CLOSE WINDOW

N1787: tshe dang ye shes dpag tu med pa'i dkyil 'khor gyi cho ga zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་གྱི་པཎྜི?་ཏ་ཟླ་བ་བཟང་པོ་དང། །བོད་ཀྱི་ལོ་ཙྪ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། །།*། །ཚེ་དཔག་མེད་ཀྱི་དཀྱིལ་ཆོ་ག་རྒྱ་བཞུང་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་པ་ར་མི ་ཏཱ། །ཡུར་རྒཱ་ན་མཎྜ་ལ་དྷི་ཏ་ནཱ་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། །བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རང་བཞིན་ཚེ་དཔག་མེད་པའི་སྐུ། །ཡེ་ཤེས་ལྔ་ལྡན་པ། ་གསུང་གི་བདག་།ཐུགས་རྗེའི་ཐུགས་ཀྱིས་རྗེས་འཛིན་པའི། །བླ་མ་ཚེ་དཔག་མེད་ལ་འདུད། །རྩ་རྒྱུད་བཤད་རྒྱུད་ལས་བྱུང་བའོ། །ཆོ་ག་བཟང་པོས་ཡོངས་བཟུང་བཤད། །སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང། །ཕ་ཎ་ཎ་ཕན? ་སྒྲུབ་པའི་བློ་གྲོས་ཅན། །རང་དང་གཞན་གྱི་དོན་སྒྲུབ་ཕྱིར། །ཡིད་འོང་ཉམས་དགའ་ཨི་གནས་ཉིད་དུ། །ལྷ་ཡི་རྣལ་འབྱོར་གསལ་བ་དང། །གཙོ་བོ་འབུམ་ལ་འཁོར་རྣམས་ཁྲོ། །རབ་འབྲིང་མཚན་མ་ཐོང་པ་དང། །སློབ་མས་མེ་ཏོག་དང་བཅས་པས། །གུས ་པས་གསོལ་བ་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་བྲི་བའི་ཕྱིར། །ས་གཞི་བརྟན་ཅིང་བཟུང་དང་སྦྱང། །ཉེས་པ་མེད་པའི་ས་ཕྱོགས་དེར། །བསྐྱེད་པའི་རིམ་པ་གསལ་བྱས་ནས། །པཾ་ལས་བསྒྱེད་པའི་ལྷ་མོ་སེར། །མཛེས་པའི་རྒྱན་ལྡན ་ལུས་བྱེད་སྣང། །བུམ་པ་འཛིན་ལ་མཆོད་ཅིང་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །སླབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱས་པར་བྱས་ཏེ་དཀྱིལ་འཁོར་བྲི། །ལག་པ་ས་ལ་བསྣུན་པ་ཡིས། །དགའ་བའི་མདངས་ལྡན་ལྷ་མོ་ཡིས། །ཁྱོད་ནི་སློབ་དཔོན་མཆོག་ཡིན་གྱིས། །དཀྱིལ་འཁོར་ལས་ནི་རབ་བསྒྲུབས ་པ། །བརྗོད་ནས་ས་ལ་ཐིམ་པ་ལྟར། །ཕྱོགས་སྐྱོང་གཏོར་མ་འབུལ་བ་དང། །མཐུན་པའི་གྲོགས་དང་གསོལ་བ་གདབ། །རོ་བསལ་ཉེས་པ་སྤངས་པ་དེ། །འཐས་པར་བཅག་ཅིང་རྣམ་ལྔ་དང། །བདུད་རྩི་ལྔ་ནི་ཁྱབ་པར་བྱུག། །མེ་ཡིས་ཞི ་བའི་ལས་ཀུན་གྱི། །སྦྱིན་སྲེག་སྦྱངས་དང་སྔགས་ཀྱིས་ནི། །བྱིན་བརླབས་ལྷའི་ཁང་པར་བསམ། །བསྐྱེད་པའི་ཡན་ལག་ཀུན་རྫོགས་པས། །སློབ་དཔོན་དཀྱིལ་འཁོར་སྟེང་འདུག་ལ། །སློབ་མ་གུས་པས་སྤོས་ཐོགས་ཏེ། མཆོད་ཅིང་བསྟོད་དང་གསོལ ་བ་འབཊ?། །བཅོམ་ལྡན་མགོན་པོ་ཚ་དཔག་མེད། །སྐྱོན་གྱིས་མ་གོས་ལི་ཁྲི་ལྟར། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ནི། །ཡོན་ཏན་མ་ལུས་བསྐྱེད་མཛད་ཅིང། མིང? ་བཞིན་ནོར་བུ་མཚུངས་ལྡན་པའི། །འགྲོ་བ་སྐྱོབ་ལ་ཕྱག་འཚ་ལ་བསྟོད། །ཚེ་དཔག་མེད་པ་གསུང་གི་བདག་།འཆི་བདག་མ་ལུས་འཇོམས་མཛད་པའི། །ཚེ་ཡི་དངོས་གྲུབ་གསོལ་པའི་སྐུ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་རྡོ ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་བསྡུས་ཏེ་རྟ་མཆོག་སྐུ། །ཁྲོ་ཞིང་རབ་བརྗོད་ང་རྒྱལ་དང། །རྐང་པ་ཧཱུཾ་ལས་རྡོ་རྗེར་བྱས། །མིག་གཉིས་ཉི་ཟླ་འབར་བ་སྟེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས། །འཇིགས་མེད་བྱང་ཤར་མཚམས་སོང་ནས། ། ་དཀྱིལ་འཁོར་ས་གཞི་ལ་གནས་པའི། །ལྷ་དང་ལྷ་མིན་བགེགས་ཚོགས་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱང་འགས་ཤིང། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། །རྟ་མཆོག་སྔགས་དང་རྡོ་རྗེ་འགྲོས། །དཀྱིལ་འཁོར ་ལན་གསུམ་བསྐོར་བར་བྱ། །དེ་ནས་ཁྲོ་བོའི་ཕུར་པ་རྣམས། །ཀཱི་ལ་ཡ་ཞེས་བཏབ་ནས་ཀྱང། །ོཾ་ཀོ་ཊ་ཡིས་བརྡུང་བར་བྱ། །མེ་བྷི་སྔགས་ཀྱིས་བྱི་གྱིས་བརླབ། །ས་ཡི་ལྷ་དང་ལྷ་ཚོགས་རྣམས། །སྟ་གོན་གནས་པར་བྱ་བ་ནི། །ལྷ ་རྣམས་རྫོགས་པར་བསྐྱེད་པ་དང། །མཆོད་ཅིང་བསྟོང་དེ་སྔོས་ཐོགས་ལ། །བཅོམ་ལྡན་མགོན་པོ་ཆེ་དཔག་མེད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང། །རིག་པའི་ལྷ་མ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོ། ། ་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཁྱེད་རྣམས་ལ་ཡང་མཆོད་པ་དང། །སློབ་མ་རྣམས་ལ་ཕན་པའི་ཕྱིར། །རྡོ་རྗེ་ཅན་བདག་ཆེ་གེ་ཞེས། །དཀྱིལ་འཁོར་དམ་པ་བཞེངས་སུ་གསོལ། །རྗེས་སུ་བརྩེ་ཁར་ཉེར ་དགོངས་ནས། །སང་ནུབ་དགྱེས་པར་འབྱོན་པར་འཚལ། །དེ་ནས་ཕྱི་ནང་མཆོད་པས་མཆོད། །དཀྱིལ་འཁོར་ལྷག་པར་གནས་པའོ། །རིན་ཆེན་རྒྱུ་ལས་བྱུང་བ་ཡིས། །ལྟོ་ཆེ་མགྲིན་པ་རིང་བ་དང། །མཆུ་འཕྱང་ནག་པོ་ར་རི་མེད། །ལྷ ་གྲངས་མཉམ་པ་ལས་བུམ་དང། །རང་རང་ཕྱག་མཚན་རྫོགས་པར་བྱ། །ཧ་ས་དེ་བ་གསེར་དངུལ་དང། །མུ་ཏིག་མུ་མེན་གྱི་རུ་གཞུག་།ནས་ཏིལ་གྲོ་སྲིན་མུད་ཀ་དང། །ག་བུར་ཛ་ཏི་གུར་གུམ་མཆོག་།ཙན་དན་གཉིས་དང་ཨ་ཀ་རུ། ། མར་དང ་བུ་རམ་སྦྲང་རྩི་དང། །ལན་ཚ་རྣམས་ཀྱིས་ལྟོ་བ་དགང། །ཁ་ཚར་མ་ཉམས་རས་ཟུངས་ཀྱིས། །མགྲིན་པར་རབ་ཏུ་བརྒྱན་བ་དང། །ཁ་རྒྱན་དུ་ཤ་འབྲས་བུ་ཅན། །སྣ་ཚོགས་པདྨ་རས་ཀྱི་སྟེང། །ཡང་ན་ཀུ་ཤའི་གན་ལ་བཞུགས། ་བྷུཾ་ལས་བསྐྱེད་པའི་གཞལ་ཡས་ཁང། །ཆུ་སྐྱེས་ཉི་ཟླའི་གདན་སྟེངས་སུ། །ལྷ་རྣམས་རྫོགས་པའི་བསྐྱེད་པ་དང། །སྔགས་བཟླས་ཡེ་ཤེས་བདུད་རྩི་རྒྱུན། །བུམ་པ་གང་བར་བསམ་པ་དང། །ལྷ་རྣམས་རང་རང་བསྟོད་པ་བྱ། །ལས ་བུམ་རྟ་མགྲིན་བསྐྱེད་པ་དང། །སྔགས་བཟླས་བར་ཆད་བསྲུང་བར་དང། །ཤ་ལྔ་བདུད་རྩིའི་གཏོར་མས་མཆོད། །འདོད་པའི་དོན་ལ་གསོལ་བ་གདབ། །སློབ་མོ་ལྷག་པར་གནས་པ་ཡང། །སྙིམ་པ་མེ་ཏོག་དང་བཅས་པ། །སྐྱེ་རྒས་ན་འཆི་ན ་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། སྲིད་བའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་ཁྱོད་བདག་བསྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོར་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། ། ་དམ་ཚིག་དེ་ནི་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དེ་ནི་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །འོད་ཀྱིས་བུར་བྱས་སྡིག་པ་སྦྱངས། །བུ་ཚུར ་བེག་བ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་ཅན། །སངས་རྒྱས་དུས་གསུམ་འབྱུང་བ་རྣམས། །རྡོ་རྗེ་གསང་སྔགས་རབ་བསྒོམ ་ལས། །ཡེ་ཤེས་མཉམ་མེད་ཡང་དག་བསྙེས། །སྐྱོབ་པ་ཤཱཀྱ་སང་གེ་ཡིས། དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།དེ་ནས་རྡོ་རྗེ་སློབ ་ཡོན་གྱིས། །སྡིག་པ་བཤགས་པ་ལ་སོགས་ཀུན། །སྔོན་དུ་འགྲོ་བའི་ཆོ་ག་བྱ། །ཚེ་དཔག་མེད་པ་བདག་ལང་གོངས། །མ་ལུས་བཞུགས་པའི་བདེ་གཤེགས་རྣམས། །འདི་ཉིད་ནས་བཟུང་སངས་རྒྱས་པར། །བླ་མེད་བདག་ལ་གཟིགས ་པར་མཛོད། །དམ་ཚིག་སྡོམ་པ་བཟུང་བ་ནི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་བཟུང་བར་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་བདྲུང་བར་བྱ། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང ་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་བཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་རན། །ཡང་དག་ཉིད་དུ་བཟུང་བར ་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང། །རང་གི་དམ་ཚིག ་བསྲུང་བར་བགྱི། །བདག་གི་དགེ་བའི་ལས་ཀྱིས་ནི། །སངས་རྒྱས་མྱུར་དུ་བསྒྲུབ་བྱ་སྟེ། སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་སྒྲལ་བར་བགྱི། །གུས་པས་ལན་གསུམ་བརྗོད་པར་བྱ། །དཔྲལ་བ་མགྲིན་པ་སྙིང་ཁ་རུ། །དྲིའི་ཐེག ་ལེ་གསུམ་བྱས་ཏེ། །རྟ་བདུན་ཆུ་སྐྱེས་འཁོར་ལོའི་སྟེ། །ཐུགས་གསུང་སྐུ་ཡི་སྙིང་པོས་བརྒྱན། །རིགས་ཀྱི་ལྷ་ལས་འོད་འཕྲོས་བ། ཡེ་ཤེས་གཉིས་སུ་མེད་པར་བསྟིམ། །ཆུ་གཉིས་སྔོན་དུ་འགྲོ་བས་མཆོད། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །འཁོར་བའི་ཉེས ་བསམ་གོས་བར། །མཆོད་པ་ཀུན་དང་ལྡན་པར་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་། ཤྭརྠ་དང་བལ་ཤ། །ུ་དུ་ཝཱི་ར་ལ་སོགས་པ། །བཅུ་གཉིས་སོར་གྱི་ཚར་རྩམ་ལ། །རྩེ་མོར་མེ་ཏོག་གིས་བརྒྱན་ནས། །མཎྜལ་འདབ་བརྐྱན་རྣམ་ལྡས་བྱུང། ཤར་བལྗས ་དབུས་སུ་དོར་བ་ནི། །པདྨའི་ཕྱག་རྒྱ་དང་བཅས་པ། །སྟེང་དུ་མཆོག་གདིངས་གྲུབ་ཡིན། །ཕྱོགས་སུ་ཕྲིན་ལས་གྲུབ་པ་དང། །ཐུར་བལྟས་ས་འོག་འགྲུབ་པ་ཡིན། །མཚམས་སུ་འཛིན་ཏེ་དངོས་གྲུབ་པོས་དེ་ནས་སྐྱོར་ཆུ་སྦྱིན་པ་ནི། །ོཾ་ཧྲི(རྒྱུད་འགྲེལ་ཡཱ་བི་ཀ་ལྤ་ཨ་བན་ཡེ་ཧཱུཾ་ཞེས་པས་སྒོ་གསུམ་དག་སྦྱང་སྣས། །སྐུད་པ་དམར་པོ་སུམ་སྒྲིལ་ལ། །རྟ་མགྲིན་སྔཊ་ཀྱིས་བཅིང་བར་བྱ། །ཀུ་རག་གཅིང་མ་སྔས་དང་སྟན། །མ་ནོར་སེང་གེའི་ཉལ་སྟངས་བཞིན། །ཐུབ་པས་ཏིང་འཛིན་འགྲུབ་པ་ལྟར། མཚན་མ་གང་བྱུང་བརྗོད་པས་བྱ། །བཟང་ན ་དངོས་གྲུབ་སྒྲོས་བསྐྱེད། །ངན་ན་སྦྱིན་བསྲེག་གིས་ནི་བཟློག་།ཟབ་ཅིང་རྒྱ་ཆེའི་ཆོས་བཤད་ནི། །འཇིག་རྟེན་དུ་ནི་ཀུན་མཁྱེན་དང་ཨུ་དུམ་ཝཱ་རིའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག་།འབྱུང་དམ་ཡང་ན་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི ་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །བླ་མ་རྡོ་རྗེ་ཅན་མཆོད་ལ། །ནང་པར་ལངས་ཏེ་དཀྱིལ་འཁོར་ལ། །ནམ་མཁར་བཏེག་ཏེ་ཐིག་གང་བ་སྟེ། །བུ་མོ་གཙང་མ་སྡོམ་ལྡན་གྱིས། །རས་བལ་ལས་བྱུང་བཀལ་བ་དང། །ཡེ་ཤེས་ལྔ་འམ ་སྐུ་གསུང་ཐུགས། །ོཾ་ཨ་ནྱོ་ནཱ་ནུ་ག་ཏ་སརྦ་དྷརྨཱ་བརྗོད་ནས་བསྐྱིལ་བར་བྱ་བ་ནི། །པདྨ་སྣོད་དུ་བཞུག་ནས་རྐྱང། །མི་འཆི་ལྔ་ཡིས་སྤངས་བྱས་ལ། །བློ་ལྡན་ཡེ་ཤེས་བསྟིམ་བྱས་ནས། །ནམ་མཁར་ཡེ་ཤེས་ཇེ་ཇེས་གདབ། །སྒོ་ཡི་བཅུ་གཉིས ་ཆ་དད་ལྡན། །སྲིད་ཀྱང་ཁང་པ་ཉེས་འགྱུར་ལ། །ཚངས་པའི་ལས་ཐིག་དྲངས་བ་ལ། །ོཾ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཚངས་དང་ཟུར་ཐིག་ལ་སོགས་པ། །བསྟན་བཅོས་མཐོང་ཞིང་བློ་ལྡན་དེས། །ཆ་ནི་གང་ཡིན་རྣམ་པར་དབྱེ། ། ་གལ་ཏེ་ཉེས་པའི་འབྲས་བུ་ནི། །ཆད་ན་བླ་མའི་སྲོགས་ཡོ་ཞིང། །དམན་ལྷ་གནད་ཀྱིས་བཏབ་པར་འགྱུར། །ཕྱོགས་འཁྲུལ་སློབ་མ་རྨོངས་པར་འགྱུར། །བློ་ལྡན་ཉེས་པ་མེད་པར་བྱ། །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །དྲ་བ་དྲ་ཕ་ཕྱེད་པས ་བརྒྱན། །ཉི་ཟླ་དྲིལ་བུ་གཡེང་ཁས་སྤྲས། །ཕོ་བྲང་ཆུ་སྐྱེས་རིམ་པ་གཉིས། །མུ་ཁྱབ་པདྨའི་ཕྲེང་བ་དང། །ཁྱམས་དང་ཕྱི་རོལ་པ་པད་ང་དང། །རྡོ་རྗེ་རེར་ལ་སོགས་པ། །རྣམ་པ་མ་ལུས་རྫོགས་པར་བྱ། །རིན་ཆེན་ལྔ་དང་འཕྲུ་ཕྱེ་འམ། །པདྨའི ་སྣོད་དུ་སོ་སོར་བཞག་།ས་བོན་བྲིས་ལ་ཡེ་ཤེས་བསྟིམ། །སྐུ་གསུང་ཐུགས་ཀྱི་ཕྱིན་གྱིས་བརླབ། །སྡོན་པོ་སེང་པོ་དཀར་པོ་ལྗང། །དམར་པོ་འདི་ནི་ནང་དུ་འདོད། །གཡས་བསྐོར་རྒྱུན་མ་ཆད་པར་བྲི། །དབང་ལྡན་མཆེམས་སུ་བྲང་བ ་བྱ། །པདྨའི་སྣོད་ཀྱིས་སྟེང་ནས་བཀག་།འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཆེན་གྱི་ལས་ནི་ཡང་དག་བརྩམ། །མེ་ཏོག་དོར་ལ་མཚན་མ་བརྟག་།ཤར་སྔོ་ལྟོ ་སེར་ནུབ་དཀར་པོ། །བྱང་ཕྱོགས་ཨིནྡྲ་ནཱི་ལའི་མདོག་།པདྨ་ལྷ་སྣམ་དམར་པོའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ། །ཁྲུས་བྱས་དྲི་ཞིམ་ལུས་བྱུག་ནས། །གོས་བཟང་བརྒྱན་ལ་ལན་གསུམ་བསྐོར། །ཚེ ་དཔག་མེད་པའི་ང་རྒྱལ་གྱིས། །ཤད་གྱི་སྒོ་ནས་ནར་དུ་ཞུགས། །ཡིད་ཀྱིས་སྒོ་བཞི་དབྱེ་བར་བསམ། །ོཾ་བཛྲ་མུརྒྷ་ཊ། ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། རྣམ་རྒྱལ་ལ་སོགས་བུམ་པ་རྣམས། །གནས་དང་གོ་རིམ་བཞིན་དུ་དགོད། །སྣ ་ཚོགས་གོས་དང་རྒྱན་ཕྲེང་སོགས། །མཆོད་པའི་རྫས་ཀྱིས་ལེགས་པར་བརྒྱན། །དཀྱིལ་འཁོར་ལྷ་རྣམས་རྫོགས་པར་བསྐྱེད། །ཡེ་ཤེས་བསྟིམ་ལ་མཆོད་བསྟོད་བྱ། །ཚོགས་ཀྱི་འཁོར་ལོས་ཚིམ་པ་དང། །བར་ཆད་ཞི་ཕྱིར་ཤར ་ཕྱོགས་སུ། །ཞི་བའི་སྦྱིན་སྲེག་བྱ་བ་དང། །སློབ་མའི་ཆོ་ག་ཇི་ལྟ་བར། །སློབ་དཔོན་བདག་ཉིད་དབང་དང་ལྡན། །ཤར་གྱི་ཕྱོགས་ནས་འཇུག་པ་དང། །དེ་ནས་སློབ་མ་གཞུག་པའི་ཕྱིར། །ཁྲུས་བྱས་བགེགས་དང་སྡིག་པ་སྦྱང། ། ་གདོང་པ་རས་ཀྱིས་བཀབ་ནས་ནི། །བུ་ཁྱོད་སུ་ཡིན་ཅི་ལ་དགའ་། ། བདག་ནི་བསྐལ་བཟང་རིགས་ཡིན་ནོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡིས། །ལྷ་རྣམས ་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དེ་ནས་ཚིག་འདིས་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཚེ་དཔག་མེད་པའི་གྲོང་ཁྱེར་མཆོག་།སྙིང ་པོའི་དཀྱིལ་འཁོར་འདི་རུ་ནི། བདག་གིས་སློབ་མ་གཞུག་པར་བྱ། །ོཾ་ཨ་ཁཾ་བཱི་ར་ཏཱུཾ། མེ་ཏོག་ཕྲེང་བ་གཏད་པ་དང། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཏེ། ཨོཾ་ན་མ་ཏེ་ཧཱུཾ། ཨོཾ་ན་མ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱཧཱ། ཤར་ནས ་ཞུགས་ནས་ལྷོ་ནས་དབང། །ནུབ་ནས་ཆོས་བཤད་བྱས་ནས་ནི། །ཕྲིན་ལས་སྒྲུབས་པ་ལ་སོགས་པའི། །དོན་དུ་གསོལ་བ་གདབ་པ་ནི། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པ་ཐཱ་ན་ཡཱ་ཏ་མ་ནཾ། །ནི་རྱ་ཏཱ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭཱ་དྷི་ཏིཥ་སྭ་མཾ། །ོཾ ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཤེ་ཀ་ཏཱ་དམE་ནཱཾ་ནི་རྱཏཱ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏནཱ་བྷི་ཥཉྩི་མཾ་།ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བར་དྷ་ན་ཡཱདམཱ་ནཱི་ནི་རྱ་ཏཱ་ཡཱ་མི། སརྦ་ཏ་ཐཱ་ག་ཏཱ་བཛྲ་དྷརྨ་པྲ་ཝདྷ་ཡ་མཾ། སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ནཾ། ཨདམཱ་ནཱཾ་ན་??་??་ཡཱ ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀ་རྨ་ཀུ་རུ་མཾ། དམ་ཚིག་སྡོམ་པ་སྦྱིན་པ་དང། །རྣལ་འབྱོར་དུ་ནི་སེམས་བསྐྱེད་དོ། །ོཾ་སརྦ་ཡོ་ག་ཙ་ཏ་ཏཔེ་ཏ་ཡ་མི་།རྡོ་རྗེ་སྙིང་ཁར་བཞག་།ོཾ་སུ་ར་ཏེ་ས་མ་ཡ་སྟཝཾ། སིདྡྷི་བཛྲ་ཡ་ཐ་སུ་ཁཾ། དེབ་ཁྱོད་དེ་བཞིན་?? ་པ་ཐམས་ཅད་དང། ཚེ་དཔག་མེད་ཀྱི་དངོས་གྲུབ་ཐོབ། །དངོས་གྲུབ་གཞན་ལྟ་ཅི་སྨོས། །དཀྱིལ་འཁོར་མ་ཞུགས་མི་སྨྲའོ། །དམ་ཚིག་ཉམས་པར་གྱུར་ཏ་རེ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། །དམ་ཚིག་ཆེན ་པོའི་རྡོ་རྗེ་ཡིས། །རང་གི་མགོ་བོ་འགས་པར་འགྱུར། །ཚེ་དཔག་མེད་པ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག ་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་རྣམས། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །བཛྲོ་ཐ་ཀ་ཨོཾ་ཨཱ(རྒྱུད་འགྲེལ་ལྟུང་བར་གུར་ཏ་རེ། །དེ་ནས་སློབ་མའི་གཙོ་བོ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །ཚེ་དཔག་མེད་པ་དབབ་པར་མཛོད། །རྐང་མཐིལ་རླུང་གི་དཀྱིལ་འཁོར་ཛཧཻཾ། །སྙིང་ཁར་ལཾ་ལས་སའི་དཀྱིལ་འཁོར། །མགྲིན་པར་བཾ་ལས་ཆུའི་དཀྱིལ ་འཁོར། །སྤྱི་བོ་ཡཾ་ལས་རླུང་དང་ཧཾ། དེའི་སྤྱི་བོར་ཚེ་དཔག་མེད། །ཡབ་ཡུམ་འོད་ཀྱི་རང་བཞིན་ནི། །གར་བྱེད་སྐུ་ལས་ཡེ་ཤེས་ཀྱི། །བདུད་རྩི་བབས་ནས་སྐུ་ལ་ཐིམ། །ཟག་མེད་བདེ་བས་གང་བར་བསྒོམ། །ོཾ་ཧྲཱི(རྒྱུད་འགྲེལ་བཛྲ་ཛྙཱ་ན་ཨཱ་ཡུ་ཤེ་ཡ་བེ་ཤ་ཡ་ཨ་བྷེ་ཤ་ཡ་ཨ། སྟཝཾ་བཱ་ཡ། ར་ར་ར་ཙ་ལ་ཡ་ཧཱུཾ་ཨ་ཧ(རྒྱུད་འགྲེལ་ཨཱ(རྒྱུད་འགྲེལ་མཉེས་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག་།པྲ་ཏཱི་ཙྪ་བཛྲ་ཧོ(རྒྱུད་འགྲེལ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ོཾ་བཛྲ་ནེ་ཏྲ་ཡ་ཧ་ར་པ་ཏ་ལི་ཧྲཱི(རྒྱུད་འགྲེལ་ཕྱག་རྒྱས་བྱིན་གྱིས་བརླབ། །འགྲོ་དོན་ཕུན་ཚོགས་དངོས་གྲུབ་ཀྱང། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཅིང་དམ་ཚིག་སྲུངས། །གསངས་སྔགས་ལ་ཡང་བརྩོན་པར་གྱིས། །རིམ་གྱིས་རྣམ་པར་དག་པ་བསྟན། །དེ ་ནས་སླབ?་མ་དང་ལྡན་དེས། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཡོན་མཆོག་དམ་པ་འབུལ་བ་དང། །དབང་བསྐུར་དོན་དུ་གསོལ་བ་གདབ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་གཉིས་མེད་བདེ་ཆེན་སྐུ། ། ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་བ་ནི་བདག་ལ་གསོལ། །ལན་གསུམ་བརྗོད་ནས་ཤར་ཕྱོགས་སུ། །པདྨ་འདབ་བརྒྱད་ཁྲི་ལ་འདུག་།རྣམ་རྒྱལ་བུམ་པ་ལ་སོགས་ནས། །ཆུ་རྣམས་དུང་ཆོས་བུམ་པར་བསྡུས། །རྡོ་རྗེའི་གླུ་དང ་རོལ་མོའི་སྒྲ། །རིགས་ལྔ་རིག་མའི་ལྷ་མོ་དང། །བྱང་ཆུབ་སེམས་དཔའ་བཀྲ་ཤིས་བརྗོད། །ཁྲོ་བོ་རྣམས་ཀྱིས་བགེགས་བསྲུང་ངོ། །གསུང་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩིའི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། ། ་མི་བསྐྱོད་རྡོ་རྗེ་དབང་བསྐུར་རོ། །ོཾ་བཛྲཱ་དྷི་ཏིཥྛ་ཛྙཱ་ནཱ་བྷི་ཥིཉྩ་ཧཱུཾ། གསེར་ལ་སོགས་པའི་དབུ་རྒྱན་ལ། །རིན་འབྱུང་བསྐྱེད་ཅིང་ཡེ་ཤེས་བསྟིམ། །དར་དབྱངས་བཅིངས་ལ་ཚིག་འདི་བརྗོད། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། ། ་སངས་རྒྱས་ཀུན་གྱིས་རབ་བལྔགས་པའི། །རིན་ཆེན་དབུ་རྒྱན་དམ་པ་དང། །དར་དབྱངས་དབང་བསྐུར་སྦྱིན་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་རཏན་མུ་ཀུ་ཊཱ་བྷི་ཥིཉྩ་མཾ། རིན་ཆེན་ལ་སོགས་རྡོ་རྗེ་ལ། །སྣང་བ་མཛའ་ཡས་བསྐྱེད་ཅིང ་བསྙིམ། །སངས་རྒྱས་བཀུན་གྱིས་རྡོ་རྗེའི་དབང། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར་རོ། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང། །ོཾ་བཛྲཱ་དྷི་པ་ཏི་སྟཝཾ། ། བྷི་ཥིཉྩ་མཾ་དྲིལ་བུ་དོན་གྲུབ་བསྐྱེད་བྱས་ལ། །ཡེ་ཤེས ་བསྟིམ་ལ་ཚིག་དང་བརྗོད། །ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་མེད་བྱེད་པ་ཡི། །མཆོད་པའི་ཕྲིན་ལས་རྫོགས་བྱེད་པའི། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ོཾ་ཨ་བྷི་པ་ཏ་ཡ་ཨ་བྷི་ཥིཉྩ་མཾ། །སློབ་མ་ཨོཾ ་ལས་རྣམ་སྣང་བསྐྱེད། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་གཞོ་མ་བར་མི་ནུས་པའི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ཏ་མཾ། ། ་ཆུ་དང་ཅོད་པན་རྡོ་རྗེ་དང། །དྲིལ་བུ་དང་ནི་མིང་གི་དབང། རིག་པ་ཡི་ནི་དབང་ལྔའོ། །ཉོན་མོངས་ལྔ་ནི་རྣམ་དག་པས། །དབང་བསྐུར་ལྔ་ནི་ཐོབ་པ་ཡིན། །མ་རིག་པ་ལས་འདས་ནས་ཀྱང། །ཡེ་ཤེས་ལྔ་ནི་རིམས ་ཀྱིས་ཐོབ། །དེ་ནས་སྤྱི་བོ་མགྲིན་པ་དང། །སྙིང་ཁ་ལྟེ་བ་གསང་གནས་རྣམས། །འཁོར་ལོ་ལྔ་ཡིས་གནས་ཉིད་དུ། །རིགས་ལྔ་ཚེ་དཔག་མེད་རྣམས་ཀྱིས། །དབང་བསྐུར་ལྷ་རྣམས་ཡབ་ཡུམ་སྟེ། །འཆི་མེད་བྱང་ཆུབ་སེམས་སུ་རྒྱུས? ་རྩ་གསུམ་འཁོར་ལོ་ལྔ་རྣམས་གང། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །འཆི་མེད་རྡོ་རྗེའི་ལུས་སུ་གྱུར། །རྡོ་རྗེ་སེམས་དཔའ་ཨི་སྐུ་རུ་བསྒོམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་འདུག། ཁྱོད་ཀྱིས་ཀྱང་ནི་རྟག ་ཏུ་བཅད། །རྡོ་རྗེ་སེམས་དཔའ་ཨི་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷི་བཛྲ་ས་མ་ཡ་ཏིཥEེ?་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་སཏྲཝཾ་ཧ་ཧ་ཧཱུཾ་ཧཱུཾ། ཐོག་མཛའ་མེད་པའི་སེམས་དཔའ་ཨི་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན ་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་།དཔལ་མཆོག་དང་པོའི་སྐྱེས་བུའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ ་རྒྱལ་བ་བཞད། །སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་དངོས་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །མཆོག་གི་སྲིད་པ་བྱེད་པར་འགྱུར། །མཚན་མ་མེད་པར་འགྲོ་བའི་དོན། །གང་དག་བདག་གིས་བྱེད་ནུས་པས། ། ་བསྐྱོད?་མི་ལྡོག་པ་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་གསོལ། །ཤར་དུ་སེང་གེའི་ཁྲི་ལ་འདུག་།སྟེང་དུ་གདུགས་དཀར་ཕུབ་ནས་ཀྱང། །རྣམ་རྒྱལ་བུམ་པས་དབང་བསྐུར་ཏེ། །དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ ་ཡིས་ཕྱག་བྱས་ཏེ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་བཛྲ་བྷི་ཥེ་ཀ་ཏཱ་བྷི་ཥི་ཉྩ་མཾ། །དྲིལ་བུ་གླེགས་བཾ་ལག་ཏུ་གཏད། །ཕྲིན་ལས་ཐོགས་པ་མེད་པ་རྣམས། །བུ་ཡིས་གཞན་དོན་བླ་མེད་བྱོས། ། ་ཁྱོད་ནི་རྡོ་རྗེ་སློབ་དཔོན་ཡིན། །ཆོས་ཀྱིས་རྒྱལ་པོར་དབང་བསྐུར་རོ། །ལྷ་ཡི་སྙིང་པོ་ལན་གསུམ་བརྗོད། །མེ་ཏོག་ཕྲེང་བ་སྤྱི་བོར་བཞག་།བཅོམ་ལྡན་བདག་གིས་གཟུད་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །བཅོམ ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །འཇིག་རྟེན་ཁམས་ནི་མ་ལུས་པར། །སེམས་ཅན་མ་ལུས་དྲང་བའི་ཕྱིར། །ཆགས་པ་མེད་པའི་བསམ་པ་ཡིས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། ། ་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་རིགས་ཀྱིས་གང་འདུལ་བ། །ཁྱོད་ཀྱི་ཕྲིན་ལས་མཆོག་ཡིན་ནོ། །དེང་ནས་གཟུང་ནས་དབུ་ཁྱོད་ཀྱི། །ཞི་རྒྱས་དབང་དང་བསད་པ་དང། །དགུག་དང་བཅིང་དང་བསྲེག་པ་རང། །བསྐྲད ་དང་དབྱེ་བ་ལ་སོགས་པ། །ཕྲིན་ལས་སྣ་ཚོགས་གྲུབ་བར་གྱིས། །རལ་གྲི་མིག་སྨན་ས་འོག་དང། །མཆིལ་ལྷམ་དེ་བཞིན་རི་ལུ་སྟེ། །མི་སྣང་བཅུད་ལེན་མཁའ་ལ་སྦྱོད། །ཐུན་མོང་དངོས་གྲུབ་མ་ལུས་པ། །དེ་དག་ཁྱོད་ཀྱིས ་གྲུབ་པར་བྱ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་སལ་བལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ་ནཻ་ཏཱ་པ་ཏ་ར་ཕཊ་ལཾ་ཧྲཱི(རྒྱུད་འགྲེལ་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ཆོས་རྣམས་དེ་ལྟར་ཤེས་བར་གྱིས། །ཧོ(རྒྱུད་འགྲེལ་ལ་དྲི་ཡིས་བྱུགས་བྱས་ཏེ། །རྩེ་དང་རྒོད་པ་ལ་སོགས་པས། །ཐབས་དང་ཤེས་རབ་གཉིས་ཕབ་སྟེ། །ནོར་བུ་བྱང་ཆུབ་སེམས་ལྷུང་བས། །ཉ་ཕྱིས་དུང་ཆོས་ལ་སོགས་སུ། །དྲིར་བཅས་སློབ་མའི་ཁ་རུ་ནི། །མཐེ་?? ་སྲིན་ལག་དག་གིས་སྦྱིན། ། ཧོ་སུ་ཁས་དེ་བཏུང་ངོ། །ཟག་མེད་བདེ་ཆེན་ལུས་ལ་རྒྱས། །རྡོ་རྗེ་དེ་ཡིས་ཉོན་མོངས་འཇོམས། །མཚན་ལྡན་ཤེས་རབ་རང་བཞིན་ཏེ། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཛའ་ཡས་བདེ་བ་སྦྱིན་པ་མོ། རྣམ ་པ་ཀུན་དུ་ཕྱག་རྒྱ་ལོང། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཡོལ་བས་བར་ཆད་སྙོམས་འཇུག་གིས། །སྲུབ་དང་བསླབ་པའི་སྦྱོར་བ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ལྟོས་ཅིག་ལྟོས་ཅིག་སེམས་ལ་ལྟོས། །སེམས་ཉིད ་ཅིར་ཡང་གྲུབ་པ་མེད། །གསལ་གཞག་དགག་སྒྲུབ་གང་ཡང་མེད། །འདིས་ནི་རང་རིག་ཡེ་ཤེས་ཡིན། །བླ་མ་སྦྲུལ་བའི་སྐུར་བྱས་ཏེ། །ཆོས་གོས་བཟུང་ལ་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཛའ་ ་ནི་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏན། །འདི་ནི་དས་ཁྱོད་ལུང་བསྟན་ཡིན། །ོཾ་སརྦ་ཐཱ་ག་ཏ་སིད་དྷི་ས་མ་སྠཾ་བྷུར་བྷུ་བ་སྭ། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་བརྟན་པ་དང། །ངེས་ནི་བདུད ་ལས་རྣམ་རྒྱལ་ཞིང། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེང་བདག་སྐྱེ་བ་འབྲས་བུར་བཅས། །དེ་རིང་སངས་རྒྱས་སྲས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྟ་དང་གླང་པོ་མ་ཧེ་དང། །བུ་དང་ཆུང་མ་ལ་སོགས་འབྱིག། །ཕྱག་བྱ་བླ ་མ་དམ་པ་ལ། །བཞེན་སེམས་ཀྱིས་འབུལ་བར་བྱ། །དཀྱིལ་འཁོར་ལྷ་ཚོགས་མཆོད་བྱས་ཏེ། །ཚོགས་ཀྱི་རྣལ་འབྱོར་ཚིམ་བྱས་ནས། །བཀྲ་ཤིས་བརྗོད་ཅིང་སྨོས་ལམ་གདབ། །དགེ་བའི་རྩ་བར་བསྔོ་བ་དང། །རོལ་མོའི་སྒྲ་དང་བཅས་བྲ?་ཡི། ། ་རྡུལ་ཚོན་ཆུ་པོ་ཆེན་པོར་དོར། །དྲི་བཟང་གིས་ནི་ཐིག་ཕྱིས་ཏེ། །ལྷག་ཆད་བསྐང་ཕྱིར་སྦྱིན་བསྲེག་བྱས། ཆོ་ག་བཟང་པོ་ཡོངས་བཟུང་འདི། །རྩ་རྒྱུད་ལེའུ་འབུམ་པ་དང། །བཤད་རྒྱུད་འོད་ཟེར་དྲ་བ་ལ། །བརྟེན་ནས་གྲུབ་པའི་རྒྱལ་མེས? ་མཛད། །དེ་ཡི་དགེ་བ་གང་ཡོད་པ། །རིགས་དྲུག་སེམས་ཅན་མ་ལུས་པ། །ཚེ་དཔག་མེད་པའི་ལམ་ཞུགས་ནས། །དེ་ཡིས་འབྲས་བུ་མྱུར་ཐོབ་ཤོག། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ ་ཡོངས་བཟུང་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཟླ་བ་བཟང་པོ་དང། །བོད་ཀྱི་ལོཙྪ་བ་གླན་དར་མ་ཚུལ་བ་དང། །རོལ་མོའི་སྒྲ་དང་བཅས་བྲ?་ཡི། ། དཔག་ཏུ་མེད? ་