CLOSE WINDOW

N1790: 'phags pa lag na rdo rje gos sngon po can drag po gsum 'dul zhes bya ba'i rgyud kyi 'grel pa
Wyliee-texts based on the ACIP/ALL Input

པོ་དང་གླན་ཆུང་དང་མ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་དག་གོ། །།*། །འཕགས་པ་འགན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུ་བཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཛཱ་བ་རི་པས་མཛད་པ་བཞུགས་སོ།། །། ་རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱ་མཔ་ར་དྷ་ར་བཛྲ་པཱ་ཎི་རུ་ཏ་པི་ཏི་ཏ་ནཧྲ་བྲི་ཏི་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ ་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་དུག་ལས་སྒྲོལ་མཛད་པ། །དོན་དམ་དབྱེར་མེད་ཁྲོ་ཆགས་སྐུར་སྣང་པ། །གདུག་པའི་དུག་རྣམས་འཇོམས་པར་མཛད་པ་ཡི། །ཐུགས་རྗེ་ཅན་ལ་རབ་ཏུ་གུས་བཏུད་དེ། །དུག ་ཟན་ཆུ་དང་འོ་མ་དབྱེ་བ་ཡི། །བླ་མའི་རིམ་གྱིས་རྒྱུད་འདིར་ཕན་ཕྱིར་བརྩམ། །ཐབས་དང་ཤེས་རབ་གཉིས་མེད་པའི། །མི་འགྱུར་དབྱེར་མེད་རྟགས་ཀྱིས་མཚན། །དྲག་པོ་རྣམས་གསུཾ་ཉོན་མོངས་འཇོམས། །ཉོན་མོངས་ཤེས་བྱ་ལས་འཕགས ་པའི། །བརྗོད་མེད་རྟོག་བྲལ་སྐུ་དོན་བཤད། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པ་བདུད་ཀྱི་སྡེ་དང། ལྷན་ཅིག་ཏུ་འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་ཅིག ་ཏུ་བཞུགས་ཏེ། ཞེས་བྱ་བ་ནི་བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ལུང་སྟོན་པ་བསྟན་པ་མཛད་ནས། །གདུལ་བྱ་འདུལ་བར་མཛད་པ་ནི། བཅོམ་ལྡན་འདས་མངོན་པར་རྫོགས ་པར་སངས་རྒྱས་པར་མཛད་དེ། འོད་བྱེ་བ་དཔག་ཏུ་མེད་པ་ཁྱབ་པར་མཛད་ནས། ངན་སོང་གསུམ་སྦྱོང་བར་མཛད་དེ། གཡོ་བ་དང། འགུལ་བ་དང། ལྡེག་པ་སྟོན་པ་མཛད་ནས། རྡོ་རྗེ་གདན་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་དུ ་བཞུགས་སོ། །དེ་ནས་བདུད་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་ཏིང་ངེ་འཛིན་གྱི་མཐུས་དེ་ཉིད་དུ་ལྷགས་ནས་བར་དུ་བཅད་པར་བྱ་བའི་ཕྱིར་ཚིག་འདི་སྨྲས་ཏེ། སེམས་ཅན་ཡོངས་སུ་སྨིན་མ་བྱས། །ཕ་རོལ་ཕྱིན་དྲུག ་རྫོགས་མ་བྱས། །སྤྱོད་པ་དེ་གཉིས་རྫོགས་བྱས་ན། །དེ་མེད་ཕྱིར་ན་མི་རིགས་སོ་ཞེས་སྨྲས་སོ། །དེའི་བསམ་པ་ཕྱིན་ཅི་ལོག་བཟློག་པར་བྱ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་ས་ལ་བརྡབས་བས་ས་གཞི་ཐམས་ཅད་གཡོས ་ཁྲུགས་ནས། བཅོམ་ལྡན་འདས་ཀྱི་མདུན་དེ་ཉིད་དུ་སའི་ལྷ་མོ་གསེར་བཙོ་མ་ལྟ་བུ་ཐོན་ཏེ། ཐོན་བ་ཙམ་གྱིས་བདུང་བྲེད་བཞིན་དུ་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སའི་ལྷ་མོ་དེ་ལ་བསྒོ་བ་མཛད་ནས་ངེ་སའི་སྟེང་ནས་རྡུལ ་ཕྲ་མོ་བླངས་ཏེ། སངས་རྒྱས་པར་རིགས་སོ་ཞེས་སྨྲས་པས་བདུང་འཁྲུགས་ནས་ནམ་མཁའ་ལ་སོང་ངོ། །དེ་ནས་བདུད་དེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུའི་བདུད་དང། ས་འོག་ན་གནས་པའི་ཀླུ་དང། །ས་སྟེང་ན་གནས་པའི་གནོད་སྦྱིན ་ལག་ན་རྡོ་རྗེ་ལ་སོགས་པ་བདུད་ཀྱི་འཁོར་ཐམས་ཅད་བསྡུས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བདུད་འཁོར་དང་བཅས་པས་མཚོན་རྣམ་པ་དུ་མ་དང། །འབྲུག་དང་ཐོག་དང། ལྕགས་ཀྱི་སེར་བ་དྲག་པོ་དབབ་པ་དང། གཅན ་ཟན་གདུག་པ་བཞིན་ཁྲོས་པ་རྦད་པ་དང། རི་དང་བྲག་ཐོགས་པ་མེད་པར་འཕངས་པ་དེ་ཐམས་ཅད་ཞི་བར་མཛད་དེ། གང་གིས་ཀྱང་མཐོང་བར་མ་གྱུར་ཏོ། །དེ་ནས་ནམ་མཁའ་ཨི་དཀྱིལ་དེ་ཉིད་དུ་དུས་གསུམ་གྱི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབས་བའི་སྐུ་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་པའི་དེ་མ་ཐག་ཏུ་གཡོ་བ་དང་འགུལ་བ་དང། ལྡེག་པ་ལ་སོགས་པ་བྱུང་སྟེ། །བདུད་དེ་རྣམས་ཅི་བྱུང་སྙམ ་པའི་བསམ་པས་ཕྱོགས་སུ་ལྟ་བ་ནི་བྲེད་ཅིང་སྡུག་བསྔལ་བའི་བསམ་བས་སོ། །དེ་ནས་ནམ་མཁའ་ལ་བལྟས་ཏེ། མཐོང་བར་གྱུར་ནས་སྙིང་འགས་པའི་ཚུལ་གྱིས་ས་ལ་འགྱེལ་བར་གྱུར་ཏེ། ས་དང་པོའི་བསམ་པ་དར་ལྡན་པར་གྱུར་ཏོ། ། ་དེ་ནས་སྤྲུལ་པའི་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་འཇིག་རྟེན་གྱི་ཁམས་གཞན་ནས་འཐོན་ཏེ། བཅོམ་ལྡན་འདས་དེ་ལ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་ཕྱག་གིས། བདུད་དེ ་རྣམས་ལ་རེག་མ་ཐག་ཏུ་དྲན་པ་རྙེད་པར་གྱུར་ཏེ། སྙིང་རྗེའི་བསམ་པ་རྒྱུད་ལ་སྐྱེས་ནས། ནམ་མཁའ་ཨི་ཁྲོ་བོ་ཆེན་པོ་ཡང་མཐོང་བར་གྱུར་ཏེ། ཕྱག་ན་རྡོ་རྗེ་ལ་མྱུར་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བའི་ཚིག་བརྗེད་པ་ནི། ། ་གཙོ་པོ་བདག་ཅག་རྣམས་ལ་བསྐྱབ་ཏུ་གསོལ། འཇིགས་པ་ཆེན་པོ་འདི་ལས་བསྐྱབས་དུ་གསོལ་ཞེས་སྨྲས་པ་དང། ཕྱག་ན་རྡོ་རྗེས་དེ་ཉིད་ལ་སོང་ཞེས་པའི་ལན་བརྗོད་ནས་སྐྱབས་སུ་སོང་ངོ། །དེ་ནས་དུས་དེའི་དུས་སུ་ཞུ་པ་ཕྱག་ན་རྡོ་རྗེ ་བདག་གིས་ཐོས་།དུས་གཅིག་ན་ཐོས་པའོ། །འོ་ན་གང་ལས་ཐོས་ཤེ་ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པའི་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་བཅོམ་ལྡན་འདས་པའོ། །གནས་གང་དུ་ཞེ་ན། ་འདོད་པ་ཁམས་ཀྱི་རྩེ་མོ། གཟུགས་ཀྱི་ཁམས་ཀྱི་མ་ཐ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་གནས་སུའོ། །འཁོར་གང་དང་ལྡན་ཞེ་ན། ས་བླ་ས་སྟེང། ས་འོག་གི་གདུག་པ་ཅན་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །འོ་ན་རྒྱུ ་ཅིས་དེ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཤེ་ན། འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པ་གཾ་གཱ་ཀླུང་གི་བྱེ་མ་དང་མཉམ་པ་ཇི་སྙེད་ཅིག་བཞུགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་པའི་རྗེས་ལ། ་མ་འོངས་པར་ལུང་སྟོན་པར་མཛད་དེ། །ཁྱོད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་མི་མཇེད་དུ་འབྱུང་ངོ་ཞེས་ལུང་བསྟན་ནས། གདུག་པ་ཅན་རྣམ་པ་འདི་གསུམ་ཐུལ་ཅིག་ཅེས་གནང་བ་བྱིན་པས་ན། །གནོད་སྦྱིན་གྱི་སྡེ ་དབོན་དང་བཅས་པ་ཕམ་པར་བྱེད་པ་དང། བདུད་ཀྱི་སྡེ་དཔོན་དང་བཅས་པ་ཕམ་པར་བྱེད་པ། ཀླུའི་སྡེ་དཔོན་དང་བཅས་པ་ཕམ་པར་བྱེད་པའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་ཞུགས་པའོ། ། ་དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་འདས་པས་བྱིན་གྱིས་བརླབས་པ། ད་ལྟར་བྱུང་བས་བྱིན་གྱིས་རློབ་པ། མ་འོངས་པས་རློབ་པར་འགྱུར་པ་འདི་ལག་ན་རྡོ་རྗེས་ཟུང་ཅིག་ཅེས་བཀའ་སྩལ་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བསྐུལ་ནས། །ཕྱག་ན་རྡོ ་རྗེས་གསོལ་བ་ཞེས་བྱ་བ་ན་གུས་པའི་ཚུལ་གྱིས་བསྟོད་པའོ། །གནོད་སྦྱིན་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཆེ་བ་གཙིགས་པ་དང་འཚམ་པ་ཞེས་བྱ་བ་ནི་མཆེ་བ་ནི་ཉོན་མོངས་པ་ཅན་དང། ཉོན་མོངས་པ ་ཅན་མ་ཡིན་པ་གཅོད་པ་སྟེ། མཚམས་ནི་གཡོ་བའོ། །ཡང་ན་གདུག་པ་ཅན་ལའོ། །དེའི་དོན་ནི་སྒྲིབ་པ་རྣམ་པ་གཉིས་རྩད་ནས་གཅོད་ཅིང་ཐུགས་རྗེས་འགྲོ་བའི་དོན་ལ་བསྐྱོད་པའོ། །མིག་མེ་མདག་གི་ཕུང་པོ་འདྲ་བ་ཞེས་བྱ་བ་ནི། །མིག་གི ་ཤེས་རབ་པོ། །དམར་བ་ནི་ཆགས་པའོ། །ཡང་ན་གདུག་པ་ཅན་བསྲེག་པར་བྱེད་པའི་སྤྱན་ནོ། །དེའི་དོན་ནི་མ་རིག་པ་འཇོམས་པའོ། །ཤེས་རབ་མེ་མདག་གི་ཕུང་པོ་འདྲ་བ་ནི་ཡེ་ཤེས་ཆེན་པོ་རང་འབར་བའོ། །དབུགས་ནི ་ཐུགས་རྗེའོ། །མེ་ལྕེ་ནི་སྨིན་པར་བྱེད་པ་སྟེ། །གཞན་སྨིན་པར་བྱེད་པའོ། །ཡང་ན་འཇིགས་པའི་ང་རོ་ནི་ཧཱུཾ་ངོ། །སྒྲ་ནི་ཕྱིར་སྒྲོགས་པ་སྟེ། །དབུགས་ཕྱིར་འཕྲོས་པའོ། །དེ་ནི་མེ་ལྕེ་བཞིན་འབར་ཞིང་གདུག་པ་ཅན་སྲེག་པར་མཛད་པའོ། ། ་དེའི་དོན་ནི་དབུགས་ན་རྒྱན་མི་འཆད་པའི་ཡེ་ཤེས་སོ། །མེ་ལྟར་འབར་བ་ནི་གསལ་བའོ། །འཇིགས་པ་ནི་འཇིགས་པས་ཐམས་ཅད་དོ། །ང་རོ་ཅན་ནི་དབུགས་འབྱིན་པ་སྟེ། །འཇིགས་པ་ལས་ཐར་པར་བྱེད་པའོ། །དེ་བས་ན་འདོད་ཆགས་ཀྱི ་དབུགས་འབྱིན་པ་ལ་དི་སྐད་བྱའོ། །འོ་ན་འབྲས་བུ་ཅི་ཞེ་ན། སྨིན་མ་ཁྲོ་གཉེར་བསྡུས་བ་ཞེས་བྱ་བ་སྟེ། སྐུ་གསུམ་གྱི་འགྲོ་བའི་དོན་བྱེད་པ་དང་ལྡན་པ་སྟེ། རྣམ་པར་དག་ཅིང་སྐུ་གསུམ་གྱི་འབྲས་བུ་དང་ལྡན་པ་ལ་བསྟོང་པའོ། །པདྨ་དངུས? ་ལྷས་ལག་པ་དང་དཔུང་པ་བརྒྱན་པ་ཞེས་བྱ་བ་ནི་སྦྲུལ་དཀར་པོས་སོ། །ནོར་རྒྱས་དང་དུང་སྐྱོང་གིས་དབུལ་བརྒྱན་ཞེས་བྱ་བ་ནི་ཅོད་པན་བྱས་པའོ། །སྦྲུལ་རིན་པོ་ཆེ་འབར་བ་ཅོད་པན་ཐོགས་པ་ནི་སྦྲུལ་དེ་བཞིས? ་རྣ་བའི་སྟེང་ནི་རིན་པོ་ཆེ་འབར་བའི་འོད་དང་བཅས་པ་ཡོད་པའོ། །དེ་ཡང་ཅོད་པན་བྱས་པའི་ནོར་བུ་ནི་ཡིད་བཞིན་གྱི་ནོར་བུ་འབར་བའོ། །གཞན་གྱི་ནོར་བུ་ནི་ཐོན་ཀ་དང། པདྨ་རཱ་ག་དང། །ིནྡྲ་ནི་ལའོ། །ཀླུ་དགའ་བོ་དང་ཉེ་དགའ་ ་བོ་འབད་བས་སྙན་ཆ་བྱས་པ་ཞེས་བྱ་བ་ནི་སྦྲུལ་དམར་པོ་གཉིས་སོ། །འབར་བ་ནི་སྤྱི་གཙུག་ན་པདྨ་ཌཱ་ག་འབར་བའོ། །རྐང་པས་སྦྲུལ་གདུག་པ་འབར་བ་མནན་ཅིང་ཟག་།ཀླུའི་རྒྱལ་བོ་འདབ་བཟངས་སྐ་རགས་སུ་བཅིང་ཤིང། ། ་ཀླུ་ནག་པོ་སེ་རོལ་ཁར་ཐེགས་པ་ཞེས་བྱ་བ་ནི་སྟོབས་ཀྱི་རྒྱུ་དང། རིགས་ལྡན་གཉིས་ནག་པོ་ཁར་བཅུག་ནས་སེ་རལ་ཁར་དྲངས་པ་སྟེ། ཁ་ནས་དུག་ནག་བོའི་འཕྲོ་བ། སྤྱི་བོ་ན། ཨིནྡྲ་ནཱི་ལའི་ནོར་བུ་ལྗང་ནག་འབར་བའོ། ། ་དེས་ནི་ཞེ་སྡང་ཅན་འདུལ་བར་བྱེད་པའི་མཚན་མའོ། །བཞིན་རྒྱས་པ་ཡ་སོས་མ་མཆུ་མནན་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའམ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ། རྒྱས་པས་ནི་བདེ་བ་ཆེན་པོའི ་ཡེ་ཤེས་ཀྱི་རང་བཞིན་རྒྱས་པའོ། །དེའི་འོད་ནི་འདོད་ཆགས་ཅན་འདུལ་བར་བྱེད་པའི་མཚན་མ་དང་ལྡན་པའོ། །གཤིན་རྗེའི་ཆ་བྱང་ནི་སྐུ་ཆེ་བ་དང། ཤིན་ཏུ་ཁྲོས་པའོ། །དེ་དང་ལྡན་པའི་བཅོམ་ལྡན་འདས་དེ་ནི་ཕྱིན་ཅི ་ལོག་ལ་ཞུགས་པ་ལ་ཁྲོས་ཤིང་ལྗགས་འཁྱུག་པ་དང། གསུས་པ་འཁྱིལ་ཞིང་སྦྲུལ་ཟ་བར་སྟོན་པའོ། །དེའི་དོན་ནི་གཤིན་རྗེ་ནི་ཕྱིན་ཅིག་ལོག་གི་གང་ཟག་ལ་བྱ་ལ། དེ་ལ་ཤེས་རབ་ཀྱི་སྣང་བ་སྟོན་པར་བྱེད་བས་ན་གསུང་གི་སྒོ ་ནས་སྣང་བ་བསྐྱེད་པའི་གློག་གོ་།གསུམ་པ་ནི་ཡངས་པ་ཡིན་ལ། སྦྲུལ་ནི་གཏི་མུག་གི་རང་བཞིན་ནོ། །དེ་འཇོམས་པར་བྱེད་པ་ལ། ཟབ་ཞེས་བྱའོ། །དེས་ནི་གཏི་མུག་ཅན་འདུལ་བའོ། །དེ་ལྟར་དུག་གསུམ་འདུལ་བར་བྱེད་པའི་མཚན་མ ་དང་ལྡན་པའི་སྟོད་པའོ། །འོ་ན་ཡོན་ཏན་གྱི་ཁྱད་པར་ཅི་ཞེ་ན། རྒྱ་མཚོའི་ཐབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་བུས་མོར་ཕྱིར་པ་ཞེས་བྱ་བ་ནི་སྐུའི་ཚད་སྟོན་པ་སྟེ། ཤིན་ཏུ་ཆེ་ཞེས་བྱ་བའི་དོན་ཏོ། ཤིན་ཏུ་ཆེ་ཞེས་བྱ་བའི་དོན་ཏོ། །དབང་པོ་དང་ཉི་མའི་སྟེང ་ན་བཞུགས་བ་ཞེས་བྱ་བ་ནི། དབང་པོ་ནི་འདོད་པའི་ཁམས་ཀྱི་བརྒྱ་བྱིན་དང། གཟུགས་ཀྱི་ཁམས་ཀྱི་ཚངས་པ་སྟེ། ཁ་བུབ་ཏུ་བསྣོལ་བའི་ཚངས་བའི་ཕྲག་པའི་སྟེང་ན་ཟླ་བ་ཉ་གང་བ་ལྟ་བུའོ། །བརྒྱ་སྦྱིན་གྱི་ཕྲག་པའི་སྟེང་ན་ཉི་མ་སྟེ། ་དེ་གཉིས་ཀྱི་སྟེང་ན་བཞུགས་པ་ནི་བརྐྱང་བསྐུམ་དུ་བཞུགས་པའོ། །ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ་ཞེས་བྱ་བ་ནི། སྟོབས་ཕུལ་དུ་བྱུང་བ་སྟེ། ལག་པ་བརྡབས་པས་འཇིག་རྟེན་གྱི་ཁམས་བརླག་པར་བྱེད་པའི་སྟོབས ་མངའ་བའོ། ། ལ་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ངོ་མཚར་བའམ། གདུལ་བྱེ་ལ་ངོ་མཚར་བའི་སྒྲ་སྒྲགས་པས་སྐྲག་པར་བྱེད་པ་ཞེས་བྱ་བ་ནི་ས་བླ་དང་ས་སྟེང་ངོ། །ཀླུ་རྣམས་བརླག་པར་བྱེད་ཅེས་པ་ནི་ས་འོག་ན་གནས་པའོ། །དེ ་རྣམས་གང་མོ་དྲག་པོ་སྒོགས་པའི་བཅོམ་ལྡན་འདས་སྐུ་དེ་དང་ལྡན་པའི་གང་རྒྱངས་ཆེན་པོ་དགོད་པ་དེས་བརླག་པར་བྱེད་པའོ། །འོ་ན་འཕྲིན་ལས་མི་མངའ་འམ་ཞེ་ན། ཀུན་ཏུ་འཕྲུགས་པར་བྱེད་ཅིང་གཤིན་རྗེའི་གཟུགས་ཅན། ཁམས ་གསུམ་འཇིགས་པར་བྱེད་པ། ཀླུ་རྣམས་འདུལ་བར་བྱེད་པ་ཞེས་བྱ་བ་ནི། ཀུན་ཏུ་འཁྲུགས་པར་བྱེད་པའི་སྐུ་དེ་ལས་འོད་ཟེར་ཀུན་ཏུ་འཁྲུགས་ཤིང་འཕོ་བ་དེ་ལས་སྤྲུལ་པ་དཔག་ཏུ་མེད་པ་ཕྱག་ན་རྡོ་རྗེ་ལྟ་བུའི་སྤྲུལ་པ་འཕྲོ་བས་ན་གཤིན་རྗེའི་གཟུགས ་ཅན། ས་འོག་ས་སྟེང་ས་བླ་གསུམ་འཇིག་པར་བྱེད་པས་ཁམས་གསུམ་འཇིགས་པར་བྱེད་པའོ། །དེ་ཡང་གདུལ་བྱ་རྣམ་པ་གསུམ་འདུལ་བར་བྱེད་པས་ན། ཀླུ་རྣམས་འདུལ་བར་བྱེད་པའོ། །དེའི་ཕྱིར་དེ་ལ་ཕྱག ་འཚལ་ལོ། །བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཕྱག་བཙལ་ནས་སྦབས་པ་དང་ལྡན་པའི་ཕྱིར་ན་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །དེ་ལ་དགོས་པ་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གསྟོང་ནས ་གསུང་དུ་གསོལ་ཞེས་སྒྲས་པའོ། །དེ་ནས་བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་གནས་ཀྱི་བདུད་ཀྱི་ཁང་པ་དེ་ཉིད་དུ་ཏིང་ངེ་འཛིན་ལ་བཞུགས་པ་ནི། དེ་ནས་ནམ་མཁའ་དེ་ཉིད་ལ་གཞལ་ཡས་ཁང་དང་ཞེས་བྱ་བ་ནི། ཏིང་ངེ ་འཛིན་གྱི་འཕྲུལ་པས་བདུད་ཀྱི་ཁང་པ་དེ་ཉིད་གཞལ་ཡས་ཁང་དུ་སྤྲུལ་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། འཁོར་ལོ་རྩིབས་བཞིས་རྣམ་པར་མཛེས། །དྲ་བ་དྲ་བ་ཕྱེད་པ་དང། བདུད་རྣམས་འདུལ་བར་ཏྭ་ར་ནའོ། །དྷརྨ་དྷཱ་ཏུ་ནམ་མཁའ་ཨི་དཀྱིལ། ། ་དུར་ཁྲོད་འཇིགས་པའི་དབུས་སུའོ། །འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པའི་དྲག་པོ་ཆེན་པོས་འཁོར་བསྡུས་ནས་ཞེས་བྱ་བ་ནི། གཞལ་ཡས་ཁང་དེའི་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞལ་གསུམ་པ་སྟེ། འདོད་པ ་དང་གཟུགས་དབང་དུ་སྡུད་པའི་ཞལ་གཡས་གོང།?་ན་དཀར་ཕྲོ་དམར་སེར་དབུས་མཐིང་ནག་གཏི་མུག་ཅན་འདུལ་པའི་ཞལ་ལོ། །ཡང་ན་ཁྲོས་པ་དང། བཞད་པ་དང། གཙིགས་པས་དྲག་པོ་གསུམ་འདུལ་བར་བྱེད་པ། །ཡང་ན ་གཞན་འཕྲུལ་དབང་བྱེད་པ་བདུད་གཙོ་བོའི་ཆ་ལུགས་འཛིན་པས་བདུད་དབང་དུ་སྡུད་པའི་རྟགས་སོ། །ཕྱག་དྲུག་ནི་རྡོ་རྗེ་རྩེ་ལྔ་པ་དང། སྡིགས་མཛུབ་དང། བར་མ་གཉིས་ཐལ་མོ་རྡེགས་པ། ཐ་མ་གཉིས་སྦྲུལ་ཟ་པ། ཞབས་གཉིས་ཉི་ཟླ ་དང་ཚངས་པ་དང། བརྒྱ་བྱིན་མནན་པ། སྟག་ཤི་ཤམ་ཐབས་དང། རིགས་བཞིའི་ཀླུས་སྐུ་ལ་བརྒྱན་པའོ། །གོང་གི་བསྟོད་པའི་ཡོན་ཏན་སྐུལ་རྫོགས་པའི་བཅོམ་ལྡན་འདས་དང་ལྡན་ཅིག་ཏུ་ལྷ་མོ་མཛེས་ལྡན་མ་མཐིང་ནག་གྲི་གུག ་དང་ཐོད་པ་བསྣམས་ཤིང། སྐུ་ལ་འཁྱུད་པ་ལྟན་ཅིག་ཏུ་གནས་ཏེ། བདུད་འདུལ་བའི་ཚུལ་ཅན་ནོ། །ཤར་ཕྱོགས་སུ་དྲི་ཟའི་རིགས་ཀྱི་གནོད་སྦྱིན་འདུལ་བར་བྱེད་དེ། དྲི་ཟ་ཕོ་མོའི་སྟེང་དུ་ཁྲོ་བོ་འདུད་ལས་རྒྱལ་བར་བྱེད་པ་ཞེས་བྱ་བ་སྐུ ་མདོག་དཀར་པོ། ཕྱག་བཞི་པ། རྡོ་རྗེ་རྩེ་ལྔ་པ་དང་ཁ་ཊཝཱཾ་ག་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བཅངས་ཤིང་ཡུམ་ལ་འཁྱུད་པ། ལྷ་མོ་འོད་ཟེར་ཅན་སྐུ་མདོག་དཀར་མོ་སྤུ་གྲི་དང་ཐོད་པ་བསྣམས་ཤིང་གཡོན་ཕྱོགས་ནས་འཁྲིལ ་བའོ། །ལྷོ་ཕྱོགས་སུ་གཤིན་རྗེའི་རིགས་ཀྱི་གནོད་སྦྱིན་འདུལ་བར་བྱེད་པ། གཤིན་རྗེ་ཕོ་མོའི་སྟེང་ན་ཁྲོ་བོ་གཟི་བརྗིད་འབར་བ་ཞེས་བྱ་བ་མདོག་སེར་པོ། ཕྱག་བཞི་པ་རྡོ་རྗེ་དང་དབྱུག་ཐོ་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བཅངས ་ཤིང་ཡུམ་ལ་འཁྱུད་པ། །ལྷ་མོ་མདངས་ཅན་མ་སྐུ་མདོག་སེར་མེ་ཟངས་གྲི་དང་ཐོད་པ་བསྣམས་ཤིང་གཡོན་ཕྱོགས་སུ་འཁྲིལ་པའོ། །ནུབ་ཕྱོགས་སུ་ཆུ་ལྷའི་རིགས་ཀྱི་གནོད་སྦྱིན་འདུལ་བར་བྱེད་པ་ཆུ་ལྟ་ཕོ་མོའི་སྟེང་དུ་ཁྲོ་བོ་རྔམ་པའི་སྒྲ་བསྒྲོགས ་ཞེས་བྱ་བ་མདོག་དམར་པོ། ཕྱག་བཞི་པ་རྡོ་རྗེ་དང་སྤྲུལ་ཞགས་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བཅངས་ཤིང་ལུམ་ལ་འཁྱུད་པ། ལྷ་མོ་སྒྲ་དབྱངས་ཅན་སྐུ་མདོག་དམར་མོ་སྟ་རེ་དང་ཐོ་པ་བསྣམས་ཤིང་གཡོན་ཕྱོགས་ནས ་འཁྲིལ་བའོ། །བྱང་ཕྱོགས་སུ་གནོད་སྦྱིན་གྱི་རིགས་ཀྱི་གནོད་སྦྱིན་འདུལ་བར་བྱེད་པའི་བགེགས་ཀྱི་རྒྱལ་པོ་ཕོ་མོ་བསྣོལ་བའི་སྟེན་གན་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞེས་བྱ་བ་བསྐུ་མདོག་ལྗང་ཁུ་ཕྱག་བཞི་པ། རྡོ་རྗེ་དང་བེ་ཅོན་བསྣམས་པ། །ཐོག་མ ་གཉིས་སྡིགས་མཛུབ་བཅངས་ཤིང་ཡུམ་ལ་འཁྱུད་པ། ལྷ་མོ་རླུང་འབྱིན་མ་སྐུ་མདོག་ལྗང་ཁུ་འཁོར་ལོ་དང་ཐོད་པ་བསྣམས་ཤིང་གཡོན་ཕྱོགས་ནས་གཙོ་བོར་འཁྲིལ་བའོ། །ཤར་ཕྱོགས་ཀྱི་སྒོར་སྒོ་བ་གཉིས ་ཏེ། ལྕགས་ཀྱུ་མདོག་དཀར་པོ་ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང། ལྕགས་ཀྱུས་འདྲེན་ཅིང་སྡིགས་མཛུབ་མཛད་པའོ། །ལྷོ་ཕྱོགས་ཀྱི་སྒོར་སྒོ་བ་གཉིས་ཏེ། ཞགས་པ་མདོག་སེར་པོ། ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང། ཞགས་པ ་འཕེན་ཅིང་སྡིགས་མཛུབ་མཛད་པའོ། །ནུབ་ཕྱོགས་ཀྱི་སྒོར་སྒོ་པ་གཉིས་ཏེ། ལྕགས་སྒྲོག་མདོག་དམར་པོ་ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང། ལྕགས་སྒྲོགས་བསྣམས་ཤིང་སྡིགས་མཛུབ་མཛད་པའོ། །བྱང་ཕྱོགས་ཀྱི་སྒོར་སྒོ ་བ་གཉིས་ཏེ། དྲིལ་བུ་མདོག་ལྗང་ཁུ་ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང་རྡོ་རྗེ་དང་དྲིལ་བུ་སྡིགས་མཛུབ་བསྣོལ་བའོ། །དེ་ལྟར་དཀྱིལ་འཁོར་རབ་ཏུ་སྤྲུལ་ནས་གདུགས་པ་ཅན་རྣམས་དབང་དུ་བསྡུས་ནས་གཙོ་བོ་འཁོར་ལོ་ཆེན ་པོ་ལ་གདུག་པ་འདུལ་ཕྱིར་བསྟོད་པ་ནི། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས། །རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ། །རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ། །རྡོ་རྗེ་ཕྲིན་ལས་ཀུན་དོན་མཛད། །ཐབས་འདུལ་འཁོར་ལོ་ཆེ་སྐུ ་ལ། །འབྱུང་བ་ལྔ་ཡི་བདག་ཉིད་ཆེ། །མཛེས་ལྡན་འོད་ཟེར་ཅན་དང་ནི། །མདངས་ཅན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་སྒྲུབ་པ་ལ། །འགུགས་ཤིང་སྡུད་དང་སྡོམ་ཞིང་འཛིན། །མཛའ་རྟུལ་ལས་རྣམས་གྲུབ་པ ་ལ། །ཞེས་བྱ་བས་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་བསྟོད་པའོ། །ད་ནི་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་དབང་དུ་བྱས་ནས་བསྟོད་པ་ནི། ཐིག་ལེའི་རང་བཞིན་མི་ཤིགས་ལ། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས ་བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །ཅེས་བྱ་བ་ལ་བདག་པོ་ནི་བཅོམ་ལྡན་འདས་ཀྱི་སྐུ་སྟེ། ལྷའི་བདག་ཉིད་དོ། །འཁོར་ལོ་ནི་སྤྲུལ་པ་དང། ཆོས་དང། ལོངས་སྤྱོད་དང། བདེ་བ་ཆེན ་པོའོ། །ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའོ། །རང་བཞིན་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་མི་རྟོག་པའོ། །མི་ཤིགས་པ་ནི་དབྱེར་མི་ཕྱེད་པའམ། ཐ་མི་དད་པ་སྟེ། དེ་བས་ན་ཐབས་ཤེས་རབ་དབྱེར་མེད་ཅེས་བྱ་བའི་དོན་ཏོ། །དེ་རང་བཞིན ་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཁ་སྦྱོར་ཞེས་བྱ་བ་ནི་འཁོར་ལོའོ། །ཉི་ཟླ་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །འཕྲོ་འདུ་ཞེས་བྱ་བ་ནི་བསྲེག་པ་དང། གསོ་བ་དང། སྲོག་དང་གནང་དུ་འཕྲོ་ཞིང་འདུ་བའོ། །དགོས་པ་ཅི་ཞེ་ན། བགེགས ་རིགས་སྟོང་ཕྲག་འཇོམས་མཛད་པ། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་འཇོམས་པ་ལ་བྱའོ། །ཡང་ན་འཁོར་ལོ་ནི་རྣམ་པ་བཞིའོ། །བདག་པོ་ནི་ཕྱག་མཚན་རྡོ་རྗེའི་རང་བཞིན་ཏེ། སྲོག་དང་རྩོལ་བའི་རང་བཞིན་ནོ། །དེའི་ཕྱིར་མི་ཤིགས ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ཁ་སྦྱོར་ནི་རྡོ་རྗེའི་རྭ་དང་བུམ་པའི་རང་བཞིན་འཁོར་ལོ་བཞིའོ། །དེ་ཡང་ཐབས་ཤེས་རབ་ཀྱི་རང་བཞིན་ཏེ། །ཉི་ཟླ་རྣམ་པ་གཉིས་སོ། །འཕྲོ་འདུའི་ཚུལ་གྱིས་ནི་བསྲེག་པ་དང། གསོ་བདང་བསྡུ་བའོ། །ཇི་ལྟར ་ཞེ་ན། བདགས་རིགས་སྟོང་ཕྲག་ཞི་བར་མཛད་པའི་ཕྱིར། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཤིང་ཞི་བས་ན་བགེགས་ལ་སོགས་པ་ཞི་བའོ། །དེ་བས་ན་ཕྱིའི་བགེགས་དང། ནང་གི་བགེགས་ཞི་བར་མཛད་ནས་ཕན་པ་སྐྱེད་པའི་ཕྱིར ་དགོས་པ་ནི་དེའོ། །ས་བོན་རབ་ཏུ་འབར་བ་ཡིས། །ཐབས་དང་ཤེས་རབ་བསྲེགས་གསོ་མཛད། །བདེ་ཆེན་རབ་ཏུ་གསོས་མཛད་པ། །སྡུག་བསྔལ་ཉོན་མོངས་འཇོམས་ལ་འདུད་ཅེས་གསུངས་སོ། །དེས་ནི་གོང་དང་ཡང་འབྲེལ་ལོ། །དེའི་དོན་ནི ་འདིའོ། །བགེགས་ཇི་ལྟར་ཞི་བར་མཛད་ཅེ་ན། གཏོར་མས་ཞི་བའི་ཕྱིར། །ས་བོན་རབ་ཏུ་འབར་བ་ཡིས་ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་ནས། གསང་སྔགས་སྟོན་པའི་སྒོ་ནས་འཁོར་རྣམས ་ལ་དམ་བསྒྲག་པ་ནི། ཏདྱ་ཐཱ། བྷོ་བྷོ་པཱཾ་ནཱ་ག་ཨ་དྷི་པ་ཏ་ཡེ་།ི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ་བཛྲ་པཱ་ནི་ཧྲི་ད་ཡིན། ཡ་ས་མ་ཏི་ཀྲ་མ་ཏེ། ཨུཏྨཱ་ད་ནཾ་བྷ་བི་ཤུདྡྷི་ཞེས་བྱ་བ་སྟེ། འདི་ལྟ་སྟེ། ཀྱེ་ཀྱེ་བྲང་གིས་འགྲོ་བའི་ཀླུའི་བདག་པོ་ལ ་སོགས་པ་རྣམས་འདི་ལས་འདའ་བར་མ་བྱེད་ཅིག་།གང་ལས་ཤེ་ན། ཕྱག་ན་རྡོ་རྗེ་གོས་སྒནོན་པོ་ཅན་གྱི་སྐུ་འཛིན་པའི་སྙིང་པོ་འདི་ལས་སོ། །འདས་ན་ཅི་ཞེ་ན། འདས་ན་བརླག་པར་འགྱུར་རོ། །འདས་པར་གྱུར་ན་ཉེས་བ་ཇི་ལྟ་བུ ་འབྱུང་ཞེ་ན། ཏདྱ་ཐཱ། བུ་དྷ་བུ་དྷ། བི་བུདྡྷ་མ་ཏི་ཕྲ་བ་ཏ་ཞེས་བྱ་བ་ནི་འདས་པ་དང། ད་ལྟར་དང། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་བཀའ་བཅག་པས། ཧ་ར་ཧ་ར་ནཱ་ག་ནན། ཕྲ་ཧ་ར་ཕྲ་ཧ་ར་ནཱ་ག་ནན། ཚིནྡྲ་ཚིནར་ནཱ་ག ་ཧྲཱི་ད་ཡ་ནི་བྷིནད་བྷིནད་ནཱ་ག་དྷ་མ་ནི། པཱི་སཱི་མནྟ་ནཱ་ག་ཤ་རཱི་ཎི། བི་སཕོ་ཊ་ཡ་ནཱ་ག་ན་ཡ་ན་ནི། ནཱ་ག་བི་ད་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་ག་ཀྲོ་དྷ་ས་ཏ་ནཱ་ཡ་ཕཊ། ཞེས་བྱ་བ་ནི་ས་འོག་ན་གནས་པ་རྣམས་ལ་གནོད་པ་མདོར་བསྟན་ཏེ། འདི་འདྲ ་བ་འབྱུང་བའོ། །ཀླུ་རྣམས་གདན་དུ་བྱས་ནས་ཟ་བ་དང། མནན་ནས་གཙོ་བོ་ལ་སྟེར་བ་དང། །དབང་པོའི་རྟེན་གཅོད་པ་དང། ལུས་བཅིང་བ་དང། ཀླུའི་ལུས་དང་སྙིང་འབྲལ་བར་བྱེད་པ་དང། ཀླུའི་ལུས་གཤོག་པ་དང། ཀླུ་རྣམས ་འཇོམས་པ་དང། ཀླུ་ཁྲོ་བོས་བརླག་པར་བྱེད་དོ། །དེའི་ལས་ལ་སྦྱར་བ་ནི། དཀྱིལ་འཁོར་གྲུ་གསུམ་པ་སྒྲུབ་པའི་དཀྱིལ་འཁོར་གྱི་བྱང་དུ་བཅས་ཏེ། བསྒྲུབ་བྱའི་གཟུགས་སྤྲ་ཚིལ་ལམ་རྟེན་གྱི་ས་ལ་བྱས་ཏེ། དེ་ཡང་གྲུ་གསུམ་པ་བཅུག ་ནས་བདག་ཉིད་གོང་དུ་བསྟན་པའི་འཁོར་ལོ་ཆེན་པོ་བསྒོམས་ལ། སྒྲུབ་པའི་སྔགས་ལ་ལས་ཀྱི་སྔགས་དེ་རྣམས་བཏགས་ཏེ། ཡུངས་ཀར་སྤྲུ་བར་བྱས་ལ་ལས་བརྩམ་མོ། །དེ་ནི་ཕུ་ལས་བསྐྱེད་ཅིང། དགུག་གཞུག་བཅིང་དབྱུང ་ཞིང་ས་བོན་ཕུ་ལ་ལས་བྱའོ། །དེ་ནས་མནན་ནོ། །ས་སྟེང་གི་གནོད་སྦྱིན་ལ་སྨོད་པ་དོར་བ་ནི། ཏདྱ་ཐཱ། བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ་ཀྲོ་དྷ་སཱ་དྷ་ནཱ་ཡ་ཧཱུཾ་ཕཊ། ནི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཧི་ཧ་ཏ་བ་ལ་ཡ་ཕཊ། པ་ལ་ཀྲ་མཡ་ཕཊ། ཀྲ ་ཏྭནྟ་ཡ་ཕཊ། ཀྲི་ཊཱནྟ་རླུ་བ་ཡ་ཕཊ། རོ་ཥ་ཎྛ་ཡ་ཕཊ་ཞེས་བྱ་བ་ནི། ཁྲོ་མོ་འཇོམས་མ་དང། སྒྲུབ་པའི་ཁྲོ་མོ་དང། སྒྲུབ་པའི་གོས་སྔོན་མ་དང། ཐོགས་མེད་སྟོབས་མ་དང། ཕ་རོལ་གནོན་མ་དང། མཐར་བྱེད་མནོན་མ་དང། མཐར ་གཟུགས་གནོན་པ་དང། གཏུམ་ཆེན་གནོན་པའོ། །ཡཀྵ་ཨ་བསྨཱར་ཕཊ་ཞེས་བྱ་བ་ནི་གནོད་སྦྱིན་གྱིས་འགལ་བ་ནི་འདི་ལྟ་སྟེ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ་ཞེས་བྱ་བ་ནི་བརྡེག་པ་དང། ་འཇོམས་པ་དང། གསོད་པ་དང། གནོན་པར་བྱེད་པའོ། །དེའི་ལས་སྦྱོར་ནི། སྡུབ་པ་དང་འབྲེལ་བའི་ལས་སྦྱོར་གྱི་དཀྱིལ་འཁོར་བྱས་ཏེ། དེ་ཡང་གྲུ་གསུམ་མཛུབ་གང་བ་བྱས་ཏེ། སྦྲ་ཚིལ་ལ་གཟུགས་སོར་བརྒྱད་པ་སྙིང་ཁར ་ཀྵ་གཞུག་པར་བྱའོ། །འཁོར་གྱི་སྤྲུལ་པས་ཡུངས་ཀར་ལ་གསང་བའི་ལས་བྱའ། །དེ་ནས་མནན་པའི་ལས་བྱའོ། །ཏདྱ་ཐཱ། བི་དཱ་ར་ཎ་ཡ་ཧཱུཾ་ཕཊ། ཀྲོ་དྷ་སཱ་དྷ་ཡ་ཕཊ། ནཱི་ལཱཾ་བ་ས་ན་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ་ཞེས ་བྱ་བ་ནི་ས་དང། མེ་དང། ཆུ་དང་རླུང་ངོ། །སའི་ལྷ་མོས་ནི་རིན་པོ་ཆེ་དང། པདྨ་དང། ཀུ་མུ་ཏར་བྱིན་གྱིས་བརླབས་སོ། །མེའི་ལྷ་མོས་ནི་འོད་གསལ་བ་དང། འབར་བ་དང། འོད་གཞན་ཟིལ་གྱིས་གནོན་པར་མཛད་དོ། །ཆུའི ་ལྷ་མོས་ནི་འབབ་ཆུ་དང། བདུད་རྩིའི་མཚོ་དང། ཡིད་དུ་འོང་བའི་ཆར་དུ་བྱིན་གྱིས་བརླབས་སོ། །རླུང་གི་ལྷ་མོས་ནི་སྒྲ་སྙན་པ་དང། ཡིད་དུ་འོང་བ་དང། སིམ་པའི་ངད་དང། སྤོས་ཀྱི་ངད་དུ་བྱས ་ཏེ་བདུད་རྩིའི་ཆོ་འཕྲུལ་ལེགས་པར་བྱིན་གྱིས་བརླབས་པའོ། །པ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏྟནདྷཱ་ཡ་ཧཱུཾ་ཕཊ། ཀྲི་ཏཱཾ་ཏ་རཱུ་པཱ་ཡ་ཧཱུཾ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཅེས་བྱ་བ་ནི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། གཟུགས་དང། ་རྣམ་པར་ཤེས་པའོ། །མཚན་མར་འཛིན་པ་ལ་བརྟེན་ནས་རྣམ་པར་འབྱེད་ཅིང་ཕྲག་དོག་ཞི་ནས་སྡུག་བསྔལ་ཅན་རྣམས་བདེ་བར་བྱིན་གྱིས་བརླབས་སོ། །མི་དགེ་བའི་བསམ་པ་དང་ལྡན་པ་དགེ་བར་བྱིན་གྱིས་བརླབས་སོ། ། ་གཟུགས་མི་སྡུག་མཛེས་པར་བྱིན་གྱིས་བརླབས་སོ། །ཞེ་སྡང་དང་བཅས་པ་བྱམས་པ་དང་སྙིང་རྗེ་དང་ལྡན་པར་བྱིན་གྱིས་བརླབས་སོ། །རྣམ་པར་ཤེས་པ་ནི་གཏུམ་པ་འམ་འབར་བའོ། །གཟུགས་ནི་བརྟེན་པའི་རང་བཞིན་ནོ། །འདུ ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་ནོ། །འདུ་བྱེད་ནི་ཐོགས་པ་མེད་པའམ། ཆགས་པ་དང་བྲལ་བའོ། །ཚོར་བ་ནི་བདེ་བའམ་རྒྱུད་ལ་སྲོག་འཛིན་པའི་རང་བཞིན་ནོ། །གཞན་གྱི་རྒྱུད་སྲེག་པའི་ཁྲོ་བོའི་གཟུགས ་མངར་འཇོམས་པར་བྱེད་ཅིང་ཕ་རོལ་གནོན་པར་བྱེད་པས། ཏྲཱ་ས་ནཱ་ཡ་ཕཊ། ཀུསྨ་ཎྜོདསཱ་ཏ་ནཱ་ཡ་ཕཊ། པྲེ་ཏ་པེ་ཤཱ་ཙ་བི་ན་ཤཱ་ཀ་རཱ་ཡ་ཕཊ་ཅེས་བྱ་བ་འཆིང་བ་དང། འཛིན་པ་དང། གསོད་པ་དང། གནོན་པ་ལ་སོགས ་པའི་གནོད་པར་འགྱུར་རོ། །དེའི་ལས་སྦྱོར་ནི་འདི་ལྟ་སྟེ། བདུད་རྣམས་དང། གྲུལ་བུམ་རྣམས་པ་དང། སྲོག་འཕྲོག་པར་བྱེད་པའི་ཡི་དགས་རྣམས་དང། ཤ་ཟ་ལ་སོགས་བདུད་དང་བདུད་ཀྱི་རིགས་མ་རུངས་པ་རྣམས་སོ། །དེ་རྣམས ་བཀའ་ལས་འདས་ན་བརླག་པར་འགྱུར་ཏེ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ་ཞེས་བྱ་བ་སྟེ། འཆིང་བ་དང། འཛིན་པ་དང། གསོད་པ་དང། གནོན་པ་ལ་སོགས་པའི་གནོད་པར་འགྱུར་རོ། །དེའི་ལས་སྦྱོར་ནི ་བསྐྲད་པ་དང། གསོད་པའོ། །བསྐྲད་པ་ནི་གྲོ་གའམ་ཤིང་ཤུན་ལ་གདོན་གྱི་གཟུགས་བརྙན་བྲིས་ཏེ། རྡོ་རྗེས་མི་ལ་བསྲོ་ཞིང་བྱ་བ་པར་བྱའོ། །སྔགས་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཕཊ་ཅེས་བརྗོད་ནས་བསྐྲད་པར་བྱའོ། །གསད་པ་ནི་སྒྲུབ་པའི ་དཀྱིལ་འཁོར་དང་འབྲེལ་བའི་གསད་པའི་དཀྱིལ་འཁོར་བྱས་ཏེ། གྲུ་གསུམ་པ་ནི་མ་བའི་ཁུ་བས་ཕྱགས་ཏེ། ནང་དུ་རྡོ་རྗེ་རྩེ་མོ་གྱེས་པ། ནག་པོ་བྲི་བར་བྱའོ། །ཟུར་གསུམ་ལ་ལྕགས་ཀྱུ་བྲི་བར་བྱའོ། །མཛའ་མ་ལ་མེ་རི་དང་གྲི ་གུ་གིས་བསྐོར་བར་བྱའོ། །དེའི་གཟུགས་བརྙན་སོར་བརྒྱད་སྙིང་ཁར་བྲེ་དང་བཅས་པ་རེར་བཅུག་ནས་ནི་མ་བའི་ཁུ་བ་དང་ཡུངས་ཀར་དང་ཕྱེ་མ་གསུམ་ལ་སྤྲུལ་པའི་ཁྲོ་བོར་བྱས་ལ་གསད་པའི་ལས་བྱའོ། །ཆས་གོས་ནི་ནག་པོར ་བྱའོ། །བདག་ཉིད་བསྒོམ་པ་ནི་འཁོར་ལོ་ཆེན་པོ་ཇི་ལྟ་བ་བཞིན་དུ་གསལ་བར་བྱའོ། །ཕྱིར་གསད་ཐབས་སྦྱར་བ་ནི། སརྦ་བིདྷྣཱཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་བྱ་བས་ལས་བྱའོ། །བསྟན་པ་འཇིག་རྟེན་པ་རྣམས་ལ་ནི། །གུ་ཧཡ་འདི ་ནི་རབ་ཏུ་བསྟན། །རབས་ཆད་ཐོད་པའི་སྣོད་ནང་དུ། །ཛ(རྒྱུད་འགྲེལ་ལཱ་བ་ར་དྷ་ར་ཤ་རཱི་རཱཾ་བཛྲ་པཱ་ཎི་ཧྲཾ་ད་ཡཾ། ཡ(རྒྱུད་འགྲེལ་ལན་བདུན་བསྐོར་བས་བཟློག་པར་བྱའོ། །དེ་ཐིམ་པ་དང་ཤར་ཕྱོགས་སུ་འདུག་སྟེ། གཏོར་མ་བཏང་ནས་བསླབ་པ་གསོ་སྟེ་གསོལ་བ་གདབ་བོ། །དེ་ནས་རྡོ་རྗེ་རྩེ་དགུ་པས་བརྡུངས་པ་ནི། ཧ་ར་ཧ་ར། པྲ་ཧ་ར ་པྲ་ཧ་ར། ཚིནད་ཚིནད། བྷིནད་བྷིནད། སརྦ་ཤ་ཏྲུཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་བྱ་བས་བརྡེག་པར་བྱའོ། །དེ་ཡང་དང་དུ་བསྡུ་བ་དང། གསད་པ་དང། འདྲེན་པ་དང། བཅིང་བ་སྟེ། སྒོ་བའི་གཙོ་བོ་ལ་བརྟེན་པའི་སྔགས་སོ། །རྡོ་རྗེ་རྩེ་མོ ་ཡས་རྩེས་བསྐོར་ཞིང་བརྡུང་བར་བྱའོ། །ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤཱ་ཡ་ནཱ་ཤ་ཡ་ཞེས་བྱ་བ་ནི། རྐང་པའི་འོག་ནས་མནན་ཅིང་བརྡེག་།དགུག་དང་དབང་དུ་བསྡུ་བ་དང། །གསད་དང་མནན་པའི་ལས་ཡིན ་ཏེ། །དཀྱིལ་འཁོར་ལྷའི་དབང་དུ་བྱས་པའི་སྒོམ་པའི་ལས་སྦྱར་རོ། །ཁྲོ་མོ་བཞིས་ནི་མཆོད་པ་དབུལ། །ཁྲོ་བོ་བཞི་ཡིས་ལས་བརྩམ་མོ། །མཆོད་རྟེན་བཅས་པའི་རི་རྩེར་སྤ། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། ་འཁོར་གཞོད་དཀར་པོའི་སྣོད་ནང་དུ། །ནཱ་ག་བརྒྱད་ཀྱི་གཟུགས་བྱས་ཏེ། །འཕེལ་བའི་དུས་ཀྱི་ཚེས་གྲངས་ལ། །བདུད་རྩི་འོ་མས་དུས་གསུམ་མཆོད། །བསྙེན་པ་འབུམ་དུ་ཐིམ་པ་དང། །ལྟོ་ཕྱེའི་གཟུགས་ནང་མིང་གཞུག་བྱ། ། ་མ་ཏི་པྲ་བ་ཏ་ཧ་ར་ཧ་ར་ནཱ་ག་ནན། པྲ་ཧ་ར་པྲ་ཧ་ར་ནཱུ་གནན། ཚིནད་ཚིནད་ནཱ་གི་ཧྲ་ད་ཡིན་།བྷིནད་བྷིནད་ནཱ་ག་དྷ་མ་ནི། བྷི་སི་མ་ཏ་ནཱ་ག་ཤ་རཱི་ར་ཎི། བི་སཕོ་ཊ་ཡ་ནཱ་ག་ཡ་ན་ནི། ནཱ་ག་བི་དཱ་ར་ཎ་ཧཱུཾ ་ཕཊ་།ན་ག་ཀོ་དྷ་སཱ་དྷ་ནི་ཡ་ཕཊ། ཀླུ་བརྒྱད་དྲག་པོའི་གསང་སྔགས་ཏེ། །བསྙེན་པ་གཙོ་བོའི་བསྙེན་པ་ལ། །ཕུ་བཏགས་འདི་ཡི་རྩ་སྔགས་ཏེ། །འབུམ་བཟླས་འདི་ཡི་ལམ་བརྩམ་མོ། །བསྲུང་བ་ལུས་ལ་གདགས་པར་བྱ། །ལས ་ཐེབ་ལྟོ་འཕྱེའི་ཐོད་བཅུག་ལ། །བྱད་ལ་གདོལ་པ་ཅན་ལ་གཏང། །མཆོད་རྟེན་རབ་གནས་སྒྲུབ་སྔགས་སོ། །ཐོད་པ་བྱིན་བརླབས་བསྐོར་བའི་སྔགས། །ཕུར་བུ་ཧཱུཾ་དང་ཕཊ་ཀྱིས་སོ། །ལྟོ་འཕྱེ་ལ་ནི་ཀླུ་བརྒྱད་སྔགས། །འཁོར་ལོ་གཉིས ་སུ་ཤེས་པས་གཞུག་།གདོན་སྔགས་གསལ་བྱེད་དབྱངས་ཡིག་བསྐོར། །བསྙེན་བསྒྲུབ་ལས་རྣམས་རྫོགས་གྱུར་ན། །རང་འོག་ཐམས་ཅད་འདུ་བར་སྦའོ། །འདག་པ་ལ་སོགས་བྱིན་བརླབས་ནས། །གྲུ་གསུམ་རྡོ་རྗེ་མཚན་པའོ། ་སུ་རྩེག་དྲག་པོའི་མཆོད་རྟེན་ལ། །བུམ་པར་གདུང་དང་བཅས་པས་མཆོད། །ཞག་གསུམ་བསྙེན་པ་རྫོགས་བྱས་ནས། །བྱིན་བརླབས་ཅན་གྱིས་རབ་ཏུ་མནན། །ཀླུ་འདུལ་བ་ཡི་གཟུགས་བྱ་སྟེ། །གཙོ་བོའི་སྔགས་ཀྱིས ་ལེགས་བསྒྲུབས་ནས། །གྲུ་གསུམ་གཟུགས་བརྙན་བཅས་པ་ནི། །གདམས་ངག་ལྡན་པས་ལེགས་སྦྱར་སྦ། །འཁོར་ལོ་གྲོག་ཤིང་ཤུན་པ། །ནིམ་པའི་ཆུ་ཡིས་བྲི་བ་ནི། །ཐིག་བཞི་ལེ་ཚ་དགུག་བ་ལ། །མ་ནོར ་སྔགས་རྣམས་དགོད་པ་ནི། །བི་དྷཱ་ར་ནཱ་ཡ་ཧཱུཾ་ཕཊ། ཀྲོ་དྷ་སཱ་དྷ་ན་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ་ཨ་པྲ་ཏ་ཧ་ཏ་བ་ལཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ་ཧཱུཾ་ཕཊ་ཅེས་པ་དགོད། པར་ཀྲ ་མཱ་ཡ་ཕཊ། ཀྲི་ཏཱི་ཏ་ཡ་ཕཊ། ཀྲི་ཏཱི་ཏ་དུ་པཱ་ཡ་ཕཊ། རོ་ཥཱརྐ་ཡ་ཕཊ། ཧ་ར་ཧ་ར། ཕྲ་ཧ་ར་པྲ་ཧ་ར། ཚིནད་ཚིནད། བྷིནད་བྷིནད། ཧཱུཾ་ཕཊ། ཟུར་ལ་གཟུགས་དང་མིང་བཅངས་པས། འཁྲུལ་འཁོར་གཙོ་བོའི་ལྟེ་བར་བསྐོར། །བི་དཱ ་ར་དྱཱ་ཡ་ཧཱུཾ་ཕཊ། པར་ཀྲ་མ་ཡ་ཕཊ། ཅེས་བྱ་བས་ས་ཨི་དཀྱིལ་འཁོར་སྟེང་གནས་པས། ཞི་ཞིང་སྤྱང་པོའི་ལས་བསྐོར་རོ། །ཀྲོ་དྷ་སཱ་དྷ་ན་ཡ་ཕཊ། ཀྲི་ཏཱཾ་ཏཱ་ཡ་ཕཊ། ཅེས་བྱ་བས་མེའི་གདན་ལ་རབ་བཞུགས་པས། རྒྱས ་ཤིང་སྨིན་པའི་ལས་བྱའོ། །དེ་གཉིས་རྩིབས་བཞིའི་འཁོར་ལོ་སྟེ། །དང་པོའི་མཚམས་སུ་ལཾ་བསམས་ཏེ། །གཉིས་པའི་མཚམས་སུ་རཾ་བསམ་མོ། །ནི་ལཾ་པས་ནཱ་ཡ་ཕཊ། ཀྲི་ཏཱཾ་ཏ་རཱུ་པ་ཡ་ཕཊ། ཨ་པྲ ་ཏི་ཧ་ཏ་བ་ལ་ཡ་ཕཊ། རོ་ཥ་ཧ་ཏ་བ་ལ་ཡ་ཕཊ། དང་པོའི་འཁོར་ལོ་རྩིབས་དྲུག་སྟེ། །ཆུ་ཡི་གདན་བཞུགས་འཁྲུལ་འཁོར་ན། །དབང་དུ་བྱ་དང་སྡུད་པའི་ཕྱིར། །ཆུ་ཡི་འཁོར་ལོ་བསྐོར་བར་བྱ། །ཐ་མའི་འཁོར་ལོ་རྩིབས་བརྒྱད ་དེ། །རླུང་གི་དཀྱིལ་འཁོར་ལ་གནས་ཏེ། །དབྱེ་ཞིང་བརླག་པའི་ལས་བརྩམས་ཏེ། རླུང་གི་འཁོར་ལོ་བསྐོར་བར་བྱའོ། །དང་པོའི་རྩིབས་མཆན་བཾ་བསམ་ནས། ཐ་མའི་རྩིས་ཡཾ་དགོང་བྱ། །ཐུན་མཚམས་གཅོད་ཅིང ་གཏོར་མ་བཏང། །འཁོར་རྣམས་སྣ་ལ་གཙོ་བོས་གསད། །དེ་ཐམས་ཅད་ཀྱི་བསྙེན་པ་ནི་བཅོ་ལྔ་པའམ། །ཉི་ཤུ་རྩ་གཉིས་བས་བྱའོ། །བསྒྲུབ་པར་བྱ་བའི་རིམ་པ་ནི། །བདག་ཉིད་འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་དུ་བསྒོམས་ཏེ། ཏདྱ་ཐཱ། བྷོ ་བྷོ་བཱཾ་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། ཀྲོ་དྷ་སཱ་དྷ་བཛྲ་པ་ཎི་ཧྲི་ད་ཡཾ། ཡ་ས་མ་ཏི་ཀྲ་མ་ཏེ། ཨུཏྭཱ་དྷ་ནཾ། བྷ་བི་ཤུདྡྷི་རཱ་ཛྙཱ་བ་ཡ་ཏི་སྭཱཧཱ། ཞེས་བྱ་བ་ནི་གཙོ་བོ་དང་ཡུམ་དང་བཅས་པའོ། །ོཾ་བི་དྷཱ་ར་ཏཱ་ཡ་ཧཱུཾ ་ཕཊ། ཨོཾ་ཀྲ་དྷ་སཱ་བྷ་ནཱ་ཡ་ཕཊ། ཨོཾ་ནཱི་ལཱཾ་པ་ས་ན་ཡ་ཕཊ། ཨོཾ་ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ། ཞེས་བྱ་བ་ནི་ཁྲོ་མོ་བཞིའོ། །ོཾ་པ་ར་ཀྲ་མཱ་ཡ་ཕཊ། ཨོཾ་ཀྲི་ཏཱཾ་ཏ་ཡ་ཕཊ། ཨོཾ་ཀྲི་ཏཱཾ་ཏ་རྦུ་བ་ཡ་ཕཊ། ཨོཾ་རོ་ཥ་ཎ་ཧ་ཏ་བ་ལ་ཡ་ཕཊ། ཞེས ་བྱ་བས་ནི་གཙོ་བོའི་སྔགས་བསྟན་པ་སྟེ། འབུམ་དུ་རྫོགས་ནས་ལས་བརྩམ་མོ། །ོཾ་ཧ་ས་ཧ་ས་ཧཱུཾ། ཨོཾ་དྷ་ར་དྷ་ར་ཛ(རྒྱུད་འགྲེལ་ཧ་ར་བཾ། ཨོཾ་ཚིནད་ཚིནད་ཛ(རྒྱུད་འགྲེལ་ལ་སྔགས་བཏབ་སྟེ། ནམ་མཁའ་ལ་གཏོར་རོ། །ས་འོག་ན་གནས་པས་བརྗེད་ན་བ་ལ་པོ་སེའུས་སམ། །ཉ་བྲི་མས་བྲབ་བོ། །བདུད་དང་ལོག་འདྲེན་གྱིས་བརྗེད་ན་ནི་སྐུད་པ་ལ་བརྗོད་པས་གསོའོ། །གལ་ཏེ་དེ་ལས་འདས་ན་གང་དུ་བསྟན ་པའི་ཉེས་པ་དང་འགྱུར་རོ། །རྫ་ཀའི་དོག་པ་བཞིན་དུ་ཡང་འགས་པས་དྲན་པར་བགྱིས་ཞེས་བརྗོད་དོ། །དེའི་ཚིག་ནི་ཞེས་བྱ་བའི་དོན་ནི་གདོན་གསུམ་པོ་དེའིའོ། །དེ་ལས་གནོད་སྦྱིན་གྱིས་ཆོ་ག་ནི་དང་པོར་བདག་ཉིད་བསོད་ནམས ་དང་ཡེ་ཤེས་གཉིས་སྔོན་དུ་སོང་བའི་བདུད་རྩི་ཐིགས་པའི་སྒྲུབ་ཐབས་བཞིན་བསྒོམས་ཏེ། ཞག་གསུམ་བསྟུང་བར་འདུག་སྟེ། མཎྜལ་གྱི་ཐོག་ཏུ་ཡུངས་ཀར་ལ་སྔགས་བཟླས་ཏེ། ཞག་གསུམ་ཐིམ་པ་དང་ནད་པའི་སྤྱི་པོར་བཞག། ་ལག་ཏུ་ཡང་བྱིན་པས་སྡང་བ་དང། ཁྲོ་བ་དང། བཞིན་མི་སྡུག་པ་སྟོན་ཅིང་ཕྱིར་འབྲོས་སོ། །དེ་ལ་མཎྜལ་གྲུ་བཞི་པ་མདའ་གང་བ་བྱས་ཏེ་སྤོས་ཀྱིས་བྱུགས། དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ཐིག་གདབ་སྟེ། ཚོན་སེར་པོར་བྲི་བར ་བྱའོ། །བུམ་པ་ཁ་དོག་སྔོན་པོ་མགུལ་ཆིངས་སྔོན་པོ་ཅན་བརྒྱད་དགོད་དོ། །མདའ་དང་གྲི་དང་མེ་ལོང་བཞི་གྲཝ་བཞིར་གཟུགས་སོ། །རས་སམ་དང་སྔོན་པོས་གུར་དུ་དབུབ་བོ། །གཏོར་མ་དམར་གཏོར་མ་བརྒྱད་ཀྱང་བཀྲམ་མོ། །མདུན་དུ ་བུམ་པ་སྔོན་པོ་མགུལ་ཚིངས་སྔོན་པོ་དང་བཅས་པ་བཞག་གོ་།ནད་པ་བྱང་དུ་ཁྲུས་བྱས་ཏ་ཀུ་ཤའི་སྟེང་དུ་བཞག་པར་བྱའོ། །དེ་ནས་བུམ་པ་བྱིན་གྱིས་བརླབ་པ་ནི་བྲཾ་ལས་བསྐྱེད་ཅིང་ཟླ་བའི་སྟེང་དུ་ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྔོན་པོ། ཕྱག ་བྲང་དུ་བསྣོལ་པ། མཆེ་བ་ཅུང་ཞིག་གཙིགས་པ་བསྐྱེད་ལ་ཡེ་ཤེས་བསྟིམ་པ་ལ་སོགས་པ་བྱའོ། །དེ་ནས་བདག་ཉིད་བདུད་རྩི་ཐིགས་པ་བཞིན་བསྒོམས་ལ། བུམ་པ་སྒྲུབ་པའི་སྔགས་རིངས?་བརྒྱ་རྩ ་བརྒྱད་བཟླས་བས་ཞུ་བར་བསམ་མོ། །དེ་ནས་རང་གཙོ་བོར་བསམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནོད་སྦྱིན་ཆེན་པོ་བརྒྱད་ཀྵ་ལས་བསྐྱེད། དགུག་པ་དང་བགེགས་བསྐྲད་པ་དང། བསྟིམ་པ་དང་བདུད་རྩི་མྱར་བ་ཡན་ཆད་རྫོགས་པ་དང ་སྔགས་རིངས་བཟླས་སོ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི། ཨོཾ་ཧཱུཾ་ཧྲི(རྒྱུད་འགྲེལ་ལཱཾ་བ་ར་དྷ་ར་ཀྲོ་དྷ་སཱ་དྷ་བཛྲ་པ་ཎི་ཧཱུ་ཧཱུཾ་མ་ཧཱ་ཡ་ཏཥ་བ་ལ་ནི་ཁ་ཁ་ཁཱུ་ཧི་ཞེས་བྱ་བས་ཕུལ་ཏེ། དེའི་རྗེས་ལ་བུམ་པའི་ཆུས་ནད་པའི་ལུས་བཀྲུ་བར་བྱས་ལ་གཏོར་མ་བཏང་ན་ཟློག་པར་འགྱུར་རོ་།དེའི་ཕྱིར་གནོད་སྦྱིན ་གྱི་གདེན་གྱིས་བྲིས་པ་ལ་ཆུ་ལ་སྔགས་བཏབ་སྟེ་གཏོར་མ་བཏང་བར་འགྱུར་རོ་ཞེས་བྱའོ། །ཀླུ་བཟློག་པར་བྱེད་ན་བདུད་རྩི་ཐིགས་བནས་འབྱུང་བ་བཞིན་དུ་ཞག་གསུམ་བསྙུང་བར་འདུག་སྟེ། བདག་ཉིད་ལྷར་བསྒོམས་ནས་མདུན ་དུམ་ངལ་མཆོད་པ་དང་བཅས་པའི་ཐོག་ཏུ་ཀུ་ཀུ་རའི་མའི་ཉ་ཕྱིས་སམ། དངུལ་ལས་བྱས་པའི་གབུར་གཅུག་ནས། གསེར་སྔགས་སུ་སྔགས་རིངས་འབུམ་བཟླས་པ་འམ། །བརྒྱ་རྩ་བརྒྱད་བཟླས་ནས་ནད་པ་ལ་བྱིན་ན། །འཕྲིན་པ་ཕང། ། ་སྙིང་མི་དགའ་བ་དང། སྣ་འགགས་པ་དང། དུ་སྙིང་འདོད་པ་དང། ལུས་བར་བ་དང་བཅས་པར་འགྱུར་རོ། །བརྟག་པ་དང། རྨི་ལྟས་ནི་མཛེ་ནད་བརྟག་པ་དང། རིམ་པ་དྲུག་པར་ཤེས་པར་བྱས་ནས། གསོར་རུང་མི་རུང་ཤེས་པའི ་བརྟགས་འབྱུང་ངོ། །དེ་ལ་ནི་བུ་མོ་ལོ་བརྒྱད་ནས་བཅུ་དྲུག་ལོན་པས་ཁྲུས་བྱས་ཏེ། ས་བླངས་ལ་ཀླུ་སྒྲུབ་བཞིན་དཀྱིལ་འཁོར་བཞེངས་ལ་སྒྲུབ་པ་བྱ་བ་ནི་ཀླུ་སྒྲུབ་ཏུ་ཤེས་པར་བྱའོ། །དེ་ནས་ནད་པ་ལ་རྨ་བྱའི་སྒྲོ་ལམ་སྨྱག་ཤད་ཀྱི ་ལྕུག?་མས་བྱ་བ་པར་བྱ་ཞིང། བདག་ཉིད་བདུད་རྩི་ཐིགས་བ་བཞིན་བསྐྱེད་ལ་ཀླུ་བརྒྱད་འཁོར་དང་བཅས་པ་མཆོད་པ་ནི། གཏོར་མ་པཾ་ལས་པདྨའི་སྣོད་དུ་བྱིན་གྱིས་བརླབས་ལ། ཕྱག་ལས་བདུད་རྩིའི་རྒྱན་དབབ་པ་ནི་ལག་མཐིལ ་དུ་ཟླ་བ་ལ་ཨ་བསམས་ལ། དེ་ལ་ཆུ་རྒྱན་རྣམ་པ་ལྔ་འབབ་པར་བསམ་ཞིང་སྔགས་འདི་བཟླས་སོ། །ོཾ་ཨ་མྲི་ཏེ་ཧཱུཾ་ཕཊ་ན་མ(རྒྱུད་འགྲེལ་སྔགས་ལན་གསུམ་བཏབ་སྟེ་བྱིན་གྱིས་བརླབས་ལ། ཨོཾ་ནི་ལཱཾ་བར་དྷ་ར་ཀྲོ་དྷ་སཱ་དྷ་བཛྲ་པཱ་ཎི་ཨི་དཾ་བ་ལི་ཁ་ཁ། ཨོཾ་དམ་བ་ལིཾ་ནཱ་ག་ཤ་རི་ར་ཎི། ཨི་དཾ་བ་ལཱི་ནཱ་ག་ཤ་རི་ར་ཎི། །ི་དཾ་བ་ལཱཾ་ནཱ་ག་དྷ་མ་ནི། ཨི་དཾ་བ་བཱིཾ་ནཱ་ག་བི་དྷ་ར་ཎི། ཨཾ་དཾ་བ་ལིཾ་ནཱ་ག ་ཀྲོ་དྷ་སཱ་དྷ་ན་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་སྭཱ་ཧཱ། ཞེས་པས་གཏོར་མ་སྦྱིན་པར་བྱའོ། །མཆོད་པ་སྔོན་དུ་སོང་ནས་གསོལ་བ་བཏབ་སྟེ། རྟགས་བརྟེན་པ་ནི་རིམ་པ་དྲུག་པར་ཤེས་པར་བྱའོ། །དེའི་ཕྱིར་ཀླུ ་གཟློག་པར་བྱེད་ན་སྨྱག་ཤད་ལྕུག་མ་འམ། །བལ་པོ་སེའུའི་ལྕུག་མེས་བྱ་བ་བར་བྱའོ། །ཞེས་པའི་དོན་ཏོ། །ཆར་དབབ་པར་འདོད་ན་གཞག་ཀླུ་བསྒྲུབ་ཏུ་ཤེས་པར་བྱའོ། །བྱད་པར་ནི་དེ་ན་གནས་པའི་ཀླུ་དེ་ཀླུའི་རྒྱལ་པོ་དུང་སྐྱིད ་དུ་བྱས་ཏེ། སྔགས་འོངས་ཀྱིས་གཟིར་རོ། །སེར་བ་སྲུང་ན་སྟེང་འོག་འཁོར་ལོ་བསམས་ལ་སྔས་རིང་བ་བཟླས་སོ། །ཡི་དགས་དང་བླང་དེ་ཕྱེད་རྣམས་ལ་ནི་ནང་པའི་ལག་པ་དང་རྐང་པ་ཚོན་སྣ་ལྷའི་སྐུད་པས་དཀྲིས་ཏེ། བདག་ཉིད ་བདུད་རྩི་ཐིགས་པ་བཞིན་དུ་བསྐྱེད་ལ་ནད་པའི་སྲིན་ལག་ནས་བཟུང་སྟེ། སྔགས་བཏབ་ན་འདར་བ་དང་རྡུལ་བ་དང་སྨྲ་བ་འོང་ངོ། །དེ་ལ་ནི་བདག་ཉིད་གོང་བཞིན་དུ་བསྐྱེད་ལ་ཉི་ཟླའི་བར་དུ་གདོན་བྲེ་ལས་གཅི? ་པར་བྱ་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་ལ་རླུང་ལྷ་ལ་བསྐྱོན་ལ་འཕང་དོ། །གཟུགས་བརྙན་ནི་ཚོན་སྣ་ལྔའི་སྐུད་པས་བཅིངས་ལ་བྱའོ། །དེའི་ཕྱིར་བརྗོད་བྱེད་དང་སྨྱོ་བྱེད་དང་ནི་སྐུད་པས་བྱའོ། །རིམས་ནད་མེད་པར་བྱ་བ་དང། གཞོགས་པ་བྱས? ་ན་བ་དང། ཡི་ག་མཆུས་པ་དང། གནོད་སྦྱིན་དང། ཀླུ་དང་ཡི་དགས་ལ་སོགས་པའི་ནད་འདི་གསུམ་བཟློག་པ་ནི་སྐུད་པ་སྔོན་པོས་བྱ་སྟེ། མེ་ཏོག་སྔོན་པའི་ཆུས་བསྒྱུར་ལ་མཎྜལ་བྱས་ཏེ། བདག་ཉིད་བདུད་རྩི་ཐིགས་པ་བཞིན་བསྒོམས ་ཏེ། གཡུའི་ནང་དུ་གཞག་སྟེ། ཞག་གསུམ་བསྙང་བ་དང་བཅས་པས་བསྒུབ?་པོ། །བདུད་པ་བྱིན་གྱིས་བརླབ་པ་ནི། སྟོང་པ་ལས་ཞལ་ནས་རྡོ་རྗེའི་ཕྲེང་བ་མདུན་པ་ལ་ཁྲོ་བོ་རྡོ་རྗེ་ཕྱིར་འཕྱར་བ་ཟླ་བའི་སྟེང་དུ་བསམ་ཞིང་རག་གནས་སྔགས་རིགས ་བདུན་བདུན་གདང་པོ། །དེ་བས་ན་སྐུད་པ་སྔོན་པོ་གདགས་སོ། །ནོར་འདོད་ན་ཞག་གཅིག་བསྙུང་བར་འདུག་སྟེ་ཞེས་བྱ་བ་ནི་བདག་ཉིད་ཁྲུས་བྱས་གོས་གཙང་མ་བགོས་ཏེ། ཟ་གཅིག་པར་བྱས་ལ་སྦྲུལ་དཀར་པོའི་ཚིལ་བུ་དང། སྐུང ་ཁྲོད་ཀྱི་རས་ལ་མེ་བཏང་སྟེ་བསྒྲུབ་པོ། །དེ་ནས་ལྕགས་ཀྱུ་ལྔ་དག་དང། །ས་བོན་གཉིས་དང་རྐྱེན་གསུམ་གྱིས། །སྒྲུབ་པའི་རྫས?་ཀྱིས་དེ་རྣམས་སྦྱར། །སྤ་མ་བུ་གཅིག་ཏུ་བཞག་།མཎྜལ་སྔོན་པ་ལེགས་བྱས་ཏེ། བདག་ཉིད ་ལྷ་ཡི་སྐུར་གསལ་བས། །འོད་ཟེར་འཕྲོ་འདུའི་བཟླས་པ་བྱ། །འོད་དང་སྒྲ་དག་བྱུང་བ་ན། །བྱུགས་པ་ལུས་ལ་བྱུག་བྱས་ན། །མཆོད་པས་མཆོད་ནས་གསོལ་བ་གདབ་ཅེས་བྱ་བ་ནི། །སོངས་ཀྱིས་གདུགས་ནས་ཞེས་བྱ་མཐོ?། དེ ་ལ་དབང་པོ་རབ་ལ་ནི་དངོས་སུ་།ཐ་མ་ལ་རྨི་ལམ་དུ་དགེ་བ་སྟེ། །ཡོད་པ་དང་མི་དགེ་བ་སྟེ་གཏེར་མེད་ཅེས་སྟོན་ནོ། །ནོར་ལྷ་བསྒྲུབ་པ་ནི་དཔེན་པའི་གནས་སུ་སོང་སྟེ། སྟན་བདེ་བ་ལ་འདུག་ནས་མཎྜལ་སྔོན་པོ་བྱས་ཏེ། དེའི་སྟེང་དུ་བཞུག་པ ་ནི། མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་ལ། ཞེས་བྱ་བ་ནི་བདག་བ་ལ་མཆོད་རྟེན་སྔོན་པོ་གདུང་ཤ་རཱི་རམ་བུམ་པ་ན་ཡོད་པའི་འཁོར་ལོ་དང་གདུགས་དང་བཅས་པ་དབུས་སུ་བཞག་གོ་།བུམ ་པ་སྔོན་པོ་མེ་ཏོག་སྔོན་པོའི་ལ་རྒྱན་ཅན་བཞི་ཡང་མཆོད་ཡོན་དང་རྫས་ཕྱོགས་བཞིར་བཞག་གོ་།མཆོད་པ་རྣམ་པ་ལྔ་ནི་མེ་ཏོག་ལ་སོགས་པ་ཅི་འབྱོར་བའི་མཆོད་པའི་རྫས་རྣམས་བཞག་གོ་།ཆོས་སྐྱོང་གི་གཏོར་མ་རྒྱ་ཆེན་པོ་ཡང་བཤམས ་ནས། སྒྲུབ་པ་ན་བདག་ཉིད་བསྙུང་བས་འདུག་སྟེ། ཚོགས་གཉིས་སྔོན་དུ་སོང་བ་དག་ཉིད་བདུད་རྩིའི་ཐིགས་པ་བཞིན་བྱས་ཏེ། མཆོད་རྟེན་ལས་ནོར་ལྷ་སེར་པོ་ཞག་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ནོར་བུ་རིན་པོ་ཆེའི ་ཆོད་རྐྱེན། ཕྱག་གཡོན་ནེའུ་ལེའི་རྐྱལ་པ་རིན་པོ་ཆེ་འབྲུལ་བ། ཞབས་རྐྱང་སྐུམ་བི་ན་ཡ་གའི་སྟེང་དུ་བསམ་མོ། །དེའི་སྙིང་ཁར་ཧྲཱི(རྒྱུད་འགྲེལ་ཀྱི་འཕྲོ་འདུ་བྱའོ། །དེ་ཡང་སྔགས་སྟོང་བཟླས་ནས་གསོལ་བ་གཏབ་ན་གསེར་གྱི་དོད་ཚེ་བདུན་སྟོང་སྦྱིན་བར་བྱེད་དོ་ཞེས་བྱ་བ་ནི་སྔགས་སྟོང་ཐིམ་པ་དང་བུམ་པའི་ཆུས་ལན་བདུན་མཆོད་པ་ནི་ཆུ་ཐིགས་པ་རེ་རེ་ལ་སྔགས་ལན་བདུན་བདུན ་གདབ་པ། དེ་ནས་གསོལ་བ་གདབ་སྟེ་བདག་ཆེ་གེ་མོ་འདི་ཞེས་བྱ་བ་ལ། འདུས་བྱས་ཀྱིས་དངོས་པོ་འདི་དང་འདི་སྩོལ་ཅིག་བྱ་སྣས་ཆོས་སྐྱོང་རྣམས་ལ་གཏོར་མ་བཏང་ན་ཉིན་རེ་ལ་ཅི་འདོད་པའི་རྫས་གསེར་གྱི་དོར་ཚེ་བདུན་སྟེང ་བདུན་སྟོང་རིབ་འབྱུང་ངོ། །རྒྱས་གདབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ། །ཞེས་བྱ་བ་ནི་རྒྱས་བཏབ་པ་ནི་བན་བོད་ཀྱི་བྱང་དུ་བཅུག་པའོ། །དེ་དགྲོལ་བའི་ཐབས་ནི་སྔོན་དུ་བསྙེན་པ་རྫོགས་པའི་ཚིག?་པ ་ཟག་གིས་ཐག་ཁུང་གྲུ་གསུམ་བཅས་ཏེ། དྲག་པའི་སྦྱིན་སྲེག་བྱས་ནས་དེའི་ཐལ་བ་དང་སྔགས་པ་དེ་ཉིད་ཀྱི་དྲི་ཆུ་སྦྱར་ཏེ། ནག་པོ་ཕྱོགས་ཀྱི་ཆོས་གྲངས་ཀྱི་དུས་སུ་ཁྲུས་བྱས་ན་དྲང་སྲོང་མོད་མོ་ཡང་ཟློགས་སོ། །བསྲུང་བར་འདོད་ན ་དྲག་པོའི་སྦྱིན་སྲེག་གི་ཐལ་བ་དང། སྐྱེ་བ་བདུན་པའི་ཐལ་ཆེན་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ། སྐྱབས་འགྲོ་སྔོན་དུ་སོང་བ་ལ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །སྒོ་ལྕགས་དབྱེ་བར་འདོད་པས་ཡུངས ་ཀ་ར་གྱིས་བྱའོ། །ཞེས་བྱ་བ་ནི་ཐབ་ཁུང་གྲུ་བཞི་བྱས་ཏེ། ཡུངས་ཀར་སེར་པོ་སྒྲུབ་པ་བྱས་ལ་ཤིང་ཤ་ར་བི་རའི་མེ་ལ་ཟླ་བ་རྒྱས་པའི་དུས་སུ་སྦྱིན་སྲེག་བྱས་པའི་ཐལ་བ་དང། ཡུངས་ཀར་བསྲེས་པས་མིག་ན་མར་བླུགས ་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབྱེ་པར་འགྱུར་རོ། །འཇིགས་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་བརྒྱད་དེ། མེའི་འཇིགས་པ་དང། ཆུ་ཡིས་འཇིགས་པ་དང། སྦྲུལ་དྲུག་ཅན་གྱིས་འཇིགས་པ་དང། རྒྱལ་བོའི་ཆད ་པས་འཇིགས་པ་དང། ཤུགས་ཅན་གཅན་གཟན་གདུག་པས་འཇིགས་པ་དང། རྡོ་རྗེ་འབར་བས་འཇིགས་པ་དང། དུས་མ་ཡིན་པར་འཆི་བའི་བར་དུ་གཅོད་པས་འཇིགས་པ་དང། སྲིན་པོ་ཁྲོས་ཤིང་རྔམ་བས་འཇིགས་པའོ། ། ་པས་འཇིགས་པ་དང། ཤུགས་ཅན་གཅན་གཟན་གདུག་པས་འཇིགས་པ་དང། རྡོ་རྗེ་འབར་བས་འཇིགས་པ་དང། དུས་མ་ཡིན་པར་འཆི་བའི་བར་དུ་གཅོད་པས་འཇིགས་པ་དང། སྲིན་པོ་ཁྲོས་ཤིང་རྔམ་པས་འཇིགས་པའོ། ། ་དེ་ལ་བསྲུང་བ་ནི་རྩི་མར་གྱི་སྙིང་པོ་དང། །ཞི་བའི་སྦྱིན་སྲེག་བྱས་བའི་ཐལ་བ་དང། ཡུངས་ཀར་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། བསྲུང་བའི་འཁོར་ལོའི་བར་དུ་བླུགས་ཏེ། ཡོངས་སུ ་རྫོགས་པའི་ལྤགས་པའི་མཛའ་མར་བསྟུམས་ཏེ། མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ནད་ཀྱི་འཇིགས་པ་ཐམས་ཅད་ཅེས་བྱ་བ་ནི་རླུང་བ་དང། མཁྲིས་པ་དང། པད་ཀན་དང། ལྡན་པ་དང། འདུས་པ་དང། ཡངས་དང། ་རིམས་དང། འབྲུམ་བུ་དང། ཤུ་བ་དང། མེ་དཔལ་དང། གཡན་པ་ལ་སོགས་པ་ཐམས་ཅད་དོ། །དེ་བསྲུང་བ་ནི་སྐུད་པ་མེ་ཏོག་སྔོན་པོའི་ཆུས་སྐུད་པ་སྔོན་པོར་བསྒྱུར་བ་ལ། རང་ལྷའི་སྐུར་གསལ་བས་མི་དམིགས་པ་ལས་རྡོ་རྗེའི ་རང་བཞིན་རྒྱ་གྲམ་དང་ལྡན་པའི་བསྲུང་བའི་མདུད་བ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ཞེས་བྱ་བ་ནི་གདོན་གྱི་ཟ་འཕྲོའོ། །ཐམས་ཅད་ནི་ཕོ་མོའོ། །དེ་བསྲུང་བ་མི་ཚོན ་སྣ་ལྔའི་སྐུད་བ་ལ་བདག་ཉིད་ལྷའི་སྐུ་དང་ལྡན་པས་འོད་ཁ་དོག་ལྔ་དང་ལྡན་པའི་འོད་ཀྱི་གོང་བུའི་ནང་དུ་ཨོཾ་ཧཱུཾ་སྭཱ་ཨཾ་ཧཱ་ཞེས་བྱ་བ་བསམས་ཏེ། རབ་ཏུ་གནས་པ་བྱས་ལ་དེ་ལ་སྐྱབས་སུ་འགྲོར་བཅུག་སྟེ། མགུལ་དུ་བཞཊ? ་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པ་ཞེས་བྱ་བ་ནི་ལམ་དུ་ཞུགས་པ་ལ་སོགས་པའི་དུས་སུའོ། །སས་བྱའོ་ཞེས་བྱ་བ་ནི། དང་པོ་མལ་ས་ནས་གོམ་པ་འདོར་བའི་ཚེ་སྐྱེས་པའི་གཡས། བུད་མེད་ཀྱི་གཡོན ་ནས་ནརོན?་ལག་མ་བཏོགས་པའི་ལག་བས་སོ་རླབས་ཏེ། སྤགས་ལན་བདུན་བཏབ་ནས་བྱུང་བའི་ཚེ་བ་མས་པ་དང་ལྡན་པའི་བསམ་པས་གདོང་དུ་གཏོར་ན་ཞི་བར་འགྱུར་རོ། །དུག་ལ་ནི་རྩཝ་ཀུ་ཤས་བྱབ་པར་བྱའོ་ཞེས་བྱ་བ་ནི ་དུག་རང་ལ་བྱབ་པོ། །དུག་གི་ན་བ་ལ་ནི་རྩ་སྟ་ཤ་བསྲེགས་པ་དང། ཡུན་རིང་པོ་ལོན་པའི་དམར་པོའི་ཁྲུ་གང་འོག་ནས་འཇམ་པོ་བྲུད་དེ་ལོ་བརྒྱད་པའི་ཆུས་སྦྱར་ནས་སྔགས་བཏབ་སྟེ་བ་ཏང་ན་འཚོ་བར་འགྱུར་རོ། །བདག ་བསྲུང་བ་ལ་ཡིད་ཀྱིས་ཞེས་བྱ་བ་ནི་དུས་ཐམས་ཅད་ལྷར་མོས་པའོ། །ཡང་ན་ཆུ་ལ་སྔགས་བཏབ་སྟེ་བྱའོ། །གཞན་ལ་ནི་གོང་གི་སྐུད་པ་སོ་སོས་བྱའོ། །ལས་དེ་ཐམས་ཅད་ལ་སྔགས་བརྗོད་པ་ནི་གཅིག་གཾ། གསུང ་མ་མ། །ལན་བཅུ་བཞི་འམ། །བརྒྱ་རྩ་བརྒྱད་བཟླས་ན་འགྲུབ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང། འཁོར་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ ་དང། བདུད་དཔུང་དང་བཅས་པ་རྗེས་སུ་ཡིད་རངས་ཏེ། ཡིད་རངས་ནས་སྟན་པ་ལ་འཁོད་དོ། །དྲག་པོ་གསུམ་ནི་ས་བླ། ས་སྟེང། ས་འོག་གོ་།དྲག་པོ་ནི་མ་རུངས་པའོ། །དེ་ལ་འདུལ་བ་དུས་ལ་བབ་པར་གཟིགས་ནས་བསྟན་པ་ལ ་འཁོར?་པའོ། །དེའི་འགྲེལ་བ་བདག་གིས་བརྩམས། །ལུང་དང་མན་དག་རྟོགས་པས་དེ་དོན་བསྒྲུབས། །འབྲས་བུ་བདུད་རྩི་ལྟ་བུ་བདག་གིས་འཐུང། །སེང་ང་ལ་ཡི་ཡུལ་དུ་དེ་ཐོབ་ནས། །ཕྱི་རབས་རྣམས་ལ་ཕན་ཕྱིར་དེ་དོན་བརྩམས ་མོས་ཤིང་འཇུག་པས་ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག་།དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད་ཀྱིས་འགྲེལ་པ་བདུད་རྩི་མྱུ་གུ་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་ཛ་བ་རི་པས་ས་བ་རི་པ་ལ་མན་ངག་ཏུ་ཞུས་པ་།རྫོགས་སོ།། །། ་རཉཏི?་ཏ་དེ་བུ་རྒྱན་ཏི་དང། ལོ་ཙཱ་བ་ཆོས་ཀྱིས་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ནཱི་ལཱཾ་བ་ད་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ཀཱ་ལ་བཾ་མ་ཧཱ་ཙ་ཀྲ་སྭ་དྷ་ན་ནཱ་མ། །བདོད་སྐད་དུ། གནོད་སྦྱིན་གྱིས་སྡེ་དཔོན་ཆེན་པོ་ལོག་ན་རྡོ་རྗེ་གོས?་སྔོན ་