CLOSE WINDOW

N1794: klu rigs bzhi'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

བལ་པོའི་པཎྜི་ཏ་དེ་ཝ་པུ་རྞ་མ་ཏི་དང། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ནཱ་ག་ཀུ་ལ་ཙ་རི་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། ཀླུ་རིགས་བཞིའི་སྒྲུབ་ཐབས་ཞེས་བྱ་བ། དཔལ ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པས་འགྲོ་བ་རྣམས་ལམ་བཞིན་བརྩེ་བར་མཛད། །གདུག་པའི་འདུལ་ཕྱིར་ཁྲོ་རྒྱལ་འབར་བའི་སྐུར་སྟོན་པ། །བྱོལ་སོང་རྒྱན་ལྡན་བསྐལ་པའི་མེ་ལྟར་འབར། །བཟོད་དཀའ་གདུག ་པའི་ནད་ལས་མཐར་མཛད་དེ་ལ་དངོས་པོ་ཀུན་གྱིས་འདུད། །བྱམས་པས་ཞེ་སྡང་ཞི་བ་དང། །དྲག་པོའི་ཞི་རིངས་གསད་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་གཟུང་བའི་ཕྱིར། །བླ་མའི་དྲིན་གྱིས་ཐོབ་ནས་བརྩམ། །གང་ཞིག་བསྙེན་བརྫོགས? ་པ་ཡིས། །གང་ཞིག་དབང་དུ་བསྡུ་འདོད་ན། །ཀླུ་ཡི་སྒྲུབ་དང་འཁྲུལ་འཁོར་དང། །སྦྱོར་བ་བརྩམ་པར་བྱ་བ་ཡིན། །དང་པོ་གནས་ཆེན་ཡིད་འོང་དུ། །བསྙེན་པ་སྔོན་དུ་རྫོགས་བྱས་ཏེ། །ཀླུ་བརྒྱད་གཟུགས་ནི་འཁར་གཞོང་བཞག་།རང་ཉིད་ལྷ་ཡི ་སྐུར་བསྒོམས་ནས། །དུས་གསུམ་ཀླུ་ལ་མཆོད་པ་བྱ། །རྟགས་དང་རྨི་ལམ་བརྟགས་ནས་ནི། །དེ་ལས་བཟློག་པའི་ལས་བརྩམས་ཏེ། །མཚམས་བཅད་ས་ཡི་ཆོ་ག་བྱ། །སྟེགས་བུ་བྱི་དོར་ལེགས་བྱས་ཏེ། །སྟ་གོན་ཆོ་ག་རྒྱས ་བྱས་ལ། །དེ་ནས་རྫས་རྣམས་བསག་པར་བྱ། །འབྲས་ཀྱི་རྒྱུ་ལས་བྱས་པ་ཡི། །ཀླུ་ཆེན་བརྒྱད་ནི་སྦྲུལ་མགོ་ཅན། །དངུལ་གཞོང་ནང་དུ་གསག་པར་བྱ། །ཁ་དོག་ཚོན་གྱིས་སྒྱུར་ལ་བཞག་།སོ་སོ་ལྟོ་ཕྱེའི་མགོ་བོ་ནི། །དགུ་དང་བདུན་དང ་ལྔ་དང་གསུམ། །སྐྱེས་པ་བུད་མེད་མཛེས་པ་དང། །སྦྲུལ་དང་སྦལ་བ་ལྕོང་མོ་དང། །ཉ་དང་རུ་སྦལ་རྐང་མངས་དང། །སྡིག་པ་ཕགས་པ་མཛོད་རྟོལ་དྲིལ། །གཞན་ཡང་གང་བྱུང་གཟུགས་བྱའོ། །དེ་ནས་ཐིག་དང་ཚོན་དགྱེ་ཞིང། །དབུས ་ཀྱི་ལྟེ་བ་ཟླུམ་པོ་ལ། །གཙོ་བོ་དབུས་སུ་བྲིས་ནས་ནི། །འདབ་མ་བརྒྱད་ལ་ཀླུ་བརྒྱད་བྲི། །ཕྱི་རོལ་གྱི་ནི་འདབ་མ་ལ། །འཁོར་དུ་གཏོགས་པ་སོ་སོར་བྲི། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ། །སྐྱེས་པ་བུད་མེད་ལ་སོགས་བྲི། །མཚམས ་སུ་སྟོང་མོ་ཉ་སོགས་དགོད། །སྟེང་དུ་སྡིག་པ་ཕག་སོགས་བྲིའོ། །སྟེང་དུ་འཁར་གཞོང་ཀླུ་ཆེན་བརྒྱད། །བར་འཁྱམས་ལྷ་ཡི་སྣམ་བུ་ལ། །ཀླུ་དང་གཉན་དང་ས་བདག་གསུམ། །རིམ་གྱིས་མཉམ་པར་དགོད་པར་བྱ། །བླ་རྒྱན་འོག་རྒྱན ་འབྱོར་ཚད་དབྲམ། །འབྲུ་ལྔ་སྨན་ལྔའི་གཏོར་མ་དང། །ན་གེ་སར་ཀཎྚ་ཀ་རི་དང། །ནག་པུས་པ་རྒྱ་མཚོ་ལྦུ་བ་དང། །ཆུ་སྲིན་སྡིར་མོ་དབང་པོ་ལག་པ་དང། །བལ་པོའི་སེའུ་སྨྱག་ཤད་ལྕུག་མ་དང། །ནི་ལོཏཔ་ལ་འདམ་བུའི་རྩ་བ་དལ། ་དར་ཚོན་སྣ་ལྔ་བས་སྐུད་དམར་པོ་དང། །ལི་ཁྲི་དམར་པོ་དང་ནི་ག་བུར་ཤེལ། །པུ་ཅི་ཤེལ་དང་འདམ་བུ་ཚལ། །དཀར་གསུམ་མངར་གསུམ་འབྲས་ཆན་ཁུར་བའོ། །དེ་ནས་འདོད་བའི་འཁོར་ལོ་གྲུ་བཞི་སྒོ་བཞི། ཧཱུཾ? ་ལས་ནི། །འདབ་བཞི་འདབ་བརྒྱད་བསྐྱེད་པར་བྱ། །ཕུ་ལས་ཀླུ་བརྒྱད་ཀླུ་ཆེན་ཏེ། །འཁོར་ཡང་དེ་བཞིན་བསྐྱེད་བྱས་ནས། །གཙོ་བོ་སྒྲུབ་ཐབས་ལས་གསུངས་བཞིན། །སྤྱན་དྲངས་སྟིམ་པ་ལ་སོགས་ཀྱི། །ཀླུ་ལ་སོགས་པ་དེ་བཞིན ་དགུག་།ོཾ་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །གཙུག་ན་རིན་ཆེན་ཀླུ་ཡི་རྗེ། །ནོར་རྒྱས་བུ་དང་དུང་སྐྱོད་དང། །དགའ་བོ་དང་ནི་འཇོག་པོ་དང། །པདྨ་དང་ནི་ཆུ་ལྷ་དང། །སྟོབས་ཀྱི་རྒྱུ་དང་མ་དྲོས་དང། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། ། ་གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །རྗེ་རིགས་དང་ནི་གདོལ་བའི་རིགས། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །ཀླུ་ཟན་གཉན་དང་ས་བདག་སོགས། །སྤྲུལ་པ་འབུམ་སྡེ ་འཁོར་དང་བཅས། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །མེ་ཏོག་ལ་སོགས་མཆོད་པ་ལྔ། །འདོད་པའི་ལྷ་ལ་དབུལ་བར་བྱ། །གཏོར་མ་རྣམས་ཀྱང་སོ་སོར་དབུལ། །ག་ན་ག་གེ་སར་སྨན་གྱི་མཆོག་།སྔགས་དང་ཕྱག ་རྒྱས་བྱིན་བརླབས་ནས། །ཏིང་འཛིན་འབྲོ་འདུའི་བརྡས་བཀྲོལ་ཏེ། །ཀླུ་ཆེན་བརྒྱད་ལ་མཆོད་པ་འབུལ། །སྔོན་གྱི་དམ་ཚིག་སླར་དུལ་ལ། །ཞེ་རིངས་དུག་ལས་སྨར་དུལ་ཅིག་།ཀན་ཀ་རི་ན་ག་པུ་ཤཔ་དང། །རྒྱ་མཚོ་ལྦུ་བ་ཆུ་སྲིན་སྡེར ་མོ་དང། །དབང་པོ་ལག་པ་ནག་གསར་དང། །བལ་པོ་སེའུ་སྨྱག་ཤད་ལྕུག་མ་དང། །ནཱི་ལོཏཔ་ལ་འདམ་བུའི་ནགས་འཚལ་དང། །དང་ཚོན་སྣ་ལྔའི་རས་སྐུད་དམར་པོ་དང། །ལི་ཁྲི་དམར་པོ་ག་བུར་ཤེལ་དང་ནི། །པུ་ཤེལ་རྩེ་དང ་དུང་གཡས་འཁྱིལ་བ་དང། །ཤུ་དག་དཀར་པོ་སྙིང་ནི་ཤོ་ཤ་དང། །མཁལ་མ་ཞོ་ཤ་སྟག་པའི་ཤུན་བ་དང། །སེང་ལྡེང་དཀར་དམར་ཀླུ་སྨན་སྣ་ཚོགས་ཀྱིས། །ཀླུ་རྣམས་ཀུན་ལ་རབ་ཏུ་མཆོད་པར་བྱ། །མཆོད་པ་ཕུལ་ནས་བཟླས་པ? ་བྱ། །ོཾ་ཧ་ར་ཧ་ར་ནཱ་ག་ཕུ། པྲ་ཧ་ར་པྲ་ཧ་ར་ནཱ་ག་ཕུ། །ཚིནད་ཚིནད་ནཱ་ག་ཧྲི་ང་ཡ་ནི་ཕུ། །བྷིནད་བྷིནད་ནཱ་ག་དྷ་མ་ནི་ཕུ། བི་སི་མ་ཏ་ནཱ་ག་ཤ་རཱི་རི་ཎ་ཕུ། པི་སཕོ་ཊ་ཡ་ནཱ་ག་ན་ཡ་ནི་ཕུ། ནཱ་ག་བི་དཱ་ར་ཎཾ་ཡ་ཕུ། ནཱ་ག་ཀྲོ་དྷ་ན་ཡ་ཕུ་སྭཱཧཱ། ཨོཾ་ཨ་ནནད ་ཡ་ཧཱུཾ་ནཱཾ་ཧཱུཾ་སྭཱཧཱ། ཨོཾ་བཱ་སུ་ཀི་ཧཱུཾ་ནཱཾ་ཧཱུཾ་སྭཱཧཱ། ཨོཾ་ཏཀྵ་ཀ་ཧཱུཾ་ནཱི་སྭཱཧཱ། ཨོཾ་པདྨ་ཧཱུཾ་ནཱཾ་ཧཱུཾ་སྭཱཧཱ། ཨོཾ་མཧཱ་པདྨ་ནཱཾ་ཧཱུཾ་སྭཱཧཱ། ཨོཾ་ཤཾ་ཁ་པཱ་ལ་ཧཱུཾ་ནཱཾ་ཧཱུཾ་སྭཱཧཱ། ཨོཾ་ཀ་རྐོ་ཊ་ཧཱུཾ་ནཱཾ་ཧཱུཾ་སྭཱཧཱ། ཨོཾ་ཨ་ཎ་ཝ་ཏ་ཧཱུཾ་ནཱཾ་ཧཱུཾ་སྭཱཧཱ། ཨོཾ་ནཱ་ག་ཀུ་ལ་ཙ་རི་ཤཱཾ ་ཏི་སྭཱཧཱ། ཨོཾ་ན་ག་པྲ་ཏི་སྤོ་ཊ་ཡ་སྭཱཧཱ། ཨོཾ་ནཱ་ག་པྲ་པཉྩ་བུ་ཉེ་བ་སྭཱཧཱ། ཨོཾ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཧཱུཾ་སྭཱཧཱ། ཀུན་ལ་བརྒྱ་བརྒྱ་བཟླས་པར་བྱ། །གཙུག་ན་ཡིད་བཞིན་ནོར་བུ་ཅན། །མིག་གདེངས་པ་ལྟོ་འཕྱེའི་རིགས། །ཀླུ་ཆེན་བརྒྱད ་ཕོ་མཐོང་བའི་དུག་།བཟོད་དཀའ་ཨི་དུག་རྣམས་ཕྱིར་ཕྱུང་ཤིག་།ལུས་ཆེན་མགོ་བོ་ཐ་དད་པའི། །ཞེ་སྡང་དྲག་པོ་རྒྱས་པ་ཡི། །རིགས་བཞི་ཀླུ་རྒྱལ་ཡིད་ཀྱི་དུག་།བཟོད་དཀའ་ཨི་དུག་རྣམས་ཕྱིར་ཕྱུང་ཤིག་།གཤེར་ལ་གནས་པ་མཛངས ་པའི་རིགས། །གཙང་མ་བལ་ལ་གནོད་མི་བྱེད། །ཀླུ་བྲན་འབུམ་སྡེ་རེག་པའི་དུག་།བཟོད་དཀའ་ཨི་དུག་རྣམས་ཕྱིར་ཕྱུར་ཞིག་།ཞེ་རིགས་ནག་པོ་བྱོལ་སོང་རིགས། །རྨིག་བཞི་ལྕགས་ལས་ན་བུན་འཐིབས། །གཉན་ཆེན་འབུམ་སྡེ་ཁ་རླངས ་དུག་།བཟོད་དཀའ་དུག་རྣམས་ཕྱིར་ཕྱུང་ཞིག། །དམན་པའི་ཆ་འཛིན་ཞེ་སྡང་ཅན། །བདེན་བ་མི་ཉན་ཀུན་ལ་གནོད། །ས་བདག་འབུམ་སྡེ་མཆེ་པའི་དུག་།བཟོད་དཀའ་ཨི་དུག་རྣམས་ཕྱིར་ཕྱུང་ཞིང། །དྲེགས་པ་ཞེ་སྡང་འབར་བ་ཡི། །ཀླན་པ་ང་རྒྱལ་མཐུ ་མཐུ་བོ་ཆེ། །འགྲོ་བ་འདི་ལ་གང་གནོད་པ། །བཟོད་དཀའ་ཨི་དུག་རྣམས་ཕྱིར་ཕྱུང་ཞིག་།སྦྱོར་གཞན་རབ་ཏུ་ཁྲོས་པའི་ཕོ་ཉ་ནི། སྤྲུལ་པ་འབུམ་སྡེ་འགྲོ་བའི་གནོད་པ་སྐྱེལ། །སྨན་དང་སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱིན ་བཟོད་དཀའ་མི་བཟད་དུག་རྣམས་ཕྱིར་ཕྱུང་ཞིག་།དེ་ལྟར་བསྙེན་པ་སྔོན་སོང་པས། །མཆོག་ཏུ་སྒྲུབ་པོས་དགུག་ཕྱང་ནས། །རྨི་ལྟས་རིམ་པ་སོ་སོར་གསལ། །ཐུབ་རྟགས་བྱུང་ན་རྫས་རྣམས་ནི། །རྟེན་ཡོད་གནས་སུ་སྦ་བར་བྱའོ། །གལ ་མི་ཐུབ་རྟགས་བྱུང་ནས། །ཚོ་འཕྲུལ་དྲག་པོ་སྟོན་བྱེད་ན། །འཁྲུལ་འཁོར་ལས་ཀྱི་སྦྱོར་བ་བརྩམ། །གསང་པའི་ལས་ཀྱི་སྦྱོར་པ་ནི། །འཁོར་ལོ་ཆེན་པོ་ལ་བརྟེན་ནས། །ཀླུ་གྲུབ་དཀྱིལ་འཁོར་ཤར་ཕྱོགས་སུ། །ཐབས་བཟློག་པ་ཡི ་ལས་བྱ་སྟེ། །བྱང་དུ་གསད་པའི་ལས་བྱའོ། །སྲོག་ནན་ནན་ཕཊ་ཕཊ། །པྲ་རཾ་པྲ་རཾ་ཛཝ་ལ་ཛཝ་ལ་ཕཊ་ཕཊ། ཤད་ཤད་ཤིག་ཤིག་ཕཊ་ཕཊ། །རིགས་བཞི་གླུ་ལ་མནན་པ་བྱ། །རཱ་ཛ་ཀུ་ལིའི་ཐིམ་པའམ། ། ་ཡང་ན་སྒྲུབ་ཁ་ར་ཐེམ་འོག་ཏུ། །དབྱར་གྱི་ཁྱིམ་གསུམ་ཐ་མ་ལ། །དྲུག་གཉིས་བཞི་ཡི་ཉི་ཕྱེད་ན། །ཤིན་ཏུ་དམ་པར་སྦ་བར་བྱ། །རྒྱ་གྲམ་འབར་བས་སྟེང་ནས་མནན། །ཇི་ལྟར་བསྟན་པའི་ཏིང་འཛིན་གྱིས། །རི་རབ་ཀླད་པ་བསྐོར ་ནས་ནི། །བསྐལ་པའི་མཛའ་རུ་མནན་པར་བསམ། །མཐུ་སྟོབས་ཆེན་པོའི་ང་རོ་ཡིས། །ཕྲེང་བའི་སྔགས་ནི་རབ་བཟླས་ཤིང། །རྒྱ་གྲམ་འབར་བས་སྟང་སྟབས་བྱ་།མོས་པ་རང་འདོད་ལྷ་མཉེས་ཏེ། བསྒྲུབ་བས་མངོན་སུམ་སྣང ་བར་མཛད་རྩོལ་བ་དྲག་པོས་རྟོག་པའི་ནད་ལས་ཐར། །ཡུན་དུ་མ་གཏང་དད་ལྡན་དང་བསྲིངས་ན། །ཏཀྵ་ཀ་ཡིས་གཟུང་བར་གྱུར་པ་ཡང། །ཟླ་བ་དྲུག་གིས་བཟློག་འགྱུར་ཐེ་ཚོམ་མེད། །གང་ཞིག་རང་སེམས་དཔང་དུ་བཙུགས ་ནས་ནི། །ཐེ་ཚོམ་མེད་པར་རྟག་ཏུ་མ་བརྗེད་ན། །རྟོག་པའི་ནད་ལས་ཐར་ཅིང་དངོས་གྲུབ་འབྱུང་བར་ངེས། །འགྲོ་ལ་བརྩེ་བས་ཀླུ་སྒྲུབ་འཁྲུལ་འཁོར་བརྩམ་ཀའི་ལས་བསོད་ནམས་དགེ་རྩ་ཅི་ཡོད་པ། །གང་མོས་རྟོག་པའི་དད་ལས་ཐར་གྱརུ?་ནས?། ་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཤོག་།རིན་ཆེན་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །དངོས་གྲུབ་སྡུག་བསྔལ་ཐམས་ཅད་ཞི་བར་ཤོག་།སློབ་དཔོན་ཛཱ་བ་རི་པས་མཛད་པའི་ཀླུ་སྒྲུབ་ཐབས་རྫོགས་སོ། ། ་བལ་པོའི་པཎྜི་ཏ་དེ་བ་པུ་ཎྱཻ་མ་ཏི་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཡཀྵ་སེ་ན་པ་ཏ་ཡེ་བི་ཤོ་དྷ་ན་ཧ་ར་སཱ་དྷ་ན་མཱ་མ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་རྣམས་སྦྱོར ་