CLOSE WINDOW

N1788: tshe dpag tu med pa'i sbyin sreg gi cho ga zhes bya ba
Wyliee-texts based on the ACIP/ALL Input

ཡོངས་བཟུང་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཟླ་བ་བཟང་པོ་དང། །བོད་ཀྱི་ལོཙྪ་བ་གླན་དར་མ་ཚུལ་བ་དང། །རོལ་མོའི་སྒྲ་དང་བཅས་བྲ?་ཡི། ། དཔག་ཏུ་མེད? ་པའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་པ་རེ་མི་ཏཱ་ཡུ་ཧོ་མ་བི་དྷི་ནཱ་མ:། བོད་སྐད་དུ། ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གིས་ཆོ་ག་ཞེས་བྱ་བ། །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། ། ་སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །སྦྱིན་སྲེག་གིས་ནི་ལས་རྣམས་ལ་གྲུབ། །ལས་ཀྱི་མཆོག་རབ་སྦྱིན་སྲེག་གོ། ཞི་བ་དང་ནི་རྒྱས་པ་དང། །དབང་དང་དྲག་པོ་མངོན་སྤྱོད་དོ། །ཞི་བ་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་གྲུ་བཞི་ཟླ་གམ་དབང། ། ་མངོན་སྤྱོད་??་གསུམ་ཉིད་དུ་བྱ། །ཁྲུ་གང་ཁྲུ་རོ་ཁྲུ་གང་བ། །སོར་མོ་ཉི་ཤུ་ཁ་དོག་ནག་།དཀར་སེར་དམར་བ་ཉིད་དུ་བྱ། །མཆོད་རྫས་ཡམ་ཤིང་དུར་བ་སོགས། །བསྲེག་རྫས་གཡས་གཡོན་རིམས་པ་བཞིན། །ཤར་དུ་ཞི་བ་བྱང་དུ ་རྒྱས། །དབང་ལ་ནུབ་དང་དྲག་པོ་ལྟེ། །རཾ་ལས་མེ་ལྷ་ཁ་དོག་དམར། །དབྱུག་གུ་རིལ་བ་སྤྱི་བླུགས་དང། །བགྲད་འཕྲེང་གཡོན་དང་གཡས་སུ་བསམ། །རལ་པ་ཅོད་པན་གསུས་ཁྱིམ་ཆེ། །ཚངས་སྐུ་འཆང་ལ་ཡེ་ཤེས་བསྟིམ། །རིགས ་བདག་རྣམས་ཀྱིས་དབུ་བརྒྱན་ནས། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །དགང་ལུགས་དངུལ་ལ་མཚན་མ་བརྟགས། །ཁ་དོག་སྒྲ་དང་དབྱིབས་དང་དྲི། །ཟླ་བ་རྒྱས་པ་དུ་བ་མེད། །ནད་མེད་སྡིག་པ་མ་ལུས་ཟད། ། ་དུང་དང་རྫ་རྡ་པི་ཝང་དང། །བདེ་བ་མ་ལུས་འཕེལ་བར་བྱེད། །ཙན་དན་པུར་ཨ་ཀ་རུ། །དགེ་ཞིང་ཚེ་རིང་དཔལ་གྱི་གནས། །བཀྲ་ཤིས་རྫས་བརྒྱད་རྒྱལ་མཚན་གདུགས། །སྒྲུབ་པ་པོ་རྣམས་དགེ་བའི་རྟགས། །ངན་པ་དེ་ལས ་བཟློག་པའོ། །རྟ་མགྲིན་རྒྱལ་པོས་བསྲུང་བ་བྱ། །དེ་ནས་བསྲེག་རྫས་རིམས་ཀྱིས་དབུལ། །མར་དང་ཡམ་ཤིང་ཏིལ་དང་ཞོ། །འབྲས་སོ་ནས་དང་སྲན་མ་དང། །གྲོ་དང་དུརྦ་ཀུ་ཤ་དང། །ོཾ་ཨ་ཀ་ནེ་ཡེ་སྭཱཧཱ། །ོཾ་བྷ་ཏེ་བྷ་ཀྵ་ཡེ་སྭཱཧཱ། ཨོཾ་སརྦ་པཱ ་བཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། །ོཾ་སརྦ་བཾ་པ་ཏེ་སྭཱཧཱ། །ོཾ་བཛྲ་པུ་ཥྚ་ཡེ་སྭཱཧཱ། །ོཾ་བཛྲ་བི་ཛ་ཡེ་སྭཱཧཱ། །ོཾ་མ་ཧཱ་བེ་ག་ཡེ་སྭཱཧཱ། །ོཾ་མ་ཧཱ་བ་ལ་ཡེ་སྭཱཧཱ། །ོཾ་བཛྲ་གྷསྨ་རི་ཡེ་སྭཱཧཱ། །ོཾ་བཛྲ་ཨཱ་ཡུ་ཥེ་ཡེ་སྭཱཧཱ། །ོཾ་ཨ་པྲ་ཏི་ཧ་ད ་བཛྲ་ཡེ་སྭཱཧཱ། །མེ་ལྷ་བསྟོད་ཅིང་གསོལ་བ་གདབ། །དེ་ནས་མ་ལྷའི་ཐུགས་ཀ་རུ། །དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་བསྟེམ། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །ཁུ་བ་ལ་སོགས་ཞལ་དུ་མཆོད། །ཡམ་ཤིང་ཀུ་ཤ ་འོད་ལ་འབུལ། །ཞོ་ཟན་འཐོར་འཐུད་ཕྱག་དུ་དབུལ། །ཁྱད་པར་ཏུར་བ་བརྒྱ་རྩ་ནི། །ཚེ་འཕེལ་ཆེད་དུ་དབུལ་བྱར་བྱ། །ཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ། །འོ་མ་སྦྲང་རྩི་ཀ་ར་དང། །བདུད་རྩི་ལྔ་དང་སྦྱར་བའི་རྫས། །སློབ་དཔོན་གཡོན་གྱི ་མཐེའུ་ཆུང་གིས། །སློབ་མའི་གཡས་ཀྱི་མཐེའུ་ཆུང་བཟུང། །ལན་གསུམ་བསྐོར་བས་ལྷ་ལ་དབུལ། །དངོས་གྲུབ་རྫས་ཀྱི་ལྷ་མ་དེ། །སློབ་མ་རྣམས་ལ་སྦྱིན་པར་བྱ། །ོཾ་བཛྲ་ཨཱ་ཡུ་ཥེ་ཨ་མྲི་ཧ་སིདྡྷི་ཧཱུཾ་།ཞི་བ་སྭཱཧཱ་དང་སྦྱར་??། ། ་གཏང་རག་དབུལ། །དེ་ནས་ཡེ་ཤེས་གཤེགས་དང་དམ་ཚིག་བསྡུ། །མེ་རྣལ་ཐལ་ང་ཆུ་བོར་དོར།། །།སྦྱིན་བསྲེག་ལས་ཀྱི་འབྲས་འབྱིན་འདེ། །མཁའ་འགྲོ་གྲུབ་པའི་རྒྱལ་མོས་འཇམས། ། ་དགེ་བ་འདི་ཡིས་འགྲོ་བ་ཀུན། །ཚེ་དཔག་མེད་པ་རྙེད་འགྱུར་ཤོག་།རྒྱ་གར་གྱི་མཁན་པོ་ཝ་ལ་ཙཎྜ་བླ་མ་དང། ལོ་ཙཱ་བགླན་དང་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧ་ཡ་གྲི་བ་སཱ་བྷ་ན། ་