| Wylie | e-texts based on the ACIP/ALL Input |
གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྦྱོར་ཀ་ཆེན་པོའི་ཆོ་ག་སྟ་སྟབས་ཀྱི་སྦྱོར་ཀ་སྟེ་སུམ་ཅུ་བཞི་པའོ།། ་རྒྱ་གར་སྐད་དུ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ག་ན་བིདྷི། བོད་སྐད་དུ། གནོད ་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱོར་ཀ་ཆེན་པོའི་ཆོ་ག་།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན ་པོ་ཅན་ལ་ཕྱག་འཚལ་ལོ། །དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱིས། །རིག་སྔགས་གསང་སྔགས་བདག་པོ་རུ། ། ་དབང་བསྐུར་འབྱུང་པོ་ཚར་གཅོད་པ། །གསང་སྔགས་སྡུད་མཛད་ཁྱོད་ཕྱག་འཚལ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །རྒྱུད ་རྣམས་མ་ལུས་ཀུན་དང་ནི། །རྣལ་འབྱོར་ཕ་རྒྱུད་མ་རྒྱུད་ཀྱི། །རྣལ་འབྱོར་ཆེན་པོའི་རྒྱུད་དང་ནི། །རྣལ་འབྱོར ་རྒྱུད་དང་སྤྱོད་པའི་རྒྱུད། །རྒྱུད་རྣམས་ཀུན་དང་མི་འགལ་ཕྱིར། །མན་ངག་ཅུང་ཟད་དྲན་པ་འདི། །བློ་དམན་བསྒྲུབ་པའི་དོན་དུ ་ནི། །རྣལ་འབྱོར་ཆ་རྐྱེན་བསྟན་པར་བྱ། །སྦྱོར་བའི་རིམ་པ་དཔག་མེད་ཀྱང། །སྒྲུབ་པ་པོ་ཡི་དོན་སླད་དུ། །དགོས་པ་བསྡུས ་པ་བསྟན་པ་འདི། །སྒྲུབ་པོ་སློབ་དཔོན་དང་བྲལ་ན། །སྦྱོར་བ་འདི་རྣམས་བསྟན་པར་གསུངས། །དེ་ལ་སྦྱོར་བ་རིམ་བཞིན་བསྟན།། ་དང་པོ་ཚོགས་གཉིས་རྫོགས་བྱའི་ཕྱིར། །བདག་ཉིད་སྐད་ཅིག་ལྷར་སྤྲུལ་ལ། །སྙིང་གར་ཟླ་བའི་མཎྜལ་བསམ། །ཧཱུཾ་གི་འོད་ཟེར་འཕྲོས་པ་ལས། ་སྒྲིབ་པ་སྦྱངས་ནས་ཕྱི་ནང་གསལ། །མདུན་དུ་ཟླ་བའི་གཟུགས་བརྙན་དང། །པདྨའི་གཟུགས་བརྙན་གསུམ་མམ་གཅིག་།ལ་ལ་གཞལ་ཡས ་སྤྲུལ་པར་འདོད། །དེ་རུ་དཀྱིལ་འཁོར་བསམ་པ་དང། །བསོད་ནམས་དོན་ཕྱིར་སྤྱན་དྲངས་བསྟིམ། །བླ་མ་སྦྱང་སོགས་བྱས་ནས་ཀྱང། །གཞན ་སོགས་མན་ངག་བཞིན་དུ་བྱ། །ཕྱག་འཚལ་ཕྱི་ནང་གསང་བས་མཆོད། །མཚམས་མེད་མི་དགེ་སྡོམ་ཉམས་ནས། །རྩ་བའི་དམ་ཚིག་ཉམས ་པ་ཀུན། །སྒྱུ་མའི་སེམས་ཀྱིས་བཤགས་པར་བྱ། །དགེ་བ་ཀུན་ལ་རྗེས་ཡི་རང། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ ་བ་འདེབས། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །རྡོ་རྗེ་ཅན་ལ་ལུས་འབུལ་ལོ། །བསོད་ནམས་ཅི་བསགས་ཐམས་ཅད་ཀུན། །བྱང་ཆུབ ་ཆེན་པོར་བསྔོ་བར་བྱ། །ཚད་མེད་བཞི་ཡང་བསྒོམ་པར་བྱ། །དེ་ནས་ཕྱི་ནང་སྣོད་བཅུད་ཀུན། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །དེ་ནས་ནམ་མཁའ་ཨི་ཆོས་འབྱུང་ལ། ། ་ཡི་གེ་ཆོ་འཕྲུལ་འཕྲོས་པ་ལས། །འབྱུང་བའི་དཀྱིལ་འཁོར་རིམ་བཞིན་བསྐྱེད། །དེ་ཡི་སྟེང་དུ་རི་རབ་བསྐྱེད། །དེ་སྟེང་རྡོ་རྗེ་རྒྱ་གྲམ་ལ། །འཁོར་ལོ་རྩིབས ་བཅུ་འབར་བས་མཚན། །ཟླ་བའི་སྟེང་དུ་གནོད་མཛེས་སྤྲུལ། །ཡི་གེ་ཧཱུཾ་གི་འཕྲོ་འདུ་ལས། །ཁྲོ་བོ་བཅུ་སྤྲུལ་ཧཱུཾ་བཞི་ཡི། །གསང་སྔགས་བཟླས་ནས ་བཀའ་བསྒོ་བྱ། །ཁྲོ་བོ་སྤྲུལ་པས་བགེགས་རྣམས་བཀུག་།ཡང་བསྒོ་སྐུ་གསུང་ཐུགས་ཀྱི་ནི། །ཕུར་བུའི་སྔགས་བརྗོད་ཐོ་བས་བརྡུང། །བསྲེགས་ནས ་ནམ་མཁའ་ཉིད་དུ་འགྱུར། །དེ་ནས་ཧཱུཾ་གི་འཕྲོ་འདུ་ཡིས། །རྡོ་རྗེ་གུར་དང་ར་བར་འགྱུར། །ཡི་གེ་བྷྲུཾ་གྱི་འཕྲོ་འདུ་ལས། །གནོད་མཛེས་འོད་དུ་ཞུ་ནས་ཀྱང། །གཞལ་ཡས་ཁང་ནི་མཛེས་པར་འགྱུར།། ་དེ་སྟེང་པདྨ་འདབ་བརྒྱད་གདན། །རང་གི་སེམས་ཀྱི་ཚེ་འཕྲུལ་ལས། །ཟླ་བའི་དཀྱིལ་འཁོར་ཆེན་པོ་ལ། །ཡི་གེ་ཨཱ་ལིས་མཚན་བར་བྱ། །ཉི་མའི་དཀྱིལ་འཁོར་ཆེན་པོ་ལ། །ཡི་གེ་ཀཱ་ལིས ་མཚན་པར་བྱ། །ཧཱུཾ་ལས་རྡོ་རྗེ་དེ་ཉིད་མཚན། །བྱིན་བརླབས་བསྡུས་ནས་འོད་དུ་ཞུ། །དེ་ལས་སྐུ་ནི་བསྐྱེད་པར་བྱ། །པདྨ་དབུས་ཀྱི་ལྟེ་བ་ལ། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །ཤར་གྱི ་པདྨའི་འདབ་མ་ལ། །ཁྲོ་བོ་རྣམ་པར་རྒྱལ་བ་བསྐྱེད། །ལྷོ་ཡི་པདྨའི་འདབ་མ་ལ། །བཅོམ་ལྡན་མགོན་པོ་ནག་པོ་བསྐྱེད། །ནུབ་ཀྱི་པདྨའི་འདབ་མ་ལ། །ལུས་ངན་རྒྱལ་པོ་བསྐྱེད་པར་བྱ། །བྱང ་གི་པདྨའི་འདབ་མ་ལ། །བདུད་རྩི་འཁྱིལ་པ་བསྐྱེད་པར་བྱ། །བྱང་ཤར་དུ་ནི་གནོད་སྦྱིན་བསྐྱེད། །ཤར་ལྷོ་རུ་ནི་རོ་ལངས་མ། །ལྷོ་ནུབ་རྡོ་རྗེ་མཁའ་འགྲོ་མ། །ནུབ་བྱང་དུ་ནི་འཇིགས་བྱེད་མ། ། ་མཚམས་རྣམས་སུ་ནི་ལྷ་མོ་བཞི། །འོད་སྐྱེད་མ་དང་ཡིད་འཕྲོག་མ། །ཀུན་བཟང་མ་དང་གླུ་སྒྲ་མ། །ཤར་གྱི་སྒོ་རུ་སྲོག་གཅོད་མ། །ལྷོ་ཡི་སྒོ་རུ་དབུགས་རྡུབ་མ། །ནུབ་ཀྱི་ཕྱོགས་སུ་ཁྲག་འཐུང་མ། ་བྱང་གི་ཕྱོགས་སུ་ཤ་ཟ་མ། །དེ་ལྟར་དཀྱིལ་འཁོར་བསྐྱེད་ནས་ཀྱང། །ཡི་གེ་ཧཱུཾ་གི་འོད་ཟེར་དང། །སྔགས་དང་ཕྱག་རྒྱའི་ཚིགས་བཅད་སྒྲས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ལ། །མཆོད་བསྟོད ་བྱས་ནས་དམ་ཚིག་ལ། །བྱིན་བརླབས་བསྟིམས་ཏེ་དབང་བསྐུར་རོ། །དེ་ལྟའི་དཀྱིལ་འཁོར་ཆེན་པོ་ལ། །ཐུན་བཞི་ཐུན་བརྒྱད་བར་དག་ཏུ། །བསྒོམས་ནས་བརྟན་པར་གྱུར་པས་ན། །ལས་རྣམས་གཞན་ནམ་རྫོགས་རིམ ་ལ། །གཞུག་པར་བྱ་བ་ཁོ་ན་ཡིན། །འཁོར་ལོ་ཆེན་པོའི་སྦྱོར་ཀ་སྟེ་དང་པོའོ།། །།བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཆེན་པོ་མི་ནུས་པས། །ལྷ་རྣམས་སོ་སོ་ཀུན་ལ་ཡང།། ་རྒྱན་གཅིག་པ་ལ་སྦྱོར་བ་བསྟན། །དང་པོ་གཙོ་བོའི་སྦྱོར་བ་ནི། །བདག་ཉིད་སྐད་ཅིག་ལྷར་སྤྲུལ་ལ། །ཡི་གེ་ཧཱུཾ་མན་ངག་སོགས། །རིམ་པ་བཞིན་དུ་ཤེས་པར་བྱ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང། །རྗེས་སུ ་ཡི་རང་བསྐུལ་བ་དང། །གསོལ་བ་གདབ་ཅིང་སྐྱབས་སུ་གསོལ། །ལུས་འབུལ་དགེ་རྩ་བསྔོ་བར་བྱ། །ཆད་མེད་བཞི་བསྒོམ་སྟོང་ཉིད་བསྒོམ། །སྟོང་པའི་ངང་ལས་ཡི་གེ་ཧཱུཾ། །དེ་ལས་ཕྱག་མཚན་རྡོ་རྗེར་གྱུར། །དེ་ཉིད་ལས་ནི་སྐུ་བསྐྱེད་དོ།། ་སྐུ་མདོག་སྔོན་པོ་ཞལ་གཅིག་པ། །མཆེ་བ་གཙིགས་མཛད་སྤྱན་མིག་བཟློག་།ཕྱག་གཡས་རྡོ་རྗེ་བསྣམས་མཛད་ནས། །ཕྱག་གཡོན་ནམ་མཁའ་ལྡིང་ནི་བསྣམས། །གཡོན་བརྐྱང་གཡས་བསྐུམ་ཀླུ་ལ་ཤིས། །གཡས་པ་རྡོ་རྗེ་བསྣམ་མཛད་ནས། ་གཡོན་བརྩེ་གསུམ་བསྣམས་པ་ནི། །གཤིན་རྗེ་དག་ལ་ཤིས་པར་བསྟན། །གཡས་པ་རྡོ་རྗེ་གསོར་ནས་ནི། །གཡོན་པ་དྲིལ་བུ་བསྒྲགས་པ་ནི། །གནོད་སྦྱིན་དྲག་ལ་ཤིས་པར་བསྟན། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ་།བྱིན་བརླབས་དབང་བསྐུར་བྱས་ནས་ཀྱང། །ཐུན་མཚམས ་བཞིར་ནི་བརྟན་པར་བསྒོམ། །གཙོ་བོའི་སྦྱོར་ཀ་སྟེ་གཉིས་པའོ།། །།བཅོམ་ལྡན་འདས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །སྐད་ཅིག་ལྷར་སྦྲོལ་ཐུགས་ཀ་རུ། །ཉི་མའི་སྟེང་དུ་ཧཱུཾ་སོགས་རྫོགས། །ཕྱག་འཚལ་མཆོད་ཅིང་བཤགས་པར་བྱ། །རྗེས་སུ་ཡི་རང་ལ་སོགས་བྱ།། ་སྟོང་པ་ཉིད་དུ་བསྒོམས་ནས་ཀྱང། །སྟོང་པའི་ངང་ལས་ཆོ་འཕྲུལ་དུ། །རྡོ་རྗེ་པདྨ་ཉི་ཟླའི་སྟེང། །དེ་སྟེང་ཧཱུཾ་ལས་རྡོ་རྗེར་གྱུར། །རྡོ་རྗེ་ལས་ནི་སྐུ་བསྐྱེད་དོ། །ཁྲོ་ཆ་ཁམས་གསུམ་རྣམ་རྒྱལ་ན། །སྐུ་མདོག་དམར་པོ་དབུ་གསུམ་པ། །ཕྱག་དྲུག་དང་པོ་རྡོ་རྗེའོ། །གཡོན་གྱི་དང་པོ་དགྲ་སྟའོ། །བར ་མ་གཉིས་ཀྱིས་འཆིང་བྱེད་པ། །གུང་མོ་མཐེ་བོང་ངོས་བཏུང་ནས། །གཞན་རྣམས་ཡོངས་སུ་བརྐྱང་བ་ཡིན། །དེ་ཉིད་སྙིང་ཁར་བཟུང་ནས་ནི། །དེ་འོག་གཡས་པས་ཞགས་པ་བསྣམས། །གཡོན་པ་རལ་གྲི་བསྣམས་པའོ། །ཡེ་ཤེས་སྤྱན་དྲངས་བསྟིམས་ནས་ཀྱང། །བྱིན ་བརླབས་དབང་བསྐུར་བྱས་ནས་ནི། །ཐུན་མཚམས་བཞི་རུ་བརྟན་པར་བསྒོམ། །སྙིང་ཁའི་མན་ངག་གསལ་ནས་ཀྱང། །ལྕེ་ནི་རྡོ་རྗེར་བྱིན་གྱིས་བརླབས། །བཟླས་བརྗོད་འཕྲོས་འདུས་བསྙེན་པ་བྱ། །དུས་གྲངས་མཆན་མ་ཐེམས་པ་དང། །བསྒྲུབ་པ་གང་འདོད་བརྩམ་པར་བྱའོ།། ་རྣམ་པར་རྒྱལ་བའི་སྦྱོར་ཀ་གསུམ་པའོ།། །།བཅོམ་ལྡན་འདས་དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །སྐད་ཅིག་ལྷ་རུ་སྤྲུལ་ནས་ཀྱང། །ཧཱུཾ་གི་མན་ངག་རྫོགས་པ་ཡིས། །ཕྱག་འཚལ་མཆོད་པ་ལ་སོགས་བྱ། །སྟོང་པ་ཉིད་ཀྱི་དང་ཉིད་ལས། །རིན་ཆེན་གདན་སོགས་རྫོགས ་བྱས་ལ། །ཡི་གེ་ཧཱུཾ་ལས་བེ་ཙོན་གྱུར། །དེ་ཉིད་ལས་ནི་སྐུ་རྫོགས་གྱུར། །དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་ནག་པོ་དུང་སྤྲིན་འདྲ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གཡས་པ་ཙན་དན་བདེ?་ཆེན་བསྣམས། །གཡོན་པ་ཞགས་པ་བསྣམས་པའོ། །ཞབས་ནི་བརྐྱན ་བསྐུམ་ཚུལ་དུ་བཞུགས། །ཡེ་ཤེས་མགོན་པོ་སྤྱན་དྲངས་བསྟིམས། །བྱིན་བརླབས་དབང་བསྐུར་ལ་སོགས་བྱ། །དེ་ལྟར་བསྟན་ནས་བཟླས་བརྗོད་བྱ། །མགོན་པོ་མདུན་དུ་སྤྱན་དྲངས་ནས། །བཟླས་བརྗོད་ལ་སོགས་རྫོགས་བྱས་ལ། །དེ་ནས་སྒྲུབ་པ་བརྩམ་པར་བྱ།། ་མགོན་པོ་ལས་ཀྱི་སྦྱོར་ཀ་སྟེ་བཞི་པའོ།། །།ལུས་ངན་གསུང་མཆོག་སྤྲུལ་ལ་ཕྱག་འཚལ་ལོ། །སྐད་ཅིག་ལྷར་སྤྲུལ་ཧཱུཾ་གིས་ནི། །སྤྱན་དྲངས་ལ་སོགས་རྫོགས་བྱས་ལ། །ཕྱག་འཚལ་མཆོད་པ་ལ་སོགས་བྱ། །སྟོང་པའི་ངང་ལས་པད་སོགས་གང་ན། །ཡི་གེ་ཧཱུཾ་ལས་མཆོད ་རྟེན་གྱུར། །དེ་ཉིད་ལས་ནི་སྐུ་བསྐྱེད་དོ། །ལུས་ངན་སྐུ་མདོག་ལྗང་གུའོ། །ཞལ་གཅིག་ཕྱག་གཡས་མཆོད་རྟེན་བསྣམས། །གཡོན་པ་ནེའུ་ལེ་བསྣམས་པའོ། །ཡེ་ཤེས་སྤྱན་དྲངས་བསྟིམས་ནས་ནི། །བྱིན་གྱིས་བརླབས་ཅིང་དབང་བསྐུར་རོ། །བཟླས་བརྗོད་བསྙེན་པ་རྫོགས་ནས་ནི།། ་དེ་ནས་སྒྲུབ་པ་བརྩམ་པར་བྱའོ། །ལུས་ངན་པོའི་སྦྱོར་ཀ་སྟེ་ལྔ་པའོ།། །།ཁྲོ་ཆེན་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །སྐད་ཅིག་ལྷར་སྤྲུལ་ཧཱུཾ་གིས་ནི། །སྦྱོར་བ་ལ་སོགས་རྫོགས་པར་བྱ། །དེ་ནས་ཕྱག་འཚལ་མཆོད་སོགས་བྱ། །སྟོང་བའི་ངང་ལས་རྡོ་རྗེའི་གདན། །དེ ་སྟེང་ཧཱུཾ་ལས་རྡོ་རྗེའོ། །དེ་ཉིད་ལས་ནི་སྐུ་རྫོགས་འགྱུར། །ཁྲོ་ཆེན་བདུད་རྩི་འཁྱིལ་པ་སྐུ་སྔོན་པོ། །ཞལ་གཅིག་ཕྱག་གཉིས་བྲང་དུ་བསྣོལ། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བྱིན་གྱིས་བརླབ་ཅིང་དབང ་བསྐུར་རོ། །བསྙེན་པ་ལ་སོགས་རྫོགས་ནས་ནི། །དེ་ནས་བསྒྲུབ་པ་བརྩམ་པར་བྱའོ། །བདུད་རྩི་འཁྱིལ་པའི་སྦྱོར་ཀ་སྟེ་དྲུག་པའོ།། །།མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་མཁའ་འགྲོ་ལ་སོགས་ཀྱང། སྤྲུལ་པ་དང་ནི་རང་བརྒྱུད་ཀྱི། །མན ་ངག་རྣམས་ནི་ཤེས་པར་བྱ། །མདུན་དུ་སྤྲུལ་དང་བསྐྱེད་པ་ནི། །གཙོ་བོའི་དབང་དུ་བྱ་བ་དང། །སོ་སོ་རང་རང་དབང་དུའོ། །དེ་རྣམས་ཆོ་ག་ལ་སོགས་ཀྱང། །མན་ངག་བཞིན་དུ་ཤེས་པར་བྱའོ། །གནོད་སྦྱིན་ཁ་དོག་དམར་ནག་ལ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། ། ་གཡས་གཡོན་གྲི་གུག་ཅང་ཏེའུ། །རོ་ལངས་མ་ནི་སྔོ་སྐྱ་སྟེ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །རྡོ་རྗེ་ལྕགས་སྒྲོག་བཟུང་ནས་ནི། །གུང་མོ་སྲིན་ལག་པ་སོགས་རྣམས། །དམ་པོར་བཀུག་པས་ཡོངས་སུ་བསྡམས། །མཐེབ་མཛུབ་བཞི་རྣམས་རབ་བརྐྱང་སྟེ། །སྤྱི་བོར་ངེས་པར་བསྣོལ ་ནས་བསྡམས། །རྡོ་རྗེ་མཁའ་འགྲོ་མདོག་སེར་སྐྱ། །ཕྱག་གཉིས་སྤྱི་བོར་སྦྱར་ནས་སུ། །མེ་ལྕེའི་ཕྲེང་བ་ཡོངས་སུ་འཛིན། །འཇིགས་བྱེད་མདོག་ནི་སྔོ་ནག་ལ། །ཞལ་གསུམ་ཕྱག་དྲུག་ཞབས་གཉིས་པ། །གཡས་ཀྱི་དང་པོ་གླང་པོ་རྣམས། །གཡོན་པ་གླང་པོའི་ལྤག་པ་བསྣམས། ་དེ་འོག་གཡས་པ་རྡོ་རྗེ་བསྣམས། །གཡོན་པ་དགྲ་སྟ་བསྣམས་པའོ། །དེ་འོག་གཡས་པ་ལྕགས་ཀྱུ་བསྣམས། །གཡོན་པ་མི་མགོ་རློན་པ་བསྣམས། །གནོད་སྦྱིན་མཁའ་འགྲོ་དེ་རྣམས་ཀྱང། གཙོ་བོ་གོས་སྔོན་ལ་བསྐོར་ལྷ་ནེའི་ཚུལ། །དཀྱིལ་འཁོར་ཚུལ་གྱི་སྒོ་ཐབས ་དང། །ཡང་ན་སོ་སོ་རེ་རེ་དང། །རྗེ་ཁོལ་ཚུལ་དུ་གནས་ནས་ཀྱང། །ལས་རྣམས་ཀུན་ལ་མངག་པ་དང། །ཡང་ན་སྦྱོར་ཐབས་ཚུལ་གནས་ནས། །བསང་མཆོད་འབུལ་ཞིང་ཕྱག་རྒྱ་བསྒྲུབ། །གནོད་སྦྱིན་མཁའ་འགྲོ་མའི་སྦྱོར་ཀ་སྟེ་བདུན་པའོ།། །།རྡོ་རྗེ་ལྷ་མོ ་རྣམས་ལ་ཕྱག་འཚལ་ལོ། །ལྷ་མོ་འདི་རྣམས་ཆོ་ག་ཡང། །མཁའ་འགྲོ་བཞིན་དུ་འདིར་ཤེས་བྱ། །འོད་བསྐྱེད་མ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་མོའོ། །ཕྱག་གཉིས་མེ་ཏོག་བསྣམས་པའོ། །ཡིད་འཕྲག་མ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་སེར་མོ་མཛེས ་པའི་ཚུལ། །ཕྱག་གཉིས་དྲི་ཡི་སྤོས་པོར་བསྣམས། །ཀུན་བཟང་མ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་དམར་མོ་མཛེས་པའི་ཚུལ། །ཕྱག་གཉིས་ཞལ་ཟས་རོ་བརྒྱ་ལྡན་པ་བསྣམས། །ཀླུང་སྒྲ་ཅན་ནི་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་སྔོན་མོ་མཛེས་པའི་ཚུལ།། ་ཕྱག་གཉིས་སྒྲ་བརྙན་གར་གྱིས་རོལ། །ལྷ་མོ་འདི་རྣམས་ཀུན་ལ་ཡང། །དཀྱིལ་འཁོར་ལས་དང་མཆོད་པའི་ཚུལ། །གསུམ་པའི་མན་ངག་ཤེས་མོད་ཀྱང། །ཁྱད་པར་མཆོད་པའི་ཚུལ་དུ་བསྟན། །མཆོད་པའི་ལྷ་མོའི་སྦྱོར་ཀ་སྟེ་བརྒྱད་པའོ།། །།སྒོམ་བཞི་ལ ་ཕྱག་འཚལ་ལོ། །སྒོ་མའི་ཆོ་ག་ལ་སོགས་ཀྱང། །གོང་གི་ཆོ་ག་སྦྱོར་ཤེས་བྱའོ། །སྲོག་གཅོད་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་མཐིང་ག་འཇིགས་པའི་ཚུལ། །ཕྱག་གཉིས་ཐོ་བ་ཞགས་པ་བསྣམས། །དབུགས་རྡུབ་མ་ཞལ་གཅིག ་ཕྱག་གཉིས་པ། །སྐུ་མདོག་སེར་མོ་འཇིགས་པའི་ཚུལ། །ཕྱག་གཉིས་ཧོ་མ་གཟར་ཞགས་པ་རྣམས། །ཁྲག་འཐུང་མ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་དམར་མོ་འཇིགས་པའི་གཟུགས། །ཕྱག་གཉིས་གྲི་གུག་ཞགས་པ་བསྣམས། །ཤ་ཟ་མ ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་སྔོན་མོ་འཇིགས་པའི་ཚུལ། །ཕྱག་གཉིས་སྣོན་པོ་ཞགས་པ་བསྣམས། །ཁྲོ་མོ་འདི་རྣམས་སྤྱོད་ཚུལ་ཡང། །དཀྱིལ་འཁོར་ལས་དང་སྦྱོར་བའི་ཚུལ། །ཁྱད་པར་བསད་པའི་ལས་ལ་ཤིས། །སྒོ་མ་བཞིའི་སྦྱོར་ཀ་སྟེ་དགུ? ་པའོ།། །།བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བློ་རྣམས་རིམ་པ་ཡིས། །བསྡུས་རྒྱ་རིམ་པ་བསྟན་པར་བྱ། །པདྨ་འདབ་བརྒྱད་དཀྱིལ་འཁོར་ལ། །དབུས་དང་འདབ་བརྒྱད་ལྷ་དགུའོ། །ཕྱི་རིམ་ཀེང་རུས་འབར་བས་བསྐོར། །གྲུ་ཆང ་བཞི་ལ་ལྷ་མོ་བཞི་པོ་གནས། །སྒོ་རྣམས་བཞི་ལ་སྒོ་མ་བཞི། །འདི་ནི་རྣལ་འབྱོར་རྒྱས་པའི་ཚད། །རྣལ་འབྱོར་བསྡུས་ལ་མོས་པ་ཡིས། །ལྷ་ནི་བཅུ་གསུམ་བསྒོམ་པར་བྱ། །དེ་ལས་ཀྱང་ནི་བསྡུས་འདོད་ན། །ལྷ་ནི་དགུ་པོ་བསྒོམ་པར་བྱ། །དེ་ལས་ཀྱང་ནི་བསྡུས ་འདོད་ན། །ལྔ་དང་གསུམ་དང་གཉིས་དང་གཅིག་།མན་ངག་ཆོ་ག་མཐོང་བས་བྱ། །མ་མཐོང་བས་ནི་དམ་ཚིག་ཉམས། །དེ་དག་ཐམས་ཅད་ཀུན་ལ་ཡང། །ཚོགས་བསག་ལྔ་བསྐྱེད་མཁས་པས་བྱ། །བསྡུས་རྒྱ་ཀྱི་སྦྱོར་ཀ་སྟེ་བཅུ་པའོ།། །།བཅོམ་ལྡན ་འདས་རྡོ་རྗེ་བསྣམས་པ་ལ་ཕྱག་འཚལ་ལོ། །ལྷ་རྣམས་མཆོད་པའི་རིམ་པ་ནི། །ཤ་ཆེན་པོ་ལས་བྱུང་བ་ཡི། །དྲི་མཆོག་དུད་པ་རྒྱུན་མི་བཅད། །བདེ་གཤེགས་ཤངས་ལ་ཕུལ་གྱུར་པ། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག་།ཤ་ཆེན་བདུག་སྤོས་དབུལ ་པའོ། །བྷ་ག་རང་བྱུང་མེ་ཏོག་འདི། །ཡིད་འོང་ནམ་མཁའ་ཁྱབ་ཙམ་དུ། །བདེ་གཤེགས་དབུ་ལ་ཕུལ་བ་ཡིས། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག་།རཀྟའི་མེ་ཏོག་དབུལ་བའོ། །ཚིལ་ཆེན་དུར་ཁྲོད་རས་ལས་ནི། །མ་རིག་མུན་སེལ་སྒྲོན་མ་བྱུང། །བདེ་གཤེགས་སྤྱན་ལ་ཕུལ་གྱུར་པས།། ་སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག་།ཚིལ་ཆེན་མར་མེ་དབུལ་བའོ། །མཚན་དང་ལྡན་པའི་ཀ་པཱ་ལར། །རྡོ་རྗེ་དྲི་ཆུས་བཀང་ནས་སུ། །བདེ་གཤེགས་ཐུགས་ལ་ཕུལ་གྱུར་པས། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག་།རྡོ་རྗེ་ཆུ་ཡིས་མཆོད་པའོ། །མཚན་དང་ལྡན་པའི་ཀ་པཱ་ལ་ལར།། ་རྡོ་རྗེ་དྲི་ཆེན་གཏམས་ནས་སུ། །བདེ་གཤེགས་ལྗགས་ལ་ཕུལ་གྱུར་པས། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག་།དྲི་ཆེན་ལྷ་བཤོས་མཆོད་པའོ། །སིལ་སྙལ་རོལ་མོ་དཔག་མེད་རྣམས། །ཡིད་འོང་མཛེས་པར་སྤྲུལ་ནས་སུ། །བདེ་གཤེགས་སྙན་ལ་ཕུལ་གྱུར་པས། །སྐུ ་གསུང་ཐུགས་མཆོག་མཉེས་གྱུར་ཅིག་།སྒྲ་དང་རོལ་མོའི་མཆོད་པའོ། །རྡོ་རྗེ་ལྷ་མོ་འོད་བསྐྱེད་མ། །རྡོ་རྗེ་མེ་ཏོག་བསྣམས་ནས་ནི། །མཛེས་པའི་ཚུལ་གྱིས་མཆོད་ཕུལ་ནས། །མཆོད་པ་དམ་པའི་ཚུལ་གྱིས་བཞེས། །རྡོ་རྗེ་ལྷ་མོ་ཡིད་འཕྲོག་མ། །དྲིའི་དུང་པོར་བསྣམས་ནས་སུ། །གསང ་འོད?་བཞད་པའི་ཚུལ་གྱིས་སུ། །མཆོད་པ་དམ་པ་དབུལ་གྱིས་བཞེས། །རྡོ་རྗེ་ལྷ་མོ་ཀུན་བཟང་མ། །ཞལ་ཟས་རོ་མཆོག་བསྣམས་ནས་སུ། །དམར་མོ་བཞད་པའི་ཚུལ་གྱིས་ནི། །མཆོད་པ་དམ་པ་འབུལ་ལོ་བཞེས། །རྡོ་རྗེ་ལྷ་མོ་གླུ་སྒྲ་ཅན། །སྒྲ་བརྙན་གར་གྱི་རོལ་མོ་ཡིས།། ་འོད་སྔོན་འཕྲོས་པའི་གཞད་ཚུལ་གྱིས། །མཆོད་པ་དམ་བ་འབུལ་ལོ་བཞེས། །སྒེག་མོ་ལ་སོགས་བརྒྱད་རྣམས་ཀྱང། །རྒྱུད་རྣམས་གཞན་དང་མཐུན་པས་ན། །དེ་བཞིན་འདིར་ཡང་དབུལ་བར་བྱ། །རྡོ་རྗེ་གླུ་རྣམས་མཛེས་པ་ཡིས། །བསྟུན་ནས་ལྷ་ལ་མཆོད་པ་འབུལ། །མཆོད་པའི ་སྦྱོར་ཀ་སྟེ་བཅུ་གཅིག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ལྷ་རྣམས་བསྟོད་པའི་རིམ་པ་ནི། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །སྐུ་མདོག་སྔོན་པོ་འཇིགས་པའི་ཚུལ། །རྡོ་རྗེ་སྟོབས་ཀྱིས་འབྱུང་པོ་འདུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། ་རྣམ་རྒྱལ་རྡོ་རྗེ་ཁྲོ་བོ་ནི། །དབུ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །སྐུ་མདོག་འོད་དམར་བགེགས་རྣམས་བསྲེག་།བདུད་ལས་རྒྱལ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་མགོན་པོ་ནག་པོ་ནི། །ནག་པོའི་ཞགས་པ་འཛིན་མ?་ཅིང། །ཙན་དན་བེད་ཀྱིས?་ཐམས ་ཅད་འཇོམས། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ལུས་ངན་པོ་ནི་རྒྱལ་པོའི་མཆོག་།མཆོད་པའི་རྟེན་གྱིས་དོན་རྣམས་འགྲུབ། །ནེའུ་ལེ་རིན་ཆེན་གཏེར་བརྟན་རྣམས། །དགོས་འདོད་བསྐོད་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་བདུད་རྩིས་བདུད་རྣམས་འཇོམས། །ཕྱག་རྒྱ་སྡིག ་མཛུབ་མཛད་པ་ཡིས། །སྡང་མིག་མི་འགྱུར་ཞེ་ལ་གནོན། །འོད་སྔོན་པོ་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་ཁྲོ་བོ་འཇིགས་པའི་གཟུགས། །སྐུ་མདོག་དམར་ནག་འོད་ཟེར་ཅན། །གྲི་གུག་འབར་བས་གཅོད་མཛད་མ། །ཅང་ཏེའུ་སྒྲོགས་ལ་ཕྱག་འཚལ་བསྟོད། །རོ་ལངས་མ་ནི་མཐུ་མོ་ཆེ ་པོ?་སྐྱ་རྡོ་རྗེ་ལྕགས་སྒྲོག་སྡོམ། །ཕྱག་རྒྱ་སྤྱི་བོར་བསྣོལ་མཛད་མ། །རོ་ལངས་མ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ། །དམར་སྐྱ་མེ་ལྕེ་ཕྲེང་བ་འཛིན། །རྡོ་རྗེ་མེས་ནི་ཐམས་ཅད་བསྲེག་།རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །འཇིག་བྱེད་མ་ནི་ཐམས་ཅད ་འཇོམས། །སྔོ་ནག་ཞལ་གསུམ་ཕྱག་དྲུག་པ། །ཕྱག་མཚན་དྲུག་གིས་འབྱུང་པོ་འདུལ། །འཇིགས་བྱེད་མ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ལྷ་མོ་འོད་བསྐྱེད་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །རྡོ་རྗེ་མེ་ཏོག་ཕྱག་ན་བསྣམས། །འོད་བསྐྱེད་མ་ལ་ཕྱག་འཚལ ་བསྟོད། །རྡོ་རྗེ་ལྷ་མོ་ཡིད་འཕྲོག་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །དྲི་མཆོག་དཔག་མེད་ཕྱག་ན་བསྣམས། །ཡིད་འཕྲོག་མ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ལྷ་མོ་ཀུན་བཟངས་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཞལ་ཟས་རོ་མཆོག་བརྒྱ་ལྡན་བསྣམས ་ཀུན་བཟང་མ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ལྷ་མོ་གླུ་སྒྲ་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །སྒྲ་བརྙན་གར་གྱི་རོལ་པས་གནས། །གླུ་སྒྲ་ཅན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཁྲོ་མོ་སྲོག་གཅོད་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག་།སྒྲུབ་ལ་གནོད་པའི ་སྲོག་གཅོད་མ། །ཐོ་བ་ཞགས་པ་བསྣམས་ལ་ཕྱག་འཚལ་བསྟོད། །ཁྲོ་མོ་རྡོ་རྗེ་དབུགས་རྡུབ་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །སྒྲུབ་ལ་གནོད་པའི་དབུགས་རྡུབ་མ། །ཧོཾ་གཟར་ཞགས་པ་བསྣམས་ལ་ཕྱག་འཚལ་བསྟོད། །ཁྲོ་མོ་ཆེན་མོ་ཁྲག་འཐུང་མ། །ཞལ་གཅིག་ཕྱག་གཉིས ་སྐུ་མདོག་དམར། །སྒྲུབ་ལ་གནོད་པའི་ཁྲག་འཐུང་མ། །གྲི་གུག་ཞགས་པ་བསྣམས་ལ་ཕྱག་འཚལ་བསྟོད། །ཁྲོ་མོ་ཆེན་མོ་ཤ་ཟ་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །སྒྲུབ་ལ་གནོད་པའི་ཤ་ཟ་མ། །རྣོན་པོ་ཞགས་པ་བསྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་གླུ་ནི་མཛེས ་པ་ཡིས། །བསྟོད་པ་རྣམས་ཀྱིས་ལྷ་བསྟོད་པས། །ཚོགས་ཆེན་དཔག་མེད་སོགས་པར་འགྱུར། །བསྟོད་པའི་སྦྱོར་ཀ་སྟེ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །རྡོར་དྲིལ་བྱིན་བརླབས་མཆོད་པ་བསྟན། །རྡོར་དྲིལ་རབ་གནས་བྱས་པ་དང ་དང་པོ་སྟོང་དང་སྙིང་རྗེ་ལས། །ཡི་གེ་ཨ་ཧཱུཾ་རྣམ་གཉིས་ཕྱུང། །དེ་ལས་རྡོར་དྲིལ་བསྐྱེད་པར་བྱ། །ཡེ་ཤེས་རྡོར་དྲིལ་བྱིན་བརླབས་བསྟིམ། །ཡང་ན་རབ་གནས་བྱས་པ་ལ། །དང་པོ་བྱིན་བརླབས་གསལ་བས་ཆོག་།ལག་ན་རྡོ་རྗེ་བྱིན་བརླབས་ལ། །ལག་མཐིལ་ཉི་ཟླ་བ ་བྱིན་གྱིས་བརླབ། །ལག་གཡོན་མཐེ་བོང་སྲིན་ལག་གིས། །རྡོ་རྗེ་དྲིལ་བུ་བླང་བར་བྱ། །དྲིལ་བུ་འོག་ལ་རྡོ་རྗེ་སྟེང། །བརླ་གཡོན་སྟེང་དུ་བཞག་པར་བྱ། །ལག་གཡས་སྲིན་ལག་མཐེ་བོང་གིས། །རྡོ་རྗེ་ར་བྲག་བཙུགས་ནས་ནི། །བསྐོར་བའི་ཚུལ་གྱིས་ཐུགས་ཁར་བླང ་རྒྱུ་ཡི་ཡི་གེ་གཉིས་པོ་ཡང། །རྡོར་དྲིལ་ལ་ནི་མཚན་མར་བསམ། ཕྱག་ན་རྡོ་རྗེའི་ཏིང་འཛིན་གྱིས། །འགྱིང་བག་ཚུལ་གྱིས་བསྟན་པར་བྱ། །དང་པོ་གཡོན་དུ་གར་གསུམ་བསྒྱུར། །དེ་ནས་གཡས་སུ་གར་གསུམ་བསྒྱུར། །དེ་ནས་ཐུགས་ཀ་མགྲིན་པ་དང། །སྤྱི་བོ་དག་ཏུ་གར ་གསུམ་བསྒྱུར། །དེ་ནས་སླར་ལ་ཕབ་ནས་ནི། །ལྟེ་བ་ལ་སོགས་གནས་བརྒྱད་དུ། །རྡོ་རྗེ་དྲིལ་གཉིས་གསོར་བར་བྱ། །དེ་ནས་དྲིལ་བུ་ལན་གསུམ་དང། །རྡོ་རྗེ་ལན་གསུམ་གསོར་བར་བྱ། །དེ་ནས་རྡོ་རྗེ་དྲིལ་ཐབས་ནི། །བརྒྱད་ཀྱི་ཚུལ་དུ་མཆོད་པར་བྱ། དང་པོ་རྡོ་རྗེ ་དྲིལ་དུ་གཉིས། །གསོར་ཞིང་ཐུགས་ཀར་བརྟན་པར་གཟུང། །དེ་ནས་རྡོ་རྗེ་དྲིལ་བུ་གཉིས། །བསྣོལ་ཞིང་འཁྱུད་ནས་མཆོད་པ་འབུལ། །དེ་ནས་རྡོ་རྗེ་དྲིལ་བུ་གཉིས། །ནུ་མ་གཡས་གཡོན་ཐད་ཀ་རུ། །རྡོ་རྗེ་སྟེང་ལ་དྲིལ་བུ་འོག་།བསྣོལ་ཞིང་འགྱིང་བག ་ཕན་ཚུན་བཀྱེར། །དེ་ནས་རྡོ་རྗེ་དྲིལ་བུ་གཉིས། །གར་གྱི་ཚུལ་དུ་བསྟོད་ནས་ཀྱང། །རྡོར་དྲིལ་ལན་གཉིས་གསོར་བར་བྱ། །དྲིལ་བུ་ཐུགས་ཀའི་ཐད་ཀར་གསིལ། །རྡོ་རྗེ་དཔུང་གཡོན་ཐང་གསོར་ནས། །ད་ནས་ས་ལ་བཀྱེར་བར་བྱ། །སླར་ལ་ལོག་ཅིང་དཔུང་གཡོན་བསྐོར། ་དྲིལ་བུ་ཐུགས་ཀར་ཐད་བསིལ་ལ། །རྡོ་རྗེ་གསོར་ནས་ཐུགས་ཀར་ནི། །ཐད་ཀར་དཀྲོལ་ཞིང་གཟུང་བར་བྱ། །རྡོ་རྗེ་དང་ནི་དྲིལ་བུ་གཉིས། །གར་གྱི་ཚུལ་དུ་བཀྱེར་བ་དང། །རྡོ་རྗེ་དང་ནི་དྲིལ་བུ་གཉིས། །གཡས་གཡོན་དབང་དུ་བཀྱེར་བ་དང། །དེ་ལྟར་རྡོ་རྗེ་དྲིལ་ཐབས ་ཀྱིས། །རྡོ་རྗེ་གླུ་དང་བསྟུན་ནས་སུ། །བདེ་གཤེགས་རྣམས་ལ་མཆོད་པ་འབུལ། །གླུ་གར་རྩེད་འཇོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འཕུར་བར་འགྱུར། །རྣལ་འབྱོར་ཚོགས་འཁོར་ཚོགས་མཆོད་ཀྱི། །སྤྲོས་ལ་དགའ་བའི་དུས་སུ་བྱ། །རྣལ་འབྱོར་བསྡུས་པ་འདོད་ ་པ་ཡིས། །སྦྱོར་ཐབས་ཚུལ་གྱི་བཞི་པོ་བྱ། །ཤིན་ཏུ་བསྡུས་པ་འདོད་པ་ཡིས། །ལྷ་རྣམས་བསྟོད་པ་བར་བར་དུ། །རྡོ་རྗེ་དྲིལ་ཐབས་གསོར་བར་བྱ། །ཡང་ན་དྲིལ་བུ་རྒྱུན་དུ་ལ། །རྡོ་རྗེ་མཚམས་སུ་ཤེས་པར་བྱ། །དེ་རྣམས་བསམ་པའི་མཆོད་པ་ཡང། །ཡི་གེ་གཉིས་ཀྱི་མན ་ངག་གམ། །ཐབས་དང་ཤེས་རབ་མཆོད་པ་འམ། །ཕྱག་འཚལ་ཚུལ་དུ་བྱ་བའོ། །རྡོ་རྗེ་དྲིལ་ཐབས་ཀྱི་སྦྱོར་ཀ་སྟེ་བཅུ་གསུམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཕྱག་རྒྱའི་རིམ་པ་བསྟན་པ་ནི། །གཡས་ཀྱི་གུང་མོ་དག་ལ་ནི།། ་སོར་མོ་བཞི་པོ་བཙུགས་ནས་ཀྱང། །རྩེ་ལྔའི་ཚུལ་དུ་བྱ་བ་དང། །གཡོན་པའི་སོར་མོ་སྤྲོ་བ་འམ། །སྒྲ་སྒྲོགས་ཚུལ་དུ་བྱེད་པའམ། །ཡང་ན་མཐེ་བོང་མཐེ་ཆུང་གཉིས། །བཀུག་ནས་གསུམ་པོ་རྩེ་གསུམ་ཚུལ། །གཡས་པ་སྔ་མ་དང་འདྲ་ལ། །གཡོན་པའི་གུང་མོ ་བཀུག་ནས་སུ། །མཛུབ་མོ་རྒྱབ་སྦྱར་བཀུག་པའོ། །སོར་མོ་རྣམས་ཀྱང་བཅིངས་ནས་སུ། །གུང་མོ་མཐེ་བོང་ངོས་བཏུང་ནས། །གཞན་རྣམས་ཡོངས་སུ་བརྐྱང་བ་ཡིས། །ལག་གཡས་མཐེབ་འཛུབ་ཞགས་པ་བྱ། །གཡོན་གྱི་མཐེབ་མཛུབ་རལ་གྲིའི་ཚུལ། །གཉིས་ཀ་ལྷག་མ ་རྣམས་ནི་བཅིང། །གཡས་ཀྱི་ཁུ་ཚུར་བཅིངས་ནས་སུ། །མཐེ་བོང་ནང་ནས་གདོན་བར་བྱ། །གཡོན་གྱི་མཐེ་བོར་མཛུབ་མོར་སྦྱར། ལྷག་མ་རྣམས་ནི་བཅིང་བར་བྱ། །ལག་གཉིས་རྡོ་རྗེ་ཐལ་མོ་ལས། །གུང་མོ་ལ་ནི་མཛུབ་མོ་སྦྱར། །མཐེ་བོང་བསྣོལ་ཏེ་སྦྱར་བར་བྱ། །ཡང ་ན་ལག་གཉིས་སྦྱར་བ་འམ། །གཡོན་གྱི་སོར་མོ་སྦྱར?་བསྡུས་པའོ། །ལག་གཉིས་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་སྤྲེང་ཏེ་བྲང་དུ་བསྣོལ། །གཡས་ཀྱི་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་དང་ནི་གུང་མོ་དགུག་།གཡོན་གྱི་ཁུ་ཚུར་བཅངས་ཏེ་བསྐོར། གུང་སྲིན་ལ་སོགས ་གསུམ་པ་རྣམས། །དམ་པོར་བཀུག་ནས་ཡོངས་སུ་བསམ།?་།མཐེབ་མཛུབ་བཞི་རྣམས་རབ་བརྐྱང་སྟེ། །སྤྱི་བོར་ངེས་པར་བསྣོལ་ནས་གནས། །ཕྱག་གཉིས་སྤྱི་བོར་ཐལ་སྦྱར་ནས། །མེ་ལྕེ་ཕྲེང་བ་ཡོངས་སུ་འཛིན། །ལག་པ་གཡས་གཡོན་འཛིན་ཚུལ་དང། །གཡས་པ་ཁུ་ཚུར ་བཅངས་ནས་ནི། །གུང་མོ་བཀུག་པའི་རྒྱབ་ཏུ་ནི། །མཛུབ་མོ་ངེས་པར་སྦྱར་བར་བྱ། །མཛུབ་མོ་ལྕགས་ཀྱུའི་ཚུལ་དང་ནི། །གཡོན་གྱི་སོར་མོ་བསྡུས་ཏེ་བསྐོར། །ལག་གཉིས་མཐེབ་མཛུབ་སྦྱར་ནས་ནི། །གསུམ་པོ་བརྐྱང་སྟེ་རྩེ་མོར་སྦྱར། །ལག་གཡས་ཁུ་ཚུར་བཅངས་ནས་ནི།། ་གུང་མོ་བརྐྱང་སྟེ་གཡོན་པ་ཡི། །ཁུ་ཚུར་བཅངས་ཏེ་གྲུ་མོ་གཟུགས། །ལག་པ་སྦྱར་ཏེ་བསྐོངས་པ་དང། །སྒྲ་སྙན་གར་གྱི་རོལ་པས་གནས། །ལག་གཡས་ཁུ་ཆུར་ཐོ་བའི་ཚུལ། །གཡོན་པ་མཐེབ་མཛུབ་ཞགས་པའི་ཚུལ། །ལག་གཡས་སོར་མོ་བསྐོངས་པ་དང། །གཡོན ་པ་མཐེབ་མཛུབ་སྦྱར་ཏེ་བཅང། །ལག་གཡས་གུང་མོ་སྲིན་ལག་གཉིས། །བཀུག་སྟེ་གསུམ་པ་བཅིང་བར་བྱ། །ལག་གཡོན་མཐེབ་མཛུབ་སྦྱར་ཏེ་བཅང། །གཡས་ཀྱི་གུང་མོ་མཛུབ་མོ་བརྐྱང། །སྲིན་ལག་མཐེ་ཆུང་མཐེ་བོས་མནན། །གཡོན་གྱི་མཐེབ་མཛུབ ་སྦྱར་ཏེ་བཅད། །ཕྱག་རྒྱའི་སྦྱོར་ཀ་སྟེ་བཅུ་བཞི་པའོ།། །།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ནཱི་ལཱམྦ་ར་དྷ་ར་བཛྲ་པཱ ་ཎི་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་མཧཱ་ཡཀྵ་སེ་ནཱ་པ་ཧ་ཡེ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་མཧཱ་ཀཱ་ལ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་མ་ཎི་ཧཱུཾ་ཕཊ། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཕཊ། ཨོཾ་པྲ་བི་ད་པ་ཏ་ཡེ་ཧཱུཾ་ཕཊ། ཨོཾ ་?་མེ་མེ་ཧ་ར་ཡ་ཧཱུཾ་ཕཊ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ས་མནྟ་བག་ཏྲི་ཡ་ཧཱུཾ་ཕཊ། ཨོཾ་ཤཔད་གཱི་བྷ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པེ་ཏ་ལི་ཧཱུཾ་ཕཊ། ཨོཾ་པྲ་ཏཾ་སྟ་ན་ཡ་ཧཱུཾ་ཕཊ། ཨོཾ་ཤ་མོ་གུ་པ་ཡ་ཧཱུཾ་ཕཊ། ཨོཾ་ར་ག་དྷ་པྲི་ཡ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་རཱ་ཀི་ཡ་ཧཱུཾ་ཕཊ། ཨོཾ ་མན་ས་བ་ཀྵི་ནི་ཧཱུཾ་ཕཊ། ཨོཾ་བཛྲ་བེ་ར་ཡ་ཧཱུཾ་ཕཊ། ཨོཾ་རཀྟ་ཀ་ར་ལོ་ཀ་བི་ཤ་ན། ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཡ། ན་གྭ་ལ་ག་ར་བ་ཏ་ཀེ་ཏྭ་བྱཱགྷྲ་ཙར་མ་ཎི་བ་ས་ནི་ཡ་བྷ་མ་ཀོ་རེ་ག་རུ་ར་རུ་སྟི་མ་ཏི་མཾ། ཀྲོ་དྷ་མཱརྟེ་ན་ཏྲཻ་ལོ་ཀྱ་ཧྲ་ཧ་ཡ། བྲུཾ་མེ་ན་ཀོ་པ་ཡས་ན་རུ་ཏྲ་ཡ་ནཱ་ག་ ་?་ཏུར་མ་ར་བྷཀྵ་ཡ་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏ་ནཾ། པུཥཔ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི། མཎྜ་ལ་ད་བ་པ་ཏ་ནཾ། དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ་ཨོཾ་ནཱི་ལཱཾ་བ་ད་དྷ་ར་བཛྲ་པཱ་ཎི། མཎྜལ་དེ་བ་ཏཱ་ནཱཾ། ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི། མཎྜལ་དེ་བ་ཏ་ནཾ། གནདྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ནི། །མཎྜལ་དེ་བ་ཏ་ནཾ། ནཻ་བི་དྱེ་པཱུ་ཛ ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ནི། མཎྜལ་དེ་བ་ཏ་ནཾ། ཤཔཏ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ནི། མཎྜ་ལ་དེ་བ་ཏ་ནཾ། ཙ་རི་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ ་ནི་མཎྜ་ལ་དེ་བ་ཏ་ནཾ། ཏ་རི་ནཱིརྱ་ཏ་ཡཱ་མི་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི། མཎྜ་ལ་དེ་བ་ཏེ་ནཾ། བསྟྲ་ནིརྱ་ཏ་ཡཱ་མི་ཧཱུཾ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི། མཎྜ་ལ་དེ་བ་ཏ་ནཾ། གར་དར་བ་ནཱིརྱ་ཏ་ཡཱ་མི་ཧཱུཾ། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི། མཎྜ་ལ་དེ་བ་ཏ་ནཾ། མ་ཎི་རཏན་སརྦ་བསྟུ་ནིརྱ ་ཏ་ཡཱ་མི་ཧཱུཾ། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི། མཎྜ་ལ་དེ་བ་ཏ་ནཾ། པརཤེ་ནཱིརྱ་ཏ་ཡཱ་མི་ཧཱུཾ། ཨོཾ་ཙ་ཎ་མཧཱ་རོ་ཥ་ཎ་ཨཱརྱ་ཨའ་རྱ་སི་དྷ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་མ་ཎི་དྷ་རི་བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བསྟུ་རཏན་བ་ཧི་ཧཱུཾ་ཕཊ། ཨོཾ་ཨ་མྲི་ཏི་སི་ཏི་ཧཱུཾ་ཕཊ། ཨོཾ་སཾ་མ་ཤི་ཏ་ཡ་བ་ར་བ་ཧཱུཾ ་ཕཊ?། ཨོཾ་??་ཤ་ས་པ་ར་ཧཱུཾ་ཕཊ། ཨོཾ་ཀུ་མཱ་རི་བྷ་ཛ་ཤ་མ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ། ཏདྱ་ཐཱ། བྷ་བྷ་པ་ནི་ནཱ་ག་ཨ་དྷི་པ་ཏ་ཡེ། ཨཾ་དི་ནཱ་ལཱམྦ་ར་དྷ་ར་ཤ་རཱི་རཾ་བཛྲ་པཱ་ཎི། ཧྲི་ད་ཡཾ་ཡ(རྒྱུད་འགྲེལ་བུདྡྷ་སརྦྷ?། བི་བུདྡྷ། བི་བུདྡྷ། མཱ་ཏི་ཀྲ་མ་ཐ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ། ཚིནད་ཚིནད། ནཱ་ག་ཧྲི་ད་ཡཱ་ནི། བྷིནད་བྷིནད། ནཱ་ག་མརྨ་ཎི་བི་ཤའརྱནྟུ། ནཱ་ག་ཤ་རཱི་རཱ་ཎི། བི་སཕོ་ཊ་ཡ། ནཱ་ག་ནཱ་ཡ་ནཱ་ནི། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར?་?་ཧཱུཾ་ཕཊ། ནཱ་ག་ཨུཏྨ་དནད ་ཡ་ཧཱུཾ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཧ་པ་ལ་པ་ར་ཀྲ་མཱ་ཡ་ཕཊ། གྲི་བཱནྟ་ཡ་ཕཊ། ཀྲི་ཧཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུ་བྷཱཾ་ཌོ་ཏས་དཱ་ནཱ་ཡ་ཕཊ། པྲི་ཏ་པི་ཤཱ་ཙི་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨ་ར་པི་ནཱ་ཤ་ཀ་རཱ་ཡ་ཕཊ། ་ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཱཾ་།བི་ནཱ་ཤ་ཀཾ་རཱ་ཡ་ཕཊ། སརྦ་ཤ་ཏྲུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། །སྔགས་ཀྱི་སྦྱོར་བའི་རིམ་པ་ཡང། །བསྙེན་དང་བསྒྲུབ་པ་ལས་ཀྱི་སྦྱོར ་བའི་སྔགས་ཀྱི་རིམ་པར་བྱའོ། །དབྱེ་བའི་རིམ་པ་མ་ཤེས་ན། །ལས་རྣམས་འགྲུབ་པར་མི་འགྱུར་རོ། །དེ་བརྩོན་སློབ་དཔོན་ལ་གུས་པས། །སེར་སྣ་གཡོ་རྒྱུ་མེད་པས་སུ། །ཡོན་གྱིས་བླ་མ་མཉེས་བྱས་ལ། །ཡང་ཡང་མཉན་པས་མན་ངག་ནི། །ཐེ་ཚོམ་མེད་པ ་ཤིན་ཏུ་གཅེས། །དེ་བས་མན་ངག་ཅན་ནི་བཙལ། །མན་ངག་མེད་པའི་ནན་རྟགས་ལ། །དངོས་གྲུབ་ཐོབ་པར་མི་འགྱུར་རོ། །སྔགས་ཀྱི་སྦྱོར་ཀ་སྟེ་བཅོ་ལྔ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །སྔགས་རྣམས་ཀྱི་ནི་བཏུང་བའི ་མཆོག་།བྱས་པས་ཐེ་ཚོམ་སེལ་བར་འགྱུར། །ཕྱག་འཚལ་མགོ་ལ་བརྒྱན་པར་བྱ། །ཀཱ་ལིའི་སྡེ་ཚན་བཞི་པ་ཡི། །བཞི་བ་དག་ལ་ཨིས་སུ་བརྒྱན། །ཀཱ་ལིའི་སྡེ་ཚན་དྲུག་པ་ཡི། །གསུམ་པ་དག་ལ་མས་སུ་བརྒྱན། །བ་ཞེས་བྱ་བ་ཡི་གེ་ལ། །ཧ་ཞེས་བྱ་བའི་ཡི་གེ་བཏབས། །དེ་འོག་ར ་ཡི་ཡི་གེའོ། །ད་ལ་ཧ་བཏགས་དེ་འོག་ར། །དེ་འོག་བ་དང་ཛ་ལ་ནི། །ར་བཏགས་པ་ནི་དེ་ཡི་འོག་།ན་ལ་ཨིས་བརྒྱན་ཧཱུཾ་དང་ཕཊ། །ཡང་ན་ཧཱུཾ་གཉིས་སོགས་པའམ། །ཡི་གེ་བཅུ་གསུམ་པ་ཞེས་བྱ། །ཆོ་ག་པར་མཆོད་པའི་དབང་དུ་བྱས། །ོཾ་གྱི་ཡི་གེ་དང་པོར་མཚན། །ཡི་གེ་ན་ལ ་དབྱིངས?་སུ་བརྒྱན། །ཡི་གེ་ལ་ལ་མས་སུ་བརྒྱན། །བ་ལ་ཏ་ནི་བཏགས་པར་བྱ། །ར་ཡི་ཡི་གེ་གཅིག་ཕུག་ནས། །ད་ལ་ཧ་ནི་གདགས་པར་བྱ། །ར་ཡི་ཡི་གེ་གཅིག་པུ་གནས། །བ་དང་ཛ་ནི་སྡེབས་པ་ལ། །ཡི་གེ་ར་ནི་གདགས་པར་བྱ། བ་ནི་གཅིག་པུ་གནས་པ་ལ། །ན་ལ་ཨིས་སུ་བརྒྱན ་པར་བྱ། །མ་དང་ཧ་དང་ཡ་དང་གསུམ། །གདགས་པ་མེད་དེ་སོ་སོར་གནས། །ཀ་ལ་ཤ་ནི་གདགས་པར་བྱ། །ས་ལ་ཨེས་སུ་བརྒྱན་པར་བྱ། །ན་དང་པ་དང་ཏ་དང་གསུམ། །གདགས་པ་མེད་དེ་ལུགས་སུ་གནས། །ཡ་ལ་ཨེས་སུ་བརྒྱན་པར་བྱ། །ཧ་ལ་ཨུ་ནི་བཏགས་ནས་སུ། །ཟླ ་ཚེས་ཐིག་ལེས་བརྒྱན་པར་བྱ། །ཕ་ནི་གཅིག་པུ་ཏ་ནི་བཟློག། ཡང་ན་ཧཱུཾ་གསུམ་ཕཊ་ཀྱང་གསུམ། །ཧཱུཾ་གཉིས་དང་ནི་ཕཊ་གཉིས་ནི། །ལས་གཞན་དྲག་པོའི་སྐབས་དང་སྦྱར། །མན་ངག་ཅན་གྱིས་ཤེས་པར་བྱ། །ཡི་གེ་ཉི་ཤུ་རྩ་གཅིག་ཅེས། །ཆོག་པར་བཅད་པར་ཤེས ་པར་བྱ། །ཡང་ན་ཧཱུཾ་གཉིས་བསྣན་པ་རྩ་གཉིས་པ། །ཡ་ཡི་ཡི་གེ་དྲག་པོ་གཉིས། །བསྣན་པས་རྩ་བཞི་པ་ཞེས་བྱ། །དེ་ཡང་དྲག་པོའི་སྐབས་ཡིན་པས། །ཁྱད་པར་དུ་ནི་ཤེས་པར་བྱ། །ཡི་གེ་རྐང་གྲངས་དབང་བྱས་ན། །དེ་ལྟར་མ་ངེས་རྩ་དྲུག་ནས། །སུམ་ཅུ་རྩ་གཅིག་བར་དུ ་ཡོད། །ོཾ་གྱི་ཡི་གེ་དང་པོར་མཚན། །མཚན་གྱི་ཡི་གེའི་སྟེང་དུ་ནི། །མ་དང་ཧ་དང་ཚ་དང་ན་དང་ནི། །ད་ལ་ཧ་ནི་!གདགས་པར་བྱ། །ར་ལ་ཨོས་སུ་བརྒྱན་པ་ནི། །ཤ་དང་ན་དང་ཧ་ལ་ཨུ། །ཟླ་ཚེས་ཐིག་ལེ་ཏ་ལ་བརྒྱན། །ཕ་དང་ཏ་ལོག་ཡི་གེའོ། །ཡི་གེ་བཅུ་གསུམ་ཞེས་སུ་བྱ།། ་ཡི་གེ་དྲུག་ཅེས་བྱ་བ་ནི། །མཚན་གྱི་མན་ངག་ཁོ་ནའོ། །སྭཱཧཱ། ཨོཾ་དང་ཧོ་དང་གསུམ། །ཞི་རྒྱས་དབང་གི་ཡི་གེ་མཛའ་། །ཛ་སོགས་པ་ཡི་ཡི་གེ་རྣམས། །འགུག་པ་ལ་སོགས་མཛའ་རུ་བསྟན། །མན་ངག་ཅན་གྱིས་སྦྱོར་ཞེས་བྱའོ། །ཡི་གེ་ཧཱུཾ་ནི་འབྲུ་གཅིག་པོ། །འདི ་ཡང་བཟླས་པའི་ཡི་གེ་སྙིང་པོ་ཡིན། །ཡི་གེ་བཏུ་བ་མ་ཤེས་ན། །སྔགས་ཀྱི་མཐུ་ནི་ཉམས་པར་འགྱུར། །དེ་བས་ནན་ཏན་བསྐྱེད་དེ་བཏུ། །ལྷ་རྣམས་གཞན་པོའི་སྔགས་རྣམས་ཀྱང། །བདག་གི་བཏུ་བ་མ་ནུས་པས། །སློབ་དཔོན་ལ་ནི་གུས་བྱའི་ཕྱིར། །སློབ་དཔོན་རྣ ་རྒྱུར་མན་ངག་ལས། །ཡི་གེ་བཏུ་བ་ཤེས་པར་བྱ། །ཡི་གེ་བཏུ་བའི་སྦྱོར་ཀ་སྟེ་བཅུ་དྲུག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བཟླས་བརྗོད་མན་ངག་བསྟན་པར་བྱ། །ཕྱི་དང་ནང་དང་གསང་བ་དང། །བླ་མེད་བཟླས་བརྗོད་བཞི་རུ་བསྟན། །དང་པོ་ཕྱི ་ཡི་བཟླས་པ་ནི། །སེམས་དཔའ་སུམ་རྩེག་ཚུལ་དུ་བྱ། །དེ་ནི་ཀུན་གྱི་ཐུན་མོང་ཡིན། །ཁྱད་པར་རེ་རེ་འམ་གཉིས་སྡེབས་སུ། །ལས་ཀྱི་ཁྱད་པར་སྐབས་དང་སྦྱར། །མཚོན་གར་ནས་དང་རྟ་རྔའི་ཚུལ། །མཚོན་གྱི་སུམ་ཆ་དེ་ཡི་ཕྱད། །པདྨ་ལ་སོགས་མཚོན་གྱི་ཕྱེད། །རིན ་ཆེན་རྨུག་པོ་གུར་ལྟ་བུ། །དད་པའི་རྒྱུ་ཡི་ཚད་ཙམ་མོ། །ཡང་ན་དར་མོ་གྲུ་གསུམ་ནི། །ཙི་ཏའི་ཚད་ཙམ་ཉིད་དུ་འདོད། །དེ་ལྟའི་གནས་ནི་ཉིད་དུ་ཡང། །ཡེ་ཤེས་བཞུགས་པའི་གནས་སུ་འདོད། །ལ་ལ་དག་གི་བཞེད་ཀྱིས་ནི། །རང་བྱུང་ཉིད་དུ་ཡོད་པར་འདོད། །དེ་ནི་རྒྱུ་འམ་ནུས་པའི་ཚུལ ་ལ་ལ་དག་གི་བཞེད་ཀྱིས་ནི། །དེ་ཉིད་ལས་ནི་སྤྲུལ་པ་ཡི། །ཀུན་བརྟགས་དེ་ལ་དེ་སྐད་གདགས། །གཞན་ཡང་གཞུང་ལུགས་མི་མཐུན་པའི། །དང་པོ་དབང་བསྐུར་དུས་སུ་ནི། །དང་པོར་དཀྱིལ་འཁོར་བཅུག་པའི་ལྷ་དང་ནི། །དེ་ཉིད་སོ་སོ་ཐ་དད་འདོད། །ཐུགས་ཀ་དབུ་སྟེང་གོང ་འོག་གནས། །ལྷ་ཉིད་འཇུག་པའི་ཚུལ་ལ་ཡང། །འཁོར་ལོ་རྫོགས་པའམ་ལྷ་དེ་ཉིད། །བདག་ཉིད་མན་ངག་ཐོབ་གཞུང་གིས། །ལྷ་དེ་རྐྱེན་གྱི་ཚུལ་ཡིན་ལ། །རང་འབྱུང་ནུས་པ་རྒྱུ་ཡིན་པས། །གཉིས་མེད་གཅིག་ཏུ་བསྡེབས་ཏེ་བསྒོམ། །དེ་ལྟར་ཐེ་ཚོམ ་བཅད་ནས་ནི། རང་གི་རིག་པ་ཕོ་བྲང་ཉིད། །ཤིན་ཏུ་གསལ་བར་སྦྱངས་ནས་ནི། མི་ཤེས་ལྷ་ལ་བསྙེན་པ་འབུལ། །དང་པོ་འོད་ཟེར་སྤྲོས་ནས་ནི། །ཡེ་ཤེས་སྤྱན་དྲངས་ལྷ་དེ་ལ། །མཚན་མ་ལ་སོགས་གསལ་ནས་ནི། །འཁོར་ལོ་བཞིན་དུ་དབུལ་བ་དང། །པདྨ་བརྩེགས་དང་རིན་ཆེན ་ཐག་དེ་ཉིད་ཐུན་མོང་ཤེས་པར་བྱའོ། །ལུགས་འབྱུང་ལུགས་བཟློག་འཁོར་ལོའི་ཚུལ། །ཤེས་རབ་སྦྱོར་ཐབས་མཆོད་པའི་ཚུལ། །མཆོག་གི་དངོས་གྲུབ་འདོད་པའོ། །ལྕེ་ནི་རྡོ་རྗེ་དཀར་པོར་བསྒྱུར། །ཡང་ན་སྔོ་ལྗང་ཉིད་དུ་བྱ། །ཉི་མ་ཤར་བ་བཞིན་དུ་གདལ། །དེ་ནི་སྔོན་དུ་ཉམས ་པའི་ཚུལ། དྲག་པོ་བསྒྲུབ་པའི་གནས་སྐབས་སུ། །མན་ངག་གོང་བཞིན་བཟློག་སྟེ་གསལ། །ལྕེ་ནི་རྡོ་རྗེ་སེར་པོ་དང། །དམར་པོ་རྒྱས་དང་དབང་ལ་ཤིས། །མཐིང་ཀ་དྲག་པོའི་ཚུལ་དུ་བསྟན། །འོད་ཟེར་འཁོར་ལུགས་གོང་བཞིན་ནོ། །ལས་ཀྱི་རིམ་པའི ་སྐབས་དང་སྦྱར། །བ་ཐག་ཚ་ཚའི་ཚུལ་དང་ནི། །དྲག་པོ་ཁོ་ནའི་སྐབས་དང་སྦྱར། །རུལ་ཆུ་བྲུག་བ་བཞིན་དུ་འམ། །སྲིན་པོ་དུར་སྐད་ཇི་བཞིན་དུ། །ཤིན་ཏུ་དྲག་ཅིང་མྱུར་བར་བཟླས། །ལས་ཀྱི་ཁྱད་པར་གཞན་དག་ལ། །སྤྲོས་ཏེ་སྦྱངས་པའི་ཚུལ་དང་ནི། ་འོད་ཟེར་སྤུ་གུ་བཙུགས་པ་དང། །མེ་ཡི་ཚུལ་གྱིས་བསྲེགས་པ་དང། །ལྕགས་ཀྱུ་ལྟ་བུས་བཀུག་པ་དང། །མཚོན་ཆ་ཆར་བཞིན་དབབ་པ་དང། །འཁོར་ལོ་བཞིན་དུ་བསྐོར་བ་དང། །མནན་པའི་ཚུལ་དུ་བྱ་བ་དང། །མངའ་ཟམ་ཚུལ་དུ་བྱ་བ་དང། འཁྲུལ ་འཁོར་ཚུལ་དུ་བྱ་བ་དང། །འཕེན་སྡུད་ཚུལ་དུ་བྱ་བ་དང། །དང་པོས་བཀུག་ལ་གཉིས་པས་བསྲེག་།དང་པོས་བཀུག་ལ་གཉིས་པས་བསད། །དང་པོས་བཀུག་ལ་གཉིས་བས་མནན། །ཡང་ན་གསུམ་སྡེབས་ཚུལ་གྱིས་བྱ། །བཞི་བ་སྡེབས་ལྔ ་བསྡེབས་པ་ཡང་ཡིན། །བསྡེབས་སྦྱོར་ཆོ་ག་ཐམས་ཅད་ཀྱང། །མན་ངག་བཞིན་དུ་ཤེས་པར་བྱ། །དེ་ལ་སོགས་པའི་མན་ངག་རྣམས། །བརྒྱུད་པ་ལས་ནི་ཤེས་བར་བྱའོ། །དེ་རྣམས་བཟླས་བརྗོད་བྱེད་པ་ཡང། །སེམས་ནི་གཞན་དུ་མི་གཡེང་ཞིང། །ཚིག ་གཞན་གྱིས་ནི་བར་མི་ཆོར། །ཡི་གེ་མན་ངག་མ་ཉམས་པར། །སྒྲ་ཡི་བརྗོད་ཚུལ་སྐབས་དང་སྦྱར། །དེ་ལ་ནན་ཏན་ཚར་བསྐྱེད་ལ། །མཚན་མའི་དངོས་གྲུབ་འབྱུང་བར་འགྱུར། །མཚན་མའི་དངོས་གྲུབ་གསུམ་པོ་ཡང། །དང་པོར་བ་ལ་གསུམ་དུ ་བསྟན། །སྤྲུལ་དང་ཡང་སྤྲུལ་སུམ་སྤྲུལ་ལོ། །འབྲིང་ལ་སྒྲ་དང་དྲི་དང་ནི། །འོད་དུ་ཡང་ནི་བསྟན་པ་ཡིན། །ཐ་མ་ནམ་སྨད་ནམ་སྟོང་དང། །ཉིན་མོ་དག་དང་གསུམ་དུ་བསྟན། །དེ་དག་རྟགས་རྣམས་ཀུན་ལ་ཡང། །གཟུགས་ནི་སྡུག་དང་མི་སྡུག་དང། ་དྲིན་ཞིམ་དང་མི་ཞིམ་དང། །སྒྲ་ནི་སྙན་དང་མི་སྙན་དང། །རོ་ཡང་ཞིམ་དང་མི་ཞིམ་དང། །འོད་དཀར་འོད་སེར་འོད་དམར་པོ། །ལྗང་དང་ནག་ལ་སོགས་པ་ཡི། །རྟགས་ལ་སོགས་པ་དེ་དག་ལ། །གསུམ་དང་བདུན་དང་བཅོ་ལྔ་དང། །ཉི་ཤུ་རྩ་གཅིག ་ཞག་དུ་བརྟག་།ཐམས་ཅད་བརྟན་ཞིང་མི་འགྱུར་དང། །ཕུང་པོ་ཁམས་གསལ་ཏིང་འཛིན་གསལ། །འདོད་ལ་སོགས་པ་ཞི་བའི་ཚུལ། །དེ་སོགས་རྟགས་རྣམས་བྱུང་བ་ན། །ལྷ་ཡི་དངོས་གྲུབ་ཡིན་པར་བརྟག་།མཚན་མ་ལ་སོགས་མི་བརྟན་ཞིང། ། ་ཕུང་པོ་ལ་སོགས་མྱོས་འགྱུར་ཞིང། །ཏིང་འཛིན་རྣམས་ནི་མི་གསལ་བ། །འོད་དམར་གནག་ཅིང་རྩུབ་འགྱུར་ན། །དེ་ལ་སོགས་པའི་རྟགས་རྣམས་ཀྱང། །བདུད་ཀྱི་རྟགས་སུ་ཤེས་པར་བྱ། །རྟགས་རྣམས་དེ་རྣམས་བྱུང་ན་ཡང། །དོན་དམ་རང ་བཞིན་མེད་པ་ལ། །ཀུན་རྫོབ་སྒྱུ་མ་ལྟ་བུའི་སེམས། །རེ་དང་དོགས་པ་རྣམས་སྤངས་ཏེ། །དགའ་དང་མི་དགའ་ཨི་སེམས་མི་བྱ། །འཇིགས་པ་ལ་སོགས་སེམས་སྤང་སྟེ། །མཎྜལ་མེ་ཏོག་བཅས་ཕུལ་ནས། །སྦྱིན་སྲེག་འཁོར་ལོ་ལ་སོགས་བྱ། །དེ་ལྟར་བྱས ་ཚེ་མཁའ་འགྲོ་མས། །ལུང་བསྟན་གནས་སུ་ཁྲིད་པ་དང། །མན་ངག་འཇིགས་པ་མེད་པས་བླང། །བདུད་ཀྱི་ལྟས་རྣམས་འབྱུང་བ་ནི། །གོང་བཞིན་བྱས་པས་མེད་པར་འགྱུར། །ནང་ན་མཚན་མ་བསྙེན་པ ་གཙོ། །དེ་འོག་གྲངས་ཀྱི་བསྙེན་པ་གཙོ། །དུས་ཀྱི་བསྙེན་པ་ཐ་མའོ། །གྲངས་ཀྱི་རབ་འབྲིང་ཐ་མ་ནི། །གཙོ་པོ་འབུམ་དང་ཉིས་འབུམ་དང། །སུམ་འབུམ་དག་ཏུ་ཤེས་པར་བྱ། །རྣམ་རྒྱལ་ལ་སོགས་བཞི་པོ་ལ། །འབུམ་ཕྱིར་འབུམ ་དང་ཉི་འབུམ་མོ། །འཁོར་རྣམས་ལྷག་མ་ཀུན་ལ་ནི། །ཁྲི་དང་ཉི་ཁྲི་སུམ་ཁྲིའོ། །ཡང་ན་ལྷ་རྣམས་སོ་སོ་ཡི། །སྐུ་གཅིག་བསྙེན་ལ་བྱེད་པ་ནི། །རབ་ཀྱི་བསྙེན་པ་སུམ་འབུམ་མོ། །འབྲིང་གི་བསྙེན་པ་བདུན་འབུམ་མོ། །ཐ ་མའི་བསྙེན་པ་བྱེ་བའོ། །དུས་ལ་ཡང་ནི་གསུམ་གསུམ་ཡོང། །ཟླ་གཅིག་ཟླ་གཉིས་ཟླ་གསུམ་བར། ལོ་ཕྱེད་ཟླ་དགུ་ལོ་གཅིག་གི་།ལོ་གཉིས་དང་ནི་ལོ་གསུམ་དང། །ལོ་བཞི་ཐ་མར་ཤེས་པར་བྱ། །དེ་ལྟར་བྱས་ཀྱང་མ་བྱུང ་ན། །དམ་ཚིག་ཉམས་པ་ཡིན་པས་ན། །སྦྱིན་སྲེག་ཚོགས་འཁོར་ལ་སོགས་ཀྱིས། །དམ་ཚིག་ཉམས་པ་བསྐང་ནས་ནི། །སླར་ལ་སོགས་པའི་ཆོ་ག་བྱ། །དེ་ལྟར་བྱས་ཀྱང་མ་བྱུང་ན། །རྣལ་འབྱོར་སྡིག་སྒྲིབ་ཆེ་བས་ན། །སྦྱིན ་སྲེག་ཚོགས་འཁོར་ལ་སོགས་ཀྱིས། །སྡིག་སྒྲིབ་ལ་སོགས་སྦྱངས་ནས་ནི། །སླར་ལ་སོགས་པའི་ཆོ་ག་བྱ། །དེ་ལྟར་བྱས་ཀྱང་མ་བྱུང་ན། །ཡང་ན་བསྒོམ་པ་གཅིག་པུས་བྱ། །ཡང་ན་བཟླས་བརྗོད་གཅིག་པུས་སོ། །བསྒོམ་དང ་བཟླས་པའི་དངོས་གྲུབ་ནི། །འབྱུང་བར་དེ་ནི་མ་གྱུར་ན། །ཚོགས་འཁོར་ཚོགས་མཆོད་སྦྱིན་སྲེག་དང། །གཏོར་མ་ལ་སོགས་སོ་སོ་ལ། །མན་ངག་ཆོ་ག་ཐོབ་པས་ན། །དངོས་གྲུབ་ངེས་པར་འབྱུང་བར་འགྱུར། །དེ་དག་ཐམས་ཅད ་ཀུན་ལ་ཡང། །ཐེ་ཚོམ་ཅན་གྱིས་མི་འགྲུབ་སྟེ། །ཐེ་ཚོམ་མེད་ངེས་འགྲུབ་པར་འགྱུར། །དེ་ལྟར་བྱས་ཀྱང་མ་བྱུང་ན། །མཚན་མ་གསུམ་མམ་ནུས་པ་བརྟག་།ཡུངས་ཀར་དག་ལ་སྔགས་བཟླས་ནས། །ཤིང་ལྗོན་ལ་སོགས་མེ་ཏོག་ལ། །བཏབ ་ནས་བསྐམས་འགྱུར་རབ་ཡིན་ནོ། །ཆུ་ལ་བཟླས་ཏེ་གཏོར་བ་ན། །ཆར་པ་ལ་སོགས་འབེབས་པ་དང། །ཐལ་བ་ལ་ནི་སྔགས་བཟླས་ན། །ཆར་པ་ལ་སོགས་གཅོད་པར་འགྱུར། །ད་ནི་འབྲིང་གི་ནུས་པ་བརྟག་།ཡུངས་ཀར་ཕྱག་མཚན ་ལ་སོགས་པས། །སྔགས་བཟླས་གཏོར་ཞིང་བྲབས་པ་ཡིས། །གདོན་དང་ནང་ལ་སོགས་པ་སེལ། །དེ་ནི་ཐ་མའི་ནུས་པའི་རྟགས། །དེ་ལྟར་བྱས་ཀྱང་མ་བྱུང་ན། །ལྷ་སོགས་མན་ངག་ཐམས་ཅད་སྤྲོ། །ཁམས་དང་བག་ཆགས་མེད ་ཕྱིར་རོ། །ཆོ་ག་ཐམས་ཅད་གོང་བཞིན་ནོ། །མན་ངག་མི་མཐུན་གཞན་ཡང་སྦྱར། །དེ་ལྟར་བྱས་ན་དངོས་གྲུབ་འབྱུང། །དངོས་གྲུབ་བྱུང་བར་མ་གྱུར་ཀྱང། །སྒྲིབ་པ་རྣམས་ནི་མགོ་མནན་ནས། ཚོགས་ཆེན་ཁྱད་པར་བསགས་ནས་ནི། །དཾ་ཚིག་མ་ཉམས ་རྣལ་འབྱོར་པས། །སྐྱེ་བ་ཕྱི་མ་ལ་སོགས་སུ། །དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར། །དངོས་གྲུབ་ཁྱད་པར་མ་ཐོབ་ན། །སྐྱེ་བ་བདུན་ལ་གདོན་མི་ཟ། །ནང་གི་བཟླས་བརྗོད་བསྟན་པ་ནི། །རྣལ་འབྱོར་ལམ་པ་རྣམས་ཀྱིས་ནི། །སྙིང་ཀའི་འཁོར ་ལོ་ལ་སོགས་ལ། །རང་འབྱུང་ཡི་གེ་ནུས་པ་ནི། །རླུང་གི་རྟ་ལ་ཞོན་ནས་ཀྱང། །སྙིང་ཀའི་འཁོར་ལོ་ལ་སོགས་བསྐོར། །གསང་བའི་བཟླས་བརྗོད་མན་ངག་ནི། །བྱང་ཆུབ་སེམས་ཀྱི་མན་ངག་གམ། །ཕྱག་རྒྱ་ལ་བརྟེན་ཇི་བཞིན ་ནོ། །མཐར་ཐུག་གི་ནི་བཟླས་པ་ཡང། །སྣང་བ་གསུམ་གྱི་མཛའ་ལ་ནི། །མི་རྟོག་ཡེ་ཤེས་སྟོང་ཉིད་གསལ། །དེ་ནི་བཟླས་པའི་མཆོག་ཡིན་ནོ། །བཟླས་པའི་རིམ་པའི་མན་ངག་ནི། །རྣལ་འབྱོར་བློ་དམན་དོན་དུ་བསྟན། ། ་བཟླས་བརྗོད་ཀྱི་མན་ངག་གི་སྦྱོར་ཀ་སྟེ་བཅུ་བདུན་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །རྫོགས་རིམ་མན་ངག་ཅུང་ཞིག་བསྟན། ། ་དངོས་པོ་གནས་པའི་གནས་ལུགས་དང། །བློས་སུ་བསམས་པའི་རིམ་པ་ཡི། །དངོས་པོ་གནས་པའི་གནས་ལུགས་ངག་ལ་ཡང། །རྩ་དང་རླུང་དང་བྱང་ཆུབ་སེམས། །རྩ་ཡི་གཙོ་བོ་དྷཱུ་ཏཱི་ཡིན། །དྷཱུ་ཏཱི་ཉིད་ཀྱི ་གཞུང་ལུགས་ཀྱང། །སྲོག་རྩ་ནང་དུ་རྒྱུ་བ་དང། །དེ་ལ་བརྟེན་པར་འདོད་པའོ། །དེ་ལ་སོགས་པའི་གཞུང་ལུགས་མང། །བདག་གི་གཞུང་གིས་ནང་དུ་རྒྱུ། །ཤིན་ཏུ་ཕྲ་བ་རྟ་རྔ་ཚད། །དེ་བས་ཕྲ་བར ་འདོད་པའང་ཡོད། །དབུགས་ཀྱི་དངས་མ་ཤིན་ཏུ་ཕྲ། །འོད་དང་ལྡན་པ་ཉིད་ལ་ནི། །བྱང་ཆུབ་སེམས་ནི་ཏིལ་མར་བཞིན། །དེ་ལ་ཁྱབ་པར་བརྟེན་པ་ཡི། །གཡས་དང་གཡོན་གྱི་རྩ་གཉིས་ནི། །ལ་ལ་ནཱ ་དང་ར་ས་ནཱ། །མདུན་གྱི་རྩ་ནི་ད་ད་ཛྙཱ། །དེ་རྣམས་ཚད་ལ་སོགས་པ་ཡང། །དྷཱུ་ཏཱི་ཉིད་དང་མཐུན་པའོ། །རྩ་ཡི་འཁོར་ལོ་རྣམས་ལ་ཡང། །གཞུང་ལུགས་མི་འདྲ་མང་དུ་བསྟན། །འཁོར་ལོ་གཅིག་དང ་འཁོར་ལོ་གཉིས། །འཁོར་ལོ་བཞི་དང་འཁོར་ལོ་དྲུག་།འཁོར་ལོ་བརྒྱད་དང་འཁོར་ལོ་དགུ་།རྡོ་རྗེ་ནོར་བུའི་ཆ་ལ་ཡང། །ཕོ་བྲང་བཞི་ཡི་གནས་ངག་ཏུ། །འཁོར་ལོ་མི་མཐུན་འདོད་པ་དང། ། ་འཁོར་ལོ་མང་པོ་འདོད་པ་རྣམས། །ིནྡྲ་བོ་དྷི་གཞུང་ལུགས་ཡིན། །རླུང་གི་གཞུང་ལུགས་དག་ལ་ཡང། །ལྟེ་བའི་ལྐོག་དང་ལྟེ་བ་དང། །སྙིང་གར་མགྲིན་པ་ཡན་ལག་གི་།གནས་ནི་ལྔ་པོ་དག ་ལས་ཀྱང། །སྲོག་གི་རླུང་དང་གྱེན་དུ་རྒྱུ། །མེ་དང་མཉམ་ནས་ཐུར་དུ་སེལ། །ཀུན་ལ་ཁྱབ་པའི་རླུང་རྣམས་ནི། །གནས་ལྔ་ཐ་དད་གཙོ་བོ་ཡིན། །ཡན་ལག་ལྔ་དང་དབང་པོ་ལྔ། །དེ་ལྟར་ཐ་དད་འདོད་པའང་ཡོད། ་བདག་གི་གཞུང་གི་གནས་སྐབས་ཀྱིས། །ལས་ཀྱི་སྒོ་ནས་ཕྱེ་བས་ན། །ཐམས་ཅད་ངོ་བོ་གཅིག་ཡིན་ནོ། །བྱང་སེམས་འབེབས་པའི་གཏུམ་མོ་ཡང། །འཁོར་ལོ་རྟེན་དང་མི་བརྟེན་པའི། །དྲག་འཛིན་མ་ནི་བཅུ་བཞི་པོ། ། ་ཨིནྡྲ་བོ་དྷི་ལ་སོགས་གཞུང། །རང་བཞིན་གཏུམ་མོ་འདོད་པར་ནི། །མཁས་པ་རྣམས་ནི་ཀུན་ཀ་མཐུན། །བྱང་ཆུབ་སེམས་ལ་གཉིས་ཡོད་དོ། །དོན་དམ་དང་ནི་ཀུན་རྫོབ་བོ། །ཀུན་རྫོབ་ལ་ཡང་གཉིས་ཡོད་དེ། ། ་སྙིགས་མར་གྱུར་དང་བཅུད་དུ་གྱུར། །བཅུད་དུ་གྱུར་ལ་གཉིས་ཡོད་དེ། །ཏིལ་མར་བཞིན་དུ་ཁྱབ་པ་དང། །འཆི་བའི་དུས་ཚེ་འབྱུང་བའོ། །དེ་ལ་བརྟེན་པའི་མན་ངག་ཚོགས། །རིམ་པ་བཞིན་དུ་ཤེས་པར་བྱའོ། །བསམ ་ཞིང་བསྒོམ་པའི་རིམ་པ་ཡང། །རང་འབྱུང་ཡི་གེའི་གནས་ཚུལ་ནི། །ཡི་གེ་ཧཱུཾ་དང་ཨ་དང་ནི། །ོཾ་དང་ཧཾ་གི་རྣམ་པ་བཞི། །མན་ངག་སྦྱོར་རྫོགས་ཤེས་པར་བྱ། །འཁོར་ལོ་རྣམས་ནི་གསལ་བྱས་ལ། །ལྟེ་བར ་།གཏུམ་མོ་ཞེས་བྱ་ལྟེ་བའི་ལྐོག་།སོར་གཉིས་སོར་བཞི་སོར་དྲུག་།མགྲིན་པ་ཨཱ་ལི་བཅུ་དྲུག་གོ་།དུང་ཁང་ལ་ནི་ཉིས་ལྡབ་བོ། །གཏུམ་མོ་ཞེས་བྱ་ལྟེ་བའི་ལྐོག་།སོར་གཉིས་སོར་བཞི་སོར་དྲུག་ཏུ། །མར་མེ་བཞིན ་དུ་གནས་པ་ལས། །རླུང་ལ་ཉི་མའི་སྟོབས་ཀྱིས་སུ། །ལས་ཀྱི་རླུང་ནི་སྔོན་མོ་བཅུས། །སྤར་ནས་དེ་ལ་གཏད་པར་བྱ། །རྟགས་བརྒྱད་བྱུང་ནས་ཤིན་ཏུ་སྤར། །དགའ་བ་ལ་སོགས་རིམ་སྐྱེས་པས། །རྟགས་ལྔའི ་མཐར་ནི་སྟོང་པར་འགྱུར། །འཁོར་ལོ་གཅིག་དང་འཁོར་ལོ་གཉིས། །གསུམ་ལ་སོགས་པའི་མན་ངག་ནི། །རིམ་པ་བཞིན་དུ་སྦྱོར་ཤེས་བྱའོ། །རླུང་རྣམས་གཡས་དང་གཡོན་དུ་ནི། །གཉི ་ཀར་རྒྱུ་དང་ངལ་བར་རྒྱུ། །དེ་ལ་གཏད་པའི་རིམ་གྱིས་ནི། །སྤྲོ་བར་ནུས་ན་བསྡུ་བར་བྱའོ། །རྟགས་ལྔའི་མཐར་ནི་སྟོང་ཉིད་འགྱུར། །ཡང་ན་ཐིག་ལེའི་རྣམ་པ་ལ། །སྤྲོ་བ་དང་ནི་བསྡུ་བ་དང། །ལྔ་རུ་ལྟ་དང ་གཅིག་ཏུ་ལྟ། །རིམ་གྱིས་བརྟན་པར་གྱུར་ནས་ནི། །ཕྱག་རྒྱའི་དངོས་གྲུབ་ཐོབ་པའོ། །རྫོགས་པའི་རིམ་པའི་སྦྱོར་ཀ་སྟེ་བཅོ་བརྒྱད་པའོ།། །། ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བགེགས་བསྐྲད་པའི་ཆོ་ག་བསྟན་པ། །བགེགས་བསྐྲད་པའི་ཐབས་ལ། །ཆོ་ག་ཆེ་ཆུང་གི་རིམ་པ། །བསྒྲུབ་བྱའི་སྐབས་དང་སྦྱར་ཏེ། །ཐབས་དཔག་ཏུ་མེད་པར་བྱའོ།། ་དེ་ལ་རྫས་ཀྱིས་བསྐྲད་པ་དང། །སྔགས་ཀྱི་བསྐྲད་པ་དང། སྟང་སྟབས་ཀྱིས་བསྐྲད་པ་དང། ཕྱག་རྒྱས་བསྐྲད་པ་དང། ཏིང་ངེ་འཛིན་གྱིས་བསྐྲད་པ་དང། ཡང་ན་རྫས་དང་སྔགས་ཀྱིས་བསྐྲད་པ་དང། ་རྫས་དང་སྟང་སྟབས་ཀྱིས་བསྐྲད་པ་དང། རྫས་དང་ཕྱག་རྒྱས་བསྐྲད་པ་དང། རྫས་དང་ཏིང་ངེ་འཛིན་གྱིས་བསྐྲད་པ་དང། ཡང་ན་སྔགས་དང་གཉིས་འདུས་པ་དང། སྟང་སྟབས་དང ་གཉིས་འདུས་དང། ཕྱག་རྒྱ་དང་གཉིས་འདུས་དང། ཏིང་ངེ་འཛིན་དང་གཉིས་འདུས་དང། ཕྱག་རྒྱ་སྟང་སྟབས་གཉིས་འདུས་དང། བཞི་ཀ་ལ་ནི་སྦྱར་བར་བྱ། །ཕྱག་རྒྱ་ལ ་ཡང་དེ་བཞིན་ཏེ། །ཏིང་ངེ་འཛིན་ཀྱང་དེ་ལྟར་བྱ། །གཉིས་འདུས་གསུམ་འདུས་བཞི་འདུས་སུ། །ཐམས་ཅད་ཀུན་ལ་སྦྱར་བར་བྱ། །ཡང་ན་ལྔ་འདུས་ཁོ་ནས་བྱ། །བགེགས་ཀྱི་རིམ་པ་འང་ལྔར་ཤེས་བྱ། ། ་སྣེ་གདོན་ཕྲ་མོ་ཀུན་ལ་ནི། །སྦྱོར་བ་གཅིག་པུ་ཁོ་ནས་བཟློག་།རྒྱལ་འགོང་ལ་སོགས་གདོན་ལ་ནི། །སྦྱོར་བ་གཉིས་ཀྱིས་བཟློག་པར་བྱ། །དེ་བས་མཐོ་བའི་བགེགས་གཉིས་ལ། །གསུམ་དང་བཞི་ནི་བྱ ་བ་ཡིན། །བགེགས་ནི་ཆེན་པོ་ཐམས་ཅད་ལ། །སྦྱོར་བ་ལྔ་པོ་ཁོ་ནས་བྱ། །རྫས་ཀྱི་བྱ་ཐབས་བསྟན་པ་ནི། །གུ་གུལ་ཡུངས་ཀར་ཤ་ཆེན་དང། །ཚིལ་ཆེན་དང་ནི་ཐལ་ཆེན་དང། །དུར་ཁྲོད་སོལ་པ ་གྲོག་མཁར་ས། །དེ་ལ་སོགས་པའི་རྫས་རྣམས་ལ། །གཟུགས་བརྙན་བཅའ་བར་བྱ་བ་འམ། །བརྡེག་པའི་རྫས་སུ་བྱ་བ་དང། །བདག་པའི་རྫས་སུ་བྱ་བ་དང། །བསྲུང་བའི་རྫས་སུ་བྱ་བ་ནི། ། ་གླ་རྩི་དང་ནི་རྨ་བྱ་ཡི། །རྒྱལ་མཚན་ཀླུ་ལ་ཤིས་པར་བསྟན། །ཡང་ན་དུར་ཁྲོད་ཆེན་པོའི་རྫས། །རྒྱན་ཆ་རྣམས་ཀྱིས་བྱིན་བརླབས་ལ། །བསྐོན་པས་བསྲུང་བར་འགྱུར་བ་ཡིན། །སྐུ་ནི་བྱིན་གྱིས་བརླབས་ནས ་སུ། །བསྲུང་བར་དེ་ནི་འགྱུར་བ་ཡིན། །སྐུ་དང་གླེགས་བམ་ལ་སོགས་པ། །བྱིན་གྱིས་བརླབས་ནས་མདུན་བཞག་པས། །བསྲུང་བར་དེ་ནི་འགྱུར་བ་ཡིན། །རྡོ་རྗེ་དྲིལ་སོགས་ཕྱག་མཚན་ལ། །བྱིན་གྱིས་བརླབས་ནས་ལག་གཞག་ན། །བསྲུང་བ་དེ་ནི ་འགྱུར་བ་ཡིན། །ཁྱད་པར་མགོན་པོ་ནག་པོ་ཡི། །སྐུ་ནི་བྱིན་བརླབས་བཞག་པས་སུ། །བསྲུང་བར་དེ་ནི་འགྱུར་བ་ཡིན། །སྐུད་སྔོན་མདུང་པ་བདུན་བྱས་པས། །མགུལ་ཏུ་བཅིངས་པས་བསྲུང་བར་འགྱུར། །ཡང་ན་སྨྱག་ཤར་ལྕུག་མ་ཡིས། །བྱབས་པས་དེ་ནི་ཚར་གཅོད་དོ།། ་དེ་ལ་སོགས་པའི་མཐུན་རྫས་རྣམས། །ཐམས་ཅད་ཀྱིས་ནི་བྱ་བ་ཡིན། །འཁོར་ལོ་བཅས་ནས་ལུས་ལ་གདགས། །བསྲུང་བའི་མཆོག་ནི་ཡིན་པར་གསུངས། །སྔགས་ཀྱིས་བསྐྲད་པ་བསྟན་པ་ནི། །ོཾ་ན་མོ་ནཱི་ལཱཾ་བ་ར་དྷ ་ར་བཛྲ་པཱ་ཎི་ཆེ་གེ་མོ་ཧཱུཾ་ཧཱུཾ་ཕཊ། ཅེས་བསྐྲད་པའོ། །མཱ་ར་ཡ། ཕཊ་གདགས་པ་ནི་བསད་པའོ། །ཡང་ན་འཁྲུལ་འཁོར་སྦྱོར་བ་བཞིན་དུ་བྱའོ། །ོཾ་ན་མོ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བ་དང ་སྤེལ་ཏེ་བྱའོ། །སྒྲུབ་བྱའི་མིང་གི་མཛའ་ལ་སྲེག་བྱེད་ཀྱི་ཡི་གེ་དང་ལྡན་པ་ནི། བགེགས་ཞི་བར་བྱེད་པའི་སྔགས་སོ། །མིང་གི་མཛའ་ལ་བསྲུང་བའི་སྔགས་དང་ལྡན་པ་ནི། བསྲུང་བའི་སྔགས་སོ། །མིང་གི་མཛའ་ལ་དགུག་པ ་དང། དབང་དུ་བྱ་བའི་སྔགས་ཀྱང་ཤེས་པར་བྱའོ། །སྔོན་དུ་བསྙེན་པ་རྫོགས་པས་ནི། །སྔགས་རིངས་ཁོ་ནས་བྱ་བ་ཡིན། །ཁྱད་པར་དུ་ནི་ཀླུ་ལ་ཤིས། །ཡང་ན་དྲག་པོའི་སྔགས་འདི་ནི། ཨོཾ་མཧཱ་ཙཎྜ་རེ་ཥ་ན་ཧཱུཾ་ཧཱུཾ་ཕཊ་ཅེས ་བྱ་བ་དང་སྤེལ་ཏེ་བྱའོ། །ཡང་ན་རྒྱུད་བཞིན་བཏུབ་པ་དང། །མི་བཏུབ་པ་ཡི་རིམ་པ་ནི། །སློབ་དཔོན་སོ་སོའི་གཞུང་ལུགས་སོ། །ཇི་ལྟར་མོས་པས་འགྲུབ་པར་འགྱུར། །དྲག་པོའི་འཁྲུལ་འཁོར་གཞན་རྣམས་ཀྱང། །མན་ངག ་གཞན་གྱིས་སྦྱོར་ཤེས་བྱའོ། །སྟང་སྟབས་སྦྱོར་བས་ཚར་བཅད་ནི། །མཉམ་པའི་སྟང་སྟབས་ལ་སོགས་པ་བཅོ་བརྒྱད་ཀྱིས་ཚར་བཅད་པ་དང། །ཕེག་རྡོབ་སྐོར་བུ་ལ་སོགས་པ། །གྱད་འགྲོས་རྣམས་ཀྱིས་ཚར་བཅད་པ་དང་། ་གཡས་བརྐྱང་ལ་སོགས་པས་ཚར་བཅད་པ་དང། དེ་གསུམ་གང་ཡང་རུང་བས་བྱའོ། །སྟང་སྟབས་ཀྱི་སྦྱོར་བ་ལས་ཤེས་བྱའོ། །ཕྱག་རྒྱ་ལ་སོགས་པའི་སྦྱོར་བ་ཡང་ལག་སྟབས་ལ་སོགས་པའི་སྦྱོར་བ་ལ་སོགས་པ་ཤེས་པར ་བྱའོ་།ཏིང་ངེ་འཛིན་གྱི་ཐབས་ནི། དང་པོར་བདག་ཉིད་ཕྱག་ན་རྡོ་རྗེ་གཏུམ་ཁྲོ་འབར་བ། མཆེ་བ་གཙིགས་པ། སྤྱན་དགྲད་པ། གོས་སྔོན་པོ་གསོལ་པ། སྐུ་ཆེ་བ། ཡན་ལག་རགས་པ། གཡས་བསྐུམ་པ། གཡོན་བརྐྱང་བས་བགེགས་ཀྱི ་སྙིང་གར་མནན་པ། ཕྱག་གཡས་པའི་རྡོ་རྗེ་གསོར་བ་ལས། །འོད་ཟེར་འཕྲོས་པས། རྡོ་རྗེ་ཕྲ་མོའི་མཚོན་ཆ་གྲངས་མེད་པར་བརྒྱུད་མར་བྱུང་ནས། སྤྱི་གཙུག་ཏུ་རྒྱབ་པས། རྐང་པའི་མཐིལ་དུ་འབྱིན་པ། ཧཱུཾ་སྒྲ་དང་ཞགས་པའི་སྒྲ་བསྒྲགས ་པས་ཐམས་ཅད་དང་ངས་ཤིང་བརྒྱལ་པར་བྱེད་པ། སྐུ་ལས་ཁྲོ་བོ་དཔག་ཏུ་མེད་པ་བྱུང་པས། བསྒྲུབ་བྱའི་བ་སྤུ་བུ་གར་ཞུགས་ནས་ཁྲག་འཇིབ་པར་བྱེད་པ། ཐུགས་ཀ་ནས་ཁྲོ་བོ་དཔག་ཏུ་མེད་པ་བྱུང་ནས། བསྒྲུབ་བྱའི་སྙིང་ཀར་གདབ? ་བ། སྐུ་ལ་མེ་དཔུང་བྱུང་ནས་སྲེག་པར་བྱེད་པ། ཞལ་ནས་སྔགས་ཀྱི་སྒྲ་བརྗོད་པས་འབྱུང་པོ་ཐམས་ཅད་པར་བྱེད་དེ། །དེ་ལྟ་བུའི་ཁྲོ་བོ་གཅིག་བསྒོམས་ལ། ཡེ་ཤེས་བསྟིམ། བྱིན་གྱིས་བརླབ། དབང་བསྐུར་ལ་ནུས་པའི་མཐུ་ཅན་དུ ་བྱའོ། །བགེགས་ཆེན་པོ་བསྐྲག་པ་ཡང། ཆོ་ག་ཕ་མོས་མི་ཐུབ་སྟེ། དང་པོ་ཁོ་ནར་སྔོན་དུ་བསྙེན་པའི་ཆོ་ག་རྫོགས་པར་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་དུ་བསྐྱེད་ལ། བདུད་རྩི་ལྔ་དང་ལྡན་པའི་གཏོར་མ་གཅིག་བྱིན་གྱིས་བརླབས ་ལ། བདེ་བར་གཤེགས་པ་ལ་དབུལ། མཐུ་བསྐྱེད་ལ་གསོལ་པ་གདབ། ཡང་གཏོར་མ་གཅིག་ལ་ཐུན་མོང་གི་རྫས་དང་ལྡན་པའི་སྟེང་དུ། ཁྲག་སྣ་སྙིང་སྣ་ཤ་སྣ་གསུམ་དང་ལྡན་པའི་རྫས་ལ། བྱིན་གྱིས་བརླབས་ལ་ཆོས་སྐྱོང ་བའི་སྲུང་མ་ལ་ཕུལ་ལ། བདག་གི་སྟོང་གྲོགས་མཛད་པར་ལས་བསྒོའོ། །གཏོར་མ་ཆ་གཅིག་ལ་དྲུག་ཅུ་པ་ལྡན་པའི་རྫས་ལ་བྱིན་གྱིས་བརླབས་ལ། འབྱུང་པོ་ཐམས་ཅད་ལ་བྱིན་ལ། གནོད་པ་མ་བྱེད་པར་བསྒོ་པར་བྱ། ཡང་ན་ཞི ་བའི་སྦྱིན་སྲེག་གིས་བགེགས་ཞི་བར་བྱ་སྟེ། དེ་ལྟར་ཡང་ནས་ཡང་དུ་བྱས་པས་བགེགས་ཞི་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་འགྲོར་མ་བཏུབ་ན། དྲག་པོའི་ལས་བྱ་སྟེ། དང་པོ་ཁོ་ནར་བདག་གི་ཐུགས་ཀ་ནས ་ཁྲོ་བོའི་སྤྲུལ་པ་བགྱི་བས། འབྱུང་པོ་ཐམས་ཅད་བཀུག་པ་དང། ཡང་ན་ནད་པ་ཉིད་ལ་བསམས་ཏེ། ཡི་གེ་གསུམ་ལས་འཕྲོས་འདུས་པ་ལས། རི་རབ་ཏུ་གྱུར་ནས། རི་རབ་སྙིང་གར་མནན་པར་བསམ། དེ་ནི་མནན་པའི ་སྦྱོར་བའོ། །བགེགས་བསྲེག་པ་ནི། ཡི་གེ་ཧཱུཾ་གི་འཕྲོ་འདུས། ལྕེ་ནག་པོ་རྡོ་རྗེ་སྤུ་གུ་ཅན་དུ་གྱུར་ནས། དེའི་ནང་ན་ཚུར་འོད་ཟེར་མེ་འདྲ་བ་བྱུང་ནས་གང་ལ་གནོད་པའི་སར་གཏད་ལ་བགེགས་ཐམས་ཅད་བསྲེག་པར་བྱ་སྟེ། ་ཡང་ན་ལྕེ་རྡོ་རྗེ་སྔོན་པོར་བསྒྱུར་ལ། འོད་ཟེར་སྔོན་པོ་རླུང་འདྲ་བས་ཐམས་ཅད་གཏོར་ཞིང་བསྐྲད་པར་བསམ་མོ། །ཡང་ན་སྲོག་གི་འོད་ཟེར་འཕྲོས་པས། བགེགས་ཐམས་ཅད་བཅོམ་ནས་སླར་འདུས་པས་སྙིང་ཀའི་ལྷ་ལ་མཆོད ་པར་བསམ་མོ། །ཡང་ན་མདུན་གྱི་ལྷ་མཆོད་པར་བསམ་མོ། །བསྲེག་གཏོར་བཅོམ་པའི་སྦྱོར་པའོ། །ཡང་ན་བསང་པའི་སྦྱོར་བ་ནི། གོང་གི་སྐུ་བསྐྱེད་པ་ལ་སོགས་པ་མན་ངག་སྦྱོར་བ་ཡོད་པ་རྣམས། རིམ་པ་བཞིན་ཏུ་ཤེས་པར་བྱའོ། །ཁྱད་པར་སྦྱོར་བ་བསྟན་པ་ནི། ཐུགས ་ཀྱི་འོད་ཟེར་འཕྲོ་བ་དང། །གསུང་གི་ཡིག་འབྲུ་སྤྲོ་བ་དང། །སྐུ་ཡི་སྤྲུལ་པ་སྤྲོ་བ་དང། །ཡང་ན་ཐུགས་ཀྱི་ཕྱག་མཚན་ཡིན། །ལྟེ་འོག་གནས་སུ་བསྟིམ་པ་དང། །གནས་དགུ་དག་ཏུ་བསྟིམ་པ་དང། །ཐམས་ཅད་ཀུན་ཏུ ་བསྟིམ་པ་དང། །དེ་ལྟར་བསྟིམ་ལ་ལུས་དགང་ངོ། །ཐུར་དུ་བདའ་དང་གྱེན་དུ་བདའ། །སྲོག་འགྲོ་སྟེང་འོག་བདའ་བ་དང། །འབྱུང་ས་གཉིས་ནས་གདོན་པ་དང། །འདེད་པའི་ཚུལ་གྱིས་བདའ་བ་དང། །བཏོན་ནས་བཞུ ་བཏུལ་བྱ་བ་དང། །དེ་ནས་ལྷ་ལ་མཆོད་པ་བྱ། །དེ་ལ་སོགས་པའི་མན་ངག་གིས། །སྦྱོར་བ་གཞན་ཡང་ཤེས་པར་བྱ། །དེ་ལྟའི་སྦྱོར་བ་བྱེད་པ་ཡང། །ཕལ་དང་ཕལ་གྱི་ཐུན་མོང་མིན། །ལུས་ཀྱི་རྒྱན་ཆ་ལ་སོགས་ལྡན། །ངག་གི་མ་ཉམས་ཡོན་ ་ཏན་ལྡན། །བར་ཆད་རྡུལ་ཙམ་མ་ཤོར་བར། དཔེར་ན་དུལ་ཆུ་བྲུབ་པ་བཞིན། །དེ་གསུམ་གསལ་བར་བརྗོད་པ་ཡིན། །སྣོད་མིན་པ་ལ་གསང་འགྱུར་ཡིན། །དཔེར་ན་སྲིན་པོ་དུར་སྐད་བཞིན། །ཚིག་མི་གསལ་བར་དོན་གསལ་བ། །ཡིད ་བརྟེན་དྲག་ཏུ་བཟླ་བར་བྱ། །དེ་ལྟའི་བགེགས་བསྐྲད་སྦྱོར་བ་ཡང། །ཐམས་ཅད་ཀུན་ལ་བྱ་བ་མིན། །བསྒོམ་སྒྲུབ་པར་ཆད་བྱུང་བ་དང། །སློབ་དཔོན་གཞན་དོན་མཛད་པ་ལ། །འབྱུང་པོས་བར་ཆོད་བྱས་པ་ལ། །སྦྱོར་བ་འདི་ནི་བྱ་བར ་གསུངས། །རྡོ་རྗེ་སྤུན་ལ་བྱ་བ་ཡིན། །གཞན་ཡང་སེམས་ཅན་གཞན་པོ་ནི། །མི་དགེ་སྤང་ཞིང་དགེ་བཅུ་སྤྱོད། །དེ་ལའང་བྱ་བར་གསུངས་པ་ཡིན། །གཉི་ག་མི་བྱེད་སེམས་ཅན་ལ། །སྦྱོར་བ་ཆུང་དུ་བྱ་བར་གསུངས། །མི་དགེ་བཅུ ་ནི་དང་ལེན་ཅིང། །རྡོ་རྗེ་སློབ་དཔོན་ལ་སྨོད་ཅིང། །སངས་རྒྱས་བསྟན་པ་འཇིག་པ་དང། །རྒྱལ་ཁམས་ཡོངས་སུ་གནོད་པ་དང། །དགེ་འདུན་འདུ་བའི་སྒོ་འཕྲོག་དང། །ཐེག་ཆེན་གསང་སྔགས་སྨོད་པ་དང། །རྣལ་འབྱོར་སྤྱི་ཡི་དགྲར ་འགྱུར་ལ། །སྦྱོར་བ་འདི་ནི་བྱར་མི་རུང། །གལ་ཏེ་སེམས་ཅན་དེ་དག་ཀྱང། །གནོད་ཞིང་འགྱོད་པས་མཐོལ་བཤགས་ནས། །སངས་རྒྱས་ཐེག་པའི་སྒོར་འཇུག་ཅིང། །ཡང་དང་ཡང་དུ་གསོལ་འདེབས་ན། །སྦྱར་བ་འདི་ནི་བྱ་བར་གསུངས། ་སྦྱོར་བ་འདི་ཡི་མན་ངག་ཀྱང། །རང་གི་སྲོག་བཞིན་མ་བཙོས་ན། །སྣོད་དང་མི་ལྡན་ལ་སྤེལ་ནས། །བེ་སྦྲེལ་གཡང་ཀར་ཁྲིད་པ་བཞིན། །གཅིག་ལྷུང་བས་ན་གཉིས་ཀ་ལྷུང། །དེ་བས་ནན་ཏན་ཆེར་གྱིས་ལ། །རིན་ཆེན་ལྟ་བུའི ་གང་ཟག་ལ། །བཅས་ཀ་དམ་བཞག་བྱས་ཏེ་གཏད། །བགེགས་བསྐྲད་པ་ལ་སོགས་པའི་སྦྱོར་ཀ་སྟེ་བཅུ་དགུ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་བསྣམས་པ་ལ་ཕྱག་འཚལ་ལོ། །དུག་སྔགས་ཀྱི་ནི་གཙོ་བོ་བུ། ་སྔོན་དུ་བསྙན་པ་བྱ་བའི་ཕྱིར། །སྔོན་དུ་བསྙེན་པའི་མན་ངག་རྣམས། །ཅུང་ཞིག་བསྡུས་ཏེ་བསྟན་པར་བྱ། །དང་པོ་སྐད་ཅིག་ལྷར་བསམས་ཏེ། །སྙིང་ཀར་ཟླ་བའི་དཀྱིལ་འཁོར་བསམ། །དེ་སྟེང་ཧཱུཾ་གི་འཕྲོ་འདུ་ཡིས། །མཆོད་པ་ལ་སོགས ་རྟོགས་བྱས་ནས། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །སྟོང་པ་ཉིད་ཀྱི་ངང་ལས་ནི། །པཾ་ལས་པདྨ་འདབ་མ་བརྒྱད་པ་བསམ། །པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་བསམ། །དེ་སྟེང་ཧཾ་གི་འཕྲུ་འདུ་ཡིས། །རྡོ་རྗེ་གུར་དུ་གྱུར་ནས་ཕྱིར། །ཆོ་ག་གསུམ ་མམ་སྐད་ཅིག་མས། ཕྱག་ན་རྡོ་རྗེའི་སྐུ་བསྐྱེད་ལ། །དོན་དུ་རྡོ་རྗེ་སེམས་ཤེས་བྱ། །རྡོ་རྗེ་བསྣམས་དང་ཆོས་ཉིད་ཀྱི། །དོན་ལ་སེམས་དཔའ་ཡེ་ཤེས་ལ། །ལས་སུ་མིང་དང་ཐ་དད་ཙམ། །དེ་ཉིད་སྐུ་མདོག་དཀར་ལ་འཆེར། །ཕྱག་གཉིས ་རྡོ་རྗེ་དྲིལ་བུ་བསྣམས། །རྒྱན་རྣམས་ཐམས་ཅད་རྫོགས་ལྡན་ཞིང། །རྡོ་རྗེ་སྐྱིལ་ཀྲུང་ཚུལ་དུ་བཞུགས་།ཡེ་ཤེས་སྤྱན་དྲངས་སྙིང་ཀར་བསྟིམ། །སྐུ་གསུང་ཐུགས་ནི་བྱིན་བརླབས་དབང་བསྐུར་བྱ། །དེ་ལྟར་བརྟན་བསྒོམས་ཐུགས་ཀ་རུ། །ཟླ་བ ་པདྨ་ལྟེ་བ་ལ། །མན་ངག་བཞིན་དུ་བསྒོམ་པར་བྱ། །དེ་ལྟར་གསལ་ནས་བཟླས་རྗོད་བྱ། །ཐུགས་འཁོར་གསལ་དང་ལྷ་མཆོད་དང། །སྦྱང་དང་བསྡུ་བའི་ཚུལ་བཞིན་དུ། །འབུམ་གསུམ་བསྙེན་པ་བྱ་བ་དང། །དུས་དང་གྲངས་དང་མཚན་མ་ཡི། ། ་བསྙེན་པ་ལ་སོགས་ཆར་ཕྱིན་ནས། །དེ་ནས་འཁོར་རྣམས་སོ་སོ་ལ། །འབུམ་ཕྲག་རེ་རེ་བསྙེན་པ་བྱ། །འཁོར་རྣམས་བསྙེན་པའི་མན་ངག་ནི། །མདུན་དུ་པདྨའི་གདན་བསྐྱེད་དེ། །སྐད་ཅིག་ཀླུ་བརྒྱད་སྤྲུལ་ནས་ནི། །སྤྱན་དྲངས་ལ་སོགས་རྫོགས་བྱས་ལ།། ་འོད་ཟེར་འཕྲོས་པས་མཆོད་མཉེས་ལ། །དོན་རྣམས་གང་ཡིན་གྲུབ་པར་བསམ། །གོང་བཞིན་མཚན་མའི་རྟགས་བྱིན་ནས། །དེ་ནས་བསྒྲུབ་པ་བརྩམ་པར་བྱའོ། །ལྷ་བསྐྱེད་ལ་སོགས་ཆོ་ག་ནི། བསྙེན་པའི་དུས་དང་མཐུན་པར་བྱ། །གཙོ་བོའི་བཟླས་བརྗོད་འབུམ་ཕྲག་གཅིག་། ་འཁོར་རྣམས་ཁྲི་དང་སྟོང་དང་ནི། །བརྒྱ་ཡི་བར་དུ་རབ་འབྲིང་ངོ། །དུག་གིས་ཟིན་པའི་བསྒྲུབ་བྱ་སྟེ། །མདུན་སོགས་བྱ་བ་རྫོགས་བྱས་ལ། །ལུས་ཀྱི་ཡན་ལག་བརྒྱད་པོ་ལ། །ཡི་གེ་དགོང་སོགས་བྱ་བ་ནི། །མགོ་རཀྵཾ?་སྣ་དང་རྣ་བར་ཡུམ། །མིག་ཏུ་ཧཱུཾ་དང་ཁར་ནི་སུཾ། ། ་མགྲིན་པར་སྨྲཡུཾ་སྙིང་གར་ཡམ?་། །ལྟེ་བར་ཀ?་དུ་ཤེས་པར་བྱའོ། །ཁ་དོག་དཀར་པོ་བསམ་པར་བྱ། །སྔགས་རྣམས་དེ་ཡི་མཐུས་སུ་ནི། །སྙིང་གའི་དུག་ནི་བཅིང་བར་བྱ། །ཡེ་ཤེས་ཡི་གེ་ཧཱུཾ་གིས་ནི། །དུག་འཕྲོས་ལ་སོགས་མན་ངག་སྦྱར། །དེ་འོག་ཕྱི་མའི་ལས་བརྩམ་མོ། ་རིན་ཆེན་ལ་སོགས་བུམ་པ་ལ། །སྐྱོན་བྲལ་ཡོན་ཏན་ལྡན་པ་རུ། །ཆུ་དང་འོ་མ་བསྲེག་པས་དགང། །དང་པོ་བུམ་?་བུམ་བསྐྱེད་ལ། །པདྨ་ཟླ་བའི་གདན་སྟེངས་སུ། །དེ་སྟེང་ཡི་གེ་སུ་ལས་ནི། །གྱུར་པའི་རྡོ་རྗེ་མཁའ་འགྲོ་མ། །གདུགས་དཀར་གྱིས་ནི་བརྒྱན་མཛད་ཅིང། ་སྐུ་མདོག་དཀར་པོ་ཕྱག་གཉིས་པ། ཁ་ཊཝཱཾ་ཐོད་པ་ཕྱག་ན་བསྣམས། །སྦྲུལ་གྱི་རྒྱན་དང་ལྡན་པ་ལ། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་བཅས། །ཀླུ་རྣམས་མགོ་བོའི་ཆ་རྣམས་ནི། །ཟླ་བའི་དཀྱིལ་འཁོར་འོག་བསྡུས་ནས། །དེ་སྟེང་རྡོ་རྗེ་མཁའ་འགྲོ་མ། །པདྨ་ཡི་ནི་འདབ་མ ་ལ། །ཀླུ་ཆེན་བརྒྱད་པོ་བསྒོམ་པར་བྱ། །ཤར་དུ་ནོར་རྒྱས་བུ་དཀར་པོ། བྱང་དུ་འཇོག་པོ་སེར་པོའོ། །ནུབ་ཏུ་སྟོབས་རྒྱུ་དམར་པོ་སྟེ། །ལྷོར་ནི་པདྨ་སྔོན་པོའོ། །དབང་ལྡན་དུ་ནི་པདྨ་ཆེ། །དཀར་སེར་དུ་ནི་བསྒོམ་པར་བྱ། །མེ་མཚམས་སུ་ནི་དུང་སྐྱོང་དཀར་སྔོའོ། །བདེན་བྲལ་དུ་ནི ་རིགས་ལྡན་སྔོ་དམར་པོ། །རླུང་མཚམས་འཁྱིལ་པ་དམར་སེར་པོ། །དེ་ལྟར་ཀླུ་བརྒྱད་བསམ་པ་ནི། །མཆོད་དང་གཏོར་མ་ལ་སོགས་བྱ། །དེ་དུས་རྡོ་རྗེ་མཁའ་འགྲོ་རུ། །དུག་སེལ་པ་ཡི་དུས་འདི་རུ། །བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ། །ཆོ་ག་བསྐྱེད་ཚུལ་ཐབས་དང་མཐུན ་རྨ་བྱའི་སྔོ་ཡི་ཆུན་པོ་ཡི། །མགོ་བོ་ལ་སོགས་ལུས་ཀུན་ལ། །བྱབ་ཅིང་མན་ངག་སྦྱོར་ཤེས་བྱའོ། །རྐང་མཐིལ་བར་དུ་དྲངས་ནས་ནི། །བུམ་པའི་ནང་དུ་དཔོ་བར་བྱ། །ལྷ་གསལ་ལ་སོགས་མན་ངག་བྱ། །ོཾ་ཧྲི་ཏ་ན་ད་ར་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བ་མན་ངག་ཏུ། ཧཱུཾ་གསུཾ ་ཕཊ་གསུམ་ཤེས་པར་བྱ། །ོཾ་བཱ་སུ་ཀི་ཧྲི་ཏ་ན་ད་ར་སྭཱཧཱ། ཨོཾ་ཧཀྵ་ཀ་ཧྲི་ཏ་ན་ད་ར་སྭཱཧཱ། ཕཊ་ཕཊ་ཕཊ་སྭཱཧཱ། ཨོཾ་ཀོར་ཀོ་ཊ་ཧྲི་ཏ་ན་ད་ར་སྭཱཧཱ། ཨོཾ་པདྨ་ཧྲི་ད་ན་ད་ར་སྭཱཧཱ། ཨོཾ་མཧཱ་པདྨ་ཧྲི་ད་ན་ད་ར་སྭཱཧཱ། ཨོཾ་ཤཾ་ཀ་བཱ་ལ་ཧྲི་ཏ་ན་ད་ར་སྭཱཧཱ། །ོཾ་ཀུ་ལི་ཤཱ་ལཾ་ཧྲི་ཏ་ན་ད་ར་སྭཱཧཱ། ཨོཾ་ཧུ་ལུ་དྷེ་ཀེ་ལི་ཧྲི་ཏ་ན་ད་ར ་སྭཱཧཱ། ཨོཾ་ཧྲི་ཏ་ན་ད་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨ་མུ་ཀ་ས་ནི་ར་བ་ཤཾ་ཀུ་རུ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བ་སུ་ཀི་དྷི་ཧ་ད་ཏ་ན་དྷ་རེ་དེ་བ་ད་ཏ་ཏ་ནི་ར་བ་ཤིཾ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། །བསྙེན་བསྒྲུབ་ལ་སོགས་བྱ་བ་ཡང། །སྔགས་ཀྱི་དབྱེ་བ་ལ་སོགས་ཀྱང། །མན་ངག་ཅན་གྱི་?་ཤེས་བྱ། །དུག་ཕྲོགས་འོ་མ་ངག་པོ ་འགྱུར། །དེ་འོག་ཡུངས་ཀར་ལ་སོགས་ཀྱིས། སྔགས་བཟླས་པས་སུ་རྡེག་པར་བྱ། །བརྡེག་པ་ཙམ་གྱིས་བསྒྲུབ་བྱ་ཡི། །སྙིང་ནི་འབར་བ་ལ་སོགས་འགྱུར། དེ་ཡི་སྙིང་གར་ཡི་གེ་ཧཱུཾ། །བསྡོམས་པས་རྣམས་ཤེས་བཅིངས་ཞིང་གཟུང། །དེ་ཙམ་གྱིས་ནི་དབུགས་གཡོ་འགྱུར། །བདག་གི་སྣ ་སྒོའི་འོད་ཟེར་གྱིས། །མཆེ་བས་ཟིན་པའི་སྣ་སྒོར་ཐིམ། །ལུས་བཀང་བས་ནི་རྐང་ལག་འདར། །དེ་ནས་ཧཱུཾ་གི་གླུ་བླང་བྱ། །དེ་ཡང་སྔོན་དུ་སེ་གོལ་ཏོག། གསུམ་གྱི་སྔ་ཡིས་ལྡང་བར་འགྱུར། །ལངས་ནས་རྡོ་རྗེ་མཁའ་འགྲོ་བསྒོམ། །ཡན་ལག་ཐམས་ཅད་བསྲུང་བར་བྱའོ། །ཀླུ་སྨན་དཀར་གསུམ་སྣ་ཚོགས་ཀྱིས ་མཆོད་དང་གཏོར་མ་ཀླུ་ལ་ཤིས། །དེ་སོགས་སྦྱོར་བ་གཞན་ལ་ཡང། །སློབ་དཔོན་མཁས་པས་སྦྱོར་ཤེས་བྱ། །དུག་གིས་ཟིན་པའི་གནས་བརྟན་པ། །ཁ་དང་སྨིན་མ་རྐན་དང་ནི། །སྣ་རྩེ་སྣ་སྒོ་མཚན་མ་དང། །བཤད་པ་མཐེ་བོང་གཟུང་བ་རྣམས། །གསོ་རུ་མི་རུར་སྤང་བར་བྱ། །རིགས་ལྡན་མགོ་བརྒྱ ་གཅིག་པ་དང། །ཀ་མ་ལ་ནི་དུག་གི་མཆེ་བ་སྟེ། །བཞིས་ཟིན་པ་ནི་འཆི་བར་འགྱུར། །ལྷག་མ་རྣམས་ནི་གསོང་རུང་བས། །རྣལ་འབྱོར་སྙིང་རྗེ་དང་ལྡན་བ། །དབང་བསྐུར་མན་ངག་ལྡན་པ་ཡིས། །ཆོ་ག་གཞུང་བཞིན་བྱས་པ་དང། །གཞན་སྒྲོལ་སྟོབས་ཀྱིས་བདག་ཀྱང་སྒྲོལ། །དངོས་གྲུབ་ཀྱང་ནི་ཐོབ་བར ་གསུངས། །དེ་བས་བརྩོན་འགྲུས་བསྐྱེད་དེ་བསྒྲུབ། །མཆོད་རྟེན་ལ་སོགས་བྱས་ནས་ནི། །ལྷ་གཤེགས་ཏིང་འཛིན་བསྡུ་བར་བྱ། །དེ་འགྲོ་སྨོན་ལམ་གདབ་བྱ་བ། །དཔེར་ན་སྨན་རྣམས་མཐུ་ཡིས་ནི། །རྫས་ཀྱིས་དུག་ནི་??་པ་བཞིན། །དེ་བཞིན་ཀླུ་ཡི་དུག་རྣམས་ནི། །སྔགས་ཀྱི་མཐུས ་སུ་འཇོམས་པར་འགྱུར། །རྣམ་པར་རྟོག་པའི་དུག་རྣམས་ནི། །ཡེ་ཤེས་མཐུ་ཡིས་འཇོམས་པར་འགྱུར། །རྫས་ཀྱི་མཐུ་ཡིས་སྟོབས་རྣམས་ཀྱིས། །དུག་རྣམས་མ་ལུས་ཞི་རྒྱུར་ཅིག་།སྔགས་ཀྱི་མཐུ་ཡི་སྟོབས་རྣམས་ཀྱིས། །དུག་རྣམས་མ་ལུས་ཞི་གྱུར་ཅིག་།ཡེ་ཤེས་མཐུ་ཡིས་སྟོབས་རྣམས་ཀྱིས ་དུག་རྣམས་མ་ལུས་ཞི་གྱུར་ཅིག་།དུག་རྣམས་ཞི་བྱེད་མཐུ་ཡིས་ནི། །ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག་།དུག་ཞི་བར་བྱེད་པའི་?་སྟེ་ཉི་ཤུ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དགུག་པ་ལ་སོགས་སྦྱོར་བ་བཞན་ཡང་བསྟན། །ལྷ་བསྐྱེད་སྦྱོར ་??་སྔགས་རྣམས་སོ་སོའི་མཛའ་ལ་ནི། དགུག་པའི་?་གདགས་པར་བྱ། །ཡང་ན་ག་དཱ་ཛཱ་ཛ་ཛ་ཞེས་པས། ཐུན་མོང་གི་སྔགས་སུ་ཤེས་པར་བྱའོ། །སྔགས་ཀྱི་ཡི་གེའི་འོད་ཟེར་གྱིས། །གང་འདོད་གནས་ནས་བཀུག་ནས་ནི། །ཤིང་ཆེན་དག་ནི་སྡོང་པོ་ལ། །ཤིང་གི་ཆོ་ལ་ནི་བྱུང་ནས་སུ། །?་ག་དག་ལ་ཀླུ ་གཟུགས་བྲི། །འོད་ཟེར་འཕྲོས་པས་དེ་ལ་བཀུག། དེ་ནས་ཤིང་ཆེན་ནང་དུ་གཞུག་།ཁ་བཅད་ཚོན་གྱི་སྐུད་པས་བཅིང། ཐལ་སོགས་འདག་པས་ཞལ་ཞལ་བྱ། །ཡང་ན་ཕ་བོང་ལ་གོང་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་མི་བྱ་བ་སྐད་པ་ནི། །ཤིང་ཤུན་ལ་སོགས་དག་ལ་ནི། །རླུང་དམ་ཤ་བའི ་གཟུགས་བྲིས་ལ། །དེ་ཡི་སྟེང་དུ་བསྒྲུབ་བྱའི་གཟུགས། །གང་འདོད་པས་ནི་བྲིས་ནས་བཞག་རྩ་སྔགས་མཛའ་ལ་བསྐྲད་སྔགས་གདགས། །གང་ལྟར་འདོད་པའི་ས་ཕྱོགས་སུ། །སྔགས་ཀྱི་འོད་ཟེར་སྟོབས་ཀྱིས་འཕང། །གོང་གི་སྦྱོར་བས་བཀུག་ནས་སུ། །གྲུ་གསུམ་ནག་པོའི་འབྲུབ ་ཁུང་དུ། །ནག་པོའི་སྦྱོར་བས་ཁ་བཅད་ལ། །རི་རབ་གཟུགས་བྲི་མནན་པ་བྱའོ། །ལྷ་རྣམས་བཅུ་བདུན་སྟང་སྟབས་ཀྱིས། །ཇི་ཙམ་འདོད་པར་མནན་པར་བྱའོ། །བསད་པར་འདོད་པའི་སྦྱོར་ཀ་ཡིས། །གཟུགས་བརྙན་ལ་སོགས་གོང་བཞིན་བཅའ་། །བསྙེན་པ་ལ་སོགས་རྫོགས་པ་ཡིས ་གསང་སྔགས་ལ་སོགས་ཤེས་བྱས་ལ། །མཚོན་ཆ་ཕྱག་མཚན་བྱིན་བརླབས་ལ། །ཁྲོ་བོ་མཚོན་ཆ་ཐོགས་པ་ཡིས། །ལུས་རྣམས་གཏུད་ཤིང་གསེད་པར་བསམ། །ཡང་ན་འཁྲུལ་འཁོར་སྦྱོར་བ་བྱ། །ཡང་ན་སྔགས་ཀྱི་འོད་ཟེར་གྱིས། །གང་འདོད་པར་ནི ་བསྲེག་པར་བྱ། །ཡང་ན་སྦྱིན་སྲེག་དག་གིས་བྱ། །དམ་ལ་མ་ཐོགས་ཀླུ་རྣམས་ནི། །སྒྲུབ་པ་པོ་ལ་བར་ཆད་བྱེད། །དང་པོ་ཞི་བས་གདུལ་བར་བྱ། །ཞི་བས་འདུལ་བར་མ་གྱུར་ན། །དེ་ལ་དྲག་པོའི་ལས་རྣམས་བརྩམ། །དམ་ལ་ཐོགས་པའི་ཀླུ་རྒྱལ་ནི། །དེ་སྟེན་ཅིང་བསྒྲུབས ་ན་དངོས་གྲུབ་སྟེར། །བདེ་གཤེགས་སྤྲུལ་པ་བསྒྲུབས་ན་ནི། །དངོས་གྲུབ་མཆོག་ཀྱང་སྟེར་པར་བྱེད། །ཀླུ་རྒྱལ་དེར་སྒྲུབ་སྦྱོར་བ་ཡང། །སྔོན་འགྲོ་འགྲོ་ཆོ་ག་རྫོགས་ནས་ནི། །དེ་ནས་སྟོང་བ་ཉིད་དུ་བསྒོམ། །སྟོང་པའི་ངང་ལས་པདྨའི་གདན་།དེ་སྟེང་ཆོ་ག་གསུམ ་ཀྱིས་བསྐྱེད། །ལྷག་པའི་ལྷ་ནི་གང་འདོད་བསྐྱེད། །གཞན་དག་སྤྲུལ་པའང་གང་འདོད་པ་ཡང་ཡོད། །མདུན་རུ་བང་ཟླའི་གདན་སྟེང་དུ། །ཆོ་ག་གསུམ་འམ་སྐད་ཅིག་སྤྲུལ། །སྐུ་མདོག་དཀར་པོ་སྤྲུལ་ཞགས་བསྣམས། །ཀླུ་རྒྱལ་དེ་འདྲ་སྤྱན་དྲངས་བསྟིམ།། ་མཆོད་བསྟོད་ལ་སོགས་རྫོགས་བྱས་ལ། །དེ་ནས་གང་ཡིན་བཟླས་བརྗོད་བྱ། །ཀླུའི་སྦྱོར་བ་སྟེ་ཉི་ཤུ་གཅིག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བསྙེན་པ་རྫོགས་པ་ཡིས། །འཁྲུལ་འཁོར་རིམ་པ་བརྩམ ་པར་བྱ། །དང་པོ་ལས་གཞིའི་རིམ་པ་ནི། །ཞི་བ་གོ་རོ་ཙ་ན་བླང། །གྲོ་ག་འམ་སྟུག་མའི་ཤུན་པ་ལ། །རྩ་སོགས་དཀར་པོ་མ་ཡིན་སྤངས། །ཞི་བར་འདོད་པ་སྙུ་གུ་ཡིས། །བསྒྲུབ་བྱ་སྒྲུབ་བྱེད་འཁོར་ལོ་བྲི། །འཁོར་ལོའི་དཀྱིལ་འཁོར་བྲི་བ་ནི། །བརྒྱད་དང་བཅུ ་གཉིས་བཅུ་དྲུག་བྲི། །ཤེས་རབ་ཆོ་གས་ཡང་དག་བྲི། །ཡང་ན་གཅིག་དང་གཉིས་སུ་བྱ། སྔགས་ནི་ཐམས་ཅད་དགོད་པ་དང། །གཅིག་དང་གཉིས་སུ་དགོད་པའོ། །ཡི་གེ་རེ་རེ་དགོད་པ་དང། །ཐམས་ཅད་རྫོགས་པར་དགོད་པའོ། །ཤར་ནས་བརྩམས་ཏེ ་བྲི་བར་བྱ། །དེ་མ་ཐག་ཏུ་དོར་བ་ཡང། །བསྒྲུབ་བྱའི་མིང་དང་ན་མ་དང། །བསྐུལ་པའི་ཚིག་དང་བཅས་པར་བྲི། །རྡོ་རྗེ་འཛིན་པའི་སྦྱོར་བ་ཡིས། །ཡི་གེ་ཧཱུཾ་གི་འོད་ཟེར་ལས། །སྔོན་པོ་དཀྱིལ་འཁོར་སྤྱན་དྲངས་ནས། །མཆོད་བསྟོད་བསྙེན་པ་བྱས་ནས་སུ། །དཀྱིལ་འཁོར་འདི་ལ ་གཞུག་པར་བྱ། །བྱིན་དང་ལྡན་པའི་ལྷ་ཉིད་ནི། །ཡི་གེའི་གཟུགས་ལས་འཕྲོས་པས་ན། །དཀར་པོ་དན་བྱེད་བརྟུལ་ཞུགས་ཅན། །མར་དང་སྦྲང་རྩི་དབུས་དཀར་ནས། །སྐུད་པ་དཀར་པོ་བཅིང་བར་བྱ། །མེ་ཏོག་དཀར་པོས་ཐུན་གསུམ་དུ། །ཞི་བའི་སེམས་ཀྱིས་གཏོང་བར ་བྱ། །བདག་ཉིད་སྔོན་པོའི་དཀྱིལ་འཁོར་ནི། བསྐྱེད་པའི་རིམ་པ་གང་དོད་བྱ། །ཞི་བའི་དཀྱིལ་འཁོར་དཀར་པོ་ལ། དེ་ཡི་མདུན་དུ་བསྒྲུབ་བྱིན། །པདྨ་ཟླ་བར་གནས་པ་སྟེ། །ཁ་དོག་དཀར་པོ་ཟླ་བའི་མདངས། །བསྒྲུབ་བྱ་གནས་པར་མཐོང་ནས་ནི། །བུམ་པ་དཀར་པོའི་ཟླ་བའི ་མདངས། །བདུད་རྩི་ལྔས་ནི་བཀང་པ་ཡིས། །དབང་བསྐུར་པ་ནི་བསམ་པར་བྱ། །རྫོགས་སངས་རྒྱས་པ་གྲངས་མེད་དབང། ཐོབ་ནས་བསྒྲུབ་བྱ་གང་ཡིན་ལ། །བདུད་རྩི་སྤྱི་བོར་བླུག་པར་བྱ། །བདག་ཉིད་སྔོན་པོའི་སྦྱོར་བ་ཡིས། །སྔགས་ཀྱི་འོད་ཟེར་སྤྲོས་པ་ལས། །བསྒྲུབ་བྱ ་མི་མཐུན་ཞི་པར་བྱ། །དེ་ནས་བཟླས་པ་བརྩམ་པར་བྱ། །ོཾ་ན་མོ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱཧཱ། །ཆེ་གེ་མོ་ཞེ་བར་གྱིས་ཤིག་།ན་མ་སྭཱཧཱ། དུག་ནི་ཞི་བར་འདོད་པ་ནི། །གུར་ཀུམ་དག་གིས་འཁོར་ལོ་བྲི། །དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས། །ནག་པོའི ་གཅིག་ཏུ་ལས་རྣམས་འགྲུབ། །དེ་ལྟར་རྣལ་འབྱོར་སྒྲུབ་པ་པོས། །འཁོར་ལོའི་མན་ངག་ཡོད་པ་ན། །ཐེ་ཚོམ་མེད་པར་བྱ་ནས་ནི། །སྔགས་ནི་ནན་ཏན་ཆེར་བསྐྱེད་ན། །ངེས་པ་ཁོ་ནར་འགྲུབ་པར་འགྱུར། །ཞེ་བའི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་གཉིས ་བའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ནས་གཞན་ཡང་རྒྱས་པ་ཡི། །ཐམས་ཅད་སྔོན་བཞིན་བྱས་ནས་ནི། །སྔགས་ནི་ཐམས་ཅད་དགོད་པ་ན། །མི་དགོད་པ་ནི་སྔོན་བཞིན་བྱ། །འཁོར་ལོ་ཡང་ནི་སྔོན་བཞིན་ནོ། །སྟོང་པའི་མཚམས ་ནི་བླངས་ནས་སུ། །མིང་དང་བསྐུལ་ཚིག་སྭཱཧཱ་སྤེལ། །གཞི་ནི་གྲོ་ག?་མ་རས་ལ་བྱ། །གུར་ཀུམ་ཁ་ཚེ་སྐྱེས་ལ་སོགས། །གང་འདོད་པ་ཡིས་བྲི་བར་བྱ། །ཁམ་ཕོང་སེར་པོ་ཁ་སྦྱར་ནས། །སྐུད་པ་སེར་པོ་བཅིང་བར་བྱ། །བདག་ཉིད་རྒྱས་པའི་ལྷ་ཉིད་དུ། །བསྐྱེད ་པ་ལ་སོགས་རྫོགས་པར་བྱ། །ཡི་གེ་ཧཱུཾ་ནི་སེར་པོ་ཡིས། །ལྕགས་ཀྱུའི་དབྱིབས་འདྲ་སྤྲོས་ནས་ནི། །རྒྱས་པའི་དཀྱིལ་འཁོར་བཀུག་ནས་ནི། །སྔོན་ཞིང་མཆོད་པ་ལ་སོགས་བྱ། །དེ་ནས་འཁྲུལ་འཁོར་དག་ལ་བསྟིམ། །བྱིན་དང་ལྡན་པའི་ལྷ་རྣམས་ནི། །ཡི་གེ་གཟུགས་ལས ་འོད་འཕྲོས་བས། །སེར་པོའི་བྱེད་པ་བརྟུལ་ཞུགས་ཅན། །མར་དང་སྦྲང་རྩིས་སྣོད་བཀང་ལ། །སྐུད་པ་སེར་པོས་བཅིང་བར་བྱ། །མེ་ཏོག་སེར་པོས་ཐུང་སུམ་དུ། །རྒྱས་པའི་སེམས་ཀྱིས་གཏོར་ཞིང་མཆོད། །བདག་ཉིད་སྔོན་པོའི་དཀྱིལ་འཁོར་ནི། །ཆོ་ག་གང་འདོད་ལ་སོགས་བྱ། །ཡི ་གེ་གཟུགས་སུ་མཐོང་བྱས་ལ། །བསྒྲུབ་པའི་མི་མཐུན་རྒྱས་བྱས་ཏེ། །མེ་ཏོག་སེར་པོ་དུས་སུ་མཆོད། །ལྷ་ཡི་རྣལ་འབྱོར་ཤེས་པ་ཡིས། །ཐམས་ཅད་རྫོགས་ནས་དཀྱིལ་འཁོར་ལ། །པདྨ་ཟླ་བའི་གདན་སྟེངས་སུ། །བསྒྲུབ་བྱ་སེར་པོ་བདུན་བསམས་ལ། །གསེར་སོགས་བུམ་པས་? ་བསྐུར་བྱ། །རྒྱས་པའི་མི་མཐུན་སྐྱོན་རྣམས་ནི། །བཀྲུ་ཞིང་དེ་ཉིད་རྒྱས་པར་བསམ། །སྔོན་དུ་གསུངས་པའི་ས་བོན་ལས། །མེ་ཏོག་སེར་པོས་དུས་གསུམ་དུ། །སྔགས་བཟླས་སྐྱོན་རྣམས་སྦྱང་བར་བསམ། །ོཾ་ན་མོ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ། ཆེ་གེ་མོ་མོ་ཨོཾ་ཆེ་གེ་མོ་ཨོཾ་ཆེ་གེ་མོ་རྒྱས ་བར་གྱིས་ཤིག་སྭཱཧཱ། །རྒྱས་པའི་དུས་ནི་ཡང་དག་བསྟན། །ཉ་དང་དེ་བཞིན་རྒྱས་པའི་ཉ། །དེ་ཡི་དུས་སུ་ཡང་དག་སྦྱར། །རྒྱས་པའི་ལས་ནི་འདི་དག་ལ། །རྣལ་འབྱོར་ཅན་གྱིས་བརྩོན་པར་བྱའོ། །རྒྱས་པའི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། ་བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་ནས་དབང་གི་འཁྲུལ་འཁོར་ནི། །གྲ་བ་དམར་པོའི་རྫས་རྣམས་ལ། །འཁོར་ལོ་གཉིས་ནི་སྔོན་བཞིན་བྲི། །སྔགས་སོགས་དགོད་པ་སྔོན་བཞིན་བྱ། །བསྙེན་པ་ཡང་ནི་སྔོན་བཞིན་བྱ། །རྒྱ་སྐྱེགས་ཙནདན་ཁུ་བའམ། །སྲིན་ལག ་ཁྲག་གིས་བྲི་བར་བྱ། །ཁམ་ཕོར་ནག་པོ་ལ་?་མིན། །ཁ་སྦྱར་འཁོར་ལོ་གཞུག་པར་བྱ། །སྦྲང་རྩི་མར་གྱིས་བཀང་ནས་སུ། །སྐུད་པ་དམར་གྱིས་བཅིང་བར་བྱ། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །འོད་འཕྲོས་སྤྱན་དྲངས་སྔོན་བཞིན་མཆོད། །དེ་ནས་འཁོར་ལོ་དག་ལ་བསྟིམ།། ་དབང་དུ་བྱེད་པའི་ལྷ་རྣམས་ནི། །སྔགས་ཀྱི་གནས་སུ་ནུས་མཐུ་ཅན། །འོད་ཟེར་དམར་པོའི་སྦྱོར་བ་ཡིས། །བསྒྲུབ་བྱ་དབང་དུ་བྱ་བར་བསམ། །མེ་ཏོག་དམར་པོས་དུས་གསུམ་མཆོད། །ཆོ་ག་ལས་བསྐྱེད་རྡོ་རྗེ་འཛིན། །དམར་པོ་ཁ་དོག་དབང་དུ་བྱེད། །ནུབ་ཕྱོགས་ངོས ་སུ་ཁ་བལྟས་ལ། །ཟླ་བ་དམར་པོ་དག་ལ་ནི། །བསྒྲུབ་བྱ་བསམ་བར་བྱས་ནས་ནི། །སྙིང་གའི་ཡི་གེ་འོད་ཟེར་གྱིས། །བསྒྲུབ་བྱ་གནས་པས་བཀུག་བསམས་ལ། །ཁྲི་ཡི་སྔགས་ནི་བཟླས་པར་བྱ། །བསྒྲུབ་བྱའི་ལུས་ལ་ཕོག་འགྱུར་བས། །དེ་ཡི་སེམས་ནི་ཡེངས་གྱུར་ནས། ་ཞབས་ཀྱི་དྲུང་དུ་འགྱེལ་བར་བསམ། །སྐྲ་གྲོལ་བ་ལ་གོས་མེད་པ། །ཤིན་ཏུ་གཡེང་བའི་བསྒྲུབ་བྱ་བསམ། །དབང་དུ་མི་འགྱུར་གང་ཡང་མེད། །ོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཙཎྜ་རོ་ཥ་ན་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་དབང་དུ་བགྱིས་པས་ས་མ་ཡ་ཧོ། །གང་དག་དབང་དུ་མི ་འགྱུར་པ། །ཁ་ཏི་མ་ཡི་མེ་ནཾ་དུ་བ་མེད། །སྔགས་བཟླས་འཁྲུལ་འཁོར་ལ་ནི་བསྲོ། །ལས་སུ་བྱ་བ་དུས་བསྟན་པ། །ནག་པོའི་བརྒྱད་ནས་བརྩམས་ནས་ནི། །དེ་བཞིན་ནག་པོའི་བརྒྱད་ཀྱི་བར། །བརྟུལ་ཞུགས་ཅན་གྱིས་དབང་ལ་སྦྱོར། །དེ་བཞིན་དབང་གི་འཁྲུལ་འཁོར་ལ།། ་རྣམ་འབྱོར་ཅན་གྱིས་བརྩོན་པར་བྱའོ། །དབང་གི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་བཞི་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་བསྣམས་པ་ཕྱག་འཚལ་ལོ། །དྲག་པོ་ཡི་ནི་འཁྲུལ་འཁོར་དག་།དུར་ཁྲོད་དག་གི་རས་མ་ལ། །སྐེ་ཚེ་ནིམ་པའི་བྱེ་བྲག་གིས། །ཚ ་པ་གསུམ་གྱི་མར་དང་དུར་ཁྲོད་སོལ། །དྷ་དྷུ་ར་དང་གཏུམ་པོའི་ས་བོན་དང། །ཁྲོ་མཛུབ་ཁྲག་དང་ཙི་ཏ་ཁུ་བ་དང། །བྱི་བྲུན་གྱིས་ནི་འཇིམ་པས་བླང། །གཏུམ་བྱེད་ཀྱི་ནི་ཕྲུ་བའི་ཆུས། །ལྟོགས་ཆེན་སྒྲོ་ཡི་སྨྱུ་གུ་ཡིས། །བདག་ཉིད་ལྷ་ཡི་རྣལ་འབྱོར་ལྡན། །གཏུཾ ་པོ་ཁྲོས་པའི་ས་བོན་གྱིས། །བརྟུལ་ཞུགས་ཅན་གྱིས་འཁོར་ལོ་གིས། །བཅུ་ཡི་ཉི་མ་ཕྱེད་ན་བྲི། །སྔགས་ལ་སོགས་པ་དགོད་པ་ནི། །སྔོན་དུ་གསུངས་པའི་རྣམ་པ་ནི། །དེ་ནས་སྟོང་པའི་ལིང་ཚེ་རྣམས། །མིང་དང་བསྐུལ་ཚིག་ཧཱུཾ་ཕཊ་ལྡན། །རྣལ ་འབྱོར་ཁྲོས་པའི་གཟུགས་ཅན་གྱིས། །འོད་ཟེར་འཕྲོས་པས་ལྷ་རྣམས་དགུག་།ཆོ་ག་ལ་སོགས་བྱས་ཕ་ལ། །དེ་ནས་བཀུག་སྟེ་འཁོར་ལོར་གཞུག་།གསོད་དང་ལྡན་པའི་ཁྲོ་བོ་ནི། །ནུས་དང་ལྡན་པའི་ཡི་གེ་རྣམས། །གདུག་པའི་ཚོགས་ཀྱིས་བསད་པར་བྱ། །དེ་ལྟར་བྱིན་གྱིས ་བརླབ་པར་བྱ། །བྱི་བྲུན་འཇིམ་པ་གཏུམ་བྱེད་ཆུས། །ཁམ་པོར་སྦྱར་ཞིང་དགང་བར་བྱ། །མེ་ཏོག་ནག་པོས་དུས་གསུམ་མཆོད། །བདག་ཉིད་ཁྲོས་པའི་རྣལ་འབྱོར་གྱིས། །ལྷོ་ཕྱོགས་ཁ་བལྟས་བསྒྲུབ་བྱ་མདུན། །འབྲུབ་ཁུང་ལ་སོགས་མན་ངག་རྫོགས། །གཟུགས ་བརྙན་མདུན་དུ་བཞག་ནས་ནི། །བསད་པའི་མན་ངག་ལ་སོགས་བྱ། །གནས་དེར་བདག་ཉིད་སྦྱོར་ལྡན་པས། །རྒྱལ་རིགས་ཐོད་པའམ་གཞན་ཡང་རུང། །ནང་གི་འབྲུ་དང་སྨན་ངག་དང། །གླང་རྟ་མི་ཁྲག་ཐོད་པ་བཀང། །བཀང་སྟེ་ཐོད་པ་གསུམ་བསྐྱེད་བཞག་། ་དུར་ཁྲོད་དག་གིས་རོ་ཤིང་བསྐུལ། །ཁྲོས་པའི་མེ་ཡིས་བསྐུལ་བར་བྱ། །དུར་ཁྲོད་རས་མར་བསྒྲུབ་བྱའི་མིང་གཟུགས་བྲི། །སྟེང་གི་ཐོད་པར་བཅུག་སྟེ་བཞག་།ཐོད་པ་ཁ་སྦུབ་ཐལ་བ་ཕྱོགས་སུ་གཏོར། །འདིས་ནི་ངེས་པར་གསོད་པར་འགྱུར། །ཡང་ན་གཞན་སོགས་སྦྱོར ་བ་ནི། མཁས་པ་ཡིས་ནི་ཤེས་པར་བྱ། །ོཾ་ནཱི་ལཱཾ་བར་དྷ་ར་བཛྲ་པཱ་ཎི་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་ད་ཏ་ཏ་མཱ་ར་ཡ་ཧཱུཾ་ཕཊ། དྲག་པོའི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་ལྔ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ནས ་བསྐྲད་པའི་འཁྲུལ་འཁོར་བརྩམ། །དུར་ཁྲོད་རས་མ་ཁྲུ་གང་ལ། །མངོན་དུ་གསུངས་པའི་རྫས་རྣམས་ཀྱིས། །འཁོར་ལོའི་སྔགས་སོགས་སྔོན་བཞིན་བྲི། །སྟོང་པའི་ལིང་ཚེ་བླངས་ནས་ནི། །གང་མིང་བསྐུལ་བའི་སྔགས་དང་ལྡན། །བདག་ཉིད་ལྷ་ཡི་སྦྱོར་སོགས་ལྡན ་འོད་ཟེར་འཕྲོས་ནས་སྤྱན་དྲངས་མཆོད། །གསོལ་བསྟོད་བྱས་ནས་བསྙེན་པ་བྱ། །ཁྲི་ནི་ཐོས་ནག་པོའི་ཕྱོགས། །ནག་པོའི་ཕྱོགས་ཀྱི་ཚེས་བཞི་ལ། །གསོལ་བ་བཏབ་སྟེ་བསྟོད་པ་བྱ། །ཐེམ་པའམ་རྒྱ་གྲམ་ལམ་དུ་སྤ། །བསྒྲུབ་བྱ་ཇི་སྲིད་མནན་པ་རུ། །འཐབ་ཅིང་འཐབ་པས་དབྱེ ་བར་བསམ། །གཏོར་མ་བྱིན་ནས་སྐྲོད་ཅིག་ཅེས། །གསོལ་བ་མང་དུ་གདབ་པར་བྱ། །ཁྲོས་པས་ནུབ་བྱང་ཁ་བལྟས་ཏེ། །སྔགས་བཟླས་མྱུར་བར་འབྲོས་པར་འགྱུར། །ཁྱིམ་དུ་རྟག་ཏུ་འཐབ་འབྲོས་པ། །ོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཡཀྵ་ས་ནཱ་པ་ཏ་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་ད་ཏ་ཏ་ཆེ་གེ་མོ་སྐྲོད ་ཅིག་དང་ཏཱ་ཡ་ཧཱུཾ་ཕཊ། སྦྱོར་བའི་མན་ངག་འདི་ཡིས་ནི། །ངེས་པར་གནས་ནས་སྐྲོད་པར་འགྱུར། །སྐྲོད་པའི་སྦྱོར་ཀ་སྟེ་ཉི་ཤུ་དྲུག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གཞན་ཡང་འཁྲུལ་འཁོར་སྦྱོར་ཀ་ནི། །གོང་དུ་བསྟན་པའི་རྫས་རྣམས་ཀྱིས། །འཁོར ་ལོ་བྲིས་ནས་ཆོ་ག་བྱ། །བཟླས་པ་ཁྲི་ནི་ཐེམ་ནས་ནི། །འབྲི་ཏི་ཀ་ཡི་ཤིང་ལ་གདགས། །མི་ཡི་རྗེ་དར་བསྒྲུབ་བྱ་ཡི། །དྲི་ཆེན་དག་གིས་ཐོད་པ་དགང། །མི་དང་བསྐུལ་བའི་སྔགས་ལྡན་པ། །འབུམ་ཚོ་བཞི་ནི་ཐོན་པ་དང། །ཤིང་གི་གོང་མ་དག་ལ་གདགས། །འཁོར་ཞིང་འཁྲུག་ཅིང་མྱོས ་པར་འགྱུར། །ཡང་ན་སྐད་ཅིག་ཙམ་གྱིས་འགུགས། །ོཾ་ནཱི་ལཱཾ་བ་ར་དྷ་ར་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་བཛྲ་པཱ་ཎི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་མཱ་ར་ཡ་ཧཱུཾ་ཆེ་གེ་མོ་ཛ(རྒྱུད་འགྲེལ་ཤུ་བདུན་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ལུང་བསྟན་སྦྱོར་བ་མན་ངག་ནི། །རྒྱུད་རྣམས་ཀུན་དང་མི་འགལ་བའི། །མཁའ་འགྲོ་མ་ཡིས་རྒྱས་བཏབ་ལ། །རྣལ་འབྱོར་བློ་དམན་དོན་དུ་ནི། །ཡང་ནས་ཡང་དུ་གསོལ་བཏབ་པས། །ཡིད་ཆེས་བྲོད་པ་བསྐྱེད ་པའི་ཕྱིར། །མན་ངག་རིམ་པ་བསྟན་པ་ལ། །བླ་མ་ལས་ནི་གསན་པར་གྱིས། །གསང་སྔགས་སྒོ་ནི་དཔག་མེད་ནས། །ཐབས་ཀྱི་རིམ་པ་མང་གསུངས་པ། །སེམས་ཅན་ལས་ནི་སྣ་ཚོགས་པས། །སོ་སོའི་མོས་པ་མི་མཐུན་ཕྱིར། །དཔེར་ན་སྨན་རྣམས་ནུས་པ་ཡིས། །ནང་རྣམས་སོ་སོར་སེལ ་བ་བཞིན། །མན་ངག་ཐབས་རྣམས་སོ་སོས་ཀྱང། །དུག་གི་ནད་རྣམས་འཇོམས་པར་བྱེད། །དཔེར་ན་སྨན་ནུས་གཅིག་གིས་ཀྱང། །ཕྲད་པ་ཙམ་གྱི་ནང་འཇོམས་པའོ། །ཡང་ན་གཉིས་འཇོམས་གསུམ་འཇོམས་དང། །བཞི་འཇོམས་ལྔ་འཇོམས་ལ་སོགས་དང། །མང ་པོ་འདུས་ནས་འཇོམས་པ་དང། །དེ་དག་ཀུན་གྱིས་མཚོམས་པ། །སྦྱོར་བ་གཞན་ལོག་འཇོམས་པ་དང། །གཞན་པོ་ཁོ་ནས་འཇོམས་པ་དང། །སྨན་དང་སྦྱོར་བ་དེ་དག་ཀྱང། །མཁས་པ་ཡིས་ནི་འཇོམས་པར་འགྱུར། །མི་མཁས་པ་ཡིས་གནོད་པར་འགྱུར། །སྨན་པ་མཁས་པར་གྱུར་ཀྱང་ནི།། ་བརྩོན་འགྲུས་ནན་ཏན་མ་བྱས་ན། །དུག་རྣམས་འཇོམས་པར་མི་འགྱུར་རོ། །དེ་བཞིན་མཐུན་པའི་དཔེ་རྣམས་ནི། །མཁའ་འགྲོ་མ་ཡིས་ལུང་བསྟན་ན། །ཞིབ་པས་འདི་རུ་མ་ཕྱེའོ། །བསྒོམ་པའི་སྟོབས་ཀྱིས་ཉོན་མོངས་འཇོམས། །བསྒོམ་པ་ལས་བྱུང་དངོས་གྲུབ་ཀྱིས། །མཆོག་གི་དངོས ་གྲུབ་ཐོབ་པར་འགྱུར། །ཏིང་འཛིན་ཐོབ་པར་མ་གྱུར་པས། །ཚོགས་འཁོར་ཚོགས་མཆོད་དངོས་གྲུབ་བོ། །དེ་མ་བྱུང་ན་སྦྱིན་སྲེག་གིས། །དངོས་གྲུབ་བསྒྲུབ་པར་གསུངས་པ་ཡིན། །དེ་མ་བྱུང་ན་བཟླས་བརྗོད་དོ། །དེ་མ་བྱུང་ན་གཏོར་མའོ། །དེ་རྣམས་ཀུན་ལ་མ་བྱུང་ན། །ལས་ཀྱི་ཕན་ཚེགས ་གཞན་ཡང་བསྟན། །ཡང་ན་དེ་དག་ཐམས་ཅད་ཀྱང། །གཅིག་འདུས་གཉིས་འདུས་གསུམ་འདུས་དང། །བཞི་འདུས་ལྔ་འདུས་ལ་སོགས་པས། །འབྱུང་བར་འགྱུར་བར་གསུངས་པ་ཡིན། །ཡང་ན་མཆོག་འདོད་པ་ལ་ནི། །ཐམས་ཅད་རྫོགས་པར་དགོས་པར་གསུངས། །ཐུན་མོང ་དངོས་གྲུབ་བསྒྲུབ་པ་ལ། །ཆེ་ཆུང་གིས་ནི་རིམ་པས་གསུངས། །སྦྱོར་བ་རེ་རེས་ཀྱང་ནི་འགྲུབ། །གསང་སྔགས་ལ་ལའི་བཞེད་ཀྱིས་ནི། །དཔེར་ན་སྦྲུལ་ནི་སྨྱུ་གུར་ཞུགས། །རྩ་བར་འགྲོ་དང་རྩེ་མོར་འགྲོ། །དེ་བཞིན་རྣལ་འབྱོར་སྔགས་པ་ཡང། །རིག་འཛིན་ས་དང་རྡོ་རྗེ་དམྱལ། །ལ་ལ ་དག་གིས་གཞུང་གིས་ནི། །བར་མ་དོ་ནས་འགྲོ་བའོ། །ལ་ལ་སྐྱེ་བ་ཕྱི་མ་ལ། །ལ་ལ་དག་གི་བཞེད་ཀྱིས་ནི། །གཉིས་པ་གསུམ་པ་དག་ལའོ། །བཞི་པ་ལྔ་པར་འདོད་པའང་ཡོད། །ལ་ལ་སྐྱེ་བ་བདུན་པ་ལ། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་བཤད། །དེ་ལྟར་གཞུང་ལུགས ་མི་འདྲ་བ། །མང་དུ་གསུངས་པ་དེ་དག་ཀྱང། །འགལ་བ་མེད་དེ་ཀུན་ཀ་བདེན། །གསང་སྔགས་ཀྱི་ནི་གཞུང་གིས་ཀྱང། །སྐྱེ་བ་བདུན་ལས་མི་འདའ་བས། །མ་བསྒོམས་ཀྱང་ནི་སངས་རྒྱས་ས། །ཞེས་སུ་རྒྱུད་ལས་གསུངས་པ་ཡིན། །སྐྱེ་བ་བདུན་ཞེས་བྱ་བ་ཡང། །སྔགས་པའི་བྱང་ཆུབ་སེམས་དཔའ་ ་ཡིན། །སྔགས་དང་སྨན་ལ་སོགས་པ་ཡི། །སྟོབས་ཀྱིས་ལུས་སེམས་ལས་རུང་བའི། །ཤ་དང་ཐོད་པ་ལ་སོགས་པ། །བསྟེན་ཅིང་ཟོས་པས་དངོས་གྲུབ་ཐོབ། །དེ་བས་སྔགས་མཐུའི་ཡོན་ཏན་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །སྐྱེ་བ་བདུན་པ་འོང་སྲིད་ཀྱང། །དེ་ལྟ་འོང་བ་ཤིན་ཏུ་དཀོན། །སྐྱེ་བ ་བདུན་པ་ཞེས་བྱའི་གནས། །ཕལ་ཆེར་དུར་ཁྲོད་ཆེན་པོ་ཡི། །མཁའ་འགྲོ་མ་ཡི་གནས་སུ་སྐྱེ། །རིག་འཛིན་ས་ཞེས་བྱ་བ་ཡང། །གཅིག་ནི་དེ་ལ་བྱ་བ་ཡིན། །རིག་འཛིན་ས་ལ་གསུམ་ཡོད་དེ། །དུར་ཁྲོད་རིག་འཛིམས་དང་ནི། །བར་སྣང་ལྷ་གནས་ས་རྟེན་དང། །མཁའ་སྤྱོད་འོག་མིན་སྟུག ་པོའི་ས། །གནས་ནི་དེ་གསུམ་ཡིན་པར་གསུངས། །སྐྱེ་བ་བདུན་པའི་གང་ཟག་ནི། །མི་ཡུལ་གནས་ནི་ཁྱད་པར་ཅན། །སྔགས་སྤྱོད་པ་ཡི་གནས་དག་ཏུ། །འགའ་ཙམ་འབྱུང་བ་དག་ཀྱང་ཡོད། །སྐྱེ་བ་གཅིག་ལ་སོགས་གཞན་པ། །དེ་རྣམས་གནས་ཀྱང་དེ་བཞིན་ནོ། །སྐྱེ་བ་བདུན་པའི་གང ་ཟག་ནི། །དད་དང་སྙིང་རྗེ་ལ་སོགས་ལྡན། །ཕ་རོལ་ཕྱིན་བཅུའི་ཆོས་ལ་སྤྱད། །མཐུན་འཇུག་སྤྱོད་པ་ཀུན་ལ་མཁས། །བཟོ་དང་རིག་པའི་གནས་ལ་མཁས། །ལྟ་བ་མ་ནོར་གདེང་དུ་གྱུར། །སྤྱོད་པ་ལ་དོར་ཐབས་ལ་མཁས། །མན་ངག་ཐོབ་པ་ཙམ་གྱིས་ནི། །ཐེ་ཚོམ་མེད་པར་འཇུག་པར་བྱེད། ་མན་ངག་བསྒོམས་མ་ཐག་ཏུ་ནི། །ཏིང་འཛིན་སྐྱེས་འགྱུར་རང་བཞིན་གྱིས། །ཁམས་དང་དུས་དང་བྱེ་བྲག་ཤེས། །རྒྱུད་ལུང་མཚན་གྱི་མན་ངག་ལ། །ཐོས་པ་ཙམ་གྱིས་དབུ་ཞབས་ཀྱི། །མན་ངག་རྣམས་ནི་ཁོང་དུ་ཆུད། །བཤད་པའི་རྒྱུད་དང་འགྲེལ་བ་དང། །མངོན་པར་རྟོགས་པའི ་རིམ་པ་རྣམས། །མ་ཐོབ་པ་དུ་ཤེས་པར་འགྱུར། །དཔེར་ན་ཤིང་མཛེར་བསལ་བ་ཙམ། །རྒྱུད་ལུང་མན་ངག་མདོ་སྡེ་ཡི། །མཁས་པ་ལ་ནི་བརྟེན་ནས་སུ། །ཐམས་ཅད་དོན་རྣམས་ཁོང་ཆུད་པས། །སྐབས་ཕྱེད་ཤིན་ཏུ་སྤྱི་དོན་རྒྱས། །དཀའ་འགྲེལ་མངོན་རྫོགས་རིམ་པ་ནི། །རྩོམ་ནུས་དོན ་ལ་ཤིན་ཏུ་མཁས། །མིག་ནི་ཡུན་རིང་མི་འཛུམ་ཞིང། ?ཡི་དམ་ལྷ་བསྒོམ་དུས་སུ་ནི། །སྐྱེ་བ་བདུན་པའི་གྲིབ་མཛད?། །སྐྱེ་བ་གཉིས་ལ་གྲིབ་མ་གཉིས། །གསུམ་ལ་གསུམ་བཞི་ལ་བཞི་ལྔ་ལ་ལྔ། །དྲུག་ལ་སོགས་པ་གཞན་པོ་ལ། །གྲིབ་མའི་རྟགས་ཀྱང་དེ་བཞིན ་??་བསྒོམ་པའི་སྟོབས་ཀྱིས་ཁྱད་པར་ནི། །ཞག་བདུན་པ་གཅིག་ཟླ་བདུན་དུ། །མཁའ་འགྲོ་མས་ནི་ལུང་སྟོན་ཅིང། །ཆོས་བཤད་རྟགས་རྣམས་སྟོན་པར་མཛད། །ཆོས་སྟོན་པ་ཡི་མཛད་སྤྱོད་ཀྱང། །དངོས་སུ་སྤྲུལ་ནས་སྟོན་པ་དང། །ཡང་སྲུལ་སུམ་སྤྲུལ་ལ་སོགས་སུ། །སྤྲུལ་ནས་སྟོན་པར་ཡང? ་ན་ནི། །སྐུ་ནི་མི་སྣང་སྒྲ་ཡིས་སུ། །ནམ་མཁའ་ལས་སུ་སྟོན་པ་དང། །ཡང་ན་ཕྱག་མཚན་ལ་སོགས་པ། །སྒྲ་བྱུང་ནས་ནི་སྟོན་པ་དང། །ཡང་ན་རྨི་ལམ་མཚན་མས་སུ། །དུས་བཞི་དུས་གསུམ་དུས་གཅིག་ཏུ། །ཡང་ནས་ཡང་དུ་སྟོན་པའོ། །མ་ཐོས་པ་ཡི་མན་ངག་རྣམས། །སྟོན་པར་བྱེད་ན་སྐྱེ ་བདུན?་སོགས། །སྔགས་ཀྱི་དངོས་གྲུབ་ཐོབ་པ་ཡི། རྣལ་འབྱོར་རིག་འཛིན་བྱང་ཆུབ་སེམས། །ཡང་ན་དང་པོ་སྐྱེས་ནས་ནི། །ཐེག་ཆེན་ཆོས་ལ་མོས་ནས་ཀྱང། །མན་ངག་བསྒོམས་ལ་ཤིན་ཏུ་དགའ་། །སློབ་དཔོན་ལ་ནི་མན་ངག་གི་།རྣ་བརྒྱུད་ཅིག་ཙམ་ཐོས་ནས་སུ། བསྒོམས་པས་དངོས་གྲུབ་ཐོབ་པར ་འགྱུར། །དེ་ནས་གོང་བཞིན་བྱུང་ནས་སུ། །གཞལ་ཡང་ནི་སྟོན་པར་ནུས། །ཡང་ན་སྐྱེ་བདུན་གང་ཟག་དེ། །སྐྱེས་མ་ཐག་ཏུ་ཡི་དམ་ལྷས། །རྨི་ལམ་ལ་ནི་ཆོས་བསྟན་ནས། །མན་ངག་དེ་བསྒོམས་དངོས་གྲུབ་ནི། ཕྲ་མོ་དག་གིས་ཐོབ་ནས་ཀྱང། །གཞན་ལ་ཆོས་ནི་སྟོན་པར་ནུས། །དེ་ནས་རིམ་གྱིས? ་གཞན་ཡང་འབྱུང། །ཡང་ན་སྐྱེ་བདུན་གང་ཟག་དེ་རྐྱེན་ནི་གཉིས་བ་འཛོམ་པ་ལས། །བསྒོམ་པ་ལ་ནི་དགའ་བར་འགྱུར། །སྔོན་གྱི་བསྒོམ་པའི་སྟོབས་ཀྱིས་སུ། །འབད་རྩོལ་དག་པོ་མ་བྱས་པར། །ཐུན་ཅིག་ལ་ནི་བསྒོམ་པ་རྙེད། །དེ་ནས་རིམ་གྱིས་བསྒོམས་པས་སུ། །ཞག་བདུན་ནས་ནི ་ལུང་སྟོན་འབྱུང། །དེ་ནས་རིམ་གསུམ་གང་མ་བཞིན། །དེ་ནས་མངོན་ཤེས་དྲུག་ལྡན་ནས། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །སྔགས་པའི་རྣལ་འབྱོར་ཐམས་ཅད་ཀུན། །སྐྱེ་བ་འདི་ལ་ཕྱག་རྒྱ་ཐོབ། །དེ་ལྟར་མ་གྱུར་རྣལ་འབྱོར་པ། །གོང་མ་བཞིན་དུ་སྐྱེ་བདུན་དུ། །ལེན་པའི་རྟགས་ནི་གོང་བཞིན ་འབྱུང། །སྐྱེ་བ་འདི་ཐོབ་ཚུལ་རྣམས་ཀྱང། །ཐེབ་ཆེན་སྣོད་དུ་རུང་བ་ལས། །དབང་བསྐུར་མན་ངག་ཐོབ་པ་ཡིས། །དམ་ཚིག་མ་ཉམས་བཤགས་ལ་བརྩོན། །བསྐྱེད་རིམ་བརྟན་པར་གྱུར་པ་ཡིས། །ལུས་ཀྱི་རྣམ་རྟོག་བཟློག་ནས་ཀྱང། །རྡོ་རྗེ་བཟླས་ལ་བརྟན་པར་བྱ། རྡོ་རྗེ་བཟླས་ལ་བརྟན་ནས་ཀྱང། །ངག་གི ་རྣམ་རྟོག་བཟློག་ནས་ནི། །སེམས་དབེན་པ་ནི་བརྟན་པར་བྱ། །སེམས་ཀྱི་འཁྲུལ་རྟོག་བཟློག་ནས་ཀྱང། །སྒྱུ་མའི་ཏིང་འཛིན་ལ་གནས་ནས། །འོད་གསལ་ལ་ནི་འཇུག་པར་བྱ། །དེ་ནས་སྤྲོས་མེད་མན་ངག་ལས། །ལྷུན་གྱིས་གྲུབ་འགྱུར་ཕྱག་རྒྱའི་མཆོག་།ཡང་ན་བསྐྱེད་རིམ་ལ་བརྟན་ནས། །ཆེ་ལ ་???་འཛིན་བསྒྲུབ། །ཚེ་ལ་དབང་པའི་རིག་འཛིན་གྱིས། །རྟོགས་པའི་མན་ངག་བརྩོམ་པར་བྱ། །ངེས་སུ་ཕྱག་རྒྱའི་དངོས་གྲུབ་འཐོབ། །ཡང་ན་བསྐྱེད་རིམ་བརྟེན་པ་ཡིས། །རྫོགས་རིམ་མན་ངག་གང་བསྒོམས་ཀྱང། །ཟླ་བ་དྲུག་གིས་ཕྱག་རྒྱ་འཐོབ། །རྫོགས་རིམ་བསྐྱེད་པ་ལ་བརྟེན་ནས། །དལ? ་??་རྫོགས་པ་ཡིས། །ཕྱག?་?དངོས་སུ་?་པར་གསུངས། །དེ་?སློབ་དཔོན་ཆེན་པོའི་གཞུང། སྤྱིར་ན་ལྟ་བ་གདེང་གྱུར་གཙོ། །ལན་ཅིག་བཟློག་པའི་ཚུལ་དུ་ནི། །བྱས་ན་ཐེ་ཙོམ་མི་སྐྱེ་ཞིང། ལྡོག་པར་མི་འགྱུར་འབྱུང་བོས་ཀྱང། ཚུགས་པར་མི་འགྱུར་འབྲས་བུ་འབྱུང། །དེ་ལྟ ་??་རྣལ་འབྱོར་པས། །མན་ངག་ཉམས་སུ་ལོན་པར་བྱ། མན་ངག་བསྒོམས་པའི་སྟོབས་ཀྱིས་སུ། །མཁའ་འགྲོ་མ་ཡི་ལུང་སྟོན་པས། །ལུང་སྟོན་པ་ཡི་དུས་སུ་ནི། །ལྟ་བ་མན་ངག་ཟབ་མོ་ནི། བསྟན་པ་བསྒོམས་པས་ཕྱག་རྒྱ་འཐོབ། །ཡང་ན་རྣལ་འབྱོར་རིམ་པ་ནི། བློ་ཡི་རབ ་འབྲིང་ཁྱད་པར་ནི། །བག་ཆགས་རྐྱེན་ལ་སོགས་པ་ཡིས། །རབ་འབྲིང་དགུ་དང་གསུམ་དང་ནི། །དབྱེ་བར་བྱ་བའི་དོན་ཤེས་བྱ། །རྒྱུ་རྐྱེན་ཚོགས་པའི་རྣལ་འབྱོར་ནི། །སྐྱེ་བ་འདི་ལ་ལུང་སྟོན་པས། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། རྐྱེན་ནི་རབ་ཏུ་མ་གྱུར་པ། །རབ་ཀྱི་འབྲིང་སོགས་ལྡན ་པས་ནི། །བར་མ་དོལ་ལུང་སྟོན་འགྱུར། །རབ་ཀྱི་ཐ་མ་ལྡན་པ་ནི། སྐྱེ་བ་ཕྱི་མ་ལུང་སྟོན་འབྲིང?་གིས་སུམ?་པོར་གིས་ལྡན་ཡང། གཉིས་དང་གསུམ་དང་བཞི་རུ་སྦྱར། །ཐ་མའི་རིགས་ལྡན་གསུམ་པོ་ཡང། །ལྔ་དང་དྲུག་དང་བདུན་དུ་སྦྱར། །ཡང་ན་རྐྱེན་སོགས་ལྡན་འགྱུར་ཡང། །རྒྱུ་ལ་སོགས་པའི་ནུས་པ་རྣམས།། ་དྲག་ཞན་གྱི་ནི་ནུས་པ་ཡིས། །རྐྱེན་གྱི་ཚུལ་བཞིན་སྦྱོར་ཞེས་བྱའོ། །རྒྱུ་རྐྱེན་གཉི་ག་འབྲིང་སོགས་ཀྱི། །རིམ་པ་དང་ནི་ལྡན་པ་རྣམས། །གོང་མ་གཉིས་དང་མི་མཐུན་པས། །གསུམ་དང་བདུན་དུ་སྦྱོར་ཤེས་བྱའོ། །གཉིས་ཀ་གཞན་པར་གྱུར་པ་ནི། །གསང་སྔགས་གནོད ་དུ་མི་རུང་བས། །དབང་བསྐུར་མི་བྱ་འཇུག་པ་ཙམ། དགེ་བའི་ས་བོན་ཆུང་འགྱུར་ཡང། །སྨོན་ལམ་བཏབ་པའི་དང་ལྡན་ཏེ། །གསང་སྔགས་ལ་ནི་མོས་འགྱུར་ནས། །ཡང་དང་ཡང་དུ་གསོལ་འདེབས་ལ། །ཕྱི་ཡི་དབང་བསྐུར་ཙམ་བྱས་ལ། །མི་ཟབ་དབྱིངས་ཀྱི་མན་ངག་བསྟན། དེ ་ལ་བསྟན་པའི་གང་ཟག་ལ། །ལྷག་པ་རྣམས་ནི་རིམ་གྱིས་བསྟན། །ཡང་ན་རྣལ་འབྱོར་རིམ་པ་ནི། །ཡི་དམ་ལྷ་སོགས་སོ་སོ་རུ། །སོ་སོར་བག་ཆགས་བཞག་པ་དང། །མོས་པ་ལ་སོགས་རིམ་པ་ཡིས། །ཐེ་ཚོམ་ལ་སོགས་མེད་མོད་ཀྱི། །དངོས་གྲུབ་འགྲུབ་པར་མ་གྱུར་ན། །སྒྱུ?་མ་ལྟ་བུའི ་འདུ་ཤེས་ཀྱིས། །ཐ་མི་དད་པར་བསྒོམས་ནས་ཀྱང། མན་ངག་ཡང་ཡང་སྤོས་ཀྱང་ནི། །འགལ་བ་མེད་དེ་དངོས་གྲུབ་འགྲུབ། །དེ་ལྟར་བྱས་ཀྱང་མ་བྱུང་ན། །སྒྲིབ་པ་ཤིན་ཏུ་ཆེ་གསུང་བས། །སྦྱིན་སྲེག་ཚོགས་འཁོར་བཟླས་བརྗོད་དང། གཏོར་མ་ལ་སོགས་ཆོ་ག་ཡིས། །བདུན་ནས་སྟོང ་གི་པར་དུ་ནི། །མཁས་པས་ཅི་ནུས་རྒྱུད་བརྟགས་ལ། །ཆོ་གས་སྡིག་པ་བྱང་བར་གསུངས། །དཔེར་ན། ལུས་ཀུན་ལ་ནི་གནོད་པ་ཡི། །ཚེར་མའི་ཕུང་པོས་ལམ་རྣམས་འགགས། །མེ་ཡི་སྦྱོར་བ་མཁས་པ་ཡིས། །བསྲེགས་པས་ཐམས་ཅད་མེད་པར་བྱེད། །དེ་ནས་ལམ་ནི ་བསྐྱེད་ནས་ནི། །གང་དུ་ཕྱིན་པར་འགྲོ་བར་བྱེད། །དེ་བཞིན་སྔགས་སོགས་མཐུ་རྣམས་ཀྱིས། །སྒྲིབ་པ་ལ་སོགས་བཅོམ་ནས་ཀྱང། །ཏིང་ངེ་འཛིན་གྱི་ལམ་བསྐྱེད་ནས། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །དངོས་གྲུབ་ཁྱད་པར་མ་ཐོབ་ན། །ཕྲ་མོ་ལ་སོགས་ཐོབ་པར་འགྱུར།། ་མཚན་མའི་ལུང་སྟོན་ཕྲ་མོ་འབྱུང། གལ་ཏེ་དེ་ལྟར་མ་གྱུར་པར། །ཆེ་དབང་མ་ཐོབ་རྣལ་འབྱོར་པས། །སྒྲིབ་པ་རྣམས་ནི་བྱང་གྱུར་ནས། །སྐྱེ་བ་ཕྱི་མ་ལ་སོགས་སུ། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །ཡང་ན་སྔགས་ཀྱི་མཐུ་ཡིས་ནི། །སྡིག་སྒྲིབ་རྩད ་ནས་མཆོད་ཀྱང། །ཆེ་ལོང་རགས་པ་མགོ་བཅོམ་ནས། །གཞན་དག་མི་སྐྱེ་མགོ་གནོན་ཅིང། །དམ་ཚིག་མ་ཉམས་བཤགས་ལ་བརྩོན། །སྨོན་ལམ་དགེ་བ་བསྔོ་ལེགས་པས། །སྐྱེ་བ་འདི་རྗེས་གཞན་དག་ཏུ། །དུས་དང་གནས་དང་སློབ་དཔོན་དང། །རིགས་དང་ཕྱག་རྒྱ་མན་ངག ་སོགས། །སྐྱེས་མ་ཐག་ཏུ་རྙེད་པར་འགྱུར། །དེ་རུ་དམ་ཚིག་ལྡན་སོགས་པས། །རིམ་གྱིས་སྐྱེ་བདུན་བརྒྱུད་ནས་སུ། །འབད་རྩོལ་དྲག་པོ་མ་བྱས་པར། །སངས་རྒྱས་ས་ལ་འགྲོ་བར་གསུངས། །དེ་སོགས་ལུང་བསྟན་སྦྱོར་བ་རྣམས། །མཁའ་འགྲོ་མ་ཡི་ལུང་སྟོན་དུ། །རྣལ ་འབྱོར་མཁས་པས་ཤེས་པར་བྱའོ། །འདིར་ནི་བློ་དམན་དོན་ཆེད་དུ། །ཅུང་ཟད་བསྡུས་ཏེ་བསྟན་པ་ཡིན། །མཁའ་འགྲོ་མ་ཡིས་ལུང་བསྟན་ཡང། །འཇིག་རྟེན་པ་དང་འཇིག་རྟེན་འདས། །འཇིག་རྟེན་འདས་ལ་གཉིས་ཡོད་དེ། །ས་གནས་རིག་འཛིན་མཁའ་འགྲོ་དང། །བདེ་གཤེགས་བྱིན་བརླབས་མཁའ་འགྲོའོ། །མཁའ་འགྲོ་དེ་དག་གཉིས་ཀ་ཡང། །མཛེས་པའི་གཟུགས་དང་མི་མཛེས་པའི། །གཟུགས་དང་སྣ་ཚོགས་སྤྲུལ་ནས་སྟོན། །དེ་ལ་འཇིགས་དང་མི་འཇིགས་དང། །དེ་དང་དོགས་པའི་སེམས་སྤངས་ཏེ། །ཕྱག་རྒྱ་བརྡ་ལ་སོགས་པ་ཡི། །སྟོན་པའི་དུས ་སུ་ལན་རྣམས་ནི། །སྟོན་པར་ཤེས་པར་མ་ནུས་ན། །དངོས་གྲུབ་མེད་དེ་ཉམས་པར་འཁྱུར། །དེ་བས་ནན་ཏན་ཆེར་བསྐྱེད་དེ། །མན་ངག་ཐོས་པ་ཆེ་བ་གཅེས། །ཐོས་པ་ཆེ་བར་མ་གྱུར་ཀྱང། །གང་བསྒྲུབ་རྒྱུད་སྐོར་ལ་སོགས་ལ། །སློབ་དཔོན་ལ་ནི་ཡང་ནས་ཡང། །ཐེ་ཚོམ་ཆོད་པར་མཉན ་པར་བྱ། །རྒྱུད་རྣམས་བྲོས་པར་མི་ནུས་པས། །བསྒྲུབ་པའི་ཆས་རྐྱེན་བཅུ་བདུན་པོ། །ཤེས་པར་དེ་ནི་མ་བྱས་ན། །དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །སློབ་དཔོན་བླ་མ་ལ་བརྟེན་པས། །མ་ཚང་ཡང་ནི་འགྲུབ་པར་གསུང། །འཇིག་རྟེན་པ་ལ་གཉིས་ཡོད་དེ། །རྒྱལ་བས་བཀའ་ལ་བཏགས ་པ་ཡི། །སངས་རྒྱས་བསྟན་པ་བསྲུང་བ་དང། །བདུད་ནི་ནག་པོ་ལ་སོགས་པ། །དམ་ལ་མ་ཐོགས་པར་ཆོད་མཁན། །དེ་ལྟར་གཉིས་སུ་མ་ཤོས་ན། །དངོས་གྲུབ་ཐོབ་ཀྱང་སླར་ལ་འཆོར། །ད་གཉིས་གཟུགས་དང་རྟགས་སོགས་ཀྱང། །གོང་མ་བཞིན་དུ་སྟོན་པས་ན། །དེ་ཡི་རིམ་པ་འང་གོང ་བཞིན་བྱ། །དེ་ཡང་བརྟག་པའི་ཆོ་ག་ཡང། །ཞག་གསུམ་ཞག་བདུན་རྩ་གཅིག་ཏུ། །རེ་དོགས་ལ་སོགས་ཐམས་ཅད་ཀུན། །སྤངས་ནས་རྣལ་འབྱོར་ཏིང་འཛིན་ལ། །ནན་ཏན་དུ་ནི་བརྩོན་འགྲུས་བྱ། །ཚོགས་འཁོར་ལ་སོགས་ཡང་དང་ཡང། །བྱེད་པའི་དུས་སུ་རྡོ་རྗེ་གླུ།། ་བྱེད་ཅིང་ཕྱག་རྒྱ་སོགས་སྟོན་པས། །ཏིང་འཛིན་ཕྱག་རྒྱ་གསལ་བ་དང། །མཚན་མ་ལ་སོགས་གསལ་འབར་ཞིང། །གཟུགས་དང་སྒྲ་དང་དྲི་ལ་སོགས། །ཐམས་ཅད་བརྟན་ཞིང་མི་འགྱུར་པ། །ལྷ་ཡི་མཚན་མར་ཤེས་པར་བྱ། །དེ་ལས་བཟློག་པ་ཐམས་ཅད་ཀུན། །བདུད་ཀྱི་རྟགས ་?་?་?་།དེ་ལ་སོགས་པ་མཛའ་ཡས་མཆོག་།མཁའ་འགྲོའི་ལུང་ཏུ་བསྟན་པས་ན། །འདིར་ནི་བསྒྲུབ་པའི་དོན་དུ་བསྡུས། །བསྒྲུབ་པའི་ཆ་རྐྱེན་མན་ངག་རྣམས། །བསྒྲུབ་པ་ཉམས་སུ་ལེན་པ་ལ། །བསྟན་ཅིང་སྤེལ་ན་བསོད་ནམས་འཕེལ། །ཉམས་སུ་མི་ལེན་སེར་སྣ་ཅན ་?་?། གྲོག་ལ་སོགས་པ། །བླ་མ་ལ་ནི་འབུལ་མི་ནུས། །དེ་ལ་མན་ངག་བསྟན་མི་བྱ། །དེ་ལ་མན་ངག་བསྟན་པ་ན། །དངོས་གྲུབ་ཉམས་ཏེ་སྡིག་པ་འཕེལ། །དམ་ཚིག་ཉམས་ཏེ་མཁའ་འགྲོས་གསོང། །ཆ་བརྒྱན་ལ་སོགས་བཅུ་བདུན་པོ། །སྟོན་བ་ཕྱག་ན་རྡོ་རྗེ་ཡིས།། ་?་?་དཔལ་ཕྱག་ན་རྡོ་རྗེ་ལ། །རྣ་བ་བརྒྱུད་པའི་མན་ངག་ནི། །རྡོ་རྗེ་མཁའ་འགྲོ་མ་ལ་བསྟན། །དེས་ནི་རོ་ལངས་མ་ལ་བསྙམ། གནོད་སྦྱིན་ཕྱག་ན་རྡོ་རྗེ་དང། །སློབ་དཔོན་ཕྱག་ན་རྡོ་རྗེ་ལ། །བརྒྱུད་པའི་མན་ངག་རིམ་པ་རྣམས། །ནན་ཏན་གྱི་ནི་བཅའ་བར་བྱ། །དེ་ལ་བཙའ་བ་མ་ཤེས་ན།། ་དཔེར་ན་ཡིད་བཞིན་ནོར་བུ་ནི། །ཀླུ་རྒྱལ་གཙུག་ནས་རྙེད་ནས་ནི། །འདམ་རྫབ་ནང་དུ་སྟོར་པ་བཞིན། །དེ་བཞིན་མན་ངག་རིན་ཆེན་འདི། ལུས་ངག་ཡིད་གསུམ་དཀའ་པ་ཡི། །སྒོ་ནས་སློབ་དཔོན་ལ་བཙལ་ནས། །དམ་མེད་རྨོངས་པའི་ལག་ཤོར་ན། །དངོས་གྲུབ་མི་ཐོབ་ཉམས ་པར་འགྱུར། །དེ་བས་ནན་ཏན་བསྐྱེད་དེ་བཙའ། །ལུང་བསྟན་པའི་སྦྱོར་ཀ་སྟེ་ཉི་ཤུ་བརྒྱད་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ནས་སེམས་ཅན་རྩོད་ལྡན་གྱི། །དུས་སུ་རྣལ་འབྱོར་སྒྲུབ་པ་པོས། །དམ་ཚིག་ཉམས་པ་མང་འབྱུང་བས ་ཡོ་བྱད་རྫས་ཆུར་སྒྲུབ་པ་པོས། །ཉམས་པ་འཕེལ་དུ་མི་གཞུག་ཕྱིར། །མཎྜལ་ཚོགས་བསྐང་བ་ནི། །དང་པོ་རྣལ་འབྱོར་འགྱོད་སེམས་ཀྱིས། །ཤིན་ཏུ་གུས་པས་མཎྜལ་བཅའ་། །མཎྜལ་བཅའ་བའི་ཐབས་བསྟན་བ། །ས་གཞི་ཤིན་ཏུ་མཉེན་པ་ལ། །སྐྱོན་སྤངས་ཡོན་ཏན་ལྡན་པ་ཡི། ། ་མཎྜལ་ལྔ་ནི་བཅའ་བྱ་སྟེ། །དང་པོ་མཎྜལ་དཀར་པོ་བཅའ་། །གཉིས་པ་སྔོན་པོ་དག་ཏུ་བྱ། །གསུམ་པ་མཐིང་ཀ་དག་ཏུ་བྱ། །བཞི་པ་སེར་པོ་དག་ཏུ་བྱ། །ལྔ་པ་དམར་པོ་དག་ཏུ་བྱ། །དཀར་རྩི་དང་ནི་བ་བླ་དང། །ཡང་ན་ཙང་སྔོན་མེ་ཏོག་གི། གཉིས་པ་དང་ནི་གསུམ་པ་ནི། །མཚལ་ལ་སོགས ་པའི་རིགས་དང་ནི། །གུར་ཀུམ་ལ་སོགས་དག་པ་དང། །སྦྱར་བའི་ནག་པོ་རིགས་དག་གིས། །ཁ་དོག་བསྒྱུར་བར་བསྟན་པ་ཡིན། །ཡང་ན་ཐམས་ཅད་དཀར་དང་སྔོ། །དེ་གཉིས་གཅིག་གིས་བྱ་བ་ཡིན། །བསྡུས་རྒྱས་མཁས་པས་ཤེས་པར་བྱ། །བ་ཡི་རྣམ་པ་ལྔ་དང་ནི། །བདུད་རྩི་རྣམ ་པ་?་?། །དངོས་གྲུབ་ཅན་གྱི་སྣོད་དུ་བཞག་།རིན་ཆེན་བུམ་པ་ལ་སོགས་ཀྱི། །སྐྱོན་སྤངས་ཡོན་ཏན་ལྡན་པ་ཡི། །སྣོད་དུ་ཐུན་མོང་ཁྱད་པར་རྫས། །ཙན་དན་མེད་དུ་མི་རུང་ངོ། །ཁ་རྒྱན་འབྲས་བུ་ཅན་གྱི་བྱ། །དང་པོར་བདག་ཉིད་རྣལ་འབྱོར་པས། །ཐ་མལ་འདུ་ཤེས་སྡངས ་ནས་ནི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །དང་པོ་བུམ་པ་བྱིན་གྱིས་བརླབ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ། །ོཾ་ཨ་མྲི་ཏ་ཀུན་ཌ་ལི་ཧཱུཾ། །ཉི་ཤུ་རྩ་གཅིག་བདུན་དུ་གདབ། །གོང་གི་བཀྲ་ཤིས་སྣོད་ཀྱི་རྫས། །བདུད་རྩི་འཁྱིལ་བས་བཏབ་ནས་ཀྱང། དང་པོ་བུམ་པའི་ཆུས་སུ ་བསང?། །བདུད་རྩི་འཁྱིལ་པའི་སྔགས་ཀྱང་བཟླས། །ཐུགས་ཀའི་ཨ་ལས་ཟླ་བ་ཡི། །དཀྱིལ་འཁོར་ཆེན་པོ་ཉིད་དུ་བསམ། །ོཾ་ཨ་ཙནྡྲ་མཎྜ་ལ་ཧཱུཾ། །བདུན་དང་ལྔ་དང་གསུམ་དུ་བཟླས། །ཙནདན་ལས་གྱི་བུམ་པ་བསམ། །ཡི་གེ་དུ་འཕྲོས་ཙནདན་ཕོག་།དེ་ལས་མ་འཕྲོས་པས་མཎྜལ། ་??་།ོཾ་དྷུ་བ་སཕ་ར་ཎ་ཧཱུཾ། ཞེས་པ་ལན་བདུན་བཟླས་སོ། །མེ་ཏོག་ལྔ་དང་གཉིས་གཅིག་ལ། །ཁ་དོག་མཚན་ཉིད་ཤེས་བྱས་ལ། །ཡི་གེ་པཾ་ལས་པདྨ་ནི། །སྟོང་ལྡན་བརྒྱད་ལྡན་དག་ཏུ་ནི། །གྱུར་པར་བསམས་ནས་སྔགས་བཟླས་དགྲམ། །ོཾ་པཾ་པདྨ་མཎྜལ་ཧཱུཾ། ཞེས་གོང་མ་བཞིན ་དུ་བརྗོད་པར་བྱའོ། །དེ་སྟེང་བྷྲུཾ་ལས་གཞལ་ཡས་ཁང། །ལྔ་དང་གཉིས་དང་གཅིག་ཏུ་བྱ། །དེ་ནས་ཐམས་ཅད་ཀུན་ལ་ཡང། །གསུམ་དུ་བྱ་བར་འདོད་པའང་ཡོད། །ཟླ་བ་པདྨ་གཞལ་ཡས་ཁང། །གསུམ་དང་གཉིས་དང་གཅིག་ཏུ་ཡང། །རྣལ་འབྱོར་བསྡུས་དང ་རྒྱས་པ་ནི། ཉམས་པ་ཆེ་ཆུང་གོ་རིམས་སོ། །དེ་ནས་རྣལ་འབྱོར་བདག་ཉིད་དང། །དམ་ཚིག་ཉམས་པའི་རྣལ་འབྱོར་ཀུན། །ཁྲུས་བྱས་གོས་ནི་བཟང་པོ་གོན། །རྒྱན་ཆ་ལ་སོགས་མཛེས་པར་བྱ། །ཤར་རམ་ནུབ་ཏུ་ཁ་བལྟས་ཏེ། །སོ་སོ་ལྷ་ཡི་ཏིང་འཛིན་བསྐྱེད། །རྡོ་རྗེ་དྲིལ་བུ་བྱིན ་གྱིས་བརླབ། །རྡོ་རྗེ་དྲིལ་བུས་བསྐུལ་ནས་བྱང། །ཚིགས་བཅད་དག་གིས་གསོལ་བ་བཏབ། །སྔགས་ཀྱི་རྒྱལ་པོ་མཛའ་ལ་གདགས། །ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་དུ། །ཡི་གེ་བཞི་འཕྲོས་ལྷ་མོར་གྱུར། །བླ་མ་ཡི་དམ་ལྷ་དང་ནི། །གསང་སྔགས་བདག་པོ་དཀྱིལ་འཁོར་ལྷ ་དཀོན་མཆོག་གསུམ་སོགས་སྤྱན་དྲངས་ནས། །བླ་མ་སྦྱངས་ནས་མི་བསྐྱོད་འགྱུར། །མཆོད་ཡོན་མཆོད་སོགས་རྒྱས་པར་དབུལ། །དེ་ཡི་སྔོན་དུ་ཕྱག་རྣམས་བྱ། །གཞན་ཡང་མཆོད་པ་སྣ་ཚོགས་ཀྱིས། །མཆོད་ནས་བསྟོད་པ་རྒྱས་པར་བྱའོ། །དེ་ནས་སྔགས་བཟླས་འོད ་ཟེར་གྱིས། །ལྷ་རྣམས་ལ་ནི་ཕོག་ནས་སུ། །འོད་ཟེར་བསྐུལ་ནས་ཚུར་ལ་འདུས། །ཉམས་པའི་ལུས་ལ་ཕོག་ནས་སུ། །བ་སྤུའི་ཁུང་ཞུགས་སྡིག་པ་བསྡུས། །སྙིང་ཁར་ཡི་གེ་ཀཾ་ངམ་ནི། །འོད་ནག་ཏུ་ནི་གྱུར་པར་བསམ། །སྲོག་གོ་འདུས་ཀྱི་སྣ་ནས་བྱུང། །ལྷ་དང ་བདག་གི་བར་དུ་ནི། །པདྨ་ནག་པོའི་གདན་བསམས་ལ། །སྡིག་པའི་གཟུགས་དེ་དེ་རུ་བཞག་།དེ་ནས་ཡི་དམ་ལྷ་ཡི་སྔགས། །བཟླས་པའི་འོད་ཟེར་འཁྲུལ་འཁོར་གྱིས། །སྡིག་པ་རྣམས་ནི་སྦྱང་བར་བྱ། །ཡང་ན། སྡིག་པ་དེ་ཉིད་སྦྱངས་ན་ཀྱང། ལུས་ཀྱི་ལྷག་མ་སྦྱང་བ་འམ། །དེ ་ནས་ཡི་གེ་བརྒྱ་པ་ཡིས། །མན་ངག་བཞིན་དུ་བསྒོམས་ནས་ཀྱང། །སྔ་མ་བཞིན་དུ་སྦྱང་བར་བྱ། །ཡང་ན། ཡི་གེ་བརྒྱ་པ་གཅིག་པུས་བྱ། །ཡི་གེ་བརྒྱ་པ་འབུམ་དང་ནི། །རང་གི་སྙིང་པོ་འབུམ་གྱིས་ནི། །རྩ་བ་ཉམས་པ་ཆེན་པོ་སྐོངས། །སུམ་ཆ་ཕྲི་བས་གཉིས་པ་སྐོངས། །ཕྱེད?་གྱི ་བས་ནི་གསུམ་པ་བསྐངས། །སུམ་གཉིས་ཕྲི་བས་བཞི་པ་སྐངས། །སུམ་ཆའི་སུམ་ཆ་ཕྲི་བས་ནི། །ལྔ་པ་སྐོངས་ཏེ་དྲུག་པ་ནི། །སུམ་གཉིས་ཕྲི་བས་སྐོངས་པའོ། །དེ་ཡི་ཕྱེད་ཕྱེད་ཕྲི་བས་ནི། །ཐ་མ་གསུམ་གྱིས་གོ་རིམ་སྦྱོར། །ཡན་ལག་བརྒྱད་དང་བརྒྱ་ཕྱེད་དང། །ཉི་ཤུ་རྩ་གཅིག ་དག་གིས་སོ། །ཆེ་ཆུང་རིམ་པ་དག་གིས་ནི། །ཐ་མ་མེ་འམ་ཆུ་ཡིས་ནི། །སྦྱིན་སྲེག་དག་གིས་སྦྱིན་པར་བྱ། །གསང་སྔགས་བདག་གམ་བདུད་རྩི་འཁྱིལ། །རྟ་མགྲིན་བུམ་པ་གོང་བཞིན་བཅས། །བྱིན་རླབས་ལ་སོགས་བྱས་ནས་ནི། །ཐ་མ་དག་པར་བཀྲུ་བའོ། །སྦྱིན་སྲེག་ཁྲུས ་དང་ལྡན་པ་འམ། །ཡང་ན་མཎྜལ་བཟླས་པ་ཡིས། །ཚིག་གཅིག་པུས་བྱེད་ཡང་བྱ། །དམ་ཚིག་ཉམས་པ་བསྐང་པ་ཡི། །སྦྱོར་ཀ་འདི་ལ་བརྩོན་པར་བྱའོ། །དམ་ཚིག་ཉམས་པ་བསྐང་པའི་སྦྱོར་ཀ་སྟེ་ཉི་ཤུ་དགུ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག ་འཚལ་ལོ། །དབང་གི་རིམ་པ་བསྟན་པ་ནི། །བུམ་པ་གསང་བ་ཡེ་ཤེས་དང། །བཞི་པར་བསྟན་པ་དེ་རྣམས་ལ། །གནས་ནི་ཡིད་འོང་ལ་སོགས་སུ། །དུས་ལ་སོགས་པ་མཇོམ་པ་དང། །སློབ་དཔོན་སློབ་མ་མཚན་ཉིད་ལྡན། །སྔོན་གྱི་གླེང་གཞི་རྗེས་མཐུན་པར། །དཀྱིལ་འཁོར ་བྱས་ནས་སློབ་མ་གཞུག་།དབང་བསྐུར་རིམ་པ་མནོད་བར། །རྣམ་གྲངས་རྣམས་ནི་ཤེས་པར་བྱ། །བསྐུར་ཐབས་མན་ངག་ཤེས་བྱས་ལ། །བསྐུར་བའི་གནས་ཀྱང་མནོར་བརྟག་།དེ་ལྟར་བྱས་པས་སྒྲིབ་པར་བྱང། །ས་ཡང་རིམ་གྱིས་ནོན་པར་འགྱུར། །དེ་ཕྱིར་མན་ངག ་བསྟན་པར་བྱ། །རྟགས་ལ་སོགས་པའང་ཤེས་པར་བྱ། །བརྡའ་མི་ཤེས་ན་སྔགས་པ་མིན། །ལས་དང་པོ་ཡིས་རྫས་ལ་བརྟེན། །དགོས་པ་ཤེས་ན་ཐེ་ཚོམ་མེད། །ནུས་པ་མཐུ་དང་ལྡན་པས་ནི། །འབྲས་བུ་ཁྱད་པར་ཐོབ་པར་འགྱུར། །དེ་དག་སྤྱི་དང་ཁྱད་པར་ནི། །ཆོ་ག་མན་ངག ་རྒྱས་པ་རྣམས། །རྒྱུད་འགྲེལ་ཀུན་ན་གསལ་བས་ན། །འདི་རུ་བདག་གིས་མདོ་ཙམ་བསྡུས། །བུམ་པའི་དབང་ནི་རྣམ་བཞི་སྟེ། །ཕྱི་དང་ནང་དང་གསང་བ་དང། །མཐར་ཐུག་པ་རུ་ཤེས་པར་བྱ། །ཕྱི་ནི་ཕྱི་རྒྱུད་དག་དང་མཐུན། །ནང་ནི་ནང་རྒྱུད་དག་དང་མཐུན། །ཡང་ན་གཉིས་ཀ་ཕྱི ་རུ་བསྟན། །ནང་གི་སློབ་དཔོན་ལུས་ལ་བཞག་།གསང་བ་ཡུལ་ནི་ཉིད་ལ་སྦྱར། །མཐར་ཐུག་སློབ་མ་མགོ་བོ་རུ། །དགའ་བ་བསྐྱེད་བའམ་རྡོ་རྗེའི་རྩ། །དེ་རྣམས་མན་ངག་རྒྱས་བཤད་བ། །ལས་ཀྱི་ཕྲེང་བར་ཤེས་པར་བྱ། །གསང་བ་དབང་ལ་བཞི་རུ་བསྟན།། ་ཕྱི་ནི་བདུད་རྩི་བྱིན་རླབས་སྦྱིན། །ཡང་ན་མཚན་ལྡན་ཕབ་ནས་ནི། །སྲིན་མཐེབ་དག་གིས་སྦྱིན་པར་བྱ། །ནང་གི་གསང་བ་ཕོ་བྲང་ནས། །ལག་པའི་ཕྱག་རྒྱ་གཟུང་ནས་སྦྱིན། །གསང་བ་ཡུམ་གྱི་མཁའ་ནས་བླང། །མཐར་ཐུག་གསང་བའི་ཕོ་བྲང་དུ། །མཆོག་དགའ་སྐྱེས ་པར་ཤེས་པར་བྱ། །ཤེས་རབ་ཡེ་ཤེས་ལ་ཡང་བཞི། །ཕྱི་ནི་ལས་ནི་ཕྱག་རྒྱ་མ། །ནང་ནི་འོད་ཀྱི་རིག་མ་ཡིན། །གསང་བ་བྱ་གདོང་མལ་བྱ། མཐར་ཐུག་དྲེགས་འཛིན་གཏུམ་མོ་ཡིན། །མཐར་ཐུག་ལ་ནི་གཉིས་སུ་བསྟན། །རྟན་བཅས་དང་ནི་རྟེན་མེད་དོ། །རྟེན་མེད་ལ་ཡང་གཉིས ་སུ་བསྟན། །སྤྲོས་བཅས་དང་ནི་སྤྲོས་མེད་དོ། །དབང་གི་མན་ངག་རྒྱས་བཤད་བ། །སློབ་དཔོན་ཞལ་གྱི་མན་ངག་དང། །ལས་ཀྱི་ཕྲེང་བར་ཤེས་བར་བྱ། །བརྡའ་ཡི་ཆོ་ག་མདོ་ཙམ་བསྟན། །ཀ་ལ་ཤ་ཨ་བྷི་ཥེ་ཀ་ཞེས་པ་ནི། །བུམ་པའི་དག་བརྡའ་ལུས་ཀྱི་བརྡའ། །ལག་བའི་སོར་མོ ་བསྐོངས་ནས་ནི། །རྩེ་མོ་བསྡུས་པའི་བུམ་པའི་ཚུལ། །གུ་ཧཡ་ཨ་བྷི་ཥེ་ཀ་ཞེས་པ། །གསང་པའི་ངག་བརྡ་ལུས་ཀྱི་བརྡའ། །སྡོམ་པོས་ཁྲོ་མོ་གནོན་པ་ནི། །ལག་པ་འདྲིན་ཤེས་པར་བྱ། །པྲ་ཛྙཱ་ཛྙཱ་ན་གུ་ཧཡ་ཨ་བྷི་ཥེ་ཀ་ཞེས་པ་ནི། །ཤེས་རབ་ཡེ་ཤེས་ངག་གི་བརྡའ། །ལུས ་ཀྱི་བརྡའ་ནི་ལྷ་སྦྱིན་བརྡའ། །ཡང་ན་ཁྱད་པར་དགའ་བ་མཚོན། །པྲ་ཛྙཱ་ཛྙཱ་ན་གུ་ཧཡ་ཨ་བྷི་ཥེ་ཀ་ཞེས་པ་ནི། །བཞི་པའི་ངག་བརྡ་ལུས་ཀྱི་བརྡའ། །ལྷན་ཅིག་དགའ་བ་སྐྱེས་ས་རུ། །མཐེ་བོ་བཅུག་ནས་མཚོན་པར་བྱའོ། །དེ་ལྟར་བརྡ་རྣམས་མ་ཤེས་ན། །མཁའ་འགྲོ་དངོས ་གྲུབ་སྟེར་བ་ན། །བརྡ་རྣམས་དྲིས་ནས་སྟེར་བར་བྱེད། །བརྡ་རྣམས་མི་ཤེས་སླར་ལ་འཚོར། །ཡང་ན་བརྡ་རྣམས་གཞན་པོ་ཡང། །མེ་ཤེས་ན་ནི་མཁའ་འགྲོས་གསོང། །བརྡ་ལ་སོགས་པ་མ་ཤེས་ན། །གསང་སྔགས་སྦྱོད་པའི་དུས་དང་ནི། །འབྱུང་པོ་ཉམས་སོད་གསལ་བ་དང།། ་མུ?་སྟེགས་ཤན་འདྲེས་འབྱུང་བ་དང། །ཕྱག་དང་ཕྱག་གི་ལན་དུས་སུ། །བརྡ་མི་ཤེས་ན་སྔགས་པ་མིན། །དབང་བསྐུར་བ་ཡི་རིམ་པ་ཡང། །ཆགས་ལམ་གྲོལ་ལམ་གཉིས་ཤེས་བྱའོ། །དབང་བསྐུར་མེད་ན་འབྲས་བུ་མེད། །དེ་བས་དབང་བསྐུར་ནན་ཏན་བྱ། །དབང་གི་སྦྱོར་ཀ་སྟེ ་སུམ་ཅུ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དམ་ཚིག་རྣམས་ནི་ཅུང་ཞིག་བསྟན། །དང་པོ་སྤྱོད་པའི་དམ་ཚིག་ནི། །ཆགས་ལམ་སྤྱོད་ལམ་གྲོལ་ལམ་སྤྱོད། །དེ་ལྟར་གཉིས་ཀ་སྤྱོད་པ་ལ། །དང་པོ་མཆོག་དང་རབ་མཆོག་གོ་།དེ་ལ་ཡང་ནི་ཕྱི ་ནང་ངོ། །དང་པོ་ཕྱི་ཡི་སྤྱོད་དུས་སུ། །ཡུལ་དང་དུས་ཀྱི་གནས་སྐབས་ཀྱིས། །ཞི་བས་འདུལ་དང་དྲག་པོས་འདུལ། །མཐུན་འཇུག་སྤྱོད་པ་མཁས་ཤིང་ཟབ། །ཟས་དང་གོས་སོགས་ཐམས་ཅད་ཀྱང། །རང་དང་གཞན་ནི་གཉིས་ཀ་ལ། །ཕན་སེམས་སྤྱོད་པས་འཇུག་བྱའོ།། ་ཕན་སེམས་མེད་པ་ཉོན་མོངས་ཅན། །བདག་གཞན་ལྷ་དང་སྙིང་རྗེ་སྤངས། །འགྲོ་དོན་མཆོད་པ་སྤངས་པས་ན། །དམ་ཚིག་ཉམས་ཏེ་ངན་འགྲོར་ལྟུང། །ངན་སྤྱོད་དུས་ནི་བསྟན་པ་ནི། །བདུད་རྩི་ལྔ་ལ་སོགས་པ་ལ། །ཆགས་པའི་ལམ་པས་འཇུག་པར་བྱ། །?་བའི ་ལམ་པས་བྱིན་གྱིས་བརླབས། །དེ་ལྟར་བྱིན་བརླབས་བདུད་རྩི་བལྟ། །ཐམས་ཅད་ལྷ་བསྒོམས་མཆོད་བྱས་ན། །བསོད་ནམས་ཆེན་པོ་ཐོབ་བར་འགྱུར། །ཁྱི་ཕག་སྤྱོད་པ་བཞིན་བྱས་ན། །དམ་ཚིག་ཉམས་ཏེ་ཡི་དགས་ས། །ཆང་ནི་བདུད་རྩི་ཆེན་པོ་སྟེ། །བཏུང་བར ་བྱ་བ་ཁོ་ན་ཡིན། །ཞེས་རྒྱུད་ལས་གསུངས་པ་སྟེ། །མཚན་དང་ལྡན་པའི་སྣོད་མཆོག་ཏུ། །རུལ་སོགས་སྐྱོན་རྣམས་སྤངས་པ་ཡི། །བདུད་རྩི་རོ་ལྡན་སྣོད་བཀང་སྟེ། །བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ། ། ལས་ཀ་པཱ་ལ་ནི་བསྐྱེད། །ཟླ་བ་དང་ནི་དེ་ཡིས་བསྐྱེད། །ཧ་ས ་ནི་གཟུགས་སོགས་རྣམ་རྟོག་སྦྱངས། །ཧྲི(རྒྱུད་འགྲེལ་བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །དེ་ལྟར་མ་བྱས་གླང་ཆེན་བཞིན། །ཆགས་ཤིང་བརྐམས་སོགས་མྱོས་འཐུར་ན། །སྐྱེ་བ་ལྔ་བརྒྱར་སྨྱོན་པར་སྐྱེ། །བྱིན་གྱིས་བརླབས་པའི་རིམ་པ་ཡང། །ཡང་རིགས་ལྔ་ཡི་སྦྱོར་སོགས་བྱ། །ཡང་ན་མཱ་མ་ཀཱི་ཡིས་སྦྱང།། ་ཡང་ན་བདུད་རྩི་འཁྱིལ་སོགས་བྱ། །མཚན་ལྡན་སྣོད་དུ་ཆོས་འབྱུང་དང། །ཟླ་བ་ལ་སོགས་བསམ་བྱས་ལ། །མཆོད་པར་བྱ་བའམ་ཡང་ན་བདུན། །སྤྱི་གཙུག་བླ་མ་བཞག་བྱས་ལ། །སྐུ་གསུང་ཐུགས་ནི་གནས་གསུམ་བཞག་།དེ་ནས་འཐོར་ཞིང་མཆོད་པ་ཡིས། །ཕྱག ་རྒྱ་སྔགས་ཀྱིས་དབུལ་བར་བྱ། །སོ་སོའི་རྩ་བའི་སྔགས་ལ་ཨ་མྲི་ཏ་ཀུཎ་ཌ་ལི་ཞེས་པའམ། ། མྲི་ཏ་ཁཱ་ཧི་ཞེས་བ་གང་ཡང་རུང། །གསུམ་གསུམ་ཀུན་ལ་དབུལ་བར་བྱ། །དེ་ནས་རང་སྙིང་ལྟ་གསལ་ལ། །ཅི་རན་གནོད་པ་མེད་ཙམ་བཏུང། །ནད་ལ་གནོད་པར ་གྱུར་ཀྱང་ནི། །ཐིགས་པ་གསུམ་ནི་དམ་ཚིག་གོ་།གྲོལ་བས་ཀྱང་ནི་མཆོད་པ་ཡི། །དུས་སུ་བཏུང་བར་བྱ་ཕྱིར་ནི། །ཡུལ་དུས་གནས་སྐབས་སྦྱར་ཏེ་བཏུང། །བཏུང་བ་ལ་སོགས་གཞན་པོ་ཡང། །བདུད་རྩི་མ་བྱས་འཐུར་བྱེད་པ། །ཡི་དགས་གནས་སུ་སྐྱེ་བར་འགྱུར། ། ་གསང་བའི་སྤྱོད་པའི་དུས་སུ་ནི། །ཕྱག་རྒྱ་མ་ནི་བསྟེན་བ་ཡང། །རྣལ་འབྱོར་ཆགས་པའི་ལམ་པས་ནི། །རྟགས་ལྡན་མཚན་ཉིད་ལ་སོགས་ལྡན། །དེ་ལྟར་བསྟེན་པའི་གནས་སྐབས་ནི། །དབང་བསྐུར་རྣམ་གཉིས་དུས་དང་ནི། །མཆོད་པའི་དུས་དང་ཏིང་འཛིན་ནི། ། ་ཡེ་ཤེས་སྐྱེ་པ་སོགས་འབྱུང་ཕྱིར། །དམ་ཚིག་ཏུ་ནི་བསྟན་པ་ཡིན། །ཡང་ན་བསྐྱེད་རིམ་བསྟན་པ་དང། །རླུང་རྣམས་ལས་སུ་རུང་འགྱུར་ན། །ཕྱག་རྒྱའི་དངོས་གྲུབ་མྱུར་འདོད་ཕྱིར། །ཕྱག་རྒྱ་ལ་ནི་བརྟེན་པར་བྱ། །རྣལ་འབྱོར་གྲོལ་བའི་ལམ་པས་ནི། །ཡིད་ཀྱི་ལྷ་མོ ་གཟུགས་མཛེས་མ། །མཆོད་པའི་དུས་སུ་དམ་ཚིག་གོ་།དེ་ནས་མཁའ་འགྲོ་ལུང་སྟོན་དུས། །དངོས་གྲུབ་མྱུར་དུ་ཐོབ་འདོད་ན། །མཁའ་འགྲོའི་མན་ངག་ལ་བརྟེན་ནོ། །དེ་ལྟར་གོ་རིམས་མ་ཤེས་ན། །དམ་ཚིག་ཉམས་ཏེ་སྲིན་བུར་སྐྱེ། །སངས་རྒྱས་བསྟན་པ་འཇིགས་པ ་ལ། འཁྲུལ་འཁོར་སྦྱོར་བ་ཤེས་བཞིན་དུ། །མི་རྩོམ་པ་ནི་དམ་ཚིག་ཉམས། །མི་ཤེས་གནོད་པ་མི་བྱེད་ལ། །བྱེད་ན་ཡང་ནི་དམ་ཚིག་ཉམས། །དེ་སོགས་སྦྱོར་བ་གཞན་པོ་ཡང། །མན་ངག་གིས་ནི་ཤེས་པར་བྱ། །མཆོག་གི་སྤྱོད་པའི་དུས་སུ་ནི། །བརྟུལ་ཞུགས་སྨོན་པ་ལྐུགས ་པ་དང། །གཅེར་བུ་ལ་སོགས་དུས་སྐབས་སྦྱར། །དེ་ལྟར་མ་ཤེས་དམ་ཚིག་ཉམས། །རབ་མཆོག་གི་ནི་དུས་དག་ཏུ། །དོན་དམ་རང་བཞིན་མེད་པ་འམ། །སྒྱུ་མའི་ཏིང་འཛིན་ལ་བརྟེན་ནས། །རྫོགས་པའི་ཏིང་འཛིན་དུས་སུ་ནི། །སྤྱོད་པ་ལ་སོགས་བྱེད་པ་ནི། །དམ་ཚིག་ཉམས ་ཏེ་ཐོགས?་ཆུང་ངོ། །མཐུན་འཇུག་སྤྱོད་པ་འགལ་བ་མེད། །ལྟ་བའི་དམ་ཚིག་བསྟན་པ་ནི། །ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཆོས་སུ་སྣང་བ་འཁྲུལ་བའི་སེམས། །སེམས་ཉིད་དེ་ཡང་སྐྱེ་མེད་ཕྱིར། །ཡོད་མེད ་མཛའ་ལས་འདས་པའོ། །བསམ་དུ་མེད་ཅིང་བརྗོད་དུ་མེད། །དཔེར་ན་ནམ་མཁའ་ཇི་བཞིན་ནོ། །ལྟ་སྤྱོད་ཀྱི་དམ་ཚིག་གི་སྦྱོར་ཀ་སྟེང?་སུམ་ཅུ་གཅིག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །རབ་གནས་ཆོ་ག་བསྟན་པ་བྱ། །སྐུ ་གཟུགས་ལ་སོགས་ཀུན་ལ་ནི། །རབ་ཏུ་གནས་པ་མ་བྱས་ན། །མུ་སྟེགས་ལྷ་རྟེན་བཅས་དང་འདྲའོ། །རིགས་དང་ན་ཚོད་མེད་པའི་མི། །ཐམས་ཅད་ཀུན་གྱིས་བཀུར་མི་བྱེད། །དེ་བཞིན་འདིར་ཡང་སྐུ་སོགས་ལ། ཕྱག་ལ་སོགས་པ་བྱས་གྱུར་ཀྱང། བསོད་ནམས་ཆེན་པོ་ཐོབ་མི་འགྱུར ་བསོད་ནམས་ཆེན་པོ་ཐོབ་འདོད་ན། རབ་གནས་བྱས་པས་ཐོབ་པར་འགྱུར། །དེ་བས་རབ་གནས་བྱ་བ་གཅེས། །སློབ་དཔོན་མཚན་ཉིད་ལྡན་པ་ཡི། །སྔོན་དུ་བསྙེན་པ་བྱ་བ་ནི། །སོ་སོ་རང་རང་བསྙེན་པ་བྱ། །དེ་ལྟར་མི་འགྲུབ་རྣལ་འབྱོར་པས། །ཤཱཀ་ཐུབ་བསྙེན་པ་ཀུན་གྱི་མ། ་རྡོ་རྗེ་འཛིན་པའི་བསྙེན་པ་ཡིས། །གསང་སྔགས་ཐུན་མོང་བསྟན་པ་ཡི། །བསྙེན་པ་རྣམ་གསུམ་རྫོགས་བྱས་ལ། །དེ་ནས་ས་ཆོག་ལ་སོགས་པ། །གཞན་དང་མཐུན་པར་རྒྱས་པར་བྱ། །མཎྜལ་བྱི་དོར་ལེགས་བྱས་ལ། །རྒྱན་དང་རོལ་མོ་ལ་སོགས་དགྲམ།། ་ལྷ་ཡི་སྟ་གོན་རྫོགས་བྱས་ལ། །དེ་ནས་བུམ་པའི་སྟ་གོན་བྱ། །མཎྜལ་མེ་ཏོག་བཅལ་བཀྲམ་ལ། །བདག་ཉིད་ལྷ་རུ་བསྒོམས་ནས་སུ། །ཡུངས་ཀར་ནིམ་པ་ལག་གཉིས་ཀྱིས། །བླངས་ནས་གསུམ་གསུམ་མེར་བསྟབ་བྱ། །ོཾ་སརྦ་པཱ་པཾ་དེ?་ཧ་ན་བཛྲཱ་ཡ། ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱཧཱ། །ཆུ་སྙིམ་པ་བཀང་པ་ལན་གསུམ་བླུགས། །བླ་མས་ཟན་ཆུ་བསྲེ་སྣོད་ཐོགས། །ལན་གསུམ་བྱབས་ཏེ་མེར་བཅས་རྣམས། །ཕྱི་རོལ་དག་ཏུ་བསྐྱལ་བར་བྱ། །ནམ་མཁའ་ལྷ་བཀང་སྤོས་ཐོགས་ནས། །དཀྱིལ་འཁོར་ལྷ་ལ་གསོལ་བ་གདབ། །རིག་སྔགས ་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་ཚིགས་བཅད་ལ་སོགས་བསྒྲགས་པར་བྱའོ། །དེ་ནས་མཎྜལ་སྟེང་དུ་ནི། །སྐུ་གདུང་ལ་སོགས་བཞག་བྱས་ལ། །སློབ་དཔོན་ནུབ་ཏུ་གནས་ནས་ནི། །ོཾ་ཧཱུཾ་བཾ་ཨ་ཞེས་བརྗོད་པས། །བ་ཡི་རྣམ་ལྔ་གང་ཡིན་པ། །དེ་ནི་མར་ཆུ་སྦྱར་བ་དང། །དྲི ་ཞིམ་ཙནདན་ཆུ་ཉིད་དང། །འདག་ཆལ་ཤིང་ཤུན་ཆུ་གསུམ་ནི། །བྱིན་བརླབས་དུར་བས་རིམ་བཞིན་བསྐུ། །ུ་དུམ་བ་ར་བྷ་ར་ཏྲ་དང། །ཙ་བ་ལེ་ཀེ་ན་དང་ནི། ། ཤྭད་བྱང་ཆུབ་ཤིང་གང་རྙེད། །ཞིབ་བཏགས་ཆུར་སྦྱར་སྣོད་གཡས་བཞག། དེ་ནས་ཁྲུས་རྣམས་རིམ ་པར་བྱ། །དེ་ལ་སོགས་པའི་ཆོ་ག་ཡིས། །སྐུ་གཟུགས་སྟ་གོན་གནས་པར་བྱ། །དེ་ནས་དཀྱིལ་འཁོར་བསྒྲུབ་པར་བྱ། །དེ་རྗེས་རབ་གནས་བརྩམ་པར་བྱ། །སྐུ་རྣམས་སོ་སོའི་ས་བོན་ལས། །ཆོ་ག་གསུམ་སོགས་གང་འདོད་བསྐྱེད། །ཡེ་ཤེས་ལྷ་ཡང་སོ་སོར་བསྟིམ། །སྐུ་ ་གདུང་བསྟན་པར་བསྐྱེད་ཅིང་བསྟིམ། །གླེགས་བམ་སོ་སོའི་སྙིང་པོ་འམ། །ཡང་ན་ཨཱ་ལི་ཀཱ་ལི་འམ། །སོ་སོའི་དཀྱིལ་འཁོར་དག་ཀྱང་རུང། །ལྷ་ཁང་ལ་སོགས་ཀུན་ལ་ཡང། །སོ་སོའི་དཀྱིལ་འཁོར་གང་འདོད་བྱ། །ཡང་ན། ཡི་གེ་བྷྲུཾ་ནི་རྟེན་ཡིན་ལ། །དེ་ལ་བརྟེན་པ་གང ་འདོད་པའོ། །རྡོ་རྗེ་དྲིལ་བུ་དག་ལ་ནི། །ཧཱུཾ་དང་ཨ་ཡིས་ས་བོན་ལས། །དྷརྨ་ཨ་བཛྲ་ཧཱུཾ་ཞེས། །སྔགས་ཀྱིས་བསྐྱེད་པ་བྱས་ནས་ནི། །ཕྱག་མཚན་ལྷ་ནི་གང་འདོད་བསྟིམ། །ཕྱག་མཚན་ལ་སོགས་གཞན་ལ་ཡང། །ཕྱག་མཚན་སྙིང་པོ་ལྷ་གསུམ་དང། །སྒྲུབ་པ་པོ་ཡི ་ལས་དང་སྦྱར། །ཕྲེང་བ་ལ་ཡང་དེ་བཞིན་ནོ། །མཚན་ལྡན་ཡི་གེ་ཨ་ཡིན་ནོ། །རྒྱན་དང་རྒྱན་ཆ་ལ་སོགས་པ། །བྱིན་གྱིས་བརླབ་པ་ཙམ་ནི་བྱ། །དེ་དག་ཐམས་ཅད་ཀུན་ལ་ཡང། །བསྐྱེད་དང་བསྟིམ་པ་བྱས་ནས་ནི། །དེ་ནས་བྱིན་བརླབས་དབང་བསྐུར་བྱ། །དེ་ནས་མཆོད་ལྔ་དབུལ ་པར་བྱ། །དེ་འོག་ལཱ་སྱ་ལ་སོགས་བརྒྱད། །མཆོད་པ་ཉི་ཤུ་པོ་ཡང་བྱ། །གོས་དང་རྒྱལ་མཚན་ལ་སོགས་པ། །རིན་ཆེན་བཀྲ་ཤིས་སྒྲ་དང་ནི། །རོལ་མོ་ལ་སོགས་ཆོ་ག་རྣམས། །རྒྱས་པར་ཕུལ་ནས་བསྟོད་པ་བྱ། །དེ་ནས་བཟླས་བརྗོད་ཅི་རན་བྱ། །སྤྱན་འབྱེད་སྔགས་ལ་སོགས ་པ་ནི། །ཀློག་ཕྲེང་རྒྱུད་དུ་ཤེས་པར་བྱ། །ཡང་ན་ཕྱག་མཚན་ལ་སོགས་ཀྱི། །ཆོ་ག་བསྡུས་པར་ཤེས་པར་བྱ། །ཤིན་ཏུ་བསྡུས་པའི་ཆོ་ག་སོགས། །བྱིན་གྱི་བརླབས་ལ་སོགས་པ་ཙམ། །དེ་ལྟར་རབ་གནས་ཟིན་ནས་ནི། །བླ་མ་མཁས་པ་དེ་ལ་ནི། །ཅི་བོད་གཡོན་རྣམས་དབུལ ་བར་བྱ། །དེས་ནི་བསོད་ནམས་ཆེན་པོ་ཐོབ། །ཇི་ལྟར་ཕོངས་པར་གྱུར་ཡང་ནི། །མཆོད་པའི་ཡོ་བྱད་རྣམས་ནི་དབུལ། །སེར་སྣ་ཅན་ནི་དབུལ་མི་ནུས། །དེས་ནི་སྡིག་འཕེལ་བསོད་ནམས་མེད། །རབ་གནས་བཟང་པོ་ཟིན་ནས་ནི། །རང་གནས་བཟང་པོར་གཤེགས་སུ་གསོལ། ་རབ་ཏུ་གནས་པའི་སྦྱོར་ཀ་སྟེ་སུམ་ཅུ་གཉིས་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འཆི་བ་བླུ་བའི་མན་ངག་ནི། །འཆི་རྟགས་རྣམ་པར་བསྟན་པ་དང། །འཆི་བླུ་ཆོ་ག་རྒྱས་པ་རྣམས། །འཆི་བླུ་ཆེན་པོར་ཤེས་པར་བྱ། །འདིར་ནི་བསྒྲུབ་པ ་དོན་དུ་ནི། །གོས་སྔོན་འཆི་བ་བླུ་བ་མཆོག། །མན་ངག་ཅུང་ཞིག་བཀོལ་ནས་བསྟན། །སྤྱིར་ནི་འཆི་བ་བླུ་བ་ལ། །དགེ་བའི་ཕྱོགས་ནི་མཛའ་ཡས་མཆོག་།གང་བྱས་ཀྱང་ནི་ཟློགས་པར་འགྱུར། །གོས་སྔོན་འཆི་བླུའི་རིམ་པ་ཡང། །ནད་པ་སེམས་ནི་དག་པ་ཡིས།། ་གོས་སྔོན་ན་རྒྱུད་མན་ངག་ཅན། །མཁས་པ་དེ་ནི་སྤྱན་དྲངས་ལ། །གནས་ཁང་དགོན་པར་མཎྜལ་བྱ། །མཎྜལ་བྱས་པའི་འོག་ཏུ་ནི། །རྒྱན་རྣམས་མ་ལུས་དགྲམ་པར་བྱ། །ནད་པ་ལ་ནི་ཆོས་བཤད་ལ། །དང་པོ་སེམས་ནི་དག་པར་བྱ། །སྒྱུ་མ་ལྟ་བུའི་སེམས ་ཀྱིས་ནི། །ནོར་རྣམས་མ་ལུས་ཐམས་ཅད་དང། །རང་ལུས་སྲོག་དང་བཅས་པ་དབུལ། །དེ་ལྟར་དབུལ་བ་དེ་ལ་ནི། །དང་པོ་དབང་བསྐུར་རྫོགས་པ་ལ། །དེ་ནས་མན་ངག་གཞན་སོགས་བྱ། །དེ་ལྟར་བྱས་འོག་སོས་འགྱུར་ལ། །རང་འཚོ་རྫས་ཙམ་སླར་ལ་སྦྱིན། །ནོར ་རྫས་སྲོག་རྣམས་དབུལ་མི་ནུས། །སེར་སྣ་ཅན་ནི་བཟློག་པར་དཀའ་། །དེ་ལྟར་སེར་སྣ་ཅན་དེ་ལ། །དབང་བསྐུར་མི་བྱ་གཞན་པོ་བྱ། །ཆོ་གའི་རིམ་པ་བསྟན་པ་ནི། །རྒྱས་པར་བྱེད་ན་བསྐྱེད་རིམ་རྫོགས་པར་བྱ། །ཡང་ན་བསྡུས་དང་ཤིན་ཏུ་བསྡུས། དེ་ལྟར་བྱས་འོག་ནད་པས་ནི། །ཁྲུས་ཀྱི ་རིམ་པ་རྫོགས་བྱས་ལ། །གོས་བཟང་བྱིན་བརླབས་བསྐོན་ནས་ནི། །ཤར་གྱི་ཕྱོགས་སུ་ལ་བལྟས་ནས། །མདུན་དུ་མཎྜལ་ལྔ་བྱས་ཏེ། །དང་པོ་ཕྱག་འཚལ་མཆོད་པ་འབུལ། །དེ་ནས་སྡིགས་བཤགས་ལ་སོགས་བྱ། །ནད་པ་དེ་ནི་མི་ནུས་ན། །མཆོད་གཡོག་དག་གི་བྱེད་དུ་གཞུག ་དེ་ནས་སྐྱབས་གསོལ་ཚིགས་བཅད་བརྗོད། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །སྐུ་མཆོག་སྟོབས་ལྡན་ཁྱོད་ཕྱག་འཚལ། །གསུང་མཆོག་སྒྲ་མཆོག་འབར་ལ་ཕྱག་འཚལ་ལོ། །ཐུགས་མཆོག་ཡེ་ཤེས་ལྡན་ལ་ཕྱག་འཚལ་ལོ། །སྐུ་མཆོག་སྟོབས་ཆེན་ཁྱོད་ལ་ཕྱག ་འཚལ་ལོ། །དེ་ནས་ལུས་འབུལ་ཞེས་ནི་སྦྱར། །བདག་ལ་གནོད་པའི་ནད་རྣམས་ཀུན། །ཁྱོད་ཀྱི་མཐུ་ཡི་སྦྱད་དུ་གསོལ། །འབྱུང་པོའི་གནོད་པ་བཟློག་ཏུ་གསོལ། །ཟོར་དང་དུག་རྣམས་ཐམས་ཅད་ཀྱང། མཐུ་སྟོབས་བདག་པོས་བཟློག་པ་གསོལ། །བཅོམ་ལྡན་ཁྲོ་ཆེན ་རྣམ་པར་རྒྱལ། །སྐུ་གསུང་ཐུགས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །ལུས་ངན་རྒྱལ་པོ་མཐུ་བོ་ཆེ། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །རྡོ་རྗེ་གནོད་སྦྱིན་འཇིགས་ཆེན་པོ། །རོ་ལངས་མ་ནི་མཐུ་མོ་ཆེ། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ།། ་འཇིགས་བྱེད་མ་ནི་མཐུ་མོ་ཆེ། །རྡོ་རྗེ་ལྷ་མོ་འོད་བསྐྱེད་མ། །རྡོ་རྗེ་ལྷ་མོ་ཡིད་འཕྲོག་མ། །རྡོ་རྗེ་ལྷ་མོ་ཀུན་བཟངས་མ། །རྡོ་རྗེ་ལྷ་མོ་ཀླུ་སྒྲ་ཅན། །ཁྲོ་མོ་ཆེན་མོ་སྲོག་གཅོད་མ། །ཁྲོ་མོ་ཆེན་མོ་དབུགས་རྡུབ་མ། །ཁྲོ་མོ་ཆེན་མོ་ཁྲག་འཐུང་མ། །ཁྲོ་མོ་ཆེན་མོ་ཤ་ཟ་མ། །སྐུ ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །དེ་ནས་སྡོམ་པ་འཛིན་དུ་གཞུག་དེ་བཟླས་པས་ནི་བཟློག་པར་བྱའོ། །དང་པོ་སྐུའི་བཟླས་པའི་འོད་ཟེར་གྱིས། །ལུས་ཀྱི་ནད་རྣམས་སྦྱད་པར་བྱའོ། །དེ་ནས་ཐུགས་དང་གསུང་གིས་སྦྱད། །ཐལ་ཆེན་རཀྟ་བྱང་ཆུབ་སེམས། །སྦྱད ་སོགས་བྱིན་བརླབས་བྱས་ནས་ནི། །གནས་གསུམ་དག་ཏུ་མཚན་ཅིག་བྱུག་།དེ་ནས་ཁྲུས་ཀྱི་བུམ་པ་ཡིས། །བཀྲ་ཤིས་ཚིགས་བཅད་བཏོན་ནས་ནི། །ནད་རྣམས་སྡིག་སྒྲིབ་བཀྲུ་བར་བྱ། །དེ་ནས་སྐུ་གསུང་ཐུགས་ཀྱི་སྔགས། །བཟླས་པས་བདེ་གཤེགས་འོད་ཟེར་བསྟིམ། །དེ་ནས་ནད ་པའི་སྟེང་ཕྱོགས་སུ། །བདེ་གཤེགས་དཀྱིལ་འཁོར་བཞུགས་བསམས་ལ། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །ཡེ་ཤེས་བདུད་རྩི་སྙིང་ཁར་གཟུང། །དེ་རྣམས་བྱས་པས་འཆི་བ་བཟློག་།འཆི་ཟློག་ཆེན་པོ་བྱ་བ་ནི། །སྦྱིན་སྲེག་ཚོགས་འཁོར་དབང་བསྐུར་བྱ། །གཏོར་ཆེན་ལ་སོགས ་གཞན་ཡང་བྱའོ། །དེ་ལྟར་བྱས་པས་འཆི་བ་བཟློག་།རང་དང་གཞན་ནི་གཉིས་ཀ་ལ། །མན་ངག་སྟོབས་ཀྱིས་བཟློག་པ་ནི། །རླུང་དང་ཐིག་ལེ་ཡི་གེ་དང། །གཏུམ་མོ་འཁོར་ལོ་ལ་སོགས་ནི། །འཆི་སླུ་ཆོ་ག་དག་དང་ནི། །བླ་མའི་མན་ངག་བརྒྱུད་པས་བྱའོ། །འཆི་བ་བླུ་བའི་སྦྱོར ་ཀ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །སྟང་སྟབས་རིམ་པ་ཅུང་ཞིག་བསྟན། །ཤར་ཕྱོགས་གཡས་བརྐྱང་ལ་གནས་ནས། །རྐང་པ་དང་ནི་ལག་པ་ཡིས། །རྡོ་རྗེ་རྩེ་གསུམ་སྟང་སྟབས་བྱ། །གར་བསྒྱུར་དེ་ནི་ཐབས་རེ ་བྱ། རྐང་ལག་མཐུན་པར་བསྒྱུར་བ་བཟློག་།ལྷོ་རུ་གཡོན་བརྐྱང་ལ་གནས་ནས། །རལ་གྲི་འམ་དབྱུག་ཏོ་འཛིན་པས་སུ། །རྐང་པ་ལག་པ་གཉིས་ཀས་སུ། །ས་དང་བར་སྣང་གཉིས་ཀ་ལ། རིན་ཆེན་འབར་མ་བྲེ་བར་བྱ། །ནུབ་ཕྱོགས་གཡས་བརྐྱང་ལ་གནས་ནས། །འཁོར་ལོ ་འམ་རལ་གྲི་དེ་བཞིན་བྲེ། །བྱང་ཕྱོགས་གཡོན་བརྐྱང་ལ་གནས་ནས། །རྡོ་རྗེ་རྒྱ་གྲམ་ཚུལ་དུ་བྲེ། །ཡང་ན་ཟླུམ་པོ་ལ་སོགས་རིམ། །བསྲུང་བའི་ཚུལ་དུ་བྱ་བ་དང། །ཕྱོགས་བཞིར་འབྱུང་པོ་བཀུག་ནས་ནི། །མནན་ཅིང་བསྣུན་པའི་ཚུལ་དུ་བྱ། །གཞན་ཡང་སྟང་སྟབས ་བྱས་པ་ནི། །སྙོམས་འཇུག་ལ་སོགས་རྒྱུད་ན་གསལ། །མཁས་པས་དེ་རུ་ཤེས་པར་བྱ། །འདིར་ནི་བསྒྲུབ་པའི་དོན་དུ་བསྡུས། །སྟང་སྟབས་སྦྱོར་བ་འདི་དག་ནི། །བགེགས་བསྐྲད་དོན་དུ་ནན་ཏན་བྱའོ། །སྟང་སྟབས་ཀྱི་སྦྱོར་ཀ་སྟེ་སུམ་ཅུ་བཞི་པའོ།། །། ་སྟོན་པ་ཕྱག་ན་རྡོ་རྗེ་ནས། །མཁའ་འགྲོ་མ་ནི་ཡན་ཆད་དུ། །བརྒྱུད་པའི་རིམ་པའི་མན་ངག་འདི། །སྙིང་པོ་ལ་སོགས་སྒྲུབ་པའོ། །གསང་བའི་སློབ་མ་རིན་ཆེན་བཀྲ། །དེ་རྩ་ཧཱུཾ་རྣལ་འབྱོར་དང། །བརྟུལ་ཆེན་པོ་ནི་རྣལ་འབྱོར་ལ། །ལོ་གསུམ་བར་དུ་སྣོད་བརྟགས་ནས། །བདེ་ལྡན ་རིན་ཆེན་ཡང་གཏེར་དུ། །བཀའ་རྩ་དམ་བཞག་བྱས་ནས་གཏང། །རིན་ཆེན་རྫས་དང་སྲོག་ལུས་ཀྱིས། །བླ་མ་མཉེས་པས་མན་ངག་ཐོབ། །དེ་བཞིན་ཕྱི་རབས་རྣལ་འབྱོར་གྱིས། །དེ་བཞིན་དུ་ཤེས་པར་བྱའོ། །ཕྱི་རབས་བློ་དམན་ལ་སོགས་ཤིང། །སེར་སྣ་ལ་སོགས ་གཡོ་སྒྱུ་ཅན། །སྒོམ་བསྒྲུབ་ལ་སོགས་མི་ནུས་ལ། །མན་ངག་བསྟན་ན་དམ་ཚིག་ཉམས། །དེ་བས་ཕྱི་རབས་རྣལ་འབྱོར་པས། །སྣོད་ལྡན་བརྟགས་ལ་སྦྱིན་པར་བྱ། །ཐབས་དང་ཤེས་རབ་ལས་བྱུང་བའི། །རིན་ཆེན་ཕྲེང་བ་སྦྱོར་ཀ་འདི། །བདག་གི་སྣོད་ལྡན་དོན་བརྩམས ་པས། འདི་བརྩམས་པ་ཡི་དགེ་བ་ཡིས། །བདག་དང་སེམས་ཅན་ཐམས་ཅད་ཀྱང། །བླ་མེད་བྱང་ཆུབ་ཐོབ་པར་ཤོག་།སྦྱོར་ཀ་ཆེན་པོའི་མན་ངག་།སློབ་དཔོན་ཆེན་པོ་བྷ་བས་མཛད་པ་རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་གཞོན་ནུས་བསྒྱུར ་ཏོ།། (།།ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག་བཞུགས་སོ།།)་*། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ལཾ་བཱ་ར་དྷ་ར་བ་ལིཾ་ཏ་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག་།འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ ་