CLOSE WINDOW

N1797: dpal phyag na rdo rje gos sngon po can gyi gzungs kyi gtor ma'i cho ga zhes bya ba
Wyliee-texts based on the ACIP/ALL Input

པའི་ཆོ་ག་རྫོགས་སོ།། །།བལ་པོའི་བླ་མ་དེ་བ་པཱུ་རྞ་མ་ཏི་དང། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་བ་ལཾ་དྷ་རབ་ལིཾ་དྷ་ར་ཎི་བི་དྷི་ནཱ་མ། བོད ་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བསོད་ནམས་འདོང་དང་འདོད་ལ་མཉེས། །བར་ཆོད་སྤོང་དང་དུག་ཞི་ཕྱིར། །ཐུགས་རྗེ་ཅན་ལ་གུས ་བཏུང་དེ། །གཏོར་མའི་ལས་འདི་བརྩམ་པར་བྱ། །དང་ལྡན་བྱང་སེམས་རྣལ་འབྱོར་པ། །སེར་སྣ་མེད་ཅིང་གཏོར་བརྩོན་པས། །བཟའ་བ་བཅའ་བ་འཇིབ་དང་བཏུང། །རིན་ཆེན་སྣོད་དུ་རབ་ཏུ་བཤམ། །ཧཱུཾ་ཧྲཱི(རྒྱུད་འགྲེལ་ལྔ་དེ་ཉིད་ཅན། །སྔོ་བསྐྱོད་མེད་འབར་རྫས་རྣམས་ཁོལ། །འོད་ཀྱིས་ཟླ་བ་རྡོ་རྗེ་ཞུ། །ཐིམ་པས་དངུལ་ཆུ་ལྟ་བུ་གནས། །དེའི་སྟེང་དུ་ཨོཾ་དཀར་པོས། །འདོད་ཀྱིས་གཾ་གཱ་ཀླུང་སོགས་བཀུག་།བདུད་རྩི་དྲངས་ཏེ་གཉིས་མེད་བསྟིམ། །འབྲུ་གསུམ ་སྔགས་ཀྱིས་བྱིན་བརླབ་བྱ། །དེ་རྗེས་མདུན་གྱི་མཁའ་སྟོང་ལ། །པཾ་ལས་ཆུ་སྐྱེས་འདབ་བརྒྱད་བསྐྱེད། །དེ་དབུས་ཧཱུཾ་ལས་འདོད་ལྷ་བསྐྱེད། །ལྟེ་འཁོར་དག་ལ་ཨོཾ་ལས་ནི། །ཕྱོགས་བཞི་སྣགས་རྒྱས་བཞི་ལས་བསྐྱེད། །འདབ་མ་མཚམས? ་བཞིར་ཁྲོ་མོ་སྟེ། །གོང་རས་སྒོ་བ་བཞི་པོའོ། །དམར་པོའི་ས་བོན་འདབ་བརྒྱད་དམར། །ཕུ་ལས་འདབ་མར་ཀླུ་བརྒྱད་བསྐྱེད། །ཟེ་འབྲུ་བཅུ་དྲུག་སྣ་ཚོགས་ལ། །བདུད་དང་གནོད་སྦྱིན་སྣ་ཚོགས་བསྐྱེད། །རང་གི་སྙིང་ཁའི་འོད་ཀྱིས་ནི། །འཕྲོས ་པས་སངས་རྒྱས་གི་གཱ་ཡི། །བྱེ་སྙེད་དཀྱིལ་འཁར་ལྷ་ལ་བསྟིམ། །ཀླུ་དང་གནོད་སྦྱིན་བདུད་དང་ནི། །ས་འོག་ས་སྟད་ས་བླ་ཡི། །ཐམས་ཅད་དེ་གསུམ་དག་ལ་བསྟིམ། །སྤྱན་ལ་སོགས་པས་དབང་བསྐུར་ཏེ། །སྐུ་དང་སུང་དང་ཐུགས་ལྷར ་གྱུར། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །སངས་རྒྱས་རྣམས་དང་མགོན་རྣམས་ཀྱིས། །རང་རང་ལྕེ་ལ་རྡོ་རྗེ་ནི། །ཧཱུཾ་ལས་ནས་ཆེད་ཙམ་ནི་བསྐྱེད། །རྩེ་མོ་དག་ལ་ཨོཾ་བསམས་ཏེ། །འོད་འཕྲོས་དྲངས་པས་གསོལ་བར ་གྱུར། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །སངས་རྒྱས་རྣམས་དང་མགོན་རྣམས་ཀྱིས། །རང་རང་ལྕེ་ལ་རྡོ་རྗེ་ནི། །ཧཱུཾ་ལས་ནས་ཚད་ཙམ་ནི་བསྐྱེད། །རྩེ་མོ་དག་ལ་ཨོཾ་བསམས་ཏེ། །འོད་>འཕྲོས་དྲངས་པས་གསོལ་བར ་བསམས། །གཉིས་མེད་ཡེ་ཤེས་ཐོབ་འགྱུར་ཏེ། །ཉི་ཤུ་རྩ་གཅིག་སྔགས་ཀྱིས་མཆོད། །གཙོ་བོ་ཉིད་ལ་གཙོ་བོ་སྟེ། །འཁོར་ནི་སོ་སོའི་སྔགས་རིམ་བཞིན། ། ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱཱ་ནུ་ཏཱ་ནྣ་ཏྭཱད། །གཉིས་ལ་སྦྱིན་པ་གོང ་དང་འབྲེལ། །དེ་ནས་བསྟོད་ཅིང་གསོལ་བ་གདང། །སོ་སོ་ཡི་ནི་སྔགས་ཀྱིས་ནི། །རང་རང་གནས་སུ་གཤེགས་སུ་གསོལ། །སྤྱོད་ལམ་གྱིས་ནི་དུས་དག་ཏུ། །རང་ཉིད་དུ་ལྷའི་རྣལ་འབྱོར་བྱ། །འདི་ཡིས་ཕན་དང་བསོད་ནམས་ཅི་བསགས ་པ། །འདྲས་བུ་མྱུར་ཞིང་ལོངས་སྤྱོད་རྣམས་ནི་ཐོབ། །དགེགས་རྣམས་ཞི་དང་གདུག་པ་ཞི་བྱེད་ཤོག་།བདེ་བ་མཆོག་ཆེན་བདག་གིས་ཐོབ་པར་ཤོག། །།དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི ་ཆོ་ག་ཞེས་བྱ་བའོ། །ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པ། སློབ་དཔོན་བྲམ་ཟེའི་ཙུན་པ་ཛཱ་བ་རི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བླ་མ་དེ་བ་པུ་རྩམ་རྟི་དང། ལོ་ཙཱ་བ་ཤེའུ་བཛྲ་དེ་བས་བསྒྱུར་པ ་ལས། སྤང་ཀྱིས་བདག་དགེ་སློང་ཆོས་ཀྱི་བཟང་པོས་བླ་མ་ལ་ཤིན་ཏུ་ལེགས་པར་ཞུས་ཏེ། ཕན་ནུ་ཚོ་བཅོས་པ་ལགས་སོ།། །།དཔལ་ཕྱག་ན་རྡོ་རྗེའི་རིམ་པ་དྲུག་པ་བཞུགས་སོ།། །།རྒྱ་གར་སྐད་དུ? ་