| Wylie | e-texts based on the ACIP/ALL Input |
པཎྜི་ཏ་དེ་བ་སུ་ཎྱ་མ་ཏི་དང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། མ་རི་ན་མ་རྱ་མྲི་ཏ་ནཱ་མ། བོད་སྐད་དུ། གསད་པ་བདུད་རྩི་གསོ་བཞེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། ་གསང་བ་གསོ་བ་མ་བྱས་ན། །གང་ཞིག་ལ་ནི་སྡིག་པ་དང། །གང་ཞིག་ཤིན་ཏུ་ཁྲོས་འགྱུར་བ། །དེ་ཕྱིར་གསོ་བའི་ཆོ་ག་དྲན། །རིན་ཆེན་གའུ་པདྨ་ཅན། །དེ་མཚུངས་གའུ་སྟེང་འགེབས་བྱ། །ཕྱོགས་བཞི་པདྨའི་སྟེང་དུ་ནི། །འབྲས་ཕྱེའི་རྒྱུ ་ལས་བྱུང་བ་ཡི། །ཙན་ངན་ཆུས་བཀྲུས་བསྐུས་པ་ཡིས། །རིགས་བཞི་ཀླུ་ཡི་གཟུགས་བཞག་སྟེ། །གདོང་པ་མཚལ་གྱི་བྱུག་པར་བྱ། །གཙོ་མོ་བཞི་དང་ཁྱིའུ་བཞི། །བུ་མོ་བཞི་ཡི་གཟུགས་ཀྱང་བཞག་།དེ་དག་མཛེས་པའི་གཟུགས ་བྱའོ། །པདྨའི་ལྟེ་བར་རིན་ཆེན་ལྔ། །མཚམས་ཀྱི་པདྨ་བཞི་པོ་ལ། །དཀར་སེར་དམར་སེར་བུད་མེད་ཀྱི། །འོ་མ་བཞི་ནི་མཚོ་བཞི་སྟེ། །དེར་ནི་ཀླུ་གཟུགས་སྣ་ཚོགས་བཞག་།ལྗང་ཁུ་དར་གྱིས་སྟེང་དགབ་པོ། །དེ་ནས་རང་ལྷའི་ས ་བོན་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་ལས། །འགའ་ཞིག་རྣམ་སྨིན་ལུས་བོར་བ། །བར་དོའི་སེམས་དེ་བཀུག་བྱས་ཏེ། །དྲི་ཆུ་ཡིས་ནི་གཉིས་ཀ་བསང། །གཟུགས་ལ་སྟིམ་ཞིང་འོ་མར་བད་ར། །སྣ་ཚོགས་སྨན་གྱིས་གཏོར་བར ་བྱ། །དེ་ལྟར་དགུག་པ་ལན་གསུམ་བྱ། །དེ་ལྟར་གས་བ་ཕྱི་ནང་གཉིས། །རང་ལྷའི་ས་བོན་འོད་འཕྲོས་པས། །འགའ་ཞིག་སེམས་ཀྱི་བག་ཆགས་སྦྱངས། །ལྕེ་ཡི་རྡོ་རྗེ་ལྟེ་བར་ཨ། ། ཡི་འོད་ཟེར་ཕུལ་བཏབ་པས། །འགའ་ཞིག ་སེམས་ཀྱི་ཨ་ལ་ཐམ། །བདུད་རྩིའི་རྒྱུན་ཕབ་སེམས་གསོའོ། །སེམས་དང་ཤེས་ཕ་དམ་གསལ་བསམ། །འཆི་མེད་བདུད་རྩིའོ་རྒྱུན་འདིས། །ཀླུ་བརྒྱང་འཁོར་བཅས་ཁྱེད་རྣམས་ཀུན། །སེམས་དང་ཤེས་པ་གསལ་གྱུར་ཅིག་།ལུས ་དང་དབང་པོ་རྒྱས་གྱུར་ཅིག་།དྲིན་ལན་དམ་ཚིག་དྲན་གྱིས་ལ། །བཀའ་དང་དམ་ལས་མ་འདའ་བར། །ཤིན་ཏུ་ཁྲོས་པ་ཞི་གྱུར་ཅིག་།དེ་ལྟར་རིམ་པས་ལན་གསུམ་པར། །དེ་ནི་ནང་གི་གསོ་བ་ཡིན། །དེ་ནས ་མངར་གསུམ་འབྲས་ཆན་མར། །གསེར་དང་ཁྱི་ཡི་འོ་མ་དང། །ན་ག་གེ་སར་ལ་སོགས་པའི། །གསོ་བའི་སྨན་ནི་སྣ་ཚོགས་བསགས། །བདུད་རྩིའི་འོ་རྒྱུན་བྱིན་བརླབས་ཏེ། །དེ་ཡི་ཉམས་པ་རྣམས་སོས་བསམ། །གསོ་སྨན་ལ་སོགས ་རིམ་པ་ནི། །མཆོད་ཅིང་འདི་སྐད་བརྗོད་པར་བྱ། །ཧཱུཾ་ང་ནི་ཐུགས་རྗེ་ཆེན་པོ་ཡི། །བ་སྤུའི་བུ་ག་ཐམས་ཅད་ནས། །གསོ་བའི་བདུད་རྩི་རྒྱུན་ཕབ་ནས། །ཀླུ་བརྒྱང་འཁོར་བཅས་ཁྱེད་རྣམས་ཀུན། །དྲག་པོའི་སྔགས་ཀྱི་གཟི་བརྗིད་ཀྱིས། ། ་བསྲེག་དང་བཙོ་བའི་སྡུག་བསྔལ་དང། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །བསྣུན་ཅིང་གཏུབས་པའི་སྡུག་བསྔལ་དང། །སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང། །འཆི་མེད་གསོ་བར་སྨན་ཚོགས་ཀྱིས། །བསྲེགས་ཤིང་བཙོས་པ་སོས ་གྱུར་ཅིག་།བསྣུན་ཅིང་གཏུབས་པ་སོས་གྱུར་ཅིག་།ལུས་དང་དབང་པོ་རྒྱས་གྱུར་ཅིག་།མཐུ་སྟོབས་ལྡན་ཞིང་བདེ་གྱུར་ཤོག་།སྡུག་བསྔལ་ཀུན་ལས་ཐར་བར་ཤོག་།བྱང་ཆུབ་སེམས་བསྐྱེད་དགའ་སེམས་ལྡན། །དབང་པོ་རྣམས་ཀྱི ་སྤྱོད་ཡུལ་དུ། །མཁོ་དགུ་ལོངས་སྤྱོད་ཐམས་ཅད་ནི། །འདོད་པ་ཐམས་ཅད་ལྡན་གྱུར་ཅིག་།ཉམས་པའི་ལུས་སོགས་རྒྱས་གྱུར་ཅིག་།ཡན་ལག་ཐམས་ཅད་བདེ་གྱུར་ཅིག་།ཀླུ་ནང་ཐམས་ཅད་སོས་གྱུར་ནས། །སྡུག་བསྔལ་ནང ་ལས་ཐར་བར་ཤོག་།ངན་སོང་གསུམ་ལས་ཐར་ནས་ནི། །ཚངས་པའི་ཚེ་དང་ལྡན་གྱུར་ཏེ། །ཆོས་སྦྱོར་དབང་པོ་ཐུལ་ནས་ནི། །ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག་།འཇིགས་པ་ཀུན་ལས་སྐྱབས་ལྡན་ཤོག་།ལོངས་སྤྱོད་ཆེན་པོ་ཐོབ ་གྱུར་ཅིག་།སྔགས་དང་སྨན་སོགས་བྱིན་བརླབས་ཀྱིས། །ནད་དང་ཉེར་འཚེ་ཀུན་སོས་པས། །དྲིན་ལན་དམ་ཚིག་དྲན་པར་གྱིས། །ཕྱག་ན་རྡོ་རྗེའི་བཀའ་མི་འདའ་། །ཞེ་སྡང་གདུག་པ་ཞི་གྱུར་ལ། །དེ་རིང་ཆེ་གེ་མོ་ལ་ནི། བསམ་ངན་སྦྱོར་རྩུབ ་ཞེ་གྱུར་ཅིག་།གླུ་བྱང་བཅིངས་པ་གྲོལ་གྱུར་ཅིག་།ལེགས་བསམས་ཐམས་ཅད་འགྲུབ་པ་དང། །དར་ཞིང་རྒྱས་པའི་དངོས་གྲུབ་གསོལ། །ནཱ་ག་རཱ་ཕུ་ཤཱ་ནྟི་ཀུ་རུ་སྭཱཧཱ་ཞེས་པའི་ཚིག་།རིམ་པས་ཀུན་ནས་གདགས་པར་བྱ། །གདེངས ་ཀའི་ཕྱག་རྒྱ་བཅས་ནས་ནི། །དམ་ཚིག་འདི་ཡིས་བསྒྲག་པར་བྱ། །དེ་ནི་ཕྱག་ན་རྡོ་རྗེ་སྟེ། །ཀླུ་བརྒྱད་འཁོར་དང་བཅས་པ་ཉོན། །ཆོས་བཤད་བདེན་པ་མི་ཉན་དང། །རིག་སྔགས་རྒྱལ་པོའི་བཀའ་བཅག་ན། །གསོ་བའི་སྨན་ནི ་ཐམས་ཅད་ཀུན། །མཚོན་ཆའི་ཆར་དུ་གྱུར་ནས་ནི། །ལུས་ཀྱི་གནང་ལ་གཟེར་བར་བྱེད། །བཅང་ཅིང་བཅང་ཅིང་དུམ་བུར་འགྱུར། །མངར་གསུམ་ལ་སོགས་གཏོར་མ་ཡང། །དུག་ཆེན་ཧ་ལར་གྱུར་ནས་ནི། །མྱོས་དང་རྨོངས་པར ་གྱུར་ནས་ནི། །ཚེ་བ་ཆེན་པོས་གཟིར་བར་བྱེད། །དེ་པས་དུས་རྣམས་ཐམས་ཅད་དུ། །དམ་ཚིག་འདི་ནི་རྟག་ཏུ་སྲུངས། །ོཾ་ནཱི་ལཱཾ་བ་ར་དྷ་ར་ས་མ་ཡ་ནཱ་ག་ཡཀྵ་ཡཀྵ་ཧཱུཾ་ཕཊ། །དེ་འདྲའི་མཆོད་པ་གསུམ་བྱས་ཏེ། །དཀར་གསུམ་མངར ་གསུམ་གཏོར་མ་ནི། །ཆོ་གའི་རིམ་པས་བཏང་བར་བྱ། །དེ་ནི་ཕྱི་ཡི་གསོ་བ་ཡིན། །ཉམས་དགའ་བ་ཡི་གཞལ་ཡས་ཁང། །འཛམ་གླིང་ཕོ་བྲང་ཆེན་པོ་སྟེ། །རྟེན་ཡོང་གནས་སུ་དམ་དུ་སྤ། །ཐམས་ཅད་ཞི་བར་འགྱུར་བ་ཡིན། །གསོ་བའི་དེ་ནི་རིམ་པ ་སྟེན་ད་ཆོག་འདི་ནི་ཤིན་ཏུ་ལེགས། །བདག་གིས་མན་ངག་རིམ་པ་འདི། །གང་ཞིག་འགའ་ལ་ཕན་ཕྱིར་བྱས། །ཟླ་བ་ལྟ་བུ་གང་ཐོབ་དེས། །འགྲོ་རྣམས་རྟོག་པའི་ནང་གྲོལ་ཤོག་།གསང་པ་གསོ་བའི་ཆོ་ག་རྫོགས་སོ།། །།པཎྜི་ཏ་རེ་བ ་པུ་ཎྱ་མ་ཏི་དང་ལོ་ཙཱ་པ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། དུ་སྦྱ་མྲི་ཏ་པཱུ་ཛ་ནཱ་མ། བོད་སྐད་དུ། བདུད་རྩི་འོ་མའི་ཆོད་པ་ཞེས་བྱ་བ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། ། ་