CLOSE WINDOW

N1785: bcom ldan 'das tshe dang ye shes dpag tu med pa'i dkyil 'khor gyi cho ga zhes bya ba
Wyliee-texts based on the ACIP/ALL Input

བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། བྷ་ག་བ་ཏྱ་པ་རི་ཏཱ་ཡུ་རྫྙཱ་ན་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དད་ལྡན་མགོན་ལ་གུས་པ་ཡིས། །ནགས་འདབ་ཆུ་གླིང་དགོན་པར་ནི། །རང་དང་སློབ་མའི་དོན་གྱི་ཕྱིར། །བསྙེན་པ་ས་ཆོག་སྟ་གོན་དང། །དཀྱིལ་འཁོར ་ཆེན་པོ་སྒྲུབ་པར་བྱ། །དེ་ལ་དང་པོ་བསྙེན་པ་ནི། །རབ་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་མཐོང་བ། འབྲིང་རྨི་ལམ་དུ་མཐོང་བ། ཐ་མ་ཡང་ལུང་བསྟན་ཐོབ་པའོ། །གྲངས་ཀྱི་བསྙེན་པ་འབུམ་ཚོ་བདུན་འབྲིང་གསུམ། ཐ་མ་འཁྲི་འམ་བླ་མའི ་རྗེས་གནོད་ཐོབ་པའོ། །སའི་ཆོ་ག་ནི་རྒྱུད་ལས། དཀྱིལ་འཁོར་ས་ནི་བརྟགས་བ་བླང་བུ་དང། །སྦྱང་བ་དང་བྱིན་བརླབས་གཟུང་བའོ། ཞེས་གསུངས་པས། ས་ཆོག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྟ་གོན་ལ་བཞི་སྟེ། ལྷ་སྟ ་གོན། བུམ་པ་སྟ་གོན། སའི་ལྷ་མོ་སྟ་གོན། །སྦྱིན་སྲེག་སྟ་གོན། སློབ་མ་སྟ་གོན་རྣམས་གཞན་བཞིན་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་བཤད་པར་བྱའོ། །དང་པོ་ནི་ཚོན་སྣ་ལྔའི་ཐི་གུ་རིགས་ལྔ་ཡབ་ཡུམ་དང་བཅས་པ། ་བདེ་སྟོང་དབྱེར་མེད་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནམ་མཁའ་ལ་དམ་ཚིག་གི་ཐིག་ཆེན་བརྒྱང་བཏབ་ལ། །མཆོད་བསྟོང་བྱས་ནས་སྟ་གོན་གྱི་ལྷ་དང་དབྱེར་མེད་དུ་བསམ་མོ། །དེ་ལྟར་ཡེ་ཤེས་ཀྱི་ཐིག་རི?། ་རྗེས་སུ་དམ་ཚིག་གི་ཐིག་གདབ་པ་ནི། སློབ་དཔོན་ཤར་དུ་ལྟ། སློབ་མ་ནུབ་ཏུ་ལྟ། ཚངས་ཐིག་དང་པོ་གདང། དེ་ནས་ལྷོ་བྱང་མཚམས་སུ་ཐིག་ཆེན་བརྒྱད་གདབ། །དེ་ལ་བཅུ་དྲུག་ཏུ་བགོས་ནས་གསུམ་པ་མན་ཆད་ལ་འདབ་བརྒྱད་ཕྱོཊ ་ཚོན་དབུས་དམར་པོའོ། །བཞི་པ་ཁྱམས་ལ་ཤར་དཀར་པོ་འམ་མཐིང་ཁ། ལྷོ་སེར་ནུབ་དམར་བྱང་ལྗང། །རྩིག་པ་ལྔ་དང་ལྡན་པ། འདོད་ཡོན་དམར་ཕ་གུ་སེར། དྲ་ཕྱེད་སྔོ་མདའ་ཡབ་དམར་བ་མཆོད་རྟེན་དང་ལྡན་པ། །རྟ་བབས་ཆེ་བཞི ་མཆོད་རྟེན་དུ་ཡོད་པའོ། །དེ་ཡང་རྡོ་རྗེ་མི་རི་རབ་ཏུ་འབར་བ་དང་བཅས་པ་བྲི་བར་བྱའོ། །དེ་ཡང་ཚོན་བྱིན་གྱིས་བརླབ་ལ་ནི། ཡབ་ཡུམ་བདེ་སྟོང་དབྱེར་མེད་དུ་བསམ་པའོ། །ཚོན་ལྔ་ཕྱོགས་བཞི་དང་དབུས་སུ་བཞག་ལ་ས་བོན་བྲིས ་ཏེ་རིགས་ལྡར་བསྐྱེད་ནས་མཆོད་བསྟོད་བྱས་ལ་བྲིའོ། །དེ་ཡང་ཤར་དུ་སློབ་དཔོན་གྱིས་པན་རག་སོར་བརྒྱད་བྲིས་ལ་པྲ་བརྟག་པར་བྱའོ། །དེ་ནས་སྐུ་ཙ་ཀ་ལི་འམ་མེ་ཏོག་ཆོ་མ་བུ་བཀོད་པའམ། ཕྱག་མཚན་རྣམས་བཀོད་པའོ། །དེ་ལྟར ་སླ་གསུང་ཐུགས་གང་བཀོད་པའི་རྗེས་ལ། གཙོ་བོའི་བུམ་པ་ཤར་ཕྱོགས་རྡོ་རྗེ་ར་བའི་ནད་དུའོ། །ལས་བུམ་ཤར་མེ་རིའི་སྟེང་དུ་བུམ་པ་རྒྱས་པར་དགོད་ན་གོང་བཞིན་ནོ། །དེ་ནས་མཆོད་པ་དང་གཏོར་མ་དང་འབྱོར་བའི་ཡོ་བྱང ་ཀྱས་དཀྱིལ་འཁོར་གྱི་མཛའ་མ་བསྐོར། །མངའ་དང་བུར་པ་དང་གྲི་བརྒྱད་ཕྱོགས་མཚམས་སུ་བཅུགས་ལ་སྟེང་འཁོར་ལོ་རྩིབས་བརྒྱད་ལ་ཕྱོགས་དྲ་མིག་ཏུ་ཡོད་པ་བྱའོ། །དེ་ནས་རང་ཉིད་བསྐྱེད་རྗོགས་ཇི་ལྟ་བ་བཞིན་དུ་བསྒོམ། དཀྱིལ་འཁོར ་དང་བུམ་པའི་ནང་དུ་ལྷ་ཚོགས་བསྐྱེད་ལ་སྒྲུབ་ཐབས་བཞིན་འཆི་མེད་ཡེ་ཤེས་བདུད་རྩིས་གང་བ་ལ་རང་གིས་དབང་བླང་བར་བྱའོ། །སློབ་མ་ལ་ཇི་ཙམ་བསྐུར་བ་དེ་རང་གིས་བླང་བར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གོས་སོ་དཀོན? ་ནས་ཡོལ་བའི་ཕྱི་རོལ་དུ་འཁོད་པ་ལ་བགོགས་བསྐྲད། །ཀྲི་ཡ་དཔུང་བཟང་ལྟར་གཏོར་མ་གཏང་ངོ། །དེ་ནས་སློབ་མ་རྣམས་ཕྱག་བྱས་ལ་མེ་ཏོག་དང་བཅས་པས། གོང་བཞིན་དུ་དགའ་ཆེན་ཁྱོད་བདག་སྟོན་པ་བས། གསལ་བ་ལན་གསུམ་གདབ ་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པ་ཡང་གོང་བཞིན་བྱས་ལ། །མེ་ཏོག་དང་བཅས་པས་ནི་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཐུབ་ཆེན་ཉི་མ་མ་ལུས་པ། །སངས་རྒྱས་རྣམས ་ནི?་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་ཡེ་ཤེས་སྤྱན་མངའ་བའི། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་།གསང་བ་ཆེན་པོས ་བརྫག?་པར་བགྱི། །གསང་བ་མཆོག་ཏུ་ཐམས་ཅད་དུ། །སློབ་དཔོན་གྱིས་ནི་བདག་འཇུག་འཚལ། །ཕྱིར་མི་ལྡོག་པར་དབང་བསྐུར་བའི། །སྐལ་པ་ཆེན་པོ་བདག་ལ་གསོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང། །དཔེ་བྱང་རྣམས་དང་ཡང ་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་པ། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དབང་བསྐུར་བ་ནི་རྨད་འབྱུང་ཆེ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །ཅེས་ལན ་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱི་སློབ་མ་ལ་དྲི་བ་ནི། །བཅོམ་ལྡན་ཚེ་དཔག་མེད་པ་ཡིས། །གསང་བ་ཆེན་པོར་རིགས་དག་པར། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱེད་འདོད་དམ། །སློབ་མས་འཚལ ་ལགས་ཞེས་བརྗོད་དོ། །དེ་ནས་རིགས་ཀྱི་སྡོམ་པའི་དམ་བསྒྲག་པ་ནི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་དེ་སངས་རྒྱས་རིགས་དག་བའི། །སྡོམ་པ་བརྟན་པར ་གྱུར་པ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བགྱི། །བྱང་ཆུབ་སེམས་གང་རྡོ་རྗེ་དེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཉིད་ཀྱང་བཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས ་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། ། ་དམ་བའི་ཆོས་ཀྱང་གཟུང་བར་བགྱི། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་བར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི ་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །སྤང་ཞིང་དོར་བར་མི་བྱ་སྟེ། །ཕས་ཕམ་པར་ནི་རབ་བཤད་དེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བླང་བར་བྱ། །གང་ཆོ ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་དོ། །འདོད་པ་ལོག་པར་མི་སྤྱད་ཅིང། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་སྟེ། །ཆང་ནི་ཡོངས ་སུ་སྤང་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང། །དམ་པ་ཉེ་བར་བསྟེན་བྱ་ཞིང། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །དག་གི་ལས་ནི་རྣམ་བཞི་དང། ་ཡིད་ཀྱི་ལས་ནི་རྣམ་གསུམ་པོ། །ཅི་ནུས་པར་ནི་རྣམ་པར་སྤོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད ་ནི་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་མཚོན་ཆ་བཞོན་པ་དང། །མཚན་མ་བགོམ་བར་མི་བྱ་ཞིང། །འདི་དག་དམ་ཚིག་ཡིན་པར་གསུངས། །འདི་ལས་རྟག་ཏུ་མི་འདའ་བར། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་གྱིས། །ཞེས་ལན་གསུམ་བརྗོད་པའི་ཚེ་སློབ ་མས་ཉན་པར་བྱའོ། །དེ་ནས་སློབ་མས་སྡོམ་པ་འདི་ལྟར་ཁས་བླང་བར་བྱ་སྟེ། །སློབ་དཔོན་དེང་འདིར་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་ལྟར་བདག་གིས་བགྱིད་བར་འཚལ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་རིགས་ལྔའི ་སྡོམ་པ་ཁས་བླང་བ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཅི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་པས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར ་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས ་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གི་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི ་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན ་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་ནང་གསང་བ ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ?? ་པ་དག་གི་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་སྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང། །སེམས་ཅན ་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སེམས་བསྐྱེད་པ་ནི། །སློབ་མ་སྐད་ཅིག་གིས། །དཔག་མེད་མགོན་པོར་བསྐྱེད་ལ། རྡོ་རྗེས་དྲིའི་ཐིག་ལེ་སྙིང་ཀར་བྱས་ལ། དེ་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས ་ཨོཾ་ཧྲཱི(རྒྱུད་འགྲེལ་ཐ་སུ་ཁཾ་ས་མ་ཡ་ཧོ། ཞེས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །དེ་ལྟར་སློབ་མ་ལྷར་བསྐྱེད་པ་དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། །མཆོད་པ་རྣམ་པ་ལྔ་དབུལ་བར་བྱའོ། །དེའི་རྗེས་ལ་སློབ་མ་དེ་རྣམས་ཤར་སྒོ་དང ་ལྷོ་སྒོ་ནུབ་སྒོ་བྱང་སྒོ་རྣམས་ནས་ཡིད་ཀྱིས་འཇུག་པར་བྱའོ། །དེ་ནས་སློབ་མ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་དམ་བསྒྲགས་པ་ནི། །སྙིང་ཁར་རྡོ་རྗེ་བཞག་ལ། །མི་ཡི་སྲིད་པ་ལེགས་ཐོབ་པས། །དུས་འདིར་སངས་རྒྱས་རིགས་སུ་??། ། ་ང་ཡི་ཡེ་ཤེས་དབང་ཐོབ་པས། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །གང་ཞིག་འདི་ཉིད་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག། གལ་ཏེ་སྨྲས་ན་དམ་ཚིག་ཉམས། །དེས་ན་མཆོག་ཏུ་གསང་བར་བགྱི། །ལན་ཅིག་བརྗོད་དོ། །དེ་ནས་ཡེ་ཤེས ་སེམས་དཔའ་ཨི་སྒོ་ནས་དམ་བསྒྲག་པ་ནི། །སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ནས་ཚེ་དཔག་མེད་ཏུ་བསམས་ནས་ལུས་ལ་བསྟིམ་ལ། །འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ། །གང་ལ་སྨྲས་ན་ཀླད་པ་འགེམས། །སྲོག་ལ་བབ་ཀྱང་མི་སྨྲའོ། །གསང་བས་དངོས ་གྲུབ་མཆོག་ཏུ་འགྱུར་ཞེས་བརྗོད་དོ། །དེ་ནས་དམ་ཚིག་གི་ཆུ་སྦྱིན་པ་ནི། སྦྲང་གི་ཆུ་དང་ཡབ་ཡུམ་ཞུ་བ་གཉིས་སུ་མེད་པར་བསམས་ནས་སློབ་མ་ལ་བྱིན་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །ཡེ་ཤེས་བདུད་རྩིའི་ཆུ་འདི་འཐུང། །ོཾ་ཧྲཱི(རྒྱུད་འགྲེལ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་འདི་སྐད་བཀའ་སྩལ་པ། །ཁྱོད་ཀྱིས་གུས་པས་ཉན་པར་གྱིས། །གལ་ཏེ་དེ་ལ་བརྙས་པ་ནས་སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མོས་དང་གུས་པ་མ་བྱས་ན། །བདུད་ཀྱིས་བཅོམ ་ནས་བ་མྱལ་བར་འགྲོ་།དེ་བས་དམ་ཚིག་གནས་པར་གྱིས། །དམ་ཚིག་དག་ལས་མི་འདའ་བ། །ཚེ་འདིར་སངས་རྒྱས་ཐོབ་པར་འགྱུར་ཞེས་བརྗོད་པར་བྱའོ། །དེ་ནས་གདོང་གཡོགས་ཨོཾ་ཨཱ(རྒྱུད་འགྲེལ་ནས་ལུས་ཀྱི་གཤིས་ནི་འདི་ལྟར་བྱ་སྟེ་།རྐང་པ་གཉིས་བཤིབས་ལ་ལངས་ནས་ཐལ་མོ་སྤྱི་བོར་སྦྱར་རླུང་བཟུང་ནས་ཡིད་ཀྱིས་གསོལ་བ་གདབ་པ་ནི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་འཁོར་དང་བཅས་པ་ཡིས། །བདག ་ཡེ་ཤེས་འབབ་ཏུ་གསོལ། །དུས་འདིར་བྱིན་གྱིས་བརླབ་པར་རིགས་།ཞེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ་འོད་དང་འོད་ཟེར་གྱི་??་བཞིན ་གར་བྱེད་པ་ལ་དམིགས་པ་བཏད་པ་དང་སྐུ་ལུས་ལས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ལྔ་བྱུང་ནས་ལུས་ལ་ཐིམ་པར་བསམ། །ཡང་ཡབ་ཀྱི་གཡས་སུ་གྲུབ་པའི་རྒྱལ་མོ་གཡས་ཌ་མ་རུ་གཡོན་ཐོད་པ་བསྣམས་པ། སྐུ་མདོག་སྨུག་ནག་དུས ་པའི་རྒྱན་ཅན་གར་བྱེད་པ་ལ་ཤེས་པ་གཏད་།གཡོན་དུ་བརྒྱུད་པ་རྣམས་བསམ། །དེ་ནས་སློབ་མ་ལུས་དམིགས་པ་དེ་རྣམས་བསྟན་ནས་རང་དང་སློབ་མས་མོས་གུས་བྱས་པ་དང། སྤྱི་བོའི་ལྷ་ཚོགས་རྣམས་གར་ཐབས་སུ་ལིང་ལིང་ལ་སྤྱི ་བོར་སིབ་སིབ་ཐིམ་པར་བསམས་ནས། རོལ་མོ་སྣ་ཚོགས་སྒྲོག་སྤོས་དཀར་ནས་དུད་པས་བདུག་ཅིང་དག་ཏུ། །ོཾ་ཧྲཱི(རྒྱུད་འགྲེལ་རོ། །དེའི་རྟགས་ནི་འཕར་བ་དང་འདར་བ་དང་གར་བྱེད་པ་དང། སཾ་སྐྲི་ཏའི་སྐད་དང་རྡོ་རྗེའི་གླུ་དང། །རྟོག་མེད་ཏིང་འཛིན་དཔག་མེད་འབྱུང་ངོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། ལས་ཀྱི་སློབ་དཔོན་གཅིག་གིས་རྡོ་རྗེ་ཐོགས་ལ་སློབ་མ་དཀྱིལ ་འཁོར་གྱི་ཤར་དུ་ཁྲིད་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདི??། །བདག་གིས་སློབ་མ་འཇུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །དངོས་གྲུབ་བསོད་ནམས་དེ་བཞིན་ཤོག་།ཅེས་བརྗོད་དོ། །དེ་ནས་མེ་ཏོག་ཐོགས་ལ། །སྔོན་ནས་བསྒྲུབ ་བའི་ཡི་དམ་ལྷ། །གང་ཡིན་དི་རིང་བདག་བསྙེན་བགྱི། །རིགས་དང་མཐུན་པའི་དངོས་གྲུབ་དང། །ལྷ་དང་མ་ནོར་མཇའ་བར་ཤོག་།ཅེས་མེ་ཏོག་དར་ལ་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་མིང་བདེ་ཆེན་འོད་དཔག་མེད་དང། མི་བསྐྱོད་ཚེ་དཔག ་མེད་དང། རིན་ཆེན་ཚེ་དཔག་མེད་དང། ལ་སོགས་པའི་རིགས་མཐུན་མིང་རྣམས་གདགས་པར་བྱའོ། །དེ་ནས་མེ་ཏོག་དེ་མགོ་ལ་བཅིངས་ནས་ཚེ་དཔག་མེད་ཏུ་བསམས་ནས། །ཕྱོགས་བཅུའི་སངས་རྒྱས་ཀྱིས་བྱིན་བརླབས། །མེ་ཏོག་འོད ་དཔག་མེད་པ་འདི། །སྟོབས་ཆེན་ཁྱོད་ཀྱིས་རབ་བཅིངས་པའི། །རིགས་ཀྱིས་བདག་པོར་དབང་བསྐུར་རོ། །ཞེས་པས་སྤྱི་བོར་གདགས་སོ། །དེ་ནས་གསེར་གྱི་ཐུས་མས་མིག་ཆེ་ལ། །ཚེ་དཔག་མེད་པས་དེར་ཁྱོད་ཀྱིས། །མིག་ནི་ཡང་དག་འབྱེད ་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར་།ཞེས་བརྗོད་ལ་གདོད་གཡོགས་དགྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ནས་དད་པ་རབ་ཏུ ་བསྐྱེད། །ཁྱོད་ནི་ཚེ་དཔག་རིགས་སུ་བསྐྱེད། །སྔགས་དང་ཕྱག་རྒྱའི་བྱིན་བརླབས་ཀྱིས། །འགྲོ་དོན་ཕུན་སུམ་ཚོགས་ཀུན་དང། །དངོས་གྲུབ་ཐམས་ཅད་སྔོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྲུང་བ་དང། །གསང་སྔགས་ལ་ཡང ་བརྩན་པར་གྱིས། །ཞེས་བརྗོད་ལ་དཀྱིལ་འཁོར་གྱི་རྣམ་དག་བསྟན། དེ་ནས་ཕུང་པོ་ལྔ་ཡབ་ལྔ་འབྱུང་བ་ལྔ་ཡུམ་ལྔ། ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དུ་ངོ་སྤྲད་བར་བྱའོ། །དེ་ནས་ཕྱག་བརྒྱ་བྱ་སྟེ་གླིང་བཞིས་བརྒྱན་པའི་མཎྜ་ལ་དང། ལུས ་ལོངས་སྤྱོད་གསེར་གྱིས་མཎྜལ་ཕུལ་ནས། །དབང་བསྐུར་བར་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་བདག་ལ་གསོལ། །གཙོ་བོ ་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་འཁོར་དང་བཅས་པ་ཡི། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་དེང་འདིར་བདག་ལ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་པོ། །དེ་ནས་དབང་བསྐུར་བ་ནི། །སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབ། ཁྲོ་བོ་ཐམས་ཅད་ཀྱིས་བར་ཆད་བསྲུང། མཆོད་བའི་ལྷ་མོ་ཐམས་ཅད་ཀྱིས་ཕྱི་ནང་གསང་གསུམ་གྱིས་མཆོད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀྲ་ཤིས་ཀྱི་ཚིགས ་སུ་བཅད་པ་བརྗོད་།རིགས་ཀྱི་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བར་བསམས་ལ། སློབ་མའི་སྤྱི་ཐོག་ཏུ་བུམ་པ་བཞག་ནས། །ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ན་མ(རྒྱུད་འགྲེལ་རྗེ་དབང་བསྐུར་ཆེན་པོ་སྦྱིན། ཞེས་པ་ནི་སྦྱིར་བསྐུར་བའོ། །དེ་ནས་རིགས་པའི་དབང་ལྔ་སྐུར་བ་ནི། །བུམ་པ་མི་བསྐྱོད་པར་བསྐྱེད་ལ་དགུག་གཞུག་བྱ། རང་དང་སློབ་མ་གཉིས་ཀ་མི་བསྐྱོད་པར་བསྐྱེད་ནས་དབང་བསྐུར་བ་ནི། །ཀུན ་གཞི་རྣམ་ཤེས་རྣམ་དག་པ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བཅོམ་ལྡན་མི་བསྐྱོད་པ་ཡིས་ནི། །བདུད་རྩིའི་ཆུ་རྒྱུན་དབང་བསྐུར་རོ། །ཞེས་བརྗོད་ནས་།ཆུ་རྒྱུན་སྤྱི་བོར་བླུགས་པས་ལུས་བདེ་བས་ཁྱབ་ཅིང། ཞེ་སྡང་ཐམས་ཅད་དག་ནས་མེ ་ལོང་ཡེ་ཤེས་རྒྱུད་ལ་སྐྱེས་བར་བསྒོམ་མོ། དེ་ནས་དབུ་རྒྱན་སྟོད་པའི་དང་ལས་རིན་འབྱུང་དུ་བསྐྱོད། ཡེ་ཤེས་པ་གཞུག། རང་དང་སློབ་མ་གཉིས་ཀ་ཡང་རིན་འབྱུང་དུ་བསམ། །དབུ་རྒྱན་དེ་སློབ་མའི་སྤྱི་བོར་བཞག་ལ། ཐོར་ཚུགས་ཅོད་པན་གྱིས ་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པ། །རིན་ཡེན་དག་གིས་དབུ་རྒྱན་དང། །དར་དབྱངས་དབང་བསྐུར་སྦྱིན་པར་བྱ། །ོཾ་རཏན་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པས། ང་རྒྱལ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ནོ། །དེ ་ནས་རྡོ་རྗེ་དང་རང་གི་སློབ་མ་སྣང་བ་མཛའ་ཡས་སུ་བསྐྱེད་ལ་རྡོ་རྗེ་མགོར་བཞག་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། ཞེས་དེ་ལག་པ་གཡས ་སུ་བྱིན་ལ། ཨོཾ་པདྨ་བཛྲ་ན་ཡ་ཧྲཱི་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་དོ། །དེ་དག་འདོད་ཆགས་དག་ནས། སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་ནས་དྲིལ་བུ་དང་སློབ་མ་དོན་ཡོད་གྲུབ་པར་བསྐྱེད་ལ། དྲིལ་བུ་མགོར་བཞག་ལ། །སངས་རྒྱས ་ཀུན་གྱི་དྲིལ་བུའི་དབང། །དེར་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོང། །ོཾ་ཏི་ཏ་ཡེ་ཨ་བྷི་ཥིཉྩ་མཱཾ། ཞེས་ལག་པ་གཡོན་དུ་སྦྱིན་ནོ། །དེས་ཕྲག་དོག་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད ་ལ་སྐྱེས་པར་བསྒོམ་མོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་རྣམ་པར་སྣང་མཛད་དུ་བསྐྱེད་།རང་དང་སློབ་མ་ཡང་དེ་བཞིན་དུ་བསམས་ནས་།རྡོ་རྗེ་དང་དྲིལ་བུ་ལྕེ་ཐོག་ཏུ་བཞག་ནས། །སངས་རྒྱས་ཀུན་གྱི་མིང་གི་དབང། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། ། ་སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །མིང་གི་དབང་འདི་ཁྱོད་ཀྱིས་ལོང། །ོཾ་བཛྲ་སཏྭ་ཡ་ཏྲཝཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་བརྗོད་པས། གཏི་མུག་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་དག་གིས་བྱེ་བྲག་ཏུ་རིག་པའི་དབང ་ལྔ?་བསྐུར་བ་བསྟན་ནོ། །དེ་ནས་ཁྱད་པར་དུ་འཆི་མེད་ཡེ་ཤེས་བདུད་རྩིའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་བཤད་པར་བྱ་སྟེ། དེ་ཡང་སློབ་མས་གསེར་གྱི་མཎྜལ་ཕུལ་ནས། གསོལ་བ་གདེབ་པ་ནི། བླ་མ་མགོན་པོ་ཚེ་དཔག་མེད། ། ་ལྷ་ཚོགས་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་བར་དགོངས་ནས་ཀྱང། །འཆི་མེད་ཚེ་ཡི་དབང་བསྐུར་གསོལ། ཞེས་གསོལ་བ་ལེན་གསུམ་གདབ་པོ། །དེ་ནས་དབང་བསྐུར་བ་ནི། གོང་བཞིན་དུ་སྤྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་དང། ཁྱད ་པར་དུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་བདུད་རྩིའི་རྒྱུན་བུམ་པ་བཀད་ནས་དབང་བསྐུར་བས། སྤྱིར་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་དང་།ཁྱད་པར་དུ་ཚེ་ཟད་པ་དང་ཉམས་པ་དང་འགྲིབས་པ་ཐམས ་ཅད་སངས་ཀྱིས་དག་པར་བསམས་ནས་།བུམ་པ་སྤྱི་ཐོག་ཏུ་གཞག་ལ་དབང་བསྐུར་བ་ནི། སོ་སོར་ཀུན་རྟོག་རང་བཞིན་གྱི། །བཅོམ་ལྡན་ཆོ་དཔག་མེད་པ་ནི། །སྐུ་མདོག་དམར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང། །བུམ ་པ་ཚེ་ཡི་བཀད་ནས་ཀྱང། །ཚེ་དབང་ཐམས་ཅད་བདག་ལ་གསོལ། །ོཾ་ཧྲཱི(རྒྱུད་འགྲེལ་རང་བཞིན་གྱི། །མི་བསྐྱོད་ཚེ་དཔག་མེད་པ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང། །བུམ་པ་ཚེ་ཡིས་བཀད་ནས་ཀྱང། །ཚེ་དབང་ཐམས་ཅད་བདག་ལ་གསོལ། །ོཾ་ཧཱུཾ་བྲུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱཧཱ། ་མཉམ་ཉིད་ཡེ་ཤེས་རང་བཞིན་གྱི། །རིན་འབྱུང་ཚེ་དཔག་མེད་པ་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང། །བུམ་པ་ཚེ་ཡིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་བདག་ལ་གསོལ། །ོཾ་སྭ་བྲུཾ་བཛྲ ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱཧཱ་།ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱི། །རྣམ་སྣང་ཚེ་དཔག་མེད་པ་ནི། །སྐུ་མདོག་དཀར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང། །བུམ་པ་ཚེ་ཡིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་བདག་ལ ་གསོལ། །ོཾ་བྲུཾ་བྲུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱཧཱ། བྱ་གྲུབ་ཡེ་ཤེས་རང་བཞིན་གྱི། །དོན་གྲུབ་ཚེ་དཔག་མེད་པ་ནི། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །འཆི་མེད་བདུད་རྩི་ཆུ་རྒྱུན་དང། །བུམ་པ་ཚེ་ཡིས་བཀད་ནས་ཀྱང། །ཚེ་དབང་ཐམས ་ཅད་བདག་ལ་གསོལ། །ོཾ་ཨ་བྲུཾ་བཛྲ་ཛྲཱ་ན་ཨཱ་ཡུ་ཥེ་སྭཱཧཱ། དེ་དག་གིས་ཕྱི་ཡབ་ལྔའི་སྒོ་ནས་དབང་བསྐུར་བ་བསྟན་ཏོ། །དེ་ནས་ཡུམ་གོས་དཀར་མོས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་ཆོ་ཉམས་པ་དང་འགིབས་ང་ཐམས ་ཅད་སངས་རྒྱས་ཀྱིས་ངག་ནས་ལུས་ཁྲུ་མ་ཕུས་བཏབ་པ་བཞིན་གྱུར་ཏོ། །དེ་ནས་བདུད་རྩི་རྐད་མཐིལ་ནས་ཡར་སྐྱ་མེ་རེ་རེ་བྱུང་ནས་སྤྱི་བར་སླེབ་པ་དང་རང་གི་ལུས་ཡེ་ཤེས་ཀྱི་ལུས་སུ་གྱུར་པར་བསམས་ལ་བུམ་པ་སྤྱི་བོར་བཞག་ནས། །འོད་དཔག ་ཡུམ་མཆོག་གོས་དཀར་མོ། །ཕྱག་ན་རཱ་གའི་བུམ་པ་བསྣམས། །ཚེ་དང་བདུད་རྩིའི་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་དེང་འདིར་གསོལ་།ོཾ་བྲུཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤཙི་ཏ་ཏེ་ཛོ་རཱ་ཛཱ་ཡ་སྭཱཧཱ། ཞེས་ཡུམ་ཐམས་ཅད་ལ ་དམིགས་པ་དང་སྔགས་གོང་བཞིན་ནོ། །མི་བསྐྱོད་ཡུམ་མཆོག་སངས་རྒྱས་སྤྱན། །ཕྱག་ན་ཤེལ་གྱི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀད་ནས་ཀྱང། །ཚེ་དབང་ཐམས་ཅད་དང་འདིར་གསོལ། །རིན་ཆེན་ཡུམ་མཆོག་མཱ་མ་ཀཱི། །ཕྱག ་ན་བཻཌཱུར་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་དེང་འདིར་གསོལ། །སྣང་མཛད་ཡུམ་མཆོག་དབྱིངས་ཕྱུག་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང ་ཐམས་ཅད་དང་འདིར་གསོལ། །དོན་གྲུབ་ཡུམ་མཆོག་དམ་ཚིག་སྒྲོལ། །ཕྱག་ན་ཨིནྡྲའི་བམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་འདིར་གསོལ་ཅིག། དེ་དག་གིས་ཡུམ་ལྔའི་དབང་བསྟན་ནོ། །དེ་ནས་སེམས ་དཔའ་བཅུ་དྲུག་གི་བཤད་པར་བྱ་སྟེ། ཤར་ཕྱོགས་ཀྱི་སེམས་དཔའ་བཞེས་དབང་བསྐུར་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། བུམ་པ་སྤྱི་ཐོག་ཏུ་བཞག་ནས་འདི་སྐད་བརྗོད་པར་བྱ་སྟེ། །ཤར་ཕྱོགས་མི་བསྐྱོད་སེམས་དཔའ་ ་བཞི། བཻ་ཌཱུར་སྔོན་པོའི་མདོག་འདྲ་བ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་ན་ཚེ་ཡི་བུམ་པ་འཛིན། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་འདིར་གསོལ་ཅིག་།སྔགས་ཇི་གཙོ་བོ ་མི་བསྐྱོད་པའོ། །ལྷོ་ཕྱོགས་རིན་ཆེན་སེམས་དཔའ་བཞི། །བཙོ་མ་གསེར་གྱི་མདོག་འདྲ་བ། །ཕྱག་གཡས་རིན་ཆེན་འབར་བ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད ་འདིར་གསོལ་ཅིག་།ནུབ་ཕྱོགས་པདྨའི་སེམས་དཔའ་བཞི། །པདྨ་རཱ་གའི་མདོག་འདྲ་བ། །ཕྱག་གཡས་ཆུ་སྐྱེས་འདབ་ལྔ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད ་འདིར་གསོལ་ཅིག་།བྱང་ཕྱོགས་འཕྲིན་ལས་སེམས་དཔའ་བཞི། །ིནྡྲ་ནཱི་ལའི་མདོག་འདྲ་བ། །ཕྱག་གཡས་རྡོ་རྗེ་རྒྱ་གྲམ་འཛིན། །གཡོན་པ་ཚེ་ཡི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་འདིར ་གསོལ་ཅིག་།དེ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་ཡིན་སྙམ་པའི་ངོས་ཤེས་བསྐྱེད་དོ། །དེས་ནི་གསང་བ་སེམས་དཔའ་བཅུ་དྲུག་གི་དབང་བསྟན་ཏོ། །དེ་ནས་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། རང་དང་སློབ་མའི་སྙིང་ཁར་ཧཱུཾ: ་དང་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་ལྷ་མོ་ལྕགས་ཀྱུ་མ་དཀར་མོ་གཅིག་ལས་བཅུ། བཅུ་ལས་བརྒྱ་ལ་སོགས་པ་མང་པོ་དཔག་ཏུ་མེད་པ་སྤྲོས་ནས་རང་གཞན་ཐམས་ཅད་ཀྱི་ནད་གདོན་ཞི་བའི་ལས་བྱས་ཁྱད་པར་དུ་ཤར ་དྲི་ཟའི་ལག་ནས་རང་གི་ཚེ་ཉམས་པ་འགྲིབས་པ་ཟད་པ་རྣམས་བཀུག་ནས་སློབ་མ་ལ་བསྟིམས་པས་ནད་གདོན་ཐམས་ཅད་ཞི་ནས་ཚེ་རྒྱས་པར་བསམས་ལ་སྤྱི་ཐོག་ཏུ་བུམ་པ་བཞག་ནས། །ཤར་ཕྱོགས་དཀར་མོ་ཞི་མཛད ་ལྷ། །དྲི་ཟའི་ལག་ནས་ཆེ་ཁུག་ལ། །ནད་དང་གདོན་རྣམས་ཞི་མཛད་པའི། །དབང་བསྐུར་དེང་འདིར་བདག་ལ་གསོལ། །ཛ་ཧཱུཾ(རྒྱུད་འགྲེལ་ཚེ་དང་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་བྱས་ཏེ། གཤིན་རྗེའི་ལག་ནས་ཚེ་བཀུག་ལ་བསྟིམ་ནས། །ལྷོ་ཕྱོགས་གསེར་མོ་རྒྱས་མཛད་མ། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །ཚེ་དང་ལོངས་སྤྱོད་རྒྱས་པ་ཡི། །དབང་བསྐུར་བདག་ལ ་དེང་འདིར་གསོལ། །ཡང་ས་བོན་དང་ནུབ་ནས་ལྕགས་སྒྲོག་མ་ནུབ་ཏུ་སྤྲོས་ཆུ་ལྷའི་ལག་ནས་ཚེ་ཁུག་ལ། སྲིད་གསུམ་དབང་དུ་བྱས་པར་བསམས་ནས། །ནུབ་ཕྱོགས་དམར་མོ་དབང་གི་ལྷ། །ཆུ་ལྷའི་ལག་ནས་ཚེ་ཁུག་ལ། །སྲིད་གསུམ་དང ་དུ་བསྡུས་མཛད་པའོ། །དབང་བསྐུར་དེར་འདིར་བདག་ལ་གསོལ། །ཡང་ས་བོན་དང་བྱང་ཕྱོགས་ནས་དྲིལ་བུ་མ་མང་པོ་སྤྲོས་ནས་ནད་གདོན་ཚང་གཅད་ནས། །གནོད་སྦྱིན་གྱི་ལག་ནས་ཚེ་བཀུག་ལ་བསྟིམ་ཏེ། །བྱང་ཕྱོགས་ལྗང་ཁུ་དྲག་པོའི་ལྟ། ། ་གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །ནད་གདོན་ཐམས་ཅད་ཚར་གཅོད་པའི། །དབང་བསྐུར་དེང་འདིར་བདག་ལ་གསོལ། །ངེས་ཡུམ་བཞི་པོ་ཉ་མོར་བྱས་ནས་དབང་བསྐུར་བའོ། །དེ་ལྟར་དབང་བཞི་པོ་དེ་རྣམས་བསྐུར་བས་ཉོན་མོངས་དག ་འཆི་བ་མེད་པའི་དངོས་གྲུབ་ཐོབ་པ་དེའི་དང་ལས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་བསམ་མོ། །དེ་ནས་དེ་ཉིད་བརྟན་པར་བྱ་ཞིང་དབང་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་བྱ་སྟེ། དེ་ཡང་བུམ་པ་སྤྱི་བོར་བཞག་སྟེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད། ། ་དེ་ལས་འོད་ཟེར་དམར་པོ་ལུས་ལ་ཐིམ་པས་འདོད་ཆགས་ངག་ནས་སོ་སོར་ཀུན་རྟོག་རྒྱུད་ལ་སྐྱེས་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམས་ནས། འདོད་ཆགས་རྣམ་པར་དག་ནས་ནི། །འོད་དཔག་མེད་པས་དབུ་བརྒྱན་ཏེ། །སོ ་སོར་ཀུན་རྟོག་དོན་རྟོགས་ནས། །མཛེས་ཤིང་པདྨའི་ལུས་ཐོབ་ཤོག་།ོཾ་ཧྲཱི(རྒྱུད་འགྲེལ་མེ་ལོང་ཡེ་ཤེས་སྐྱེས་ཏེ། མི་བསྐྱོད་པས་དབུ་བརྒྱན་པར་བསམས་ནས། ཞེ་སྡང་རྣམ་པར་དག་ནས་ནི། །བཅོམ་ལྡན་མི་བསྐྱོད་དབུ་བརྒྱན་ཏེ། །མེ་ལོང་ཡེ་ཤེས་དོན་རྟོགས་ཤིང། །འགྱུར་མེད་རྡོ་རྗེའི་ལུས་ཐོབ་ཤོག་།ོཾ་ཧཱུཾ་བྲཱུཾ་བཛྲ ་ཀ་ལ་ཤ་ཨ་བྷི་ཥི་ཉྩ་ཏུ་མཱཾ་ཡང་བུམ་པ་རྣ་བ་གཡས་ཀྱི་སྟེང་དུ་བཞག་ནས་རིན་འབྱུང་དུ་བསམ། དེའི་འོད་ཀྱིས་ང་རྒྱལ་དག་ནས་མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ། རིན་འབྱུང་གིས་དབུ་བརྒྱན་པར་བསམས་ནས། །ང་རྒྱལ་རྣམ་པར ་དག་ནས་ནི། །རིན་ཆེན་འབྱུང་ལྡན་དབུ་བརྒྱན་པས། །མཉམ་ཉིད་ཡེ་ཤེས་དོན་རྟོགས་ནས། །བདེ་ཆེན་ལྷུན་གྲུབ་དོན་རྟོགས་ཤོག་།ོཾ་ས་བྲུཾ་རཏན་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། །ཡང་ལག་པར་བུམ་པ་བཞག་ནས་རྣམ་པར་སྣང་མཛད་དུ་བསྐྱེད། ་དེའི་འོད་ཀྱིས་གཏི་མུག་དག་སྟེ་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས་དེས་དབུ་བརྒྱན་པར་བསམས་ནས། །གཏི་མུག་རྣམ་པར་དག་ནས་ནི། །སངས་རྒྱས་རིགས་ཀྱིས་དབུ་བརྒྱན་ཏེ། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ནས། །ཆོས་ཀྱི་འཁོར ་ལོ་བསྐོར་བར་ཤོག་།ོཾ་བྲུཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། །ཡང་རྣ་བ་གཡོན་པར་བུམ་པ་བཞག་།དོན་ཡོད་གྲུབ་པར་བསྐྱེད། དེའི་འོད་ཀྱིས་ཕྲག་དོག་དག་།བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེ། །དེ་དབུ་བརྒྱན་པར་བསམས་ནས། །ཕྲག ་དོག་རྣམ་པར་དག་ནས་ནི། །དོན་གྲུབ་རིགས་ཀྱིས་དབུ་བརྒྱན་ཏེ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ནས། །ཅི་བསམས་མ་ལུས་འགྲུབ་པར་ཤོག་།ོཾ་ཨ་བྲུཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། །ཞེས་རིགས་ལྔས་དབུ་བརྒྱན་པར་བསམས་ནས། བཀྲ ་ཤིས་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །བདག་ཁོ་ན་མགོན་པོ་ཚེ་དཔག་མེད་ཡིན་ཞིང། ཚེ་དཔག་མེད་ཁོ་ན་བདག་ཡིན་སྙམ་པའི་ང་རྒྱལ་བརྟན་པོས་གནས་པར་བྱའོ། །དེ་རྣམས་ཀྱིས་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་དབང་བསྟན ་ནོ། །དེ་ནས་རྗེས་གནང་བཤད་པར་བྱ་སྟེ་དང་པོ་གཙོ་བོ་ཡབ་ཡུམ་བསྟན་ནས་འདི་ཁོ་ན་ལྟར་ཡིད་ལ་བྱོས་ཤིག་བྱས་ལ། འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད ་ཀྱིས་ནམ་དུ་འང་མ་བྱེད་ཅིག་།ཅེས་བརྗོད། །སྔགས་ཀྱི་རྗེས་གནང་ནི། པདྨའི་ཕྲེང་བ་ལ་གཙོ་བོའི་སྔགས་བཟླས་སངས་ཏེ། བཅོམ་ལྡན་འདས་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་པས་གསོལ་བ་གདབ་པོ། །དེ་ནས ་སློབ་མས་ཕྲེང་བ་སྙིང་ཁར་བཟུང་སྟེ། །བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གཙོ་བོ་ཡབ་ཡུམ་འཁྲོ་དང་བཅས་པའི་སྔགས་ལ་ན་ལྡར་རྗེས་ཟློས་བྱའོ། ། དེ་ནས་མཆོད་པ་ཕྱི་ནང་གསང ་བ་གསུམ་དུ་གུས་པས་ཕུལ་ཅིག་ཅེས་པའི་རྗེས་སུ་གནང་བར་བྱའོ། །དེ་ནས་དམ་ཚིག་གསུམ་གྱི་དབང་བསྐུར་བར་བྱ་སྟེ། དེ་ཡང་སློབ་མ་དད་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་སེམས་དཔར་བསྐྱེད་དེ། གཞན་དོན་བསམ་པས། ཐོག་མ་མེད་པའི་སེམས ་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་།བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་རྡོ་རྗེ་ལག་པ་གཡས་སུ་གཏད་ངེ་སྙིང་ཁར་བཟུང་ནས་ཐུགས་གཉིས་སུ ་མེད་པའི་ཡེ་ཤེས་རྟོགས་པར་གྱིས་ཤིག་པའོ། །དེ་ནས་དྲིལ་བུ་སྣང་བ་མཛའ་ཡས་གསུང་གི་རང་བཞིན་དུ་བསྐྱེད་ནས། །སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག་།སྲིད་པའི་མཆོག ་ནི་བྱེད་པ་པོ། །སྒྲ་ཐམས་ཅད་ཆོས་ཀྱི་རང་སྒྲ་རྟོགས་པར་གྱིས་ཤིག་པའོ། །དེ་ནས་རང་གི་སྙིང་ཁར་གཙོ་བོ་ཡབ་ཡུམ་བསམས་ནས། །ཡི་དམ་གཟུགས་ནི་བརྟན་བྱའི་ཕྱིར། །དམ་ཚིག་ཕྱག་རྒྱ་རབ་ཏུ་བརྗོད་དམ ་ཚིག་འདི་ལ་རྟག་གནས་པས། །ལྷའི་སྦྱོར་བ་རབ་ཏུ་གྲགས། །ཞེས་པས་ལྷ་སྐུ་སྣང་སྟོང་སྒྱུ་མའི་སྐུར་བལྟ་བར་བྱའོ། །དེ་ནས་སྤྱི་དང་བྱེ་བྲག་གི་དབང་བཤད་པར་བྱ་སྟེ། །དང་པོ་སློབ་མ་སྐྱིལ་ཀྲུང་དུ་འདུག་པའི་རྐང་པའི་བར་དུ་ཆོས་ཀྱི་འཁོར་ལོ ་ལག་པ་གཡས་སུ་དུང། གཡོན་དུ་གླེགས་བཾ། སྟེང་དུ་གདུགས་ཕུབ་ལ། དེང་ནས་བརྩམས་ཏེ་སེམས་སྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དི་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུད་ནི་བླ་ན་མེད། ། ་ཀུན་ཏུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མ་ཟ་ཅིག་།དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག་།འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། ། ་རྡོ་རྗེ་འཛིན་པ་དེ་ཀུན་ཡང། །ཀུན་ཏུ་ཁྱོད་ལ་བསྲུང་བར་གྱིས་ཞེས་པའོ། །དེ་ནས་བྱེ་བྲག་ཏུ་བསྐུར་བ་ནི། །རང་དང་སློབ་མ་གཉིས་ཀ་རྣམ་སྣང་དུ་བསྐྱེད་ལ་རིགས་ལྔའི་སྒོ་ནས་དོན་བྱ་སྙམ་དུ་བསམས་ནས། །འཛིན་རྟེན་ཀུན་ལ་ཐམས་ཅད་དུ། ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣང་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལས་སངས་རྒྱས་ཀྱི་རིགས་ཀྱིས་གདུལ་བྱ་གཏི་མུག་ཅན་གྱི་དོན་བྱ་སྙམ་དུ་བསམ་མོ། །དེ་བཞིན་དུ་རྡོ་རྗེ་དང་ནོར་བུ་དང ་པདྨ་དང། །རྒྱ་གྲམ་པ་རྣམས་ཀྱིས་འཁོར་ལོ་བསྐོར་བ་རྣམས་ལ་ཆོག་གོང་བཞིན་སྤེལ་བར་བྱའོ། །དེ་ནས་རྫས་ཀྱི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང་ལུང་བསྟན་པ་ནི། ཁྱོད་ཀྱི་ཕུང་པོ་ལྔ་ཁམས་ལྔ་ཆེ་དཔག་མེད་ཡབ་ཡུམ་ཡིན་པའི་བདག་གིས ་ལུང་བསྟན་གྱིས། །དེང་འདིར་ངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་རང་བཞིན་རྣམས་དག་པས། །ལྷ་ཡི་འཁོར་ལོར་གནས་པའོ། །ཞེས་བརྗོད་པའོ། །དེ་ནས་གཟེངས་བསྟོད་པ་ནི། །ཡི་དམ་ལྷ་དང་མཉམ་པར་ནི། །དུས ་འདི་ཉིད་ནས་འགྱུར་བ་སྟེ། །དགའ་ཞིང་སྤྲོ་བ་ཆེན་པོ་ཡི། །ཕྱི་རོལ་མི་བསམས་ནང་དུའོ། །ཞེས་བརྗོད་དོ། །དེ་ནས་དབུགས་དབྱུང་བ་ནི། །བདེ་ཆེན་ཐེག་པ་འདི་ལ་ནི། །སླན་ཆད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པས། །ཅིས་ཀྱང་མི ་འཇིགས་དགའ་བར་གྱིས། །ཞེས་བརྗོད་དོ། །དེ་རྣམས་བརྟན་པའི་ཡན་ལག་ཏུ་བརྟུལ་ཞུགས་ཀྱི་དབང་སྦྱིན་པ་ནི། །སྦྲང་དང་བདུད་རྩི་བསྲེས་ལ། འཆི་མེད་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ལ་སློབ་མ་ལ་བྱིན་ཏེ། །འདི་ནི་འཆི་མེད་ཡེ་ཤེས ་ཆུ། །གང་གིས་རེག་དང་འཐུངས་པ་ཡིས། །མཆོག་དང་ཐུན་མོངས་དངོས་གྲུབ་ཀུན། །ཐམས་ཅད་ད་ལྟ་མངོན་དུ་འགྱུར། །བགེགས་དང་ལོག་འདྲེན་ཀུན་འཇོམས་ཤིང། །གཞན་གྱིས་རྫི་བར་མི་ནུས་པའི། །མི་ཤིགས་རྡོ་རྗེ་ཕ་ལམ་འགྱུར། །ལྷུན ་གྲུབ་བདེ་བ་ཆེན་པོའོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁྲོ་གྱི་ནུབ་ཕྱོགས་སུ་པདྨ་དམར་པོ་འདབ་པ་བརྒྱད་པའི་སྟེང་དུ་ཚེ་དཔག་མེད་ཡབ་ཡུམ་ཞལ་སྦྱོར་དུ་བསམ། །དེ་ལ་ཡེ་ཤེས་པ་གཞུག་སྐུ་གསུང་ཐུགས་བྱིན་གྱིས ་བརླ་བས་ནས། །མཆོད་པ་དང་བསྟོད་པ་བྱས་ནས་གསང་སྒྲུབ་ལྟར་ཟླས་པ་བྱས། །རང་ཡང་གཙོ་བོ་ཡབ་ཡུམ་དུ་བསམས་ནས་སྙོམས་འཇུག་བྱས་པས་བྱང་སེམས། དཀར་དམར་གསང་གནས་ནས་དོན། །ཡབ་ཡུམ་རྣམས་ཀྱང ་སྙོམས་འཇུག་བྱས་ནས་གང་གནས་བྱང་སེམས་དཀར་དམར་ན་རང་བྱུང་བར་བསམ། དེ་ནས་ཀ་པཱ་ལར་སྦྲང་དང་བུ་རམ་བདུད་རྩི་བསྤྲེས་ལ། །དེར་བྱང་སེམས་དཀར་དམར་བསྟིམས་པ་དང་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས ་དཀར་པོར་མེར་གྱིས་ཁེངས་པར་བསམ་མོ། །དེ་ནས་མནདལ་སྟེང་དུ་བླ་མ་དང་གཙོ་བོ་ཡབ་ཡུམ་གཉིས་ལྷ་མེད་པའི་གསད་གནས་ནས་སེམས་ཀྱི་རྒྱན་བྱུང་སྟེ། སློབ་མའི་ལྕེ་ཐོག་ཏུ་ཐིམ་པས་བདེ་སྟོང་གི་ཉམས་རྒྱུད་ལ ་སྐྱེས་པ་དང། ལུས་བྱང་སེམས་དམར་པོས་ཁེངས་པར་བསམས་ནས་ཀ་པཱ་ལའི་བདུད་རྩི་བྱིན་ལ། །ཕྱོགས་བཅུ་རྡོ་རྗེ་འཆང་རྣམས་ཀྱི། །གསང་བའི་གནས་ལས་བྱུང་བ་ཡི། །ང་ཡི་བྱང་ཆུབ་སེམས་ཀྱི་རྒྱུན། །དི་རིང་ཁྱོད་ལ་བསྐུར་བར་བྱ། ། ་ཞེས་བརྗོད་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་པདྨ་འདབ་མ་བརྒྱད་ཕྱོཊ་ཚོན་གྱི་སྟེང་དུ་སློབ་མ་ཡབ་ཡུམ་དུ་བསྐྱེད། དེ་ནས་ཡུམ་གོས་དཀར་མོ་དང་གཉིས་སུ་མེད་པའི་སྦྱོར་བ་བྱས་པས། ཡུམ་གྱི་བྱང་སེམས་མང་པོས་རྩ ་བསུམ་འཁོར་ལོ་རིམས་ཀྱིས་དམར་མེར་གྱིས་ཁེངས་པར་བསམས་ལ། །གཞོན་ནུ་ཡིད་འོང་བེད་བའི་མཆོག་།ཐེ་ཙོམ་སྤངས་ནས་བསྟེན་པར་བྱ། །བརྗོད་བྲལ་ལྷན་ཅིག་སྐྱེས་དགའ་བ། །དུས་འདི་ཉིད་དུ་མངོན་དུ་འགྱུར། །ཞེས་དངོས་སཾ། ་ཡིད་ཀྱིས་བསྟེན་པར་བྱའོ། །དེ་ནས་དབང་བཞི་པ་བྱང་དུ་རས་དཀར་པོའི་སྟེང་དུ་བསྐུར་བར་བྱའོ། །རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་གནས་བཞིར་ཚེ་དཔག་མེད་མཚོན་གང་ཙམ་ཞལ་སྦྱོར་དུ་བསམ། དེ་རྣམས་དམིགས་པ་མེད་པའི་དང ་ལས་གནས་པར་བྱ་སྟེ། དེ་ཡང་མ་བཅོས་པར་རང་གྲོལ་དུ་བཞག་ལ་ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གསལ་གཞག་དགག་སྒྲུབ་ཡ་ལུས་པ། །རང་གྲོལ་ཉིད་དུ་གནས་པའོ། །ཞེས་ཕྱག་རྒྱ་ཆེན ་པོའི་ངོ་སྤྲོད་ཀྱང་བྱ་།དུས་འདིར་རང་གྲོལ་ལྷུན་གྲུབ་ཏུ་རྟོགས་པར་འགྱུར་དོ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དབང་བཞི་བསྐུར་བའི་ཆོ་གའི་ལས་ཁྲིགས་འཆི་མེད་ཡེ་ཤེས་བདུད་རྩིའི་བུམ་པ་ཞེས་བྱ་བ། ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། །། *། །ཚེ་དཔག་མེད་ཀྱི་སྒྲུབ་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ་། པ་རི་མི་ཏཱ་ཡུརྫྙ་ན་སཱ་དྷ་ན་མ། བོད་སྐད་དུ། ཆོ ་