CLOSE WINDOW

N1807: gnod sbyin gyi sde dpon chen po lag na rdo rje gos sngon po can 'khor lo chen po'i lha tshogs la bstod pa zhes bya ba
Wyliee-texts based on the ACIP/ALL Input

འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པ་ནི་མཧཱ་ཡཀྵ་ཙཀྲ་ཨ་ཧཱ་དེ་བ་ག་ན་མཎྜལ་སྟོད་ཏྲ་ནཱམ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧཱུཾ་ཅང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ས་བཅུའི་བྱང་ཆུབ་སེམས་དཔའ་ཨི་གཙོ་བོ་སྟེ། །སྐྱེ་མེད་དང་ལས་ལོངས་སྤྱོད་རྫོཊ ་པའི་སྐུ། །ཡོན་ཏན་མ་ལུས་རྫོགས་པ་ཁྱོད་ལ་འདུད། །སྤྲུལ་པའི་སྐུ་མཆོག་གདུག་པའི་དུལ་མཛད་པ། །བརྗིད་པའི་སྐུ་ལྔ་སྦྲུལ་བརྒྱད་སྐུ་ལ་བརྒྱན། །སྣང་སྲིད་དབང་དུ་བདུད་པའི་མཐུ་སྟོབས་ཅན། །སྲིད་གསུམ་སྡུག་བསྔལ ་མཐར་མཛད་ཁྱོད་ལ་འདུད། །ཞབས་གཉིས་བརྐྱང་བསྐུམ་མཐིང་ནག་འབར་བའི་ཞལ། །གཡས་དཀར་གཡོན་དམར་སྤྱན་གསུམ་ལྡན། །ཕྱག་དྲུག་གཡས་འཆང་གཡོན་སྡིགས་མཛུབ། །བར་གཉིས་ཐལ་རྡེབས་མཛའ་ ་གཉིས་སྦྲུལ་གསོལ་འདུད། །དཔྲལ་བའི་ཁྲོ་གཉེར་སྨིན་མ་གཡོ་ཞིང་འཁྱུག་།དབུ་ཀྲ་ཁམ་ནག་གྱེན་རྫེས་མེ་སྟག་འཕྲོ། །རལ་པའི་ཅོད་པན་སྦྲུལ་གྱི་གདེང་ཀས་བརྒྱན། །རིགས་ཀྱི་བདག་པོས་དབུ་བརྒྱན་ཁྱོད་ལ་འདུད། ། ་ལྗགས་འགྲིལ་མཆེ་གཅིགས་ང་རོས་འབྲུག་སྒྲ་སྒྲོག་།ཁ་རླངས་མེ་ལྟར་འབར་བས་གདུག་པ་སྲེག་།མཆེ་བ་གཙིགས་པས་དུག་གསུམ་རྩད་ནད་གཅོད། །ཉོན་མོངས་འཇོམས་པར་མཛད་པ་ཁྱོད་ལ་འདུད། །འཇིག་རྟེན་གསུམ་སླེབ་སྐུ ་མཆོག་ཤིན་ཏུ་བརྗིད། །སྔོན་པོ་འཆང་བའི་ན་བཟའ་སྐུ་ལ་གསོལ། །དུས་གསུམ་མེ་ལྟར་འོད་ཟེར་འབར་བའི་སྐུ། །སྲིད་གསུམ་ཟིལ་གནོན་ཁྱད་འཕགས་ཁྱོད་ལ་འདུད། །གསུས་པའི་སྨད་འཁྱིལ་སྟག་གི་ཤམ་ཐབས་ཅན། ། ་ཚངས་པ་བརྒྱ་བྱིན་ཉིན་ཟླ་འབར་བའི་སྟེང། །ཞབས་གཉིས་ཕྲག་ཞགས་ཡོན་ཏན་རྫོགས་པའི་སྐུ། །མཛའ་གཉིས་རྟག་ཆད་སེལ་མཛད་ཁྱོད་ལ་འདུད། །རྔམ་པའི་སྐུ་ཡིས་བདུད་རྣམས་འདུལ་བར་མཛད། །བྲང་འགྲོ་བརྒྱད་ཀྱིས་སྐུ ་བརྒྱན་ཀླུ་དབང་འདུལ། །བརྐྱང་བསྐུམ་བརྗིད་པས་གནོད་སྦྱིན་ཟིལ་གྱིས་གནོན། །ཕྲིན་ལས་ཐར་མཛད་ཁྱོད་ལ་ཕྱག་འཚལ་འདུད། །སྦྲུལ་བའི་ཁྲོ་ཚོགས་བྱེ་བ་སྐུ་ལ་འཕྲོ། །ཧཱུཾ་ཕཊ་སྒྲ་འབྱིན་མཚོན་ཆ་མང་བོ་འདབས། །ཐིང་ནག་སྐུ ་ཡས་ཁམས་གསུམ་ཆོ་དེས་འདེབས། །སྤྲུལ་པས་སྐྲག་མཛད་ཁྱོད་ལ་ཕྱག་འཚལ་འདུད། །ཡུམ་མཆོག་མཛེས་ལྡན་མཐིང་ནག་ཞལ་གཅིག་མ། །ཕྱག་གཡས་གྲི་གུག་དུང་དམར་ཞལ་དུ་སྟོབ། །རུས་པའི་ཕྲེང་བརྒྱན་སྐལ་པའི་འོད ་ཟེར་འཕྲོ། །སྦྲུལ་པ་གྲངས་མེད་ཁྲོ་ཆུང་འཕྲི་ལ་འདུད། །དྲི་ཟའི་རིགས་འདུལ་ཁྲོ་རྒྱལ་བདུད་ལས་རྒྱལ། །སྐུ་ཡི་རང་བཞིན་ཞི་བའི་ལས་མཛད་པ། །དཀར་གསལ་ཞལ་གཅིག་ཕྱག་བཞི་རྡོ་རྗེ་འཕྱར། །རྩེ་གསུམ་སྡིགས་མཛུབ་གཏི་མུག ་འཇོམས་ལ་འདུད། །བརྐྱང་བསྐུམ་བཞུགས་ནས་ན་བཟའ་སྔོན་པོ་གསོལ། །བྲང་འགྲོ་བརྒྱད་ཀྱིས་སྐུ་བརྒྱན་མཐུ་སྟོབས་ཅན། །གསུང་གིང་རོས་ལོག་འདྲེན་གདུག་པ་འདུལ། །རྔམ་མཛད་བདུད་ལས་རྒྱལ་བྱེད་ཁྱེད་ལ་འདུད། །གཉེས ་བྱེད་ཡུམ་ནི་ལྷ་མོ་འོད་ཟེར་ཅན། །དཀར་མོ་འཛུམ་ཅན་ཞལ་གཅིད་ཕྱག་གཉིས་ལྡན། །སྤུ་གྲི་གཙོ་འཁྱུད་དུང་དམར་ཡབ་ལ་སྟོབ་།ཁྲོ་ཆུང་བྱེ་འགྱེད་ལྷ་མོ་འཁྱོད་ལ་འདུད། །གཤིན་རྗེ་འདུལ་མཛད་ཡོན ་ཏན་རང་བཞིན་སྐུ། །རྒྱལ་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་སེར། །ཞལ་གཅིག་ཕྱག་བཞིས་བདུད་འདུལ་རྡོ་རྗེ་འཕྱང། །དབྱུག་ཏོ་གཡོན་འཛིན་སྡིགས་མཛད་འཁྱུད་ལ་འདུད། །ཞབས་གཉིས་བརྐྱང་བསྐུམ་གཤིན་རྗེ་མནན ་མཛད་འགྱིང། །བརྗིད་སྐུ་ན་བཟའ་སྔོན་པོ་སྟག་རིས་གསོལ། །རིགས་བཞི་གདུག་པས་སྐུ་བརྒྱན་ཡོན་ཏན་རྒྱས། །སྤྲུལ་པའི་ཁྲོ་འགྱེང་གཟི་བརྗིད་འབར་ཁྱོད་འདུད། །དགྱེས་མཛད་ལྷ་མོ་དབྱངས་ཅན་གསེར་མདོག་ཞལ། །ཞལ ་གཅིག་ཕྱག་གཉིས་རལ་གྲི་གཙོ་ལ་འཁྱུད། །བནདྷ་ཁྲག་བརྐང་ཡབ་ཀྱི་ཞལ་དུ་སྟོབས། །སྤྲུལ་པ་གྲངས་མེད་འགྱེད་མཛད་ཁྱོད་ལ་འདུད། །ཀླུ་དབང་འདུལ་མཛད་གསུང་གི་རང་བཞིན་སྐུ། །དབང་གི་ཕྲིན་ལས་མཐར་ཕྱིན་སྐུ ་མདོག་དམར། །འགྱིང་བག་ཞབས་གཉིས་བརྐྱང་བསྐུམ་ས་བདག་གནོན། །རྔམ་ཆེན་མེ་ལྟར་འབར་བ་ཁྱོད་ལ་འདུད། །ཞལ་གཅིག་ཕྱག་བཞིས་རྡོ་རྗེ་སྦྲུལ་ཞགས་བསྣམས། །སྡིགས་མཛུབ་འཁྱུད་མཛད་གསུང་གི་རྔམ་སྟོབས ་ཅན། །སྦྲུལ་རིགས་བཞིས་བརྒྱན་གོས་སྔོན་སྟག་རིས་གསོལ། །ཀླུ་རིགས་དབང་སྡུད་རྔམ་སྐྲ་སྒྲོགས་ལ་འདུད། །མཉེས་མཇེད་ལྷ་མོ་དམར་མོ་འཛུམ་བག་ཅན། །ཞལ་གཅིག་ཕྱག་གཉིས་སྟེའུ་གཙོ་ལ་འཁྱུད། །དུང་དམར ་སྟོབས་མཛད་སྤྲུལ་པའི་ཁྲོ་ཚོགས་སྤྲུལ། །ཐབས་མཁས་སྒྲ་གཅན་ཡུམ་མཆོག་ཁྱོད་ལ་འདུད། །གནོད་སྦྱིན་རིགས་འདུལ་ཕྲིན་ལས་རང་བཞིན་སྐུ། །རྟོག་པའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་ལྗང། །ཞལ་གཅིག་ཕྱག་བཞི ་སྐུ་མཆོག་ཕྱག་མཚན་ལྡན། །ཕྲིན་ལས་བཞི་མཛད་རྡོ་རྗེ་བེ་ཅོན་འཛིན། །སྡིགས་མཛུབ་གཉིས་མཛོད་ཡུམ་ལ་འཁྱུད་ཁྱོད་འདུད། །བརྐྱང་བསྐུམ་མཛད་པའི་རིགས་བཞིའི་སྤྲུལ་གྱིས་བརྒྱན། །སྟོད་གཡོགས་སྔོན་པོ་སྟག་རིས་ན་བཟའ་བསོལ? ་ཕྲིན་ལས་ཐམས་ཅད་རྫོགས་མཛད་མཐུ་སྟོབས་ཅན། །བགེགས་རྣམས་འཇོམས་མཛད་བདུད་རྩི་འཁྱིལ་ཁྱོད་འདུད་།ཐོད་གྱུར་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་མ། །ཐབས་ཤེས་ཚུལ་ལྡན་འཁོར་ལོ་གཙོ་ལ་མཁྱུད། །སྙིང་རྗེའི ་རང་བཞིན་བན་དམར་ཡབ་ལ་སྟོབས། །སྤྲུལ་ལྔ་འགྱེད་མཛད་རླུང་འབྱིན་སྐུ་ལ་འདུད། །ཛ(རྒྱུད་འགྲེལ་དཔུང་འཇོམས་མཛད་སྒོམ་བཞི་ལ་འདུད། །རང་གི་དད་པའི་སྟོབས་ཀྱིས་སྐུལ་འགྱུར་ནས། །མོས་པའི་དབང་གིས་བསྟོད་པ་འདི་བྱས་པའི། །བསོད་ནམས་ཚོགས་གྱུར་སྒྲིབ་པ་གཉིས་བྱང་ནས། །རྒྱུད་ཤེལ་ལྟར་དག་སེམས་ཅན་དོན་བྱེད ་ཤོག་།བསྟོད་པ་མོས་པའི་རྒྱུད་ངན་ཐ་བ་བཏུལ། །མ་རིག་མུན་སིལ་དག་བ་ཟླ་ཟེར་འདྲ། །དྲི་མེད་གསལ་བ་གང་ཐོབ་སེམས་ཅན་རྣམས། །འཁོར་ལོ་ཆེན་པོའི་ལྷ་ཞལ་མཐོད་བར་ཤོག་།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན ་པེ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོང་བ་ཞེས་བྱ་བ། ནམ་གྲུའི་རིགས་ལས་དངོས་གྲུབ་བརྙེས་པའི་ཛཱ་བ་རི་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དེ་བ་པུ་རྞ་ཨ་ཏི་དང། བོད་ཀྱི་ལོ་ཙཱ་བ་དགེ ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། པྲ་ཏི་ཧཡ་ས་མུ་ཏཔ་ཚྱ་ནཱ་མ་རཀྵ། །བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་བསྲུང་བ་ཞེས་བྱ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདེ་གཤེགས ་