| Wylie | e-texts based on the ACIP/ALL Input |
སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། པྲ་ཏི་ཧཡ་ས་མུ་ཏཔ་ཚྱ་ནཱ་མ་རཀྵ། །བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་བསྲུང་བ་ཞེས་བྱ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདེ་གཤེགས ་མཐུ་དང་སེམས་ཅན་ལ། །བསམ་གྱིས་མི་ཁྱབ་པར་བཤད་པས། །དེ་བཞིན་རྟེན་འབྲེལ་ནུས་པའི་མཐུ། །བསམ་གྱིས་མི་ཁྱབ་པ་ཡིན་པས། །གནོད་བྱེད་རྣམས་ཀྱི་དགྲར་གྱུར་པ། མདོར་བསྡུས་བདག་གིས ་བཤད་པར་བྱ།། །།སྲུང་བྱེད་རྣམ་རྒྱལ་ཨ་རུ་ར། །བཅངས་བསམས་ལུས་ལ་བརྟེན་པ་ཡིས། །མར་མེའི་སྣང་བས་མུན་སེལ་ལྟར། །ཕྱོགས་སུ་གནས་པར་མི་ནུས་སོ། །དོན་ཀུན་སྣང་བྱེད་གྲུབ་བྱེད་ནོར་བུ་དང། །དེ་བཞིན ་ཚེ་བསྲུང་ནོར་བུ་དང། །ིནྡྲ་ནཱི་ལ་སྦུར་ལང་དང། །རིན་ཆེན་ནོར་བུ་སྣ་ཚོགས་ནོར། །གང་ཞིག་ལུས་ལ་འཆང་བྱེད་པ། །ནོར་བུའི་མཐུ་ནི་བསམ་མི་ཁྱབ། །ཉི་མ་ཤར་སར་གྲིབ་མི་གནས། །དེ་བཞིན་གདོན་དེ་མི་གནས་སོ། །བདེ་གཤེཊ ་དགྲ་བཅོམ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་པ་ཡི་གདུང། །མཆོད་ཅིང་བཅངས་པ་ཙམ་གྱིས་ནི། །ཞེ་སྡང་ཞི་ནས་མཆོད་བྱེད་འགྱུར། །ལྔ་བརྒྱ་སྟོང་དུ་ལོན་པ་ཡི། །མང་གིས་འམ་ཐམས་ཀྱིས། །སྔགས་བཏབ་བསྐུས་བ་ཙམ ་གྱིས་ནི། །དཔག་ཚད་བྱེ་བ་བརྒྱ་རུ་འགྲོས། །དུག་དགྲའི་མཁྲིས་པ་མ་རུལ་བ། །མན་ངག་གིས་ནི་བརྟེན་བྱས་ན། །ཀླུའི་རྒྱལ་པོ་འཇོག་པོ་ཡིས། །བཟུང་བ་ཡང་ནི་གཏོད་པར་འགྱུར། །གསེར་ཆུ་དངུལ་ཆུ་མུ་ཟིན་ཡི། །བཅུད་ལེན་ལ་སོགས ་སྦྱོར་བས་ནི། །གདོན་དེ་ཉེ་བར་མི་འགྱུར་རོ། །འདི་ལ་མ་དད་རིགས་མ་ཡིན། །འབྲས་བུ་གསུམ་དང་འབྲིང་ཀ་ར། །སྤྲང་རྩི་མར་དང་ལྡན་པ་དང། །སྣ་ཚོགས་པ་ཡི་སྨན་རྣམས་ཀྱིས། །ནུས་པ་བརྗོད་ཀྱི་མི་ལང་བས། །རྟག་ཏུ་གོམས ་པར་བྱས་པས་ནི། །གདོན་དེ་བཟློགས་པར་འགྱུར་བ་ཡིན། །ག་བུར་ལ་སོགས་བདུད་རྩི་ལྔ། །རྒྱུན་དུ་ལུས་ལ་སྟེན་པ་ཡིས། །གདོན་དེ་ཕྱོགས་སུ་མི་ཉེའོ། འདི་ཡི་ནུས་པ་བསམ་མི་ཁྱབ། །ག་ཕུར་ཛ་ཏི་ཙན་དན་དང། གླ་རྩི་གུ་གུལ ་རྩི་ལྔ་ནི། །རྟག་ཏུ་ལུས་ལ་བརྟེན་པ་ཡིས། །ཚོར་བ་ཙམ་གྱིས་བྱེ་བར་འཕྲེས། །གུ་གུལ་ལ་སོགས་སྦྱར་བའི་སྤོས། །བཅངས་སེམ་གདུགས་པ་ཙམ་གྱིས་ནི། །གླད་པ་འགས་ཤིང་འཐོམས་གྱུར་པས། །སྐད་ཅིག་ཙམ་ཡང་མི་གནས ་སོ། །གསུམ་ལྔ་བདུན་དགུ་ལོན་པ་ཡི། །ཤིན་ཏུ་སྐྱུར་བའི་སྦྱོར་བ་ཡིས། །མེ་ཡི་ཕུང་པོའི་རྩེ་མོ་ལ། །སྦྲང་བུ་ལ་སོགས་མི་གནས་ལྟར། །ཤིན་ཏུ་འཇིགས་པས་འབྲོས་པར་འགྱུར། །སྦྱོར་བ་འདི་ནི་བསྔགས་པ་ཡིན། །དགུ་གསུམ ་ཉི་ཤུ་ལྔ་བཅུ་གཅིག་།བརྒྱ་ལ་སོགས་པ་ལོན་པ་ཡི། །རྩི་མར་གྱིས་ནི་འཁྲུ་སྨན་བཞིན། །མོང་ལ་དེ་ན་འབྱུང་འགྱུར་རོ། །ཟླ་བའི་ཤེལ་ལས་ཆུ་བྱུང་དང། །མེ་ཡི་ཤེལ་ལས་མེ་འབྱུང་བ། །མ་རིགས་པར་ནི་སྨྲ་མིན་པས། །དེ་བཞིན ་སྣ་ཚོགས་རྟེན་འབྲེལ་མཐུ་མེད་པར་ནི་མི་སྨྲའོ། །མཐུ་ནི་མངོན་དུ་འབྱུང་བས་ནི། །མ་དད་མ་ནི་རིགས་མེད་པས། །དེ་ལ་ཡིད་ཆེས་བརྟན་པར་བཟུང། །རྟེན་འབྲེལ་སྦྱོར་བ་བཅུ་གཉིས་ལ། །དད་པས་བླ་མ་མཉེས་བྱས་ཏེ། །མན་ངག་རིམ ་པ་བླང་བར་བྱ། །མཉེས་པ་ཡིས་ནི་གཞན་དུ་མིན། །རྟེན་འབྲེལ་ནུས་པ་བརྗོད་མི་ལང། །རང་ཉིད་ཀྱིས་མཐོང་འགའ་རྩམ་སྨྲས། །འདི་ལ་དགེ་རྩ་ཅི་ཡོད་པས། །གདུག་པ་རྣམས་ནི་སྲུང་བྱེད་ཤོག་།རྟེན་ཅིང་འབྲེལ་པར་འབྱུང་བའི་བསྲུང ་བ་ཞེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ། དངོས་གྲུབ་བརྙེས་པ་ཛཱ་བ་རིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་པ་པུ་རྞ་མ་ཏི་དང། ལོ་ཙE་བ་ཤེའུ་བཛྲ་དེ་བའི་འགྱུར།། །། ་