CLOSE WINDOW

N1792: gnod sbyin gyi sde dpon chen po lag na rdo rje gos sngon po can gyi gzungs kyi sgrub thabs bdud rtsi thigs pa zhes bya ba
Wyliee-texts based on the ACIP/ALL Input

ཛཱ་བ་རི་པས་མཛད་པའི་སྒྲུབ་ཐབས་འཁོར་ལོ་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་དེ་པ་པཱུ་རྩ་མ་ཏི་དང། ལ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ནཱི་ལཱཾ་བྷ་ར ་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ཀལྤཾ་ནཱ་མ་དྷཱ་ར་ཎི་སཱ་དྷ་ཨ་མྲི་ཏ་བིནདུ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག ་འཚལ་ལོ། །སེམས་ཅན་རྣམས་ནི་ས་བོན་གནས་དང་རྩོལ་རྐྱེན་གྱིས། །གདུག་པས་ཟིན་གྱུར་དུག་དང་ཁྲག་ནི་འདྲེས་གྱུར་པ། །ཐབས་གཞན་དུ་མས་དབྱེ་ཞིང་བསལ་བར་མི་ནུས་ཏེ། །འདབ་བཟང་རྒྱལ་པོས་ཆུ་དང་འོ་མ་འབྱེད་པ ་ལྟར། །གདུལ་བྱ་འདུལ་ཕྱིར་དབང་བསྐུར་ཇི་སྲིད་མཉེས་གྱུར་པས། །དེས་ནི་འབྱེད་ཅིང་གསལ་བར་ཕོང་པ་ཡིན་པ་སྟེ། །རྒྱ་མཚོར་ཞབས་ནུབ་འཇིག་དུས་མེ་དཔུང་ནང་འདུག་པ། །གདུག་པའི་དགྲར་གྱུར་ལྗགས་འདྲིལ་དབུགས ་ཚ་མི་ཤིགས་འཛིན། །དེ་ལ་བཏུད་དེ་ཇི་སྲིད་མཉེས་བྱས་མན་ངག་བྲིས། །རང་ཉམས་མྱོང་བས་དུག་ཟིན་སྒྲུབ་པ་རྗེས་དྲན་གཟུང། །རྒྱལ་པོ་དང། རྐུན་པོ་དང། སྟག་ལ་སོགས་པ་ཐམས་ཅད་དང་བྲལ་བའི་རི་བོ་འམ། ཡིད་དུ་འོང་བ ་འདུ་འཛི་མེད་པའི་གནས་སུ་བྱམས་པ་དང་ལྡན་པའི་སྒྲུབ་པ་པོས་ཁྲུས་བྱས་ཏེ། སྟན་བདེ་བ་ལ་འདུག་ནས། །རང་གི་སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་ན ་གནས་པའི་གི་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་དང། བླ་མ་དང། བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུལ་ནས་མཆོད་པ་རྣམས་ལྔས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས ་ལ་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཞེས་བྱ་བ་ཚངས་པའི་གནས་བཞི་ལ་འདྲིས་པར་བྱའོ། །དེ་ནས་གཅིག་དང་དུ་མ་དང་བྲལ་བའི་བློས་ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་ཞིང་བདག་མེད་པར་བསམ ་མོ། །ོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཥཏE?་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེས་བྱ་བས་མི་གཡོ་བར་བྱའོ། །དེ་ནས་པཾ་ལས་པདྨའི་ལྟེ་བ་ལ། ཨ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དབང་པོ་དང་གཉིས་ཀྱི་སྟེང་དུ་བསམས་ཏེ། ཡི་གེ་ཧཱུཾ་རིང་པོའི་སྒྲ ་དང་བཅས་པ་འོད་འབྲོས་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་གཾ་གཱ་ཀླུང་གི་བྱེ་མ་སྙེད་འབུམ་ཕྲག་གི་སངས་རྒྱས་རྣམས་སྤྱན་དྲངས་ལ། དེའི་འོད་ཟེར་དེ་ཉིད་དུ་ཐིམ་སྟེ། དེ་ཡོངས་སུ་གྱུར་པ་ལས། ་སངས་རྒྱས་གོས་སྔོན་པོ་ཅན། །ཞེལ་གསུམ་ཕྱག་དྲུག་དང་ལྡན་པ། ཞབས་གཡོན་བརྐྱང་བ། གཡས་བསྐུམ་པ། སྐུ་མདོག་མཐིང་ནག་ཏུ་འདུག་པ། སྤྱན་གསུམ་མེའི་ཕུང་པོ་འདྲ་ག་དབུ་སྐྲ། བམ་པ་གྱེན་དུ་བརྗེས་པ། །རལ་པའི་ཅོད་བན? ་ལ། སྦྲུལ་མགོ་བརྒྱད་ཀྱི་ཅོད་པན་ཡོད་པ། སྨིན་མ་དང་དབྲལ་བའི་མཚམས་སུ་ཁྲོ་གཉེར་བསྡུས་པ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། ཁ་བླངས་ཚ་ཞིང་ང་རོའི་སྒྲ་འབྱུང་བ། དེའི་དཀྱིལ་ན་སངས ་རྒྱས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡོན་བརྐྱང་བས་བཞུགས་པ། གདུག་པ་ཞེ་ལ་མནན་ནས་སྡིགས་མཛུབ་མཛད་པ་ཅན་ནོ། །ལྟོ་བ་ཡངས་ཤིང་གསུས་པའི་སྨད་འཁྱིལ་བ། ཞལ་གཡས་དུང་དང་འདྲ་བ། གཡོན་པདྨ ་རཱ་ག་འདྲ་བ། དབུས་སྐུ་དང་མཐུན་པ། ཟླ་བའི་དཀྱིལ་འཁོར་ལྟར་རྒྱས་པའོ། །ཕྱག་དང་པོ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་སྡིགས་མཛུབ་མཛད་པ། བད་མ་གཉིས་ཐལ་མོ་བརྡེབས་པའི་སྒྲ་སྒྲོགས་པ། ཐ་མ་གཉིས་སྒྲུལ ་གདུག་པའི་རྐང་པ་ནས་བཟུང་ཞིང་མགོ་ནས་ཟ་བའོ། །རང་གི་སྙིང་ཁར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་དང་ལྡན་པའོ། །གོས་སྔོན་པོའི་སྟོད་གཡོགས་དང། ཤམ་ཐབས་སྟག་གི་རིས་ཅན་མནབས་པའོ། །ལྟ་བ་ཕྱིན་ཅི་ལོག ་ཐམས་ཅད་ཀྱི་གཞུང་འཇོམས་པའི་རྟགས་སུ་ཉི་མ་དང་ཟླ་བའི་སྟེང་ན་བཞུགས་པ། ཚངས་པ་དང་བརྒྱ་བྱིན་གྱི་སྟེང་ན་རིགས་བཞིའི་ཀླུ་ཡིས་རྒྱན་དུ་བྱས་པ་ནི་དགའ་པོ་དང་ཉེ་དགའ་འབར་བས་སྙན་ཆ་བྱས་པ། ལག ་པ་དང་དཔུང་པ་པདྨ་དང་ཆུ་ལྷས་བརྒྱན་པ། སྟོབས་ཀྱི་རྒྱ་དང་རིགས་ལྡན་ཁར་ཟ་བའི་སྐ་རགས་ཅན་ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལ་བརྒྱན་ཅིང་རྒྱན་དུ་བྱས་པ་ནི་སེར་པོ་དང་དམར་པོ་དང་དཀར་པོ་དང་ནག་པོ་སྟེ། རིན ་པོ་ཆེ་སྤྱི་བོའི་སྟེང་ན་ཡོད་པའོ། །དེ་ལྟར་བདུད་ལ་སོགས་པ་བརླག་པར་བྱེད་པ་ཅན་དུ་བདག་ཉིད་རྣམ་པར་བསམ་མོ། །དེ་ནས་རང་གི་སྙིང་ཁའི་ཧཱུཾ་ལས་འོད་འཕྲོས་ཕས། རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སྙིང་ཁ ་ལས་འཕྲོས་པའི་འོད་ཟེར་གྱིས་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཛ(རྒྱུད་འགྲེལ་གིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་དང། ཨཱ(རྒྱུད་འགྲེལ་དུས་གསུམ་གྱི་སངས་རྒྱས་ལག་ན་བརྐུད་རྩིའི་བུམ་པ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པས་མཚན་པས་དབང་བསྐུར་རོ། །དེ་ནས་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་སངས་རྒྱས་གི་ཀཱ་ཀླུང་གིས་རྗེས་སུ་གནང ་པའི་གཟུངས་ཀྱི་ཕྲེང་བ་ཁོ་ན་བཟླས་པར་བྱ་སྟེ། ཉུང་དུ་འདོད་པ་རྣམས་ཀྱིས་ནི། ཨོཾ་ནཱི་ལཱཾ་བྷ་ར་དྷ་ར་བཛྲཱ་པཱ་ཎི་ཧྲི་ད་ཡ་མ་ཧཱ་ཀྲོ་དྷ་སཱ་དྷ་ཧཱུཾ་ཕཊ། ཞེས་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཅིག་པའོ། །དག་གི་བརྗོད་པས་ཀྱང་སྐྱོ ་བར་ཕྱུང་ན་ཨོཾ་ཨ་ཀཱ་རོ་མུ་ཁཾ། ཞེས་བྱ་བ་ལ་སོགས་པས་གཏོར་མ་ཉེ་བར་ཕུལ་ཏེ། རྡོ་རྗེ་སེམས་དཔའ་ཨི་སྙིང་པོས་ལྷག་པ་དང་མ་ཆེད་པ་དག་པར་བྱའོ། །དེ་ནས་ལྡང་བར་འདོད་ན་ཡེ་ཤེས་སེམས་དཔའ་ཕྱུང་སྟེ། ཡང་དག་པར ་མཆོད་ལ་ཨོཾ་ཏྲི་ཏོ་ཝཾ་ཞེས་བྱ་བའི་སྔགས་ཀྱིས་གཤེགས་སུ་གསོལ་ལོ། །དེ་ནས་དེའི་ང་རྒྱལ་གྱིས་ལྡང་བར་བྱའོ། །བླ་མ་མཉེས་བྱས་དང་ལྡན་སྙིང་རྗེར་བཅས། །བརྩོན་འགྲུས་དྲག་ལྡན་དྲན་ལྡན་བརྟན་བློ་ཅན། །སྐད་ཅིག་ཙམ ་ཡང་གཉིད་ནི་ལོག་པ་མིན། །དེ་བཞིན་གཉིད་ལས་རྒྱལ་བྱེད་ཤེས་རབ་ཀྱིས། །ཏཀྵ་ཀ་ཡིས་ཟིན་པར་གྱུར་པ་ཡང། །ཟླ་བ་དྲུག་གིས་ངེས་པར་བཟུང་འགྱུར་ཟློགས། །བླ་མ་ལ་གུས་བརྩེ་བས་བདུད་རྩི་ཐིགས་པ་ལྷུང། །བདག་གིས་བླངས? ་ཏེ་མིད་པས་ལུས་རྒྱས་ཏེ། །ལུས་རྒྱས་སྟོབས་ཀྱིས་སྒྲུབ་པོ་རྗེས་གཟུང་སྒྲུབ་ཐབས་དྲན། །བསོད་ནམས་གང་ཡོད་སྒྲུབ་པོའི་རྟོག་པའི་ནད་མེད་ཤོག་།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན ་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་བ་རི་བས་མཛད་པ་རྫོགས་སོ།། །།བལ་པོའི་མཁན་པོ་དེ་བ་པཱུ་རྣ་མ་ཏེ་དང། བོད ་ཀྱིས་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་བསྡུས་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ན་མོ་པི་ཀ་ཙི་དྷི་ནཱ་མ། བོད་སྐད་དུང ་