེ་གསང་བདག་ལ། །རྒྱུད་པ་རྣམ་རྒྱས་འདས་པ་འང། །བཀའ་དང་མི་འགལ་མཐུན་པ་རུ། །བཀའ་ཡི ་དོན་ཉིད་དཔྱིས་ཕྱིན་པར། །མན་ངག་རིམ་པས་བསྟན་པ་ལ། །དཀའ་བ་ཆེན་པོ་བསྐྱེད་པར་གྱིས། །མན་ངག་འདི་ལྟར་སྟོན་པ་ནི། །སློབ་དཔོན་མཁས་པ་ཡང་དག་ལྡན། །དུས་གསུམ་བདེ་གཤེགས་དང་མཚུངས་པ། །ཤིན་ཏུ་དྲིན་ཆེན་གུས་པས་བསྟོད། །སེམས ་ཅན་མུན་ཁར་འཁྱམས་པ་ལ། །མར་མེ་བསྟན་པས་ལམ་རྙེད་བཞིན། །འཁོར་བར་འཁྱམས་པའི་སེམས་ཅན་ལ། །མན་ངག་རིན་ཆེན་འདི་བསྟན་པས། །ཕྱག་རྒྱ་མཆོག་གི་ལམ་རྙེད་འགྱུར། །དེ་བས་ཤིན་ཏུ་དྲིན་ཆེ་བས། །ཡུལ་ཞིང་སྣེ་ཕྲན་བཅས་པ་དང། ། ་རིན་ཆེན་ལ་སོགས་ནོར་རྫས་དང། །བུ་དང་ཆུང་མ་བྲན་འཁོར་བཅས། །སྲོག་ལུས་མན་ཆོད་ཕལ་གྱུར་ཀྱང། །བླ་མའི་སྐུ་དྲིན་ཁོར་མི་འགྱུར། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་མི་བྱེད་ན། །མན་ངག་ཐོབ་ཀྱང་ལྟུང་བར་འགྱུར། །གཞན་ཡང ་རྒྱུད་ནི་སྣ་ཚོགས་ལས། །བསྟན་པ་བསྲུང་བའི་དོན་སླད་དུ། །མཐུ་ཡི་སྦྱོར་བའི་མན་ངག་རྣམས། །དགོས་པ་བསྡུས་ཏེ་བསྟན་པར་བྱ། །དེ་ལྟའི་བླ་མ་རིན་ཆེན་ལ། །གོང་མ་བཞིན་དུ་ཤེས་པར་བྱ། །མན་ངག་བསྟན་པའི་བློ་མ་ལ། །རྣམ་པ་བཞི་རུ་ཤེས ་བྱས་ལ། །ཕྱི་ལྟར་ནང་ལྟར་གསང་བ་ལྟར། །དེ་ཁོ་ན་ཉིད་བཞི་རུ་བསྟན། །ཕྱི་ལྟར་བསྟན་པའི་སློབ་མ་ཡང། །དང་པོར་དཀྱིལ་འཁོར་བཅུ་གནས་ནི། །བུམ་པའི་དབང་བསྐུར་རྫོགས་བྱས་ལ། །མི་ཟད་དབྱིངས་ཀྱི་ཆོས་རྣམས་བཤད། །དེས་སུ་རྫོགས་པའི་རིམ ་པ་ནི། །ཐུན་མོང་དམ་ཚིག་ཉམས་བླངས་ལ། །ཉམས་ནི་བཤགས་ལ་བརྩོན་པར་བྱ། །ཉམས་པ་ཆེན་པོ་བྱུང་བ་ན། །བཤགས་པས་རིམ་པ་བསྐྱར་བར་བྱ། །དེ་ནི་སློབ་དཔོན་ཉིད་ལ་བླང། །གཞན་གྱི་སྐབས་དང་སྦྱོར་ཤེས་བྱ། །ཁྲུས་ལ་སོགས་པའི་རྣལ་འབྱོར་རྣམས། །ཉམས ་སུ་བླངས་ཏེ་སྐྱད་པར་བྱ། །དེ་ཡི་རྣལ་འབྱོར་མོས་པ་ནི། །མ་ཐ་ཐུན་ཚོང་ཆུང་ངུ་གཅིག་།ཉིན་ཞག་འདས་ན་ཉམ་པ་འགྱུར། །དང་པོར་བསྐྱེད་རིམ་བསྒོམ་པ་ནི། །རིམ་གྱིས་སམ་ནི་ཅིག་ཆར་དུ། །བསྐྱེད་པ་བསྟན་པར་གྱུར་པའི་ཚད། །ཐུན་ཚོད་ཆེན་པོ་བསྟན ་པ་དང། །ཁ་དོག་སྤོས་པར་ཤེས་པར་དང། །ལུས་ངག་ཡིད་གསུམ་སྐྱོན་རྣམས་ནི། །རིམ་གྱིས་བྲི་བར་གྱུར་པ་དང། །ཁྱད་པར་ལུས་ཀྱི་སྐྱོན་བྲིའོ། །ལུས་ཀྱི་མདོག་བཟང་ལུས་སྙོམས་དང། །ཡུན་རིང་བཏང་ཡང་མི་ཚོར་ན། །བསྐྱེད་པའི་རིམ་པ་བསྟན་པའི་ཚད། །དེ ་རྫས་གསང་དབང་བསྐུར་ནས་ནི། །ནང་ལྟར་བསྟན་ནས་རིམ་གྱིས་བསྒོམ། །དེ་ལྟར་ཕྱི་ཡི་གང་ཟག་ནི། །དེ་ནས་མར་ལ་འགྲོ་བ་དཀོན། །སྐྱེ་བ་འདི་རྗེས་ཕྱི་མ་རུ། །རྟེན་དང་དབང་པོ་ཁྱད་པར་འགྱུར། །དེ་ནི་རིམ་གྱིས་འབྲས་བུ་ཐོབ། །ནང་ལྟར་བཤད་པའི་སློབ་མ ་ནི། །ཕྱི་ལྟར་ཐུན་མོང་སྔོན་དུ་འགྲོ། །ནང་ལྟར་མན་ངག་ཁྱལ་པར་བསྟན། །དེ་ནས་རླུང་དང་གཏུམ་མོ་དང། །ཡིག་འབྲུ་ཐིག་ལེ་རྣམས་ལ་བསླབ། །དེ་ཡང་གསང་དབང་བསྐུར་ནས་ནི། །རླུང་དང་ཡིག་འབྲུ་བསྒོམ་པར་བྱ། །དེ་ལས་བསྟན་པར་གྱུར་ནས་ནི། །སྣང ་བ་གསུམ་ལ་རིམ་གྱིས་བརླབ། །དེ་ནས་ཚར་ནམ་འཕྲོས་ནས། །གོང་མ་རྣམས་ལ་རིམ་གྱིས་བརླབ། །གསང་བ་ལྟར་ནི་བསྟན་པ་ཡིས། །སློབ་མ་དེ་ལ་གོང་མ་གཉིས། །ཐུན་མོང་དུ་ནི་སྔོན་དུ་འགྲོ། །ཤེས་རབ་ཡེ་ཤེས་དབང་བསྐུར་ནས། །གཉིས་པོ་ལ་ནི་ཞུས ་ནས་སུ། །མན་ངག་སྟོབས་ཞུགས་ཏིང་འཛིན་གྱིས། །བདེ་བ་ཡེ་ཤེས་རིམ་སྐྱེས་ནས། །སྣང་བ་མཆེད་པར་གྱུར་པས་སུ། །ཀུན་རྫོབ་རྒྱུ་མ་ཇི་བཞིན་པ། །ཐུགས་སུ་ཆུད་པའི་སྟོབས་ཀྱིས་ནི། །ལྷན་ཅིག་དགའ་བ་ལ་ཞུགས་པས། །སྤྲོས་མེད་འོད་གསལ་དེ ་བཞིན་ཐོབ། །དེ་ནས་རིམ་གྱིས་མཐར་ཐུགས། །ཐོབ་པར་དེ་ནི་མ་གྱུར་ཀྱང། །ཚེ་དབང་བསྒྲུབ་པས་ཐོབ་པ་འམ། །ཡང་ན་རྫས་དང་མན་ངག་དང། །ཐབས་ཀྱི་སྦྱོར་བ་ལ་སོགས་ཀྱིས། །ཕུང་པོ་བཞུ་བཏུལ་བྱས་ནས། །གསར་འགྱུར་རྩི་བཞིན ་གྱུར་ནས་ཀྱང། །དེ་ནས་རིམ་གྱིས་འགྲོ་བའམ། །ཡང་ན་འཆི་བར་གྱུར་ན་ནི། །བྱང་ཆུབ་སེམས་ཀྱི་མན་ངག་བླང། །དེ་ལྟར་མི་འདོད་མན་ངག་བླང། སྐྱེ་བ་ཕྱི་མ་དག་ཏུ་ནི། མཐར་ཐུག་པ་ནི་ཐོབ་པར་འགྱུར། །དེ་ཡང། ཚེ་དབང་བསྒྲུབ་པའི་མན་ངག་ནི། །ཚེ་དབང ་བསྒྲུབ་པའི་རྣལ་འབྱོར་ནི། །དམ་ཚིག་ལྡན་ཞིང་ཡོན་ཏན་ལྡན། །སྐྱོན་སྤངས་དབང་ཐོབ་མན་ངག་ཐོབ། །རྒྱུད་ཀྱི་དོན་མཁས་ཆ་རྐྱེན་ཚང། །དམ་ཅན་མཁའ་འགྲོ་བརྟེན་པ་ཡིས། །ལུང་བསྟན་ཕྲ་མོ་ཐོབ་ནས་ཀྱང། །ཆེ་སྲོག་ཉམས་པ་འཚོ་བར་བྱེད། །དེ་ཡང ་ཆེ་ཡི་རིང་བཞིན་གནས་དང་ནི། །མིང་ཞེས་བྱ་བའི་རྣམ་གྲངས་ནི། །དེ་ཡི་ཚེ་ཡི་རང་བཞིན་ནི། །འོད་ཟེར་ཁ་དོག་ལྔ་དཀྱིལ་ན། །ཐིག་ལེ་བྱང་ཆུབ་སེམས་ཞེས་བྱ། །དཀར་ལ་འཚེར་ཞིང་སྣུམ་ལ་འགྲིལ། །དེ་ཡང་ཆེ་ཆུང་རབ་འབྲིང་གསུམ། །སྲན་མ་ཡུངས ་འབྲུ་ཤིན་ཏུ་ཕྲ། །མུ་སྟེགས་དག་གིས་དེ་ལ་འཁྲུལ། །རྟག་པ་མི་འགྱུར་གཅིག་པུར་འཛིན། །དེ་ནི་དམ་པའི་དོན་དུ་འདོད། །འཇིག་རྟེན་པ་ཡི་སྐད་དུ་ནི། །བླ་དང་ཚེ་ཞེས་ཀྱང་ནི་ཟེར། །བདག་ཅིག་རྣལ་འབྱོར་པ་ཡི་གཞུང། །དེ་ནི་ཀུན་རྫོབ་སྒྱུ་མར་འདོད། །དམ ་པའི་དོན་དུ་རང་བཞིན་མེད། །གནས་ནི་ཙིཏྟའི་དཀྱིལ་ལ་གནས། །དེ་ཡང་རྩ་བརྒྱད་དཀྱིལ་ན་གནས། །ཤིན་ཏུ་རྟོགས་དཀའ་དྷཱུ་ཏཱི་ནང། །དེ་ཉིད་དབྱེ་ན་རྣམ་གསུམ་སྟེ། །དེ་ལ་བརྟེན་པའང་རྣམ་པ་གསུམ། །གཅིག་ནི་འཆི་བའི་དུས་ཚེ་འབྱུང། །གཅིག་ནི ་ལུས་ཀུན་ཁྱབ་པར་གནས། །དེ་ལ་གཞན་དག་གཉིས་སུ་འདོད། །ཁྱད་པར་གནས་དང་ལས་ཀུན་བྱེད། །ཁ་ཅིག་ཁྱད་བྱེད་དེ་ཀུན་ལ། །ལུང་ཅིང་ཟག་པ་ཟུར་དུ་འབབ། །གཞན་ནི་ཀུན་ཏུ་ཁྱབ་ཅིང་རྒྱུ། །དེ་ལའང་ལས་ཀྱི་འཕེན་ཤུགས་ཀྱིས། །མང་པོ ་ལ་ནི་རྒྱུ་རུ་འདོད། །སྲོག་དང་དབང་པོ་ཆེ་ཞེས་པ། །མིང་གི་རྣམ་གྲངས་ཉིད་དུ་འདོད། །དེ་ཡང་རླུང་དང་རྩཝེ་དང་ནི། །བྱང་ཆུབ་སེམས་སུ་བྱས་པས་ན། །ཐ་དད་ཉི་དུ་འདོད་པའང་ཡོད། །ཤེས་པ་བསྡུས་དང་མ་བསྡུས་པ། །གནས་སྐབས་དོན་གྱིས་འཇུག་པ་ཡིན། ཚེ་བསྒྲུབ་པ ་ཡི་ཆོ་ག་ནི། །རང་གི་སྙིང་གར་འོད་ཀྱི་གཞལ་ཡ་ཁང། །དེ་ཡི་དཀྱིལ་ན་ཨ་དཀར་གཉིས། །ཕྲོ་འདུས་ཟླ་བ་ཁ་སྦྱོར་གྱུར། །དེ་ནས་ཧཱུཾ་གཉིས་འཕྲོ་འདུ་ལས། །རྡོ་རྗེར་གྱུར་པས་སྟེང་འོག་མནན། །ཚེ་རྣམས་འཕྲོག་པའི་འགྱུར་པོ་དེ། །དྲག་པོ་སྦྱོར་བ་ལ་སོགས་ཀྱིས།། ་སྔགས་བརྗོད་ཕྱག་རྒྱ་བཅས་ནས་སུ། །བཅོམ་ཞིང་བརླག་ནས་མེད་པར་བྱས། །ལྷ་མོའི་སྤྲུལ་པས་ཚེ་རྣམས་བཀུག་།སྔགས་བརྗོད་ཕྱག་རྒྱས་བཀུག་ནས་ཀྱང། །བསྲུང་ཞིང་ཡེ་ཤེས་ཚེ་ཡང་དབབ། །དབབ་པའི་ཕྱག་རྒྱ་བཅིང་བ་ནི། །རྡོ་རྗེ་སོར་མོ་ནང་བསྣོལ་ཏེ།། ་མཐེ་བོང་གཉིས་ཀྱི་ནང་དུ་དབབ། །ོཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨོཾ་བེ་ཤ་ཡ་ཨ་ཨ། ལུས་ལ་ཏིལ་མར་བཞིན་དུ་བསྟིམ། །ཁྱད་པར་སྙིང་གི་དཀྱིལ་དུ་བསྟན། །བཾ་ཡིག་དམར་པོ་འཕྲོས་པ་ལས། །མན་ངག་ལ་སོགས་སྦྱོར་བས་བཅིང། །བསྡུ་ཞིང་གཟུང་བའི་མན ་ངག་ནི། །ཤེས་རབ་ལ་སོགས་ཐབས་ཀྱིས་བསྟན། །ཚེ་ཡི་ཡོན་ཏན་ལ་སོགས་ནི། །རྒྱུད་ལ་སོགས་པ་ཤེས་པར་བྱ། །ཚེ་དང་དུམ་བུ་རྣམ་སྨིན་གསུམ། །དེ་གསུམ་ཐབས་སོགས་མཐུན་པ་ཡང། །གཅིག་ལ་གཅིག་བསྟེན་མདུད་ཁྱིམ་འདྲ། །ཡི་གེ་གསུམ་གྱི་མན ་ངག་ཀྱང། །གནས་གསུམ་དག་ཏུ་བཅིང་པ་ཡིན། །སྦྱོར་བ་ལ་སོགས་བཅིང་བར་བྱ། །དེ་ནི་ཚེ་སྒྲུབ་མན་ངག་གོ། །བྱང་སེམས་བླང་བའི་མན་ངག་ཀྱང། །དེ་ཡང་རྣལ་འབྱོར་སྤྱོད་པ་ཡི། །མཁས་པས་འཆི་རྟགས་ཤེས་ནས་ནི། །རིན་ཆེན་འབར་བའི་སྣོད་ནང་དུ། ། ་བླངས་ནས་མཚལ་ཆེན་དང་སྦྱར་ནས། །སྦྱོར་བའི་སྟོབས་ཀྱིས་ཤངས་སུ་འཕང། །རྣམ་ཤེས་རླུང་ལ་ཞོན་པ་སྟེ། །དང་པོ་རྟེན་དང་བྲལ་ཙམ་ན། །སྔགས་བཟླས་འོད་ཟེར་སྟོབས་ཀྱིས་སུ། །སྙིང་ག་ཉིད་དུ་བཅིང་བར་བྱ། །དེ་ནས་སྔ་མའི་རྟེན་ལ་གཞུག་།སྦྱོར་བ་ལ་སོགས ་གཞན་ཡང་སྦྱར་བར་བྱ། །གཞན་ཡང་གསང་བ་སྤྱོད་པ་ནི། །མཛད་པའི་དུས་ནི་རྣམ་གསུམ་སྟེ། །དང་པོ་བདུད་རྩི་སྤྱོད་པ་ལ། །མོས་ལ་འཇུག་དང་དངོས་ལ་འཇུག་།མོས་པས་འཇུག་པ་གཞན་དང་མཐུན། །དངོས་སུ་འཇུག་པའི་ཐབས་བསྟན་པ། །བདུད ་རྩི་བྱ་བ་ལྔ་བཙལ་ལ། །རང་གི་ལུས་ལས་བཙལ་བར་བྱ། །བཙལ་ནས་བསྒྲུབས་པའི་རི་ལུ་དེ། །ཚད་དུ་ཕྱིན་ནས་བཟའ་བར་བྱ། །བཟའ་བ་དང་པོ་རིམ་གྱིས་བརླབ། །ཟས་དང་རྗེས་ཟིན་རྟིང་ཉིད་ལ། །ཞག་གསུམ་ན་ནི་ཅི་རན་བཟའ་། །བཏུང་བའང་དེ་བཞིན་དེ ་ཉིད་ལ། །ཞག་ལྔ་ན་ནི་བཟའ་བར་བྱ། །དེ་ནས་ཟླ་ཕྱེད་ཟླ་གཅིག་གོ་།དེ་རྣམས་པར་གྱི་འཚོ་བ་ནི། །ནང་གི་བདུད་རྩི་སླར་བསྡམས་ལ། །བཟའ་ཞིང་བཏུང་པ་ཉིད་དུ་བྱ། །དེ་རྣམས་བག་ལ་ཞ་ནས་ནི། །བར་བར་གོང་བཞིན་བཟའ་བར་བྱ། །ཡང་ན་རིམ་བཞིན་དེ ་བཞིན་ལྡབ། །དེ་ནས་ནང་གི་རྒྱུན་བཟློག་གིས། །རིམ་བཞིན་ལུས་རྣམས་གསོ་བར་བྱ། །ལུས་ནི་ཤིན་ཏུ་རྒྱས་གྱུར་ན། །ཏིང་འཛིན་བོགས་ནི་སྐྱེ་བར་འགྱུར། །མན་ངག་སྟོབས་ཀྱིས་ཞུགས་པ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཡང་ན་བོགས་ནི ་དབྱུང་བའི་ཐབས། །ནང་གི་གསོ་ཐབས་སྤོ་བ་དང། །ཕྱི་ཡི་གསོ་ཐབས་སྤོ་བ་དང། །ལུས་ལ་རྫས་རྣམས་བྱུགས་པ་ཡིས། །ཏིང་འཛིན་བོགས་རྣམས་སྐྱེ་བར་འགྱུར། །ཐབས་དེས་སྐྱེ་བར་མ་གྱུར་ན། །མན་ངག་བསྒོམ་པས་སྤོ་བར་བྱ། །དེས་ཀྱང་སྐྱེ ་བར་མ་གྱུར་ན། །གནས་ལ་སོགས་པ་སྤོ་བར་བྱ། །སྤོས་ཀྱང་སྐྱེ་བར་མ་གྱུར་ན། །འབྱུང་པོའི་གནོད་པ་ཡོད་པ་ཡིན། །འབྱུང་པོ་བསལ་བའི་ཐབས་རྣམས་བྱ། །འབྱུང་པོ་བསལ་ཀྱང་མ་བྱུང་ན། །སྔོན་གྱི་བག་ཆགས་མཐུག་པས་ན། །དེ་ཉིད་སྦྱང་བའི ་ཆོ་ག་བྱ། །དེས་ཀྱང་སྐྱེ་བར་མ་གྱུར་ན། །ཐ་མི་དད་པའི་འདུ་ཤེས་ཀྱིས། །དཀྱིལ་འཁོར་ལ་སོགས་སྤོས་པ་ཡིས། །ཏིང་ངེ་འཛིན་ནི་སྐྱེ་བར་འགྱུར། །དེས་ཀྱང་སྐྱེ་བར་མ་གྱུར་ན། །སློབ་དཔོན་མན་ངག་ཉམས་པ་ཡིན། །སློབ་དཔོན་དམ་ཚིག་ཉམས ་པས་ཀྱང། །མན་ངག་མཐུ་ནི་ཆུང་བར་བྱེད། །ཡེ་ཤེས་སྐྱེ་བའི་གནས་རྣམས་ནི། །སློབ་དཔོན་དམ་ཚིག་ཉམས་སོགས་ལ། །དམ་ཚིག་ལ་སོགས་ནོད་པ་དང། །རང་གི་མན་ངག་ཉམས་པ་དང། །དམ་ཚིག་ཉམས་པའི་ཐེ་ཚོམ་ཟོས། །ལྟ་སྤྱོད་ཉམས་སུ་མ་ལོན་དང། ། ་དུས་དང་རྟགས་སོགས་མ་ཤེས་དང། །མན་ངག་བསྒོམ་རིམ་མ་ཤེས་དང། །སྤྱང་བ་ལ་སོགས་མ་ཤེས་དང། །སེམས་འཛིན་ཕྲ་མོ་ཡོང་སྲིད་ཀྱང། །ཡེ་ཤེས་སྐྱེ་བར་མི་འགྱུར་རོ། །དེ་རྣམས་སྐྱོན་སྤངས་ཡོན་ཏན་ལྡན། །དེ་ནི་ཡེ་ཤེས་མ་སྐྱེས་ཀྱང། ། ་ཚོགས་ཆེན་ཁྱལ་པར་བསགས་ནས་སུ། །སྐྱེ་བ་ཕྱི་མར་ཡེ་ཤེས་ཀྱི། །ངེས་པ་དེ་ན་ཡིན་ཐོགས་མེད་དོ། །མཚན་ཉིད་ལ་སོགས་གཞན་དག་ཏུ། །སྔ་མ་ལས་ཀྱི་འཕེན་ཤུགས་ཀྱིས། །མ་ངེས་པ་དག་བསྟན་པ་དེ། །སྔགས་ཀྱི་ནུས་མཐུ་ཁྱད་པར་གྱིས། །ལས་ཀྱི ་འཕེན་པར་བཅོམ་ནས་ཀྱང། །སྐྱེ་བ་ཕྱི་མར་ངེས་པའི་དོན། །ཕྱི་མར་རྐྱེན་སོགས་ཐམས་ཅད་ཀུན། །ངེས་པ་ཁོ་ནར་འཇོམས་པར་འགྱུར། །དེ་རུ་རྐྱེན་རྣམས་གཞན་འགྱུར་ན། །དགེ་བར་སྔོ་བ་ལེགས་འགྱུར་བར། །མ་མཚམས་སྐྱེ་བ་བདུན་ལ་ངེས། །དེ་བས ་གསང་སྔགས་མཐུ་རྣམས་ནི། །དུག་གི་སྨན་གྱུར་ཇི་བཞིན་ནོ། །དེ་བས་གསང་སྔགས་མཐུ་རྣམས་ཀྱིས། །ལན་ནི་ཉེ་བར་འབྲས་བུ་མྱུར། །ས་དང་ཕ་རོལ་ཕྱིན་པ་ནི། །དེ་བས་མཐུ་ཆུང་བསྐལ་བ་གསུམ། །ཉན་ཐོས་དེ་བས་མཐུ་ཆུང་བས། །བསྐལ ་པ་བཞི་ནི་འགེར་བ་ཡིན། །དེ་དག་ཀུན་ལ་རབ་འབྲིང་གསུམ། །རིང་དང་མྱུར་དང་ཤིན་ཏུ་མྱུར། །གསང་སྔགས་ལ་ལའི་གཞུང་དང་ནི། །སློབ་དཔོན་ལ་ལའི་གཞུང་གིས་ནི། །བཅུད་ཀྱི་ལེན་གྱི་མན་ངག་གིས། །ལུས་སེམས་ལས་སུ་རུང་གྱུར་ནས། ། ་མན་ངག་སྟོབས་ཀྱི་ཡེ་ཤེས་སྐྱེ། །དེས་ནི་ཕྱག་རྒྱའི་དངོས་གྲུབ་ཐོབ། །ཕྱག་རྒྱ་མཆོག་ནི་འདོད་པ་ན། །ཚེ་ལ་དབང་སྒྱུར་བསྒྲུབ་ནས་ནི། །མན་ངག་བསྒོམས་པའི་སྟོབས་ཀྱིས་ནི། །ཕྱག་རྒྱ་མཆོག་ནི་ཐོབ་པར་འགྱུར། །སློབ་དཔོན་ལ་ལའི་གཞུང་གིས ་ནི། །བསྐྱེད་རིམ་བསྟན་པར་གྱུར་བ་དང། །བཅུད་ཀྱི་ལེན་གྱི་མན་ངག་བསྒྲུབ། །དེས་ནི་ཚེ་ལ་དབང་བསྒྱུར་འགྲུབ། །ཚེ་དབང་ཐོབ་པ་དེས་ཀྱང་ནི། །ཕྱག་རྒྱ་ཕྱག་རྒྱ་མཆོག་གཉིས་ཐོབ། །བཅུད་ཀྱི་ལེན་གྱི་མན་ངག་ཀྱང། །མཁའ་འགྲོའི་རྒྱུད་དུ་ཤེས་པར ་གྱིས། །ཕྱག་རྒྱ་མཆོག་གི་མན་ངག་ཅུང་ཞིག་ཙམ། །རྙེད་པར་བྱ་བའི་ལུས་ཀྱི་ཕྲེང་བ་ཐབ་ཀྱི་རིམ་པ་བཀོད་པའོ། གཞན་ཡང། བསྟན་པ་བསྲུང་བའི་དོན་སླད་དུ། །ལས་ཀྱི་ཕྲེང་བ་གཞན་ཡང་བསྟན། བདག་ཉིད་ལྷག་པའི་ལྷར་བསྐྱེད་ལ། །མདུན་དུ་མགོན་པོ་ནག་པོ་ནི།། ་སྐུ་གསུང་ཐུགས་ལས་གྱུར་བ་ཡི། །ཧཱུཾ་དེ་ཉིད་ལས་བསྐྱེད་པ་ནི། །ཞལ་གཅིག་ཕྱག་ནི་གཉིས་པ་དེ། །མདོག་གནག་འོད་འབར་ཆེན་པོ་ནི། །གྲི་གུག་ཐོད་པ་ལག་ན་འཛིན། །ཐོད་པའི་ཕྲེང་བའི་དོ་ཤལ་བྱས། །མཆེ་བ་གཙིགས་མཛད་འཇིགས་བྱེད་པ། །བོངས་ཐུབ ་ལུས་གནག་གཟི་བརྗིད་ཆེ། །ཁ་ནས་ཁྲག་ནི་འབབ་པའོ། དེ་ལ་བཟླས་པའི་མན་ངག་ནི། །ོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ན་སྭཱཧཱ། །བཟླས་པ་ཡི་ནི་མན་ངག་ཀྱང། །རྟེན་དང་བརྟེན་པའི་གནས་ཚུལ་དེས། །གྲུ་གསུམ་གཞལ་ཡས་སྒོ་གཅིག་པ། །དེ་ཡི་བདག་པོ ་རིགས་དང་བསྟུན། །འཕྲོ་འདུ་བྱ་བའི་ཚུལ་རྣམས་ཀྱང། །འཁོར་ལོ་ཆ་ཚ་གདབ་པའི་ཚུལ། །ལྕེ་ཡང་རིགས་དང་བསྟུན་པ་ཡིན། །ངག་གི་བཟླས་པ་བྱེད་ཚུལ་ཡང། །ཉི་མ་ཤར་དང་རུ་ཆུ་བྲུག་།དེ་ཡི་བཟླས་པའི་གྲངས་རྣམས་ཀྱང། །སུམ་འབུམ་དྲུག་འབུམ ་ས་ལ་རུ། །བཟླས་པ་བྱས་པས་མཚན་མ་བརྙེད། །དེས་སུ་འབྱུང་བར་མ་གྱུར་ན། །སྦྱང་བ་བྱས་ཏེ་བཟླ་པར་བྱ། །སྔགས་ཀྱི་ནུས་བ་ཆེ་ཆུང་དང། །མོས་པ་ཡི་ནི་ཁྱད་པར་དང། །བག་ཆགས་ཆེ་ཆུང་ཁྱད་པར་གྱིས། །རྡོ་རྗེ་དྲག་པོའི་རྒྱུད་རྣམས་ལས། །སྔགས ་ཀྱི་སྦྱོར་བ་གཞན་དག་གིས། །བསྙེན་དང་བསད་པའི་ལས་རྣམས་བྱ། །ལྷ་ཡི་སྦྱོར་བ་སྤོ་བ་ཡང། །དེ་བཞིན་དུ་ནི་ཤེས་པར་བྱ། །གནས་ལ་སོགས་པའི་སྦྱོར་བ་ནི། །གཞན་དག་ཀྱང་ནི་སྤོ་བར་བྱ། །ལྷ་རྣམས་སོ་སོ་སྤོ་བ་ཡང། །ཞལ་གཅིག་ཕྱག་ནི་བཞི་བ ་དང། །ཞལ་གསུམ་ཕྱག་ནི་དྲུག་པ་དང། །ཞལ་བཞི་ཕྱག་ནི་བརྒྱད་པ་དང། །ཕྱག་མཚན་རྣམས་ཀྱང་འགྱུར་པ་དང། །སྐུ་མདོག་ལ་སོགས་འགྱུར་བ་རྣམས། །སོ་སོའི་རྒྱུད་དང་བསྟུན་པ་ཡིན། །སྔགས་ལ་སོགས་པའི་སྦྱོར་བ་ཡང། །དེ་བཞིན་དུ་ན་ཤེས་པར་བྱ། །ཁྱད་པར ་ལས་རྣམས་སོ་སོའི་སྔགས། །ོཾ་མཧཱ་ཀཱ་ལཱ་ཡ། ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི། ཏ་དི་དཾ། མ་མ་རུ་ཤཱ། ཁ་ལ་ཁཱ་ཧི། མ་ར་མ་ར། གྲི་ཧྞ་གྲི་ཧྞ། བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་བྷ་ག་ཝན། ཨོཾ་བི་ལཾ་བ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷུ་སྭཱཧཱ། གསང ་བའི་སྔགས་སོ། །ོཾ་བྲུཾ། མངོན་སྤྱོད་ཀྱིའོ། །ོཾ་ཛི་སྭཱཧཱ། དབྱེ་བའོ། །ོཾ་ཁ་སྭཱཧཱ། བསྐྲད་པའོ། །ོཾ་ཧཱུཾ་སྭཱཧཱ། དགུག་པའོ། །ོཾ་ཨ་སྭཱཧཱ། དབང་གིའོ། །ོཾ་ཧཱུཾ་སྭཱཧཱ། རེངས་བྱེད་ཀྱིའོ། །སྔགས་འདི་དག་ཐམས་ཅད་ཡི་གེ་འབུམ་བཟླས་པས་འགྲུབ་པར་བྱེད་དོ།། ་མགོན་པོའི་ལས་འདི་ཐུན་མོང་པའི་ལས་སོ། །སྦྱིན་སྲེག་དག་གིས་བསང་པ་ནི། །གྲུ་གསུམ་ནག་པོའི་ཐབ་ཁུང་དུ། །ཤིན་ཏུ་དྲག་པོའི་མེ་ལྷ་བསམ། །སྦྱར་ཞིང་བྱིན་གྱིས་བརླབ་པ་དང། །བསྡུས་རྒྱས་མྱུར་བའི་རིམ་པ་རྣམས། །མན་ངག་ལ་སོགས་ཤིན་ཏུ ་དག། །མཆོད་པ་དབུལ་བའི་རིམ་པ་ནི། །ཆེ་བའི་མར་དང་ཚེར་མ་ཅན། །ཏིལ་ནག་པོ་དང་དུག་ཆུས་བྱུག་།ོཾ་མཧཱ་ཀཱ་ལ་མིང་འདི་ཞེས་བྱ་བ་ཤན་ཐུན་མར་ཡཱ་ཧཱུཾ་ཕཊ། ཞེས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །མངོན་པར་བསྒྲུབ་པའི་ལས་ཤུལ་ཤི་བའི་རོ་བཟུང? ་ལ། །དེ་ནི་ཡང་ནི་གཏུབ་པར་བྱ། །སྟོང་པར་བྱིན་བརླབས་ཡི་གེ་ལས། །བསྒྲུབ་བྱ་ཅི་འདྲ་དེ་ལ་བསམ། །ལྕགས་ཀྱུས་སྙིང་དྲང་རླུང་གིས་བཏེག་།རྣམ་པར་ཤེས་པ་དེ་ལ་བསྟིམ། །རྡོ་རྗེ་ཕུར་བུས་དེ་ལ་བརྡེག་།བསད་ནས་མེ་ལ་སྦྱིན་སྲེག་བྱ། །མེ་ཡི་ལྷ་ལ་བརྒྱ ་རྩ་བརྒྱད། །མིང་ནས་སྨོས་པ་དེ་ལ་དབུལ། །ལྷ་ལ་རྩ་བའི་སྔགས་ཀྱིས་ནི། །དབུལ་པར་དགྲ་ནི་མིང་དེ་གཞུག་།འབུམ་ལ་བརྒྱད་ཀྱིས་བསྟབས་ལ་དབུལ། །དེ་ནི་དུར་ཁྲོད་གདོན་རྣམས་ཀྱིས། །འདུ་ཞིང་དེ་ཉིད་ཟ་བར་བསམ། །དེ་ཡང་བསོད་ནམས་རབ་འབྲིང་གིས།། ་བཅུ་གཉིས་ཕྱེད་དང་དེ་ཡི་ཕྱེད། །འཆི་བར་དེ་ནི་གདོན་མི་ཟ། །བསྲེགས་པས་བསད་པའི་ལས་རིམ་མོ།། །།གཞན་ཡང་ཏིང་འཛིན་རིམ་པ་ཡིས། །བསད་པ་རབ་ཏུ་བསམ་པར་བྱ། །འདི་ནི་བསམས་པ་ཙམ་གྱིས་ཀྱང། །སངས་རྒྱས་ཉིད་ཀྱང་ངེས་པར ་?། །མཧཱ་ཀཱ་ལའི་རྣལ་འབྱོར་གྱིས། །གསུམ་པ་ཁྲོ་བོའི་སེམས་ཀྱིས་ནི། །ད་ཡི་ལྟེ་བའི་རྩ་བ་ལ། །རྣལ་འབྱོར་ཅན་གྱི་ལག་པས་བཅད། །མིང་གི་ཡི་གེ་དང་པོ་ལས། །བསད་བྱ་མདུན་དུ་བསམ་པར་བྱ། །རྣམ་ཤེས་དེ་ལ་བཅུག་ནས ་ནི། །ཁ་སྦྱར་ནང་ནས་གནས་མཐོང་ནས། །དེ་?་སྲོག་དང་འདྲལ་མཐོང་ནས། །རོ་ནི་དུམ་བུ་སྟོང་དུ་གཏུབ། །གཟའའམ་ཡང་ན་གཏོར་མ་བྱ། །དེ་མ་ཐག་ཏུ་སྤྱི་གཙུག་བསམ། །ཁྲག་སྐྱུགས་འདར་ཞིང་མགོ་སྐྱེས་ཀྱང། །ཁ་ནི་ཐུར་དུ་བུབ་པར་བསམ། །སུ་རྩེ ་མེ་ཡི་གཟུགས་ཅན་ནི། །སྣང་ལ་མ་ཞུགས་ནས་སྙིང་ཁར་ནི། །ཐེ་ཚོམ་མེད་ཅིང་བསྟན་གྱུར་ན། །ངེས་པར་འཛིན་པར་འགྱུར་བ་ཡིན། །ཏིང་ངེ་འཛིན་གྱིས་བསད་པའི་རིམ་པའོ།། །།གཞན་ཡང་རབ་ཏུ་བཤད་པར་བྱ། །ཐོད་པ་མ་ཆགས་མ་གསལ།། ་མཧཱ་ཀཱ་ལའི་སྙིང་པོ་བྲི། །བཟླས་པའི་ཡུངས་ཀར་ད་རུ་ཀླུག་།དགྲ་ཡིས་སྒོ་ཁར་སྤས་ནས་ནི། །ནོར་དང་བཅས་པས་ཟླ་དྲུག་གི་།བརླག་པར་འགྱུར་པ་གདོན་མི་ཟ། །གང་ཡིན་པ་ཡི་རིགས་རྒྱུད་ཀྱི། །ཐོད་པ་དེ་ཉིད་བླངས་ནས་ནི། །ཅིག་ཤོས་ཀྱི་ནི་ཁྲག ་གིས་བྲི། །སྔགས་ནི་ནག་པོ་ཉིད་ཀྱིས་བྱ། །ཡང་ན་མཧཱ་ཀ་ལ་དང། །ནག་པོ་ཉིད་ཀྱིས་བསྲེས་ནས་བྱ། །མཧཱ་ཀཱ་ལས་བྱེད་པ་ན། །མིང་སྤེལ་བ་ནི་ཆགས་རྒྱུར་བཅད། །ཡང་ན་གླིང་བཅད་འཁོར་ལོ་བཅད། །གྲོ་ག་འམ་དུར་ཁྲོད་རས་མ་ལ། །གཟུགས་དང་མིང ་ནི་བྲིས་པ་གཞུག་།དེ་སྟེང་དེ་གཤེད་གཟུགས་རྣམས་གཞུག། སྨིན་པར་བྱེད་པས་ཁ་བཅད་ནས། །དེ་སྟེང་གཞན་གྱིས་དགབ་པར་བྱ། །གནག་དང་དཀར་བས་རྒྱ་གྲམ་བཅིང། །ནག་པོ་ཡོད་པའི་སར་སྦས་ན། །གདོན་མི་ཟ་བར་བརླག་པར་འགྱུར། །དེ་ནི ་ཐབས་ཀྱིས་བསད་པའི་རིམ་པའོ།། །།གཞན་ཡང་བསད་པའི་རིམ་པ་ནི། །གྲུ་གསུམ་ནག་པོའི་སྣོད་ནང་དུ། །ཁྲག་སྣ་སྙིང་སྣ་སྦྱར་བ་ཡི། །མཐུན་པའི་དམ་རྫས་རྣམས་ཀྱིས་དགང། །དུར་ཁྲོད་རས་མ་དག་ལ་ནི། །དེ་ཡི་མིང་དང་གཟུགས་བྲིས་ལ། །བརྒྱ་རྩ ་བརྒྱད་ནི་གཏོར་མར་དབུལ། །ནག་པོའི་རྟེན་ནི་ཡོད་པའི་སར། །བསྟབ་པའི་ཚུལ་གྱིས་རྦད་པར་བྱ། །དེ་ལྟར་བྱས་པའི་གཏོར་མ་ནི། །བརྒྱ་ནས་སྟོང་གི་བར་དུ་ནི། །ོཾ་མཧཱ་ཀཱ་ལཱ་ཡ་ཤཱ་ས་ན་ཨུ་པ་ཀ་རི་ཎཾ་ཨེ་ཥ་ཨ་པ་ཤཙི་མ་ཀཱ་ལོ། །ཡ་མི་ཏཾ་རཏན་ཏྲ་ཡཱ་ཡ། ཨ་པ ་ཀ་རི་ཎཾ་ཡ་པྲ་ཏི་ཛྙཱ་སྨ་ར་སི་ཏ་དེ་དཾ། དུཥྚཾ་སཏྭ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲི་ཧྞ་གྲི་ཧྞ། བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་བསད་པར་བྱའོ། །གཞན་ཡང་འཁོར་ལོས་བསད་པ་ནི། །བདེ་གཤེགས་སྤྲུལ ་བའི་ནག་པོ་ནི། །ཤིན་ཏུ་འཇིགས་པའི་སྐུ་འཆད་བ། །བསྐྱེད་པ་ལ་སོགས་རྫོགས་བྱས་ལ། །ཚེས་གྲངས་ཤིས་པ་ཉིད་ལ་ནི། །འཁོར་ལོ་ལེགས་པར་བཅའ་བར་བྱ། །འཁོར་ལོ་བཅའ་བའི་ལུགས་རྣམས་ནི། །དུར་ཁྲོད་རས་མ་དག་ལ་ནི། །འཇིག་རྟེན་མགོན ་པོའི་གཟུགས་བྲིས་ལ། །ལྟོ་བར་འཁོར་ལོ་བཅའ་བར་བྱ། །རྩིབས་ནི་བཅུ་གཉིས་བརྒྱད་དུ་བྱ། །ལེ་ཚེ་རེ་རེ་བོར་ལེན་བྱ། །མིང་དང་དྲག་སྔགས་སྤེལ་ཏེ་བྲི། །སྔོན་དུ་ཆོ་ག་རྫོགས་བྱས་ལ། །འཁོར་ལོ་སྒྲུབ་དང་བསྒྲུབ་བྱ་གཉིས། །བསྐྱེད་ཅིང་དགུག་པའི ་ལས་བྱས་ཏེ། །མཆོད་པ་ལ་སོགས་རྫོགས་བྱའོ། །དེ་ནས་བསད་པའི་ལས་རྣམས་བྱ། །ཉི་མ་བཞིས་བསྐོར་ཐིམ་པར་བྱེད། །སྔགས་ནི་ཁྲི་དང་བཞི་ཁྲིད་བཟླས་དེ་ནས་བཅིང་བའི་སྦྱོར་བ་བྱ། །དུར་ཁྲོད་ནག་པོའི་གནས་དག་ཏུ། །གྲུ་གསུམ་ནག་པོའོ་གཏིང ་བྲུས་ལ། །གཏིང་བྲུས་སྦས་ཏེ་མནན་པར་བྱ། །ངེས་སུ་མ་བྱུང་བསྐྱར་བར་བྱ། །ོཾ་མཧཱ་ཀཱ་ལ་ཤ་ཐུན་མ་ར་ཡ་ཕཊ། ཞེས་མིང་དང་སྤེལ་བར་བྱ། །འཁོར་ལོས་བསད་པའི་རིམ་པའོ།། །།གནོད་སྦྱིན་གྱིས་ནི་བསད་པའི་ཐབས། །རང་ཉིད་ལྷག་པའི ་ལྷར་གནས་པའི། །ཆོ་ག་ཐམས་ཅད་རྫོགས་བྱས་ལ། །མདུན་དུ་གྲུ་གསུམ་དཀྱིལ་འཁོར་ལ། །གནོད་སྦྱིན་དྲག་པོ་བསྐྱེད་པར་བྱ། །དེ་ཉིད་ནུས་པ་བསྐྱེད་པའི་ཕྱིར། །སྦྱོར་བ་གཞན་ཡང་ཤེས་པར་བྱ། །དྲག་པོ་གསང་སྔགས་བཟླས་པ་ཡིས། །གང་ཡང ་མི་འདུ་རང་དབང་མེད། །ལྕགས་ཀྱི་ཆ?་ཚ?་གདབ་པ་བཞིན། །འཕྲོས་པས་ཐམས་ཅད་བརླག་པར་བྱེད། །སུམ་འབུམ་དྲུག་འབུམ་དགུ་འབུམ་དུ། །བཟླས་པས་དོན་རྣམས་གྲུབ་པར་བྱེད། །ཚད་དུ་བྱིན་པའི་དུས་སུ་ནི། །ཤིན་ཏུ་ངག་ཅིང་བོས་བས་སུ། རང་དབང་མེད་པར་ལས་རྣམས ་དང?། །ོཾ་བཛྲ་མཧཱ་ཀཱ་ལ་ཡཀྵ་ཧཱུཾ་ཕཊ། ཛ(རྒྱུད་འགྲེལ་པའོ།། །།རོ་ལངས་མས་ནི་བསད་པའི་ཐབས། །རང་ཉིད་ལྷག་པའི་ལྷར་གནས་པས། །དུར་ཁྲོད་ཆེན་པོའི་དཀྱིལ་ངག་ཏུ། རོ་ལངས་མ་ནི་བསྐྱེད་བྱས་ལ། །རང་བཞིན་མ་ཡང་སྤྱན་དྲངས་ཏེ། །དེ་གཉིས་ཆོ་ག་རྫོགས་བྱས་ཏེ། །བསྙེན་པ་ཚད་དུ་ཕྱིན་པ་ན། ་དུར་ཁྲོད་རོ་ཡི་ཐོད་པ་རུ། །ཁྲག་ཐུན་རྫས་ལ་སོགས་པ་ལ། །དྲག་པོ་ཐུན་སྔགས་བཟླས་པར་བྱ། །ཁྲི་ཡི་བར་དུ་བཟླས་པར་བྱ། །དེ་ནས་གང་ཡིན་ས་རུ་བརྡེག་པར་བྱ། །དེ་ལྟར་ལན་གསུམ་བྱས་པ་ཡི། །གང་ཡིན་དེ་ནི་བརླག་པར་འགྱུར། །དུར་ཁྲོད་འབར་བའི་གནས་དག་ཏུ། །ནག་པོའི ་ནང་དུ་འཁྲུལ་འཁོར་མནན། །ནག་པོའི་ནང་དུ་གཏོར་མས་དགང། །ཅིག་ཤོས་ནང་དུ་བཅས་པ་ཡིས། །ནག་པོ་ཉིད་ལ་གཏང་པར་བྱ། །ཚ་བའི་རྫས་ཀྱིས་བསྲེག་པར་བྱ། །དེ་ལྟར་སྦྱོར་བའི་མན་ངག་རྣམས། །མཁས་པས་བསྒྲིམས་ཏེ་མ་བྱས་ན། །རང་ཉིད་ལ་ནི་གནོད་པར་འགྱུར། ་ཨོཾ་བཛྲ་བེ་ཏ་ལི་ཧཱུཾ་ཕཊ། ཤ་ཐུན་མཱ་ར་ཡ་ཧཱུཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ཀྱི་མན་ངག་སྦྱོར་ཤེས་བྱ། །རོ་ལངས་མས་བསང་པའི་རིམ་བའོ།། །།མཁའ་འགྲོ་མ་ཡིས་བསད་པའི་ཐབས། །ཆུ་ངོགས་ཐིབས་པའི་གནས་དག་ཏུ། །མཁའ་འགྲོ་མ་ནི་བསྒྲུབ་པར ་བྱ། །ཞིང་ཆེན་གྱི་ནི་གདན་བཏིང་ལ། །དྲག་པོ་རོལ་པའི་འདུག་སྟངས་བྱ། །མཁའ་འགྲོ་མ་སྐུ་མདུན་བཞག་ལ། །ཞིང་རྒྱུས་བརྒྱུས་པ་ཐུགས་ཀར་གཟུང། །དྲག་ཏུ་བཟླས་པའི་སྟོབས་ཀྱིས་སུ། །སྦྱོར་བ་གང་འདོད་འགྲུབ་པར་བྱེད། །ཁྱད་པར་སྦྱོར་བ་བསྟན་པ་ནི། །གནག་ཅིང ་ཐིབས་པའི་ནང་དག་ཏུ། །གྲུ་གསུམ་ནག་པོ་བྲུས་ནས་ཀྱང། །གཟུགས་བརྙན་བཅའ་བའི་ཐབས་བྱས་ཏེ། །དེ་རུ་བསད་པ་ལ་སོགས་བྱ། །ཡང་ན་འབབ་ཆུའི་ངོས་དག་ཏུ། །སྦ་ཞིང་མནན་པའི་ཐབས་བྱའོ། །ོཾ་བཛྲ་ཌཱ་ཀཱི་ཧཱུཾ་ཕཊ། ཤ་ཐུན་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལཾ ་སུཾ་བྷ་ནན། །སྔགས་ཀྱི་བསྡེབས་ནི་མ་ཤེས་ན། །སྦྱོར་བ་འགྲུབ་བར་མི་འགྱུར་རོ། །མཁའ་འགྲོ་མས་བསད་པའི་རིམ་པའོ།། །།འཇིགས་བྱེད་མས་བསད་པའི་ཐབས། །ཤིན་ཏུ་འཇིགས་པའི་གནས་ངག་ཏུ། །དྲག་ཅིང་བཏུམ་པའི་ཆས་གོས་གོན། ་དང་པོར་བསྙེན་སྦྱོར་ཚར་བས་སུ། །ནག་པོ་འགྲོ་མགྱོགས་སྦྱར་དཀར་དང། །བདག་པོ་སྨེ་བརྩེགས་ཐོད་ནང་དུ། །དེ་རྣམས་རིགས་མཐུན་རྫས་བསགས་ཏེ། །ཆུ་གསུམ་ལ་སོགས་རྫས་རྣམས་ལ། །སྔགས་ཀྱི་སྦྱོར་བ་བཏབ་པས་ནི། །ནུས་པའི་མཐུ་དང ་ལྡན་པར་འགྱུར། །ོཾ་བཛྲ་བྷེ་ར་ཡ་ཧཱུཾ་ཕཊ། ཤ་ཐུན་མཱ་ར་ཡ་ཧཱུཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི། དྲག་པོའི་སྦྱོར་བ་མཁས་པ་ཡིས། །འབྱུང་པོའི་རྣམས་ནི་བརླག་པར་འགྱུར། །སྦྱོར་བ་གཞན་ཡང་སྦྱོར་ཤེས་བྱ། །འཇིགས་བྱེད་མས་བསད་པའི་རིམ་པའོ།། ། ་ཁྲོ་མོ་ཆེན་མོ་སྲོག་གཅོད་མ་ཡིས་བསད་པའོ། །མན་ངག་ཐབས་ཀྱི་རིམ་པ་བསྟན། །སྔོན་དུ་བསྙེན་པ་རྫོགས་པ་ཡིས། །ཡི་གེ་ཨི་ཡི་གདན་སྟེངས་སུ། །བསྒྲུབ་བྱ་དེ་རུ་བཞག་ནས་ནི། །བཟླས་པ་དྲག་ཏུ་བྱས་པས་སུ། །སྲོག་གཅོད་མ་ནི་བསྐུལ་བར་བྱ ་ཁྲི་ཡི་སྔགས་ཀྱིས་དགུག་པར་བྱ། །ཁྲི་ཡི་སྔགས་ཀྱིས་བསད་པར་བྱ། །རང་ཉིད་ལྷག་པའི་ལྷར་གནས་པས། །སྲོག་གཅོད་མ་ནི་མདུན་དུ་བསྐྱེད། །གྲུབ་པ་མོ་ཡང་སྤྱན་དྲངས་ཏེ། །མཐུ་བསྐྱེད་ལ་སོགས་བྱས་ནས་ནི། །སྐུ་དང་གསུང་དང་ཐུགས་རྣམས ་ལས། །དྲག་པོའི་བརྒྱུད་པའི་མཐུ་རྣམས་ནི། །མདའ་ཟམ་བཏགས་པའི་ཚུལ་དུ་བྱུང། །སྤྱི་བོ་མགྲིན་པ་སྙིང་ག་ནས། །ཆར་བཞིན་དུ་ནི་འབབ་བར་འགྱུར། །ོཾ་པྲ་ཏི་ཏ་ན་ཧཱུཾ་ཕཊ། ཤ་ཐུན་མཱ་ར་ཡ་ཧཱུཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ཀྱི་སྦྱོར་བ ་གཞན་དང་མཐུན། །དྲག་པོའི་ལས་རྣམས་གཞན་པ་ཡང། །མན་ངག་སྟོབས་ཀྱིས་སྦྱོར་ཤེས་བྱའོ། །སྲོག་བཅོད་མས་བསད་པའི་རིམ་པའོ། །དབུགས་རྩུབ་མས་བསད་པའི་རིམ་པ་ནི། །རང་ཉིད་ལྷག་པའི་ལྷར་གནས་ནས། །སྔོན་དུ་བསྙེན་པ་རྫོགས་བྱས་ནས།། ་དྲག་པོའི་ལས་ཀྱི་སྦྱོར་བ་ནི། །གྲུ་གསུམ་འབར་བའི་གནས་དག་ཏུ། །འཇིགས་པའི་རྒྱན་མགོན་ནས་ནི། །བྲམ་ཟེ་འམ་རྒྱལ་རིགས་ནག་པོའི་ཕྱོགས། །མཐུན་པའི་རྫས་ནི་བཙལ་ནས་ཀྱང། །གྲུ་གསུམ་སྟེང་དུ་རྟེན་བཅས་ནས། །ནག་པོ་འབར་བའི་སྦྱོར་བ་བརྩམ། ། ་དྲག་པོའི་རྫས་ལ་སྔགས་བཟླས་ཏེ། །བདུན་དང་ཉི་ཤུ་རྩ་གཅིག་དང། །ཟླ་བ་གཅིག་གི་བར་དུ་བསྒྲུབ། །དེ་ནས་འཁོར་ལོ་ལྡན་པ་འམ། །ཤུགས་དང་ལྡན་པའི་སྦྱོར་བ་ཡིས། །ཤིན་ཏུ་མྱུར་བར་འབད་པར་བྱ། །དེ་ཉིད་བསྐོད་པའི་ཚུལ་དུ་འམ། །རི་མོའི་ཚུལ་དུ ་བྱས་པ་ཡིས་།ཏིང་འཛིན་སྦྱོར་བའང་དེ་བཞིན་བསམ། །ོཾ་ཤྭ་ས་གཱ་པ་ཡེ་ཧཱུཾ་ཆེ་གེ་མོ་ཤ་ཐུན་མཱ་ར་ཡ་ཧཱུཾ་ཕཊ། །ཡང་ན་དྲག་པོའི་འགྲུབ་ཁུར་དུ། །ཚེར་མ་ཅན་གྱི་ཤིང་བཀའ་སྟེ། །རཾ་ལས་དྲག་པོའི་མེ་དཔུང་བསམ། །གྲོ་གའམ་ནི་ཤིང་ཤུན་ལ། །བསྒྲུབ་བྱའི ་མིང་ནི་བྲིས་ནས་ཀྱང། །ཁྲི་འམ་འབུམ་དུ་བཟླས་ནས་ནི། །བསྒྲུབ་བྱ་བཀུག་ནས་བསྟིམ་པར་བྱ། །དྲག་པོ་ཡི་ནི་སྔགས་ཀྱིས་སྲེག་།འཆི་བར་འགྱུར་བ་གདོན་མི་ཟ། །སྦྱོར་བ་ལ་སོགས་གཞན་པོ་ཡང། །མན་ངག་ཅན་གྱིས་སྦྱོར་ཤེས་བྱའོ། །ཤྭ་ས་གཱ་པ་ཡིས ་བསད་པའི་ལས་ཀྱི་རིམ་པའོ། །རཀྟའི་ལས་ཀྱི་ཕྲེང་བ་ཡིས། །བསད་པའི་ལས་འདི་བརྩམ་པར་བྱ། །དམར་ཞིང་ཆགས་པའི་རང་བཞིན་ཅན། །ཁོག་པའི་རྟེན་ནི་བཙལ་བར་བྱ། །འོད་མའི་གཞུ་ནི་ལྟ་བུ་ཡིས། །དཀྱིལ་དུ་དེ་ཉིད་བཞག་ནས་ཀྱང། །དུས་ལ་དེ་ནི་བྱས? ་པ་ཡིས། །སྨིན་བྱེད་དང་པོ་རྒྱུག་པ་དང། །མདོངས་དང་ལྡན་པའི་མཚལ་ཆེན་གཉིས། །བསྲེས་ལ་སྔགས་ནི་གདབ་པར་བྱ། །དུས་ཚོད་གསུམ་དུ་བསྒྲུབས་ནས་ཀྱང། །བསྒྲུབ་བྱའི་འོག་ཏུ་སྦས་ནས་ནི། །གང་འདོད་པ་ཡི་དོན་རྣམས་འགྲུབ། །ཡང་ན་འོད་མ་ལྟ་བུའི་དཀྱིལ།། ་འདབ་བརྒྱད་དང་ནི་ལྡན་པ་ལ། །ཁ་མཐིང་ལ་སོགས་མེ་སྦར་ལ། །དབང་བྱེད་སྔགས་ནི་བཟླས་པས་སུ། །ངེས་པ་ཁོ་ནར་ཁུགས་པར་འགྱུར། །ོཾ་རཀྟ་པྲི་ཡ་ནི་ཧཱུཾ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཧཱུཾ། སྦྱོར་བ་ལ་སོགས་གཞན་པོ་ཡང། །མན་ངག་སྟོབས་ཀྱིས་ཕྱེ་བར་བྱ། །རཀྟ་བྲི ་ཡ་ནིས་བསད་པའི་ལས་ཀྱི་རིམ་པའོ། །མཾ་ས་བག་ཏྲིས་བསད་པའི་རིམ་པ་ནི། །སྔོན་དུ་འགྲོ་བ་རྫོགས་བྱས་ལ། །ཤ་ཟན་དེ་ནི་སྟོང་དག་གི་།རྟེན་ལ་སོགས་པ་རྫོགས་བྱས་ལ། །བུག་པ་ཅན་གྱི་སྣོད་ནང་དུ། །རྡོ་རྗེ་མཆུ་ནི་སྦྱར་ནས་ཀྱང། །རླུང་གི་ཤུགས་ཀྱི་སྔགས ་འདི་འཕང། །དེ་ཡི་སྦྱོར་བ་མ་ཞིག་པར། །གང་ལ་བྱ་བ་དེ་རུ་བརྡེག་།དེས་ནི་གྲོང་རྣམས་འཁྲུག་ཅིང་འགས། །འདི་ཡི་སྦྱིན་སྲེག་གཏོར་མ་དང། །ཐབས་དང་འཁྲུལ་འཁོར་དག་གིས་ནི། །བསད་པའི་མན་ངག་སྦྱོར་ཤེས་བྱ། །ོཾ་མཾ་ས་བག་ཏྲི་ཆེ་གེ་མོ་ཤ་ཐུན་མཱ་ར་ལ ་ཕཊ། མཾ་ས་བག་ཏྲིས་བསད་པའི་ལས་ཀྱི་རིམ་པའོ། །གཞན་ཡང་རྫས་ཀྱི་བསད་པ་ནི། །དྷ་དྷུ་ར་དང་འོལ་མ་སེ། །འགུ་ཕཊ་ཏཾ་དང་ཁུ་བར་སྦྱར། །ཐབས་ལ་མཁས་པའི་སྦྱོར་བ་ཡིས། །མི་ལ་བླུད་ན་སྨྱོ་བར་འགྱུར། །གསོལ་བ་འདེབས་ན་གསོ་བར་བྱ། །ཁུ་བ་ལ་སོགས ་རྣམས་ཀྱིས་ན། །ལུས་ལ་བྱུགས་ཤིང་ཁོད་དུ་བླུད། །དེ་ནི་ངེས་པར་ཐར་བར་འགྱུར། །བསད་པས་སྦྱོར་བའི་ལས་རྣམས་ཀྱང། །སངས་རྒྱས་ལ་སོགས་བསྟན་པ་ནི། །འཇིགས་པ་ལ་སོགས་ངེས་པ་དང། །རུ་ཏྲ་ནག་པོར་གྱུར་པ་ལ། །སྦྱོར་བ་འདི་ནི་བྱ་བར་གསུངས།། ་དེ་ལས་གཞན་དུ་བྱས་པ་ན། །རང་ཉིད་ཉམས་ཏེ་དམྱལ་བར་ལྟུང། །དེ་ཡི་སྦྱོར་བ་བྱེད་པ་ཡང། །ཚད་མེད་སྔོན་དུ་འགྲོ་བྱས་ལ། །མན་ངག་ཐེ་ཚོམ་མེད་པར་ནི། །བྱས་ན་གདོན་མི་ཟ་བར་འགྲུབ། །དེ་ཡང་བསྒྲལ་བྱའི་ཡུལ་དེ་ལ། །ལུས་ངག་ཡིད་གསུམ་ཞི་བས་ནི།། ་ཚུལ་དང་མཐུན་པའི་བདེན་པ་བདར། །ལན་གསུམ་བྱས་ཀྱང་མཉན་ནི། །ལྟུང་བར་མི་འགྱུར་བྱ་བར་གསུངས། །བསད་པ་ལས་ནི་ཕྲེང་བའོ།། །།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཀྱི་མངའ་བདག་ལ་ཕྱག་འཚལ་ལོ། །དྲག་པོ ་སྐུ་ཡི་སྦྱོར་བ་དང། །གསུང་དང་ཐུགས་ཀྱི་སྦྱོར་བ་དང། །ལས་ནི་གཞན་སོགས་སྦྱོར་བ་དང། །རྫོགས་པ་མཐར་ཐུག་སྦྱོར་བ་རྣམས། །རིམ་པ་བཞིན་དུ་བསྟན་པར་བྱ། །ནག་པོ་འཇིགས་པའི་ཆ་ལུགས་འཆང། །ཞལ་གཅིག་གམ་ནི་གཉིས་པའམ། །ཞལ་གསུམ་པའམ་ཕྱག ་རྒྱ?་པ། །གང་འདོད་པ་ནི་བསྐྱེད་པར་བྱ། །དེས་སུ་བསྙེན་པ་རྫོགས་བྱས་ལ། །རོ་བསྲེགས་ཐལ?་བའི་འཇིམ་པ་ལ། །ནག་པོའི་གཟུགས་བརྙན་བཅས་བྱས་ལ། །དེ་ཉིད་སྦྱིན་སོགས་བསྐྱེད་བྱས་ལ། །སྔགས་བཟླས་པ་ཡི་སྟོབས་ཀྱིས་སུ། །ཤིན་ཏུ་འདར་ཞིང་འགུལ་བར་འགྱུར། ། ་གཏོར་མ་ལ་སོགས་བྱིན་ནས་ཀྱང། །བསྟོད་ཅིང་གསོལ་བ་བཏབ་པས་སུ། །དགྲ་རྣམས་ངེས་པར་འཆི་བར་འགྱུར། །དྲག་པོའི་གྲུ་གསུམ་ཐབ་ཁུང་དུ། །གདུག་པ་ཅན་གྱི་མེ་སྤར་བས། །མང་ནག་ཚ་བ་གསུམ་དང་ནི། །ཤ་ཁྲག་གསུམ་གྱི་རྫས?་བསྲེགས་ལ། །བསྒྲུབ་བྱ་བཀུག་སྟེ ་དེ་ལ་བསྟིམ། །དྲག་པོའི་སྔགས་ནི་བཟླས་ནས་ཀྱང། །རྫས་རྣམས་མེ་ཡི་ནང་གཏོར་བས། །ངེས་པ་ཁོ་ནར་འཇིག་པར་འགྱུར། །ཐབས་དང་ཏིང་འཛིན་འཁོར་ལོ་དང། །གཏོར་མ་ལ་སོགས་སྦྱོར་བ་ཡིས། །བསད་པའི་མན་ངག་སྦྱོར་བ་ནི། །བརྟུལ་ཞུགས་ཅན་གྱི་སྦྱོར་ཞེས་བྱ།། ་དེ་ནས་གསུང་གི་ནག་པོ་ཡི། །སྦྱོར་བ་བསྟན་པ་གང་ཡང་མཐུན། །ཐུགས་ཀྱི་ནག་པོའི་སྦྱོར་བ་ཡང། །གཞན་དུ་བརྒལ་ཏེ་བསྟན་པ་ན། །བརྟུལ་ཞུགས་ཅན་གྱི་སྦྱོར་ཞེས་བྱའོ། །གསུམ་ཀ་ལ་ཡང་བཞི་བཞིར་བསྟན། །དཔེར་ན་རྒྱལ་པོ་བློན་པོ་དང། །ལས་བྱེད་འཁོར་དང་མི ་མཐུན་ཕྱོགས། །དེ་བཞིན་བདེ་གཤེགས་སྤྲུལ་པ་དང། །ས་ནས་རིག་པ་འཛིན་པ་དང། །དམ་ཅན་དམ་ལ་གནས་པ་དང། །ངེས་སུ་གདུལ་བར་བྱ་བ་བཞི། །དེ་བཞིན་མཁས་པས་ཤེས་པར་བྱའོ། །དེ་རྣམས་སྐུ་གསུང་ཐུགས་ཀྱི་དོན། །བསྡུས་པ་བསྟན་པའི་རིམ་པའོ། །སྐུ ་གསུང་ཐུགས་ཀྱིས་བསད་པའི་ལས་ཀྱི་རིམ་པའོ། །ལས་ཀྱི་རིམ་པ་གཞན་བསྟན་པར་བྱ་སྟེ། །གྲོང་ཁྱེར་བཀྲུག་པའི་ཆོ་ག་ནི། །རང་ཉིད་ལྷག་པའི་ལྷར་གནས་པས། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །ནག་པོ་ཆེན་པོ་ལྔ་བཙལ་ལ། །སྔགས་ཀྱི་འཁོར་ལོ་ཕྲེང་བ་བྲི། ། ་མ?་པའི་རྫས་ཀྱིས་དགའ་བར་བྱ། །སྔགས་བཟླས་པས་ནི་དོན་རྣམས་འགྲུབ། །ོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱཧཱ། །སྔགས་ནི་ཁྲི་ཚོ་རེ་རེ་བཟླས། །ནག་པོ་འབར་བ་ཁ་བཅད་དོ། །གྲོང་གིས་དཀྱིལ་དང་ཕྱོགས་བཞི་རུ། །སྐེད་ནུབ་ཙམ་དུ་བརྐོས་ནས་སུ། །དེ་དང་ས་གཏེར་སྤ་བར ་?་ཐོད་པ་ལ་སོགས་སྣོད་ནང་དུ། །མཐུན་བའི་རྫས་ནི་བསག་པར་བྱ། །མཁའ་འགྲོ་བར་ཡི་དྲག་སྔགས་བཟླས། །དེ་ཡང་གྲོང་ཁྱེར་གསེས་དུ་བསྐུལ། །བདུན་བདུན?་པར་ནི་བཅད་བྱས་ལ། །དེ་ལྟར་བྱས་ན་གྲོང་ཁྱེར་འཁྲུག་།གྲོང་ཁྱེར་བཀུག་པའི་ལས་ཀྱི་རིམ་པའོ། །ཆར་ནི ་?་པའི་རིམ་པ་ཡང། །དང་པོར་བསྙེན་སྦྱོར་གོམས་པ་ཡིས། །རང་ཉིད་ལྷག་པའི་ལྷར་བསྐྱེད་ལ། །རྫས་རྣམས་བསག་པའི་ཐབས་དག་ནི། །ཡི་གེ་གཉིས་ཀྱིས་སྤང་བྱ་པ་ལ། །ཀླུ་ཡི་རྒྱལ་པོ་སྨཛའ་ཡས་ཀྱི། །གཟུགས་བརྙན་བྱས་བ་??་དུ། །བཞག་ནས་བདུད ་རྩི་སོགས་ཀྱིས་དགང། །བ་ནག་པོ་མས་བཀང་ནས་ནི། །གཞོན་ནུ་ནག་མོས་བཀལ་བ་ཡི། །སྐུད་པ་ཡིས་ནི་བཅིང་བར་བྱ། །ཀླུང་ལྷའི་ཕྱོགས་སུ་??་བྱ། །ཀླུ་ཡི་རྒྱལ་པོ་ད?་བཞག་།དེ་ཡི་འགྲམ་དུ་དཀྱིལ་འཁོར་བྱ། །སོལ་བ་དུས་པ་ལྡོང་རོས་དང། །སོ་པག་ལོ?་?་ཕྱེ་ལ།། ་ནག་པོ་དཀར་པོ་སེར་པོ་དང། །དམར་པོ་ལྗང་ཁུའི་ས་ཚོན་བྱ། །དུར་ཁྲོད་སྲད་བུས་ཐིག་གདབ་པོ། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །དེ་ཡི་དབུས་སུ་མཛའ་ཡས་བཞག་།མགོན་པོའི་བདག་པོ་ཆེན་པོ་བཞི། །བརྒྱུད་བཞི་དང་ནི་བསྟུན?་ནས་ཀྱང། །?་མོས་མགོན ་པོས་མནན་པར་བྱ། །བདུད་རྩི་མེ་ཏོག་ནག་པོ་དང། །འདུལ་བྱེད་ཁུ་བ་གླང་པོའི་ཆད། །བླུགས་དང་མཆོད་པ་དབུལ་བར་བྱ། །རང་གིས་རྣལ་འབྱོར་རྣལ་བ་ཡིས། །བཟླས་པའི་མན་ངག་ཤེས་བྱས་ཏེ། །སྔགས་བཟླས་པས་ནི་ཆར་དབབ་པའོ། །གལ་ཏེ་མེ་འབབ་དེ་ཡི་ཆེ།། ་ཀླུ་ཡི་མགོ་ནི་འགས་པར་འགྱུར། །སྤྲིན་དབྲལ་བ་ཡི་ཐབས་རྣམས་ནི། །དུར་ཁྲོད་རས་ལ་ཉེར་འདུག་ནས། །སྔགས་བཟླས་བས་ནི་འགྲུབ་པར་འགྱུར། །ོཾ་ཨཱརྱ་ཤམ་ཤྭ་ལ་སྤྲི་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྔགས་ལ་འོད་ཟེར་འཕྲོས་པ་ཡིས། །སྤྲིན་པ་བསྡུས་ཤིང་སྤྲིན་དྲལ ་བས། །གསེབ་ནས་ཆར་ནི་འབབ་པར་བསམ། །ཆར་དབབ་པ་ཡི་སྔགས་བཟླས་པ། །ོཾ་གྷུ་རུ་གྷུ་རུ་དྷུ་གྷུ་དྷུ་གྷུ་དྷུ། མ་ཤ་མ་ཤ་།གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་ར་ཡ་ནཱ་གཱ་དྷི་བ་ཏ་ཡེ་ཧེ་ཧེ་རུ་རུ་ཀ་ས་བ་བྷ་ར་ཏ་ལ་ག་ཏ་ན་ནཱ་གཱ་ཀརཥ་ཡ་གརྫ་ཡ་གརྫ་ཡ། ཏརྫ་ཡ ་ཏརྫ་ཡ། ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྭཱཧཱ། །དེས་ནི་ཆར་རྣམས་མི་འབབ་ན། །སྔགས་བཟློག་ནས་བཟླས་པས་ཆར་འབབ་པོ། །དེས་ཆར་མི་འབབ་ན་མགོ་འགས་བར་འགྱུར་རོ། །ཆར་དབབ་པའི་ཆོ་གའོ། །ཆར་སོགས་བཟློག་པའི་ཆོ་ག་ནི། །རང་ཉིད་ལྷག་པའི་ལྷར ་གནས་པས། །སྔོན་དུ་བསྙེན་པ་རྫོགས་བྱས་ལ། །དུར་ཁྲོད་སོལ་བའི་རྫས་དག་ལ། །སྔགས་ནི་བཟླས་ཤིང་བཏབ་པས་སུ། །དེ་ནས་ནམ་མཁར་གཏོར་བར་བྱ། །དེ་ལྟར་བྱས་པས་བཟློག་པར་འགྱུར། །དེས་ནི་བཟློག་པར་མ་གྱུར་ན། །གནས་ནི་དབེན་པར་གནས་བྱས་ཏེ། །བདག ་ཉིད་ལེགས་པར་བསྲུང་བྱས་ལ། །བདག་གི་ལུས་ནི་མེར་བསྒོམས་ཏེ། །གཞན་ནས་ཀྱང་ནི་མེ་བྱུང་ནས། །འཇིག་རྟེན་ཐམས་ཅད་མེས་གང་བསམ། །སྔགས་ཀྱི་འོད་ཟེར་ལས་མེ་བྱུང། །ཆར་པ་ལ་སོགས་བསྲེགས་པར་བསམ། །དེས་ཀྱང་བཟློག་པར་མ་གྱུར་ན། །གློག་ཕྲེང ་གི་ནི་སྦྱོར་བ་ལས། །ཇི་ལྟར་འབྱུང་ཞིང་བཟློག་པར་བྱའོ། །དེས་ནི་ངེས་པར་བཟློག་པར་འགྱུར། །ཆར་དང་སེར་བ་ལ་སོགས་པ་བཟློག་པའི་ཆོ་ག་རྫོགས་སོ།། །།རྣལ་འབྱོར་ལ་སོགས་པ་ནི། །དུས་ལ་བབ་ནས་འཆི་འགྱུར་ན། །ཕུང་པོ་བསྲེག་པར་བྱ་བ་ནི། །རྡོ་རྗེ་སློབ ་དཔོན་མཁས་པས་སུ། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །ལྷ་ཡི་སྣང་བ་ཐོབ་པས་བྱ། །ལྷ་ཡི་སྣང་ཐོབ་མ་གྱུར་ན། །སེམས་ནི་ལས་སུ་རུང་བར་བྱ། །སེམས་འཛིན་ནུས་པར་མ་གྱུར་ན། །དུས་དང་གྲངས་ཀྱི་བསྙེན་པ་ནི། །མོས་དང་ལྡན་པས་རྫོགས་བྱས་ལ། །དེ་ནས་བརྩམ ་པར་བྱ་བ་ཡིན། །དེ་ཡང་ཐུན་མོང་སྔོན་སོང་ནས། །ཕྱིས་ནི་གཉེན་པ་གསོ་དོན་དུ། །བསྡུ་ན་ལྔ་དང་གསུམ་དུ་བྱ། །དང་པོ་འཆི་བརྟགས་བརྟག་པར་བྱ། །བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད། །སྐད་ཅིག་ཙམ་མོས་ཐུགས་ཀར་ནི། །ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། །ཡི་གེ་ཧཱུཾ་གི་འོད་ཟེར་གྱིས། ་བླ་མ་ལ་སོགས་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང། །རྗེས་སུ་ཡི་རང་བསྐུལ་བ་དང། །གསོལ་བ་གདབ་ཅིང་སྐྱབས་སུ་འགྲོ་།ལུས་དབུལ་དགེ་རྩ་བསྔོ་བར་བྱ། །ཚད་མེད་བཞི་དང་སྟོང་ཉིད་སྒོམ། །སྟོང་པའི་ངང་ལས་ཆོ་ག་ནི། །རྣམ་པ་ལྔས་བསྐྱེད་བདེ ་གཤེགས་ཚུལ། །ཆོ་ག་གསུམ་བསྐྱེད་སེམས་པའི་ཚུལ། །དེ་ཡང་མྱུར་བར་བསྐྱེད་འདོད་ན། །སྟོང་པའི་ངང་ལས་ས་བོན་བྱུང། །དེ་ཉིད་འཕྲོས་པས་སྐུ་སྐྱེད་དོ། །ཞལ་གཅིག་ཕྱག་གཉིས་ཨུཏཔལ་མདོག་།མཆེ་བ་གཙིགས་པ་སྒེག་དང་བཅས། །རྡོ་རྗེ་གསོར་ཞིང་སྡིག ་མཛུབ་འཆང། །འོད་ཀྱི་སྤྲུལ་བའི་དཀྱིལ་ན་གནས། །པདྨ་སྟོང་ལྡན་འདབ་དཀྱིལ་ན། །ཉི་ཟླའི་གདན་ལ་ཞབས་ཀྱིས་བསྟེན། །ཡེ་ཤེས་ཀྱི་ནི་མཐུ་སྐྱེད་ཅིང། །བྱིན་གྱིས་བརླབ་པ་ལ་སོགས་བྱ། །སྐུ་དེ་ཉིད་ནི་བརྟན་པར་བསྒོམ། །གཤིན་རྗེ་སྲོག་གཅོད་དེ་ལ་ཡང།། ་བདེན་པའི་ཚིག་གིས་བཀའ་བསྒོ་བྱ། །དེ་དག་འཕྲོས་པར་གྱུར་ནས་ཀྱང། །གཏོར་མ་ཡང་ན་བཏང་བར་བྱ། །དེ་ནས་རྣམ་ཤེས་འཕོ་བའི་ཕྱིར། །མན་ངག་སྟོབས་ཀྱི་སྦྱོར་བ་ཡིས། །རྣ་བའི་དྲུང་དུ་སྔགས་འདི་བཟླས། །རྡོ་རྗེ་འཛིན་པའི་རྡོ་རྗེ་བསམ། །ོཾ་ན་མོ་བྷ་ག་ཝ ་ཏེ། སརྦ་དུངྒ?་ཏི་པ་རི་ཤོ་དྷ་ནེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྦྷ་ཏ་སཾ་མྱཀསཾ་བུདྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཡ་མ་བྷཡ་པི་ནི། བྱོ་མ་རུ་པ་ཡ། སརྦ་བྱ་བི་ནི་ཤི་པ་ཡ་ཧྲི། བྲ་རྨ་མཱ་ཏ་ཧྲིམ། བཥབྱི?་དད་ཡ་ཏེ། ཧཱུཾ་རུ་ཏྲ་དད་ཡི་ཏེ། ཀྵུ་རུ་ར་དྲཀྵ་ར་པི་སརྦ་ནི་ཧཱུཾ་རུ་དྲེ་ས་རུ་པེ། ཧྲི་ན་ད། ་ཨཱ་ཏ་མ་ཀ། ཧཱུཾ་བིན་དུ་ཤ་རེ་རེ་ཨོཾ་ཤག་ཏྲི་སཾ་ཤག་ཏྲི་ས་མ་ཤག་ཏྲི་ས་ཡོ་ཛ་ནེ། མ་བྱོ་མ་ཡོ་ཛ་ནི། མ་བྱོ་མ་ཡོ་ཛ་ནི། བྷོ་ཥ་ཏ་ཀཻ་བ་ལྱེ་བ་དེ་ཧམ་བིདྷཡེ་ན་མ། ཨའུཾ་ཧཱུཾ་ལྟུཾ་ཀྵུཾ་ཀྵུཾ་ཀྵུཾ་ན། ཨོཾ་ཨོཾ་ཨའི་ཨུ། བྱོ་མ་བྱ་པི་ནི་པོ་ཤ་ཊ། དེ་ནས་གསང་སྔགས་འདི ་ཡིས་ནི། །མི་བསྐྱོད་གནས་ནི་ཉམས་དགའ་པ། །དགའ་དང་འཆི་བ་རྣམ་སྤངས་པར། །རྣམ་པར་ཤེས་པ་བྱུང་ནས་འགྲོ་།དེ་ཡི་ཚངས་པའི་སྒོ་ནས་ནི། །རྣམ་ཤེས་མྱུར་དུ་བྱུང་བར་འགྱུར། །བཞིན་ནི་རབ་ཏུ་འཛུམ་བྱེད་ཅིང། །རོ་ནི་ངོ་མཚར་ཕྱག་རྒྱར ་ལྡན། །དེ་ལྟ་བུ་ཡི་སེམས་ཅན་དེ་ལ་ནི། །བར་མདོ་ཡི་གནས་དག་ཏུ། །འོད་ཀྱི་ཕྲེང་བའི་འཁོར་ལོ་ཡིས། །མི་བསྐྱེད་པ་དང་ཐ་མི་དད། །འོད་ཀྱིས་གཟུང་ནས་འཁོར་ལོ་ཡིས། །ཆ་ལུགས་འཛིན་པ་ཉིད་དུ་ལྷ། །དེ་ཡི་སྡིག་པ་བསྡུས་ནས་ཀྱང། །ཁོག་པའི་རྟེན་ལ་སྡུད ་པར་བྱ། །ག་བུར་གུར་ཀུམ་ལ་སོགས་པའི། །སྤོས་ཀྱི་ཆུ་ཡིས་བཀྲུ་བར་བྱ། །དྲི་མ་མེད་པའི་རས་ལ་ནི། །བྱིན་གྱིས་བརླབས་ནས་གཡོག་བར་བྱ། །རོལ་མོའི་ཆ་བྱད་དང་ལྡན་པས། །དུར་ཁྲོད་དགོན་པའི་གནས་སུ་བསྐྱལ། །དེ་ནས་རོ་ནི་བསྲེག་བྱས་ཏེ། །ས་དང་སྟ་གོན་ཆོ ་ག་དང། །སློབ་དཔོན་ལས་དང་དཀྱིལ་འཁོར་བསྒྲུབ། །དེ་ནས་རོ་ན་བསྲེག་པར་བྱ། །ཡང་ན་སྟ་གོན་བྱས་རྟིང་ལ། །བསེག་པར་བྱ་བ་ཉིད་དུ་བྱ། །ས་ནི་བརྟག་དང་བླང་བ་དང། །སྦྱར་དང་བྱིན་གྱིས་བརླབ་པ་དང། །གཟུང་དང་བསྲུང་བ་ཉིད་དུ་བྱ། །དེ་རྣམས་ཞིབ ་ཏུ་བྱ་བ་ཡང། །དཀྱིལ་འཁོར་སྤྱི་རྒྱུད་གཞན་དང་མཐུན། །དེ་ནས་མཎྜལ་སྟེང་དུ་ནི། །ཐིག་ལེ་བྱས་ཏེ་ཚོམ་བུ་དགྲམ། །ལྷ་བསྐྱེད་པའམ་ལྷ་སྤྲུལ་པ། །ཡེ་ཤེས་སྤྱན་དྲངས་གཉིས་སུ་བསྲེ། །བྱིན་བརླབས་དབང་བསྐུར་བྱས་ནས་ནི། །ཕྱི་མཆོད་ནང་མཆོད ་གསང་མཆོད་དང། །རྡོ་རྗེ་གླུ་དང་གར་སོགས་ཀྱིས། །མཆོད་ཅིང་བསྟོད་པ་རྒྱས་པར་བྱ། །གསོལ་བ་བཏབ་སྟེ་སྙན་གསན་དབབ། །དེ་ནས་སྦྱིན་སྲེག་དག་གིས་སྦྱང། །བུམ་པ་བྱིན་གྱིས་བརླབ་པ་ཡང། །བྱ་དང་མི་བྱ་གཉིས་སུ་བསྟན། །བྱེད་ན་ཆོ་ག་གཞན་དང ་མཐུན། །སློབ་མ་སྟ་གོན་གནས་པ་ཡང། །གཤིན་དང་གསོན་ནི་གཉིས་སུ་བསྟན། །མི་བསྐྱོད་གནས་ན་གནས་པ་དེར། །དབང་བསྐུར་བྱེད་ན་འདིར་བཀུག་ལ། །སྟ་གོན་ཡང་ནི་རྒྱས་པར་བྱ། །སྟ་གོན་བྱེད་པའི་ཚུལ་རྣམས་ཀྱང། །གསོན་ལ་བྱེད་པ་ཇི་བཞིན་བྱ། ་དབང་བསྐུར་དེ་ནི་མི་བྱེད་ན། །སྟ་གོན་དེ་ཡང་མི་བྱ་སྟེ། །མི་བསྐྱོད་གནས་སུ་བཞག་ནས་ནི། །བྱིན་བརླབས་བྱས་ཏེ་སྨོན་ལམ་གདབ། །རོ་དེ་ཉིད་ནི་བྱིན་བརླབས་ལ། །སྲེག་ཁང་ཐུར་ལ་ཁྲུ་དོ་འམ། །ཁྲུ་གང་རྐོ་བ་ཆེ་ཆུང་ཚད། །རྒྱར་ཡང་གྲུ་བཞི་ཁྲུ་དོ་འམ། །མུ་རན་སོར་བརྒྱད་བཅུ ་དྲུག་ཚད། །ཁ་དོག་དཀར་པོ་ཟླུམ་ཞིང་འཁྱིལ། །དབུས་སུ་པདྨ་འདབ་བརྒྱད་བྲི། །ཕྱི་རོལ་བྲི་དང་མི་བྲི་དང། །འགྲི་བ་རྒྱན་རྣམས་གཞན་དང་མཐུན། །རྒྱན་རྣམས་ཐམས་ཅད་རྫོགས་པར་དགྲམ། །ཤིང་རྣམས་དྲི་དང་ལྡན་པ་དང། །འཇག་མ་ཀུ་ཤ་ལ་སོགས་ཀྱིས། །ཐབ་ཁུར ་འོག་ཏུ་གདིང་བར་བྱ། །ཕུང་པོ་ཤིང་དུ་ཁ་བསྟན་ཏེ། །གཅིག་པུར་བཅས་ཏེ་བཞག་པར་བྱ། །ཤིང་རྣམས་མཆོད་རྟེན་དབྱིབས་སུ་བརྩིག་།ཕྱི་ནི་མཆོད་རྟེན་དབྱིབས་འདྲ་ལ། །ཁ་དོག་དཀར་པོར་བྱས་ནས་ཀྱང། །སྐར་ཁུང་བཞི་ནི་གཏོད་པར་བྱ། །མཆོད་རྫས་ལ་སོགས ་བཀྲམ་ནས་ཀྱང། །བདག་ཉིད་བསྐྱེད་པ་རྫོགས་བྱས་ལ། །ཕོ་བྲང་བྱིན་གྱིས་བརླབས་ནས་ཀྱང། །མེ་ལྷ་རྒྱལ་པོ་བསྐྱེད་པར་བྱ། །ཡེ་ཤེས་མེ་ལྷས་ན་དྲངས་ལ། །བགེགས་བསལ་མཆོད་ཅིང་བསྟོད་པ་བྱ། །ཡེ་ཤེས་དགུག་ཅིང་བསྟིམ་བྱས་ལ། །རྒྱས་གདབ་དམ་ཚིག ་བསྒོ་བ་དང། །དབང་བསྐུར་བྱས་ནས་མཆོད་པར་བྱ། །བསྟོད་པ་ལ་སོགས་རྫོགས་ནས་ཀྱང། །མེ་ལྷ་ཤར་ལྷོར་བཞུགས་པའམ། །ཡང་ན་ཐུགས་ཀར་ཕོ་བྲང་བཅའ་། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བྱིན་བརླབས་ལ་སོགས་རྫོགས་བྱས་ལ། །ཕྱི་མཆོད་ནང ་མཆོད་གསང་མཆོད་བྱ། །དེ་ནས་རྩ་བའི་སྔགས་ལ་ནི། །སྡིག་པ་ཞི་བྱེད་སྔགས་བཟླས་ལ། །བར་དུ་མིང་ནི་གཞུག་པར་བྱ། །ཉི་ཤུ་རྩ་གཅིག་བརྒྱ་རུ་བཟླས། །མཆོད་རྫས་གཡོན་དུ་བཀྲམ་ནས་ཀྱང། །སྲེག་རྫས་གཡས་སུ་དགྲམ་པར་བྱ། །མར་དང་ཡམ་ཤིང་ཞོ་དང་ནི།། ་མར་ར་གསུམ་འབྲས་ཆན་ལ་སོགས་པ། །རིམ་པ་བཞིན་དུ་དབུལ་བར་བྱ། །ཐ་མར་དགང་བླུགས་ཕུལ་ནས་ནི། །མཆོད་ཅིང་བསྟོད་དེ་གསོལ་བ་གདབ། །བཛྲ་མུ(རྒྱུད་འགྲེལ་བཞིན་བསྡུས་ཏེ་བྱས། །ཡེ་ཤེས་མེ་ལྷ་གཤེགས་ནས་ནི། །དམ་ཚིག་མེ་ལྷ་བསྡུ་བར་བྱ། །དེ་ལྟར་བརྟེན་དང་སྡིག་བཤགས་ལ། །བརྟེན་པ་གོང་བཞིན་བཀུག་ནས་ནི། །ཕོ་བྲང་གཉིས་སུ་བཅའ་བྱས་ནས། །རང་ཉིད་ལྷག་པའི་ལྷར་གནས་པས། །དཀྱིལ ་འཁོར་ཆོ་ག་ཇི་བཞིན་བར། །དཀྱིལ་འཁོར་བཅུག་ལ་དབང་བསྐུར་བྱ། །དེ་ནས་སྨོན་ལམ་གདབ་བར་བྱ། །མི་བསྐྱོད་པ་ཡི་གནས་དག་ཏུ། །ཟླ་བའི་དཀྱིལ་འཁོར་སྟེང་བཞག་སྟེ། །རླུང་གི་འཁོར་ལོའི་ཤུགས་ཀྱིས་འཕང། །དེ་ལྟར་བྱེད་པའི་རྣལ་འབྱོར་གྱི། །མན་ངག་ལག་ལེན ་གོམས་པ་ཡིས། །སྦྱངས་ནས་བདེ་འགྲོར་ངེས་པར་སྐྱེ། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ངན་སོང་གསུམ་ན་འཁྱམ་ན་ཡང། །སྔགས་ལ་སོགས་པའི་མཐུ་རྣམས་ཀྱིས། །དུས་དེ་རུ་ནི་ཤིན་ཏུ་བདེ། །དེ་ནས་མྱུར་དུ་ཐར་བར་བྱེད། །གཞན་ཡང་དུར་ཁྲོད་རུས་བ་ནི། །ལོ ་བརྒྱ་འམ་ལོ་སྟོང་ལོན་པ་ལ། །བསྲེག་པ་ལ་སོགས་བྱས་བ་ན། །སྡུག་བསྔལ་ལས་ནི་ཐར་བར་འགྱུར། །རུས་བ་མེད་ན་མིང་སོགས་ལ། །ཆོ་ག་བྱས་ན་ཐར་བར་འགྱུར། །ཉམས་སུ་མ་ལོན་ཆོ་ག་འཁྲུགས། །རང་ཉིད་དམྱལ་བར་འགྲོ་བའི་རྒྱུ། །དེ་བས་མཁས་པས་བསྒྲིམས ་ཏེ་བྱའོ། །ཕུར་པོ་རྟེན་དང་བཅས་པ་ཡི། །བསྲེག་པ་ལས་ཀྱི་རིམ་པ་ཨི་ཋཱི། །རྫོགས་པའི་མན་ངག་བསྟན་པ་ནི། །རང་ཉིད་ལྷག་པའི་ལྷར་བསྒོམས་ལ། །ལྟེ་བ་སྙིང་ཁ་མགྲིན་པ་དང། །མགོ་བོ་ཡི་ནི་གནས་དག་ཏུ། །སྤྲུལ་བ་ཆོས་ཀྱི་སྐུ་དང་ནི། །ལོངས་སྤྱོད་བདེ་ཆེན་གནས ་ཞེས་བྱ། །ལྟ་བར་དྲུག་ཅུ་རྩ་བཞི་ལ། །གསལ་བྱེད་ཡི་གེ་ཉིས་ལྡབ་དགོད། །སྙིང་ཁར་སྡེ་ཚན་མང་པོ་བརྒྱད། །མགྲིན་པར་ཨཱ་ལི་བཅུ་དྲུག་དགོད། །དུང་ཁང་གི་ནི་གནས་དག་ཏུ། །ཱ་ལི་གཉིས་ནི་བཟླས་པར་བྱ། །བདེ་ཆེན་གྱི་ནི་གནས་དག་ཏུ། ། བ་དྷུ་ཏི་དབུས་སུ་བརྒྱུག། ་ལ་ལ་ནཱ་དང་ར་ས་ནཱ། །གཡས་དང་གཡོན་དུ་རྒྱུག་པ་ཡིན། །དེ་རྣམས་ནང་ན་རྡོ་རྗེ་རུང། །ཕྲ་མོ་དག་ནི་གནས་པ་ཡིན། །དེ་ལ་རྟེན་གྱི་བྱང་ཆུབ་སེམས། །ཉི་མའི་ཟེར་བཞིན་ཁྱབ་བར་གནས། །བདེ་ཆེན་ཚངས་པའི་མཐོང་ཁུང་ནས། །རྡོ་རྗེ་ནོར་བུ་མཐར་ཐུག་བར། །ཤིན་ཏུ ་ཁྱབ་པར་རྒྱས་པ་ཡིན། །གཏུམ་མོ་སྦར་བའི་སྟོབས་ཀྱིས་ནི། །དེ་ཉིད་གསལ་བར་རྒྱས་པ་དང། །བྱང་ཆུབ་སེམས་ཀྱང་ཤིན་ཏུ་གསལ། །དེ་ལ་བརྟེན་པའི་བྱང་ཆུབ་སེམས། །མི་འགྱུར་སྟོབས་འཛིན་ས་ལ་གསལ། །བདེ་ཆེན་འཁོར་ལོའི་གནས་དག་ཏུ། །དགའ་བ་སྐྱེས ་པ་བུམ་པའི་དབང། །འབྲས་བུ་ཡང་ནི་བསྟན་པ་ཡིན། །ལ་ལ་དག་གིས་བཞེད་ཀྱིས་ནི། །རྩ་དང་རླུང་དང་བརྟེན་པ་ལ། །བཤད་ཚུལ་བཞི་ཡིས་བུམ་པའི་དབང། །དངོས་སུ་དགའ་བའི་དོན་ལ་ཡང། །དགའ་བདེ་བཞི་ཡི་དོན་ཚང་བས། །བུམ་པའི་དབང་གཞི ་དེ་ལ་སྦྱར། །མགྲིན་པ་ལོངས་སྤྱད་འཁོར་ལོ་ལ། །རྩ་རླུང་རྟེན་དང་བརྟེན་པ་ལ། །ཤེས་པའི་དབང་ནི་ཚུལ་བཞིན་བཤད། །དེ་ནི་མཆོག་དགའ་སྐྱེ་བའི་ས། །མཆོག་དགའ་ཉིད་དང་དགའ་བཞི་ཚང། །གསང་བའི་དབང་གཞི་དེ་ལ་སྦྱར། །སྙིང་ག་ཆོས་ཀྱི་འཁོར ་ལོ་ལ། །ཁྱད་པར་དགའ་བ་བསྐྱེད་པའི་ས། །རླུང་སོགས་ཤེས་རབ་ཡེ་ཤེས་དབང། །ཁྱད་པར་དགའ་བ་དེ་ལ་ཡང། །དགའ་བཞི་སྐྱེ་བའི་རིམ་པ་ལ། །ཤེས་རབ་ཡེ་ཤེས་དོན་ཞེས་བྱ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །ལྷན་ཅིག་སྐྱེས་པ་དགའ་བའི་ས། །མཐར་ཐུག་བཞི་ཡི ་དབང་འདི་ཡིན། །དེ་ཡི་གཞུང་ལུགས་གཉིས་པོ་ཡང། །མན་ངག་རིམ་པར་སྦྱར་བར་བྱ། །བཞི་པ་དེ་ལའང་གཉིས་སུ་བསྟན། །རྟེན་བཅས་དང་ནི་རྟེན་མེད་དོ། །རྟེན་བཅས་ལ་ཡང་གཉིས་སུ་བསྟན། །སྤྲོས་བཅས་དང་ནི་སྤྲོས་མེད་དོ། །རྟེན་བཅས་གཏུམ་མོ་ཉིད་ལ་བརྟེན། །སྤྲོས ་བཅས་ཀུན་ཏུ་བཟང་མོའི་མཁའ་། །རྣམ་དག་ཀློང་དཀྱིལ་བསྟན་པའི་ཕྱིར། །ཡེ་ཤེས་ཐབས་ཀྱིས་མཚོན་བྱེད་ནི། །མན་ངག་སྤྲོས་ཏེ་བསྟན་པས་སུ། །མཁའ་དབྱིངས་རྣམ་དག་རྟོགས་པར་འགྱུར། །སྤྲོས་མེད་མན་ངག་བསྟན་པ་ནི། །གོང་གི་མན་ངག་དེ་དག་ཀུན། །འདི་ཡིས ་རྟོགས་པ་སྤང་བྱ་ཡིན། །དངོས་པོ་གནས་པའི་གནས་ལུགས་ནི། །རང་གི་བྱང་ཆུབ་སེམས་ཉིད་ནི། དཀར་པོ་ལ་སོགས་མ་ཡིན་ཞིང། །མཚོན་བྱེད་ཀུན་གྱིས་མཚོན་དུ་མེད། །ཤེས་བརྗོད་ཀུན་ལས་འདས་པས་ན། །གང་དུ་ཡང་ནི་བསམ་དུ་མེད། །ཡོངས་སུ་ཡང་ནི་རྡུལ ་ཙམ་མེད། །ཆོས་རྣམས་ཡེ་ནས་སྐྱེ་མེད་ལ། །སྐྱེ་བ་མེད་ཅེས་སྒྲོ་མི་འདོགས། །ཆོས་སུ་སྣང་བ་འཁྲུལ་པའི་སེམས། །སེམས་ཉིད་ཡེ་ནས་སྐྱེ་མེད་ལ། །སྐྱེ་བ་མེད་ཅེས་སྒྲོ་མི་འདོགས། །བླུན་པོ་གང་ཞིག་མི་ཤེས་པས། །དཔེར་ན་ནམ་མཁའ་འདི་མེད་ཅེས། །སྒྲོ ་འདོགས་འབྱེད་པས་རྟོགས་མི་འགྱུར། །རྣལ་འབྱོར་མཁས་པ་རྣམས་ཀྱིས་སུ། །སྐྱེ་བ་མེད་ལ་སོགས་པ་རུ། །ཡི་ཉིད་ནས་སུ་སྒྲོ་མི་འདོགས། །དེ་ལྟ་བུ་ཡི་དོན་ཉིད་ལ། །ཐེ་ཚོམ་མེད་པར་གཏན་ལ་དབབ། །དེ་ནས་རྣལ་འབྱོར་གདེང་གྱུར་པས། །བསམ་མེད་ཡེངས་མེད་ཙམ་དུ ་ནི། །བསྒོམ་པས་མན་ངག་རྟོགས་པར་འགྱུར། །དེ་ལྟར་རྟོགས་པ་རྫོགས་རིམ་གྱིས། །དབང་གི་མན་ངག་མཐར་ཐུག་ཡིན། །རབ་ཏུ་གནས་པའི་རྫོགས་རིམ་ཀྱང། །རྣལ་འབྱོར་མཁས་པས་སྦྱོར་ཤེས་བྱའོ། །མི་མཁས་པས་ནི་དུག་ཏུ་འགྱུར། །དེ་ཡང་དུས་སྐབས་བཞི་རུ་ནི། ་རིམ་པ་བཞིན་དུ་རྟོགས་པར་བྱའོ། །དང་པོ་བྱ་བའི་དུས་དག་ནི། །སྔོན་དུ་འགྲོ་བ་རྫོགས་བྱས་ལ། །ནམ་མཁར་གནས་པ་དེ་དག་ལ། །སྔོན་གྱི་བཞིན་དུ་གསོལ་བ་གདབ། །ཆོ་ག་ཡན་ལག་རྫོགས་བྱས་ལ། །དག་པ་ལ་སོགས་བྱས་པ་ལ། །དང་པོ་དེ་ལ་ནུས་པ་བཞུག་།ནུས་མཐུ ་བསྐྱེད་པའི་ཆོ་ག་ནི། །བྱས་ནས་དེ་ལ་ཚོགས་བསག་གོ་།དེ་ནས་དུས་ནི་གཉིས་པ་རུ། །ཕྲ་མོ་འཐོབ་པའི་རྣལ་འབྱོར་གྱིས། །སྙིང་གའི་ཕོ་བྲང་གནས་དག་ཏུ། །དེ་དང་དེ་ནི་ཐ་མི་དད། །དེ་ཉིད་ལ་ནི་དེ་ཉིད་ཀྱིས། །དེ་ཉིད་དུ་ནི་ཅུང་ཞིག་ཏུ། །དེ་ཡི་དེ་ཡི་ཐབས་ཀྱིས་སུ། །དེ་ལྟ་དེ ་ལྟར་རྫོགས་པར་བྱ། །དུས་ནི་གསུམ་པ་དག་ལ་ནི། །ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས། །འཁོར་ལོ་རྟེན་གྱི་གནས་དག་ཏུ། །དེ་ཉིད་དེ་ལྟར་གནས་པ་ན། །དེ་ཉིད་ལ་ནི་དེ་ཉིད་དོ། །དེ་ཉིད་ཐབས་ཀྱི་སྦྱོར་བས་སུ། །དེ་དེ་མན་ངག་རྫོགས་པར་ཐོབ། །དུས་ནི་བཞི་པ་དག་ལ་ཡང།། ་རྣ་བརྒྱུད་སྟོབས་ཀྱི་སྤྱོད་ཡུལ་ཡིན། །དེ་ལྟར་རབ་གནས་རྫོགས་རིམ་བྱ། །རྡོ་རྗེ་ནོར་བུའི་རྩ་བ་རུ། །དགའ་བ་སྐྱེས་པ་བུམ་པའི་དབང། །གསང་བའི་ཕོ་བྲང་གནས་དག་ཏུ། །མཆོག་དགའ་སྐྱེས་པ་གསང་བའི་དབང། །ཁྱད་པར་དགའ་བའི་གནས་དག་ཏུ། །ཁྱད་པར་དགའ་བ ་སྐྱེས་པ་ནི། །ཤེས་རབ་ཡེ་ཤེས་དབང་ཉིད་དོ། །རིན་ཆེན་ཕོ་བྲང་གནས་དག་ཏུ། །ལྷན་ཅིག་དགའ་བ་སྐྱེས་པ་ནི། །དབང་ནི་བཞི་པར་ཤེས་པར་བྱ། །དེ་ལ་རྫོགས་རིམ་ལས་ཀྱི་རིམ། །ཕྲེང་བ་ལྟ་བུར་བརྒྱུད་དེ་འོངས། །དེ་དག་དྲག་པོའི་ལ་སོགས་རྣམས། །རིན་ཆེན་ཕྲེང་ལྟར་བརྒྱུད་པ་འདི། །སྲོག་ལུས ་རྫས་རྣམས་འབུལ་བྱེད་པའི། །རིན་ཆེན་ལྟ་བུའི་གང་ཟག་ལ། །བཅའ་བཀའ་དམ་བཞག་བྱས་ཏེ་གཏད། །དེ་ལྟར་མི་བྱེད་རྨོངས་པས་སུ། །དམ་མེད་རྨོངས་པའི་ལག་ཤོར་ན། །དུས་མིན་ཤི་ནས་དམྱལ་བར་ལྟུང། །དེ་ནས་ནན་ཏན་བསྐྱེད་དེ་བཙའ། །བདག་གིས་སེམས་ཅན་གདོན་པའི ་ཕྱིར། །མན་ངག་རིན་ཆེན་འདི་བྱས་པས། །བདག་དང་འགྲོ་བའི་སེམས་ཅན་རྣམས། །ཕྱག་རྒྱ་མཆོག་ནི་ཐོབ་པར་ཤོག་།ལས་ཀྱི་རིམ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ། །སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་བཱིརྱ་དབུས་སུ ་ཏྲའི་ཞལ་སྔ་དང། །ལོཙྪ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ། དུར་ཁྲོད་ནགས་ཚལ་དུ་བརྒྱུད་པའི་སློབ་དཔོན་ལ། ཤིན་ཏུ་གསང་ཞིང་ཞུས་པའི་དོན་ལགས་སོ།། (།།ཕྱག་ན་རྡོ་རྗེ་ལྕེ་བབས་ཀྱི་འགྲེང?་བ་མུ་ཏིག་གི་ཕྲེང་བ་བཞུགས་སོ།། །) ་