CLOSE WINDOW

N1818: phyag na rdo rje gos sngon po can gyi gtor ma'i cho ga
Wyliee-texts based on the ACIP/ALL Input

ཏོ།། (།།ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག་བཞུགས་སོ།།)་*། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ལཾ་བཱ་ར་དྷ་ར་བ་ལིཾ་ཏ་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག་།འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ ་ལོ། །རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། །བདག་གིས་གཏོར་མ་བཤད་པར་བྱ། །ཕན་གདགས་པ་དང་ཚར་བཅད་པ། །ཕན་པ་མཆོག་དང་ཐུན་མོང་ངོ། །གསང་བ་བླ་མེད་མཆོག་ཏུ་འདོད། །ཕྱི་ནང་ཐུན་མོང་ཤེས་པར་བྱ། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །ཚར ་བཅད་པའང་ཤེས་པར་བྱ། །དགུག་དང་བསྐྲད་དང་བསད་པ་དང། །མནན་དང་བསྲེག་པར་ཤེས་པར་བྱ། །རྒྱུན་ནམ་དུས་ཆེན་བཞི་གསུམ་གཉིས། །ཆུང་ངུ་རྒྱུན་ནམ་ཆེན་པོ་ནི། །བཅུ་གཉིས་བཞིའམ་ཐ་མ་གཅིག་།རྩ་བ་ལྔ་དང་ཡན་ལག་ལྔ། །འབྲུ་དང་ཤིང་ཐོག་སྨན་རྣམས་དང ་ཆན་ཐུག་ཁུར་ལ་སོགས་པ་ཡི། །རྫས་རྣམས་ཐམས་ཅད་འཚོགས་པར་བསགས། །དེ་སྟེངས་དཀར་གསུམ་ཀླུ་ལ་ཤིས། །ཁྲག་སྣ་སྙིང་སྣ་ཤ་སྣ་གསུམ། །དེ་སོགས་ཐུན་རྫས་ཚར་བཅད་དོ། །བསྐྱེད་རིམ་ཚུལ་དུ་བྱ་བ་དང། །བླ་མ་ནས་བཟུང་བསྲུང་བྱས་ལ། །ཆོ་ག་གསུམ ་དུ་བསྐྱེད་པ་འམ། །ཆུང་ངུ་སྐད་ཅིག་ལྷར་བསྐྱེད་ལ། །མཚན་དང་ལྡན་པའི་པདྨ་རུ། །རྫས་རྣམས་ཀུན་གྱིས་བཀང་ནས་ནི། །སྟེང་དུ་རྡོ་རྗེ་སྔོན་པོ་བསམ། །ཁོང་སེང་ཅན་ལ་ཧཱུཾ་གིས་མཚན། །མཐོ་གང་ལ་ནི་རི་བོང་ཅན། །དེ་ལ་བཅུ་དྲུག་བདུན་པས་མཚན། །རྡོ་རྗེ་མཚན་ལྡན ་བྱ་བ?་ནི། །སྡུད་སྦྱོངས་འཕྲོ་བའི་མཐིང་དམར་དཀར། །བད་འོག་ཡེ་ཤེས་ལྔ་ལྡན་གསུམ། །གྲུ་གསུམ་འོག་ན་ཟླ་གམ་ཅན། །ཐུགས་ཀྱི་མཐིང་གནག་འཕྲོས་བ་ལས། །རྡོ་རྗེ་ལྟེ་བསྐུལ་མཛའ་གཉིས་བསྐྱོད། །དམར་པོ་འབར་བས་མཚན་ལྡན་དྲོས། །ཐུགས་ཀྱིས་བསྡུས་ཤིང ་གསུང་གིས་སྦྱངས?། །སྐུ་ལ་འཕྲོས་པས་རི་བོང་བསྐུལ། །ཤེས་རབ་ཅན་ལ་འོད་ཟེར་འཕྲོས། །དེ་ཡིས་ཡབ་ཡུམ་བསྐུལ་ནས་ནི། །ཁ་དོག་དཀར་པོའི་བདུད་རྩི་བབ། །དང་པོ་བསྐུལ་བྱེད་འོད་དུ་ཞུ། །ཁོང་སེང་ཅན་ནས་པདྨར་བབས། །བབས་པའི་རྟང་ལ་དེ་ཉིད་ལྷུང། །ལན་གསུམ ་བསྐོར་ནས་འོ་མ་བཞིན། །ལྔ་པའི་དང་པོ་ལྔ་པས་མཚན། །དེ་ཡིས་གདན་བསྐྱེད་འཁོར་བཅས་བསྐྱེད། །ཛི་ཧྭཾ་རྡོ་རྗེ་ཁོང་སེང་ཅན། །བདུད་རྩི་གསོལ་བས་མཉེས་པར་བསམ། །ཡང་ན་ལྷ་མོ་དཀར་མོ་ཡིས། མཚན་ལྡན་གྱིས་ནི་བཀང་ནས་མཆོད། །བསྟོད་ནས་བཤགས ་ཤིང་ལས་བཅོལ་ལོ། །དེ་ཡང་རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །དེ་ལྟར་བྱས་ནས་གཤེགས་སུ་གསོལ། །ཡང་ན་སྐད་ཅིག་ལྷར་བསྐྱེད་ལ། །ཐུགས་ཁའི་ཧཱུཾ་གིས་བདུད་རྩི་སྦྱངས། །སླར་ཡང་ཡེ་ཤེས་བདུད་རྩི་དབབ། །ཡུད་ཙམ་སྤྲུལ་པས་ལྷ་ཡིས་གསོལ། །ཡུང ་ཙམ་མོས་པས་གསུམ་ཀ་གསལ། །ཤིན་ཏུ་བསྡུས་པས་ཟས?་དེ་བཞིན། །ཕན་གདགས་པའི་སྦྱོར་ཀ་སྟེ་དང་པོའོ།། །།དགུག་པའི་གཏོར་མའི་སྦྱོར་ཀ་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །ཐུན་མོང་གཏོར་མ་དག་དང་མཐུན། །ཁྱད་པར་གཏོར་མ་བསྟན ་པ་ནི། །དུར་ཁྲོད་འཇིགས་པའི་གནས་དག་ཏུ། །ཤིན་ཏུ་དམར་བའི་གོས་གྱོན་ལ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །ཆོ་ག་གསུམ་གྱིས་ལྷར་བསྐྱེད་པའམ། །ཆོ་ག་རྣམ་ལྔས་ལྷར་བསྐྱེད་པ། །གང་ཡང་རུང་བས་བྱས་ལ་བྱིན་གྱིས་བརླབ། །གཏོར་མའི་རྫས་ནི་ཐུན་མོང་རྫས་སྟེང ་དུས?་ཁྱད་པར་རྫས་ནི་རཀ་ཏ་སྣ་ཚོགས་དང། །གཤོག་པ་ཅན་གྱིས་ཤ་སྣ་སྣ་ཚོགས་ཤིས། །བྱིན་གྱིས་བརླབས་ལ་བདེ་གཤེགས་མཆོད། །གཉིས་པ་མཁའ་འགྲོ་མ་ལ་མཆོད། །གསུམ་པ་ཆོས་སྐྱོང་རྣམས་ལ་མཆོད། །བཞི་པ་འབྱུང་པོ་ཐམས་ཅད་ཚིམ་པར་བྱ། ། ་ཡང?་ན་འཇིག་རྟེན་ལ་དང་འཇིག་རྟེན་ལས་འདས་པ་གཉིས་སུ་མཆོད་པར་བྱའོ། །སྔགས་ནི་རྩ་བའི་སྔགས་ལ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་མམ་ཉི་ཤུ་རྩ་གཅིག་བཟླས། །མཁའ་འགྲོ་མའི་སྔགས་ནི་བུདྡྷ་ཊཱ་ཀི་ནི། བཛྲ་ཊཱ་ཀི་ནི(རྒྱུད་འགྲེལ་སི?་ཤྭ་ཊཱ་ཀི་ནི(རྒྱུད་འགྲེལ་གི་གཙོ་བོ་ཡིན་པས་སྔགས་ཀྱང་གོང་བཞིན་ཤེས་པར་བྱ། །ཕྱོགས་ཀྱི་སྔགས་ནི། །ིནྡྲ་ཞེས་བྱ་བ་ལས་ཀྱི་ཚོགས་དང་མཐུན། །འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ནི་ཨོ་ཨཱ་ཀ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པས་བྱའོ། །དེ་ནས་བསྟོད་པ་བྱ་ཞིང ་འཕྲིན་ལས་བཅོལ། །འོད་ཟེར་འཕྲོས་པས་ཐལ་མོ་བརྡབ། །ངེས་སུ་ཐམས་ཅད་བསྐུལ་ནས་ནི། །གང་ལ་བྱ་བ་དགུག་པར་བསམ། །དེ་འང་ལན་གྲངས་བརྒྱ་ནས་སྟོང། །ཁྲི་ནས་འབུམ་གྱིས་ཁུགས་པར་འགྱུར། །དགུག་པའི་གཏོར་མའི་སྦྱོར་ཀ་སྟེ་གཉིས་པའོ།། ་བསྐྱེད་པའི་གཏོར་མའི་སྦྱོར་ཀ་ནི། ཐུན་མོང་ཆོ་ག་ཐམས་ཅད་ནི། །ཐུན་མོང་གཏོར་མ་དག་དང་མཐུན། །ཁྱད་པར་གཏོར་མ་ཕལ་ཆེར་ཡང། །བསྐད་པའི་ཚོགས་ཀྱི་སྦྱོར་ཀར་བལྟ། །མན་ངག་ཁྱད་པར་བསྟན་པ་ནི། །ཤིང་ལོ་འམ་གྲོ་ག་དགེ་ལ་ནི། །རླུང་དང་བསྒྲུབ་བྱའི་གཟུགས ་བྲིས་ལ། །འོད་ཟེར་རླུང་གིས་བསྐྱེད་པ་དང། །ཁྲོ་བོ་དག་གིས་བསྐྱོད་པ་དང། །རླུང་ལྷ་དག་ལ་བསྐྱོད་ནས་ནི། །ནམ་མཁའ་མཛའ་གཏུགས་བསྐྱེལ་བར་བྱ། །བསྐྲད་པའི་གཏོར་མའི་སྦྱོར་ཀ་སྟེ་གསུམ་པའོ།། །།བསད་པ་ཁྲོ་བོས་བསད་པ་དང། །མཚན་ཆའི་ཆར ་སོགས་དབབ་པས་བསད། །སྔགས་དང་ཕྱག་རྒྱ་རྫས་སོགས་གཞན། །མཁས་པས་མན་ངག་སྦྱར་བར་བྱའོ། །བསད་པའི་སྦྱོར་ཀ་སྟེ་བཞི་པའོ།། །།མནན་པའང་གོང་མ་བཞིན་ཏེ་མཐུན། །ཁྱད་པར་རི་རབ་འབུམ་དང་ནི། །རྡོ་རྗེ་དང་ནི་ཁྲོ་བོ་ཡང། །འབུམ་དུ་ ་བྱས་ཏེ?་འོད་ཟེར་སོགས། །སྦྱོར་བ་གཞན་ཡང་མན་ངག་བཞིན། །མནན་པའི་སྦྱོར་ཀ་སྟེ་ལྔ་པའོ།། །།བསྲེག་པ་སྐུ་གསུང་ཐུགས་ཀྱིས་བསྲེག་།ཡང་ན་མེ་ལ་སོགས་པ་ཡི། །སྦྱོར་བ་གཞན་དུ་ཤེས་པར་བྱའོ། །སྲེག་པའི་སྦྱོར་ཀ་སྟེ་དྲུག་པའོ།། །། ་བཅིངས་པ་ཡིས་ནི་སྦྱོར་བ་ཡང། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ལུ་གུ་རྒྱུད་དང་ཞགས་པ་དང། །ལྕགས་སྒྲོག་ལ་སོགས་སྦྱོར་བ་ཡིས། །མཁས་པ་ཡིས་ནི་བཅིངས་པར་བྱ། །བཅིངས་པའི་སྦྱོར་ཀ་སྟེ་བདུན་པའོ།། །།ཀླུ་དང་རྒྱལ་པོ་གཉིས་ལས ་ནི། །ཁྱད་པར་གཏོར་མ་བསྟན་པ་ནི། །དངུལ་དང་འཁར་བ་ཤིང་ཕོར་དང། །ས་དཀར་སྣོད་དུ་བྱ་བར་ཤིས། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །དཀར་གསུམ་མངར་གསུམ་ཀླུ་ལ་ཤིས། །རིན་ཆེན་སྣོད་ནི་མཛེས་པ་རུ། །རིན་ཆེན་ལྔ་དང་འབྲུ་སྣ་ལྔ། །གང་ཟབ་ཤིང་རྟོག་ལ ་སོགས་པ། །རྒྱལ་པོ་ཉིད་ལ་ཤིས་པར་གསུངས། །དེ་གཉིས་བྱིན་གྱིས་བརླབ་པ་ཡང། །རྫས་ཀྱི་སྟེང་དུ་ཧྲཱི(རྒྱུད་འགྲེལ་དྲི་མ་ལས་དཔག་བསམ་ཤིང་བསམ་སྟེ། །དེ་ཡི་ཡལ་གའི་གསེབ་ཏུ་ནི། །སི་ལས་བདུད་རྩི་བུམ་པ་བསམ། །དེ་ཡིས་བདུད་རྩི་ཡི་ནི་རྒྱུན། །ལག་མཐིལ་དུ་ནི་བབས་ནས་ཀྱང། །གཏོར་མའི་ནང་དུ་འདྲེས་པར་བསམ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་དེ་ནས་རང་གི་མདུན་དུ་པདྨ་བཞི་བསམ། །དེ་ནས་རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས། །ཀླུ་ཐམས་ཅད་ནི་པདྨར་བཀུག་།འོད་ཟེར་འཕྲོས་པས་སྦྱངས་སོགས་བྱ། །ཐམས་ཅད་འོད་དུ་ཞུ་བ་ལས། བདེ་གཤེགས་ཀླུའི་སྤྲུལ་པའམ། །གསུང་གི་རིགས་ཀྱི་ལྷ་རུ་གྱུར། །དེ་ནས། ་སྤྱན་དྲངས་བསྟིམ་ཞིང་དབང་བསྐུར་བྱ། །དེ་ནས་རྡོ་རྗེ་རྩེ་ལྔ་སྤུ་གུ་ཅན་དུ་བསམས་ལ། །དེ་ནས་སྤྱན་དྲངས་ལ་གསོལ་བར་བསམ། །བསྟབ་པའི་སྔགས་ནི། ཨོཾ་བཱ་སུ་གི་པ་ལིཾ་ཏ་ཁཱ་ཧི་ཞེས་ཀླུ་རྣམས་ཀྱིས་སོ་སོའི་རྩ་བའི་སྔགས་ལ་བཏགས་ལ་དབུལ་བར་བྱའོ། །གཤེགས ་སུ་གསོལ་བའི་སྔགས་ནི་བཛྲ་མུ(རྒྱུད་འགྲེལ་སྙིང་གའི་ལྷ་རྣམས་ལ། །གཏོར་མ་ཟས་རྣམས་ཡིན་པས་ན། །བདུད་རྩིར་བྱིན་གྱིས་བརླབས་ནས་ནི། །ལྷ་ལ་ཏིང་ངེ་འཛིན་གྱིས་དབུལ། །དེ་ནི་རྣལ་འབྱོར་ལམ་པ་ཡིན། །ཕྱག་རྒྱ་ཕྱག་རྒྱའི་མན་ངག་བཞིན། །ནང་གི་གཏོར་མའི་སྦྱོར་ཀ་སྟེ་དགུ་པའོ།། །།གསང་བའི། ་གཏོར་མའི་སྦྱོར་ཀ་ནི། །ལྟེ་བ་པདྨ་གཏོར་མའི་སྣོད། །དེ་སྟེ་ཟླ་བའི་སྟེང་དུ་ནི། །བྱང་ཆུབ་སེམས་ཀྱི་ཀུན་དེ་ལ། །བདུད་རྩི་ལ་སོགས་ཡོན་ཏན་སོགས། །གཏོར་མའི་རྫས་སུ་བསྟན་པ་ཡིན། །དེ་འོག་ཙནཌ་ལི་ཡི་མེ། །དེ་འོག་རླུང་སྔོན་བསྐྱོད་པ་ལས། །མེ་འབར་བདུད་རྩི་ཞུ་སྟེ་ཕབ།། ་འཁོར་ལོ་མཁའ་འགྲོ་རྣམས་ལ་མཆོད། །རྟོག་པ་ཞི་བ་ལས་རྣམས་འགྲུབ། །གསང་བའི་གཏོར་མའི་སྦྱོར་ཀ་སྟེ་བཅུ་པའོ།། །།བླ་ན་མེད་པའི་གཏོར་མ་ནི། །ལྷན་ཅིག་སྐྱེས་པའི་དགའ་བ་ལ། །ཐམས་ཅད་རྫོགས་པའི་མན་ངག་འཆང། །བླ་ན་མེད་པའི་གཏོར་མའི་སྦྱོར ་སྟེ་བཅུ་གཅིག་པའོ།། །།གཏོར་མའི་མན་ངག་སྦྱོར་ཀ་རྣམས། །མན་ངག་རིམ་པར་དཀོད་པ་ཡིས། །བདག་དང་མཛའ་ཡས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག་།སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི། བོད ་