| Wylie | e-texts based on the ACIP/ALL Input |
སྒྲུབ་ཐབས། །གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ་ཡུ་རྫྙཱ་ན་སཱ་དྷ་ནཱ་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། མགོན་པོ་ཚེ་དང་ཡེ་ཤེས ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དད་བརྩོན་འགྲོ་རྣམས་བསྒྲལ་འདོད་པ། །བསོད་ནམས་ཚོགས་ནི་སྔོན་སོང་བས། །ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །རང་གི་སྙིང་ཁའི་ཧྲཱི(རྒྱུད་འགྲེལ་རྗེས་རང་སེམས་ཐིག་ལེ་དང། །ཧྲཱི(རྒྱུད་འགྲེལ་དམར་རྒྱན་མཛེས་བུམ་པ་བསྣམས། །ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཝཱི:། །དེ་ལས་བྷྲུཾ(རྒྱུད་འགྲེལ་བྱེད་དང། རྟ་བབས་མཆོད་རྟེན་ཡོངས་མཛེས་པ། །རྡོ་རྗེ་མེ་རི་དམར་སྨུག་འཁྲུག་།དང་ཞིང་ཐོགས་པ་མེད་པ་ཡི། །འོད་ཟེར་ཚོགས་འཁྲུག་བསྒོམ་པར་བྱ། །དེ་ཡང་ཧྲི(རྒྱུད་འགྲེལ་བརྒྱད་དུ་གྱུར་པར་བསྒེམ། །དེ་སྟེང་པཾ་ཨ་རཾ་ཆད་པས། །པང་ཟླ་རྟ་བདུན་དག་ཏུ་འགྱུར། །དེ་ཡི་སྟེང་དུ་ཧྲཱི(རྒྱུད་འགྲེལ་གཞོན་སྒེག་རྒྱན་གྱིས་མཛེས། །འགྲོ་རྣམས་རི་སྐོད་དཔག་བསམ་ཤིང། །བུམ་པའི་ཁ་བརྒྱན་ཐུགས་ཀར་འཛིན། །འགྱིད་བཅས་འོད་འཁྲུག་སྐྱིལ་ཀྲུང་བཞུགས། །དེ་ཡི་གཡོན་དུ་བོཾ་དང་ཨ། གྱུར་པས་ཟླ་བའི་གདན་སྟེངས་སུ། ། ལས ་ཡུམ་མཆོག་གོས་དཀར་མོ། །མཚལ་མདག་འགྱིད་བཅས་འཛུམ་ཞིང་སྒེག་།ཐུགས་ཀར་པདྨ་རཱ་ག་ཡི། །བུམ་པ་ཡོངས་སུ་འཛིན་པའོ། །ཤར་དུ་པདྨ་ཟླ་ཉི་མ་ཡི། །སྟེང་དུ་ཧཱུཾ་ལས་རྡོ་རྗེར་གྱུར། །དེ་ལས་མི་བསྐྱོད་ཚེ་དཔག་མེད། །བི་དུ་རྱ ་སྔོན་པོའི་མདོག་འདྲ་བ། །སྐྱིལ་ཀྲུང་དང་བཅས་བུམ་པ་འཛིན། །དེ་ཡི་གཡོན་དུ་པད་ཟླའི་སྟེང། །ས་ལས་ཡུམ་མཆོག་སངས་རྒྱས་སྤྱན། །མདོག་དཀར་ཕྱག་གཉིས་བུམ་པ་བསྣམས། །གཞོན་སྒྲེག་སྐྱིལ་ཀྲུང་བཞུགས་པའོ། །ལྷོ་རུ་པདྨ་ཉི ་སྟེངས་སུ། །སྭ་ལས་རིན་འབྱུང་ཚ་དཔག་མེད། །གཙོ་མ་གསེར་མདོག་སྐྱིལ་ཀྲུང་བཞུགས། །བུམ་འཛིན་རིན་ཆེན་རྒྱན་གྱིས་སྤས། །གཡོན་དུ་པད་ཟླ་ཏྲཾ་ཉིད་ལས། བྱུང་བའི་ཡུམ་མཚག་མཱ་མ་ཀཱི། །ནམ་མཁའ་ཨི་མདོག་ཅན་འཛུམ་སྒེག་མཛས?། ། ་བུམ་ལ་བསྣམས་ཤིང་སྐྱིལ་ཀྲུང་བཞུགས། །ནུབ་དུ་པང་རླ་ཉི་མ་ཡི། །སྟེང་དུ་བྷྲུཾ་ལས་འཁོར་ལོར་གྱུར། །དེ་ལས་སྣང་མཛད་ཚེ་དཔག་མེད། །དཀར་ཞིང་སྐྱིལ་ཀྲུང་བཞུགས་པའོ། །གཡོན་དུ་པད་ཟླ་མ་ལས་ནི། །དབྱིངས་ཕྱུག་མ་ནི་དུང་གི ་ཆད་དོ། །འགྱིང་བཅས་རིན་ཆེན་རྒྱན་གྱིས་སྒྲས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ངོ། །བྱང་ཆུབ་བར་ཟླ་རཾ་ཉི་ཡི། །སྟེང་དུ་ཨ་ལས་རྒྱ་གམ་པ། །དེ་ལས་དོན་གྲུབ་ཚེ་དཔག་མེད། །མདོག་ལྗང་བུམ་པ་སྐྱིལ་ཀྲུང་མཛེས། །གཡོན་དུ་པདྨ་ཟླ་བའི་སྟེང། ་ཏམ་ལས་དམ་ཚིག་སྒྲོལ་མ་ནི། །སྔ་ལྷང་སྣ་ཚོགས་རྒྱན་གྱིས་མཛེས། །ཐུགས་ཀར་བུམ་པ་འཛེན་པའོ། །ཤར་ཁྱམས་ཟླ་བའི་གདན་སྟེངས་སུ། །ཧཱུཾ་བཞི་རྡོ་རྗེ་བཞིར་གྱུར་པས། །རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི། །གཡས་པ་རང་རྟགས ་རྡོ་རྗེ་འཛིན། །གཡོན་པ་ཚེ་ཡི་བུམ་པ་འཛིན། །རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ལྷོ་ཕྱོགས་པདྨ་ཟཱ་བའི་སྟེང། ། ལས་རིན་ཆེན་འབར་བ་བཞིན། །རིན་ཆེན་རིགས་ཀྱི་སེམས་དཔར་གྱུར། ། ་གཡས་པ་རིན་ཆེན་གཡོན་པ་ན། །ཚེ་ཡི་བུམ་པ་ཐུགས་ཀར་འཛིན། །བཙོ་མ་གསེར་འདྲ་སྐྱིལ་ཀྲུང་བཞུགས། །ནུབ་ཏུ་པད་ཟླ་ཧྲཱི(རྒྱུད་འགྲེལ་རྟགས་པདྨ་བསྣམས། །གཡོན་པ་བུམ་འཛིན་རྒྱན་སྤྲས་ཤིང། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །བྱང་དུ་གང་ན་སྟེངས་ཨ་བཞི་ལས། །རྡོ་རྗེ་རྒྱ་གྲམ་ལས་བྱུང་བའི། །ལས་ཀྱི་སེམས་དཔའ་བཞི་རུ་གྱུར། །སྔོ་ལྗང་རྒྱ་གྲམ ་བུམ་པ་བསྣམས། །གཞོན་སྤེག་མཛེས་ཤིང་སྐྱིལ་ཀྲུང་བཞུགས། །འོད་ཟེར་ཚིགས་ཀྱིས་བསྐོར་བའོ། །ཤར་སྒྲོ་ཛ(རྒྱུད་འགྲེལ་ལྕགས་སྒྲགས་དམར། །བྱང་དུ་ཧོ(རྒྱུད་འགྲེལ་ན་ཕྱི་རེ་ཡི་དག་ཏུའོ། །གྲུ་ཆུལ་བཞི་ལ་མཆོད་པ་ཡི། །ལྷ་མོ་སྤྱི་དང་མཐུན་པར་བསམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་གནས་ནས་ཡེ་ཤེས་པ། །འདི་བརྗོད་སྤྱན་ནི་དྲང་བར་བྱ། །གདོད་ནས་རང་བཞིན་མཁའ་ལྟར ་དག་།ཐུགས་རྗེས་འཇའ་ཚོན་སྐུར་སྟོན་པའི། །བཅོམ་ལྡན་གསུང་མཆོ་ག་ཆེ་དཔག་མེད། །དང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །ཏིང་འཛིན་གཟུགས་བརྙན་དམ་པ་འདིར། །འགྲོ་བའི་དོན་ཕྱིར་སྦྱན་འདྲེན་ན། །ཚེ་ཟད་ཚེ་ཉམས་བསལ ་མཛད་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །རྡོ་རྗེ་རིན་ཆེན་པདྨ་དང། །ལས་ཀྱི་རིགས་མཆོག་ཚེ་དཔག་མེད། །རིགས་ཀྱི་ཡུམ་མཆོ་ག་ལྔ་དང་ནི། །མཆོད་པའི་ལྷ་མོ་རྣམ་བཞི་དང། །སེམས་དཔའ་བཅུ་དྲུག་སྒོམ་མང་བཅས། །རང ་བཞིན་བདེ་ཆེན་དཀྱིལ་འཁོར་ནས། །ཏིང་འཛིན་གཟུགས་བརྙན་དམ་པ་འདིར། །ཚེ་དང་ལོངས་སྤྱོད་རྒྱས་པ་དང། །ཐུགས་མཆོག་ཡེ་ཤེས་ཐོབ་བྱའི་ཕྱིར། །གནས་འདི་ཉིད་དུ་སྤྱན་འདྲེན་གྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཛ: ་ཧཱུཾ་བ་ཧོ(རྒྱུད་འགྲེལ་ལ་བྱ་བ་ནི། །ལྷ་རྣམས་ཐུཊ་ཀའི་བུམ་པའི་ནང། །ཧྲཱི(རྒྱུད་འགྲེལ་ཛྲཉ་མ་ཨཱ་ཡུ་ཥེ་སྭཱཧཱ། །ོཾ་ཨ་བྷྲུཾ་བཛན་ཛྙཱ་ན་ཨཱ་ཡུ་ཥེ་སྭཱཧཱ། །དེ་རྣམས་ཡབ་ཡུམ་སྙིང་པོའོ། །ཡུམ་གྱི་བུམ་པར་ཨ་པ་རི་མི་ཏ་བསམས་ལ་སྔགས་འདིས་བསྐོར། །ོཾ་བྷྲཱི་ཨ་པ་རི་མི་ཏ་ཨཱ་ཡུ་ཛྙཱ་ན་སུ་བི་ནི་ཥཅ་ཏྟི་ཏོ་ཛོ་རཱ་ཛཱ་ཡ་སྭཱཧཱ། །ཡུམ་ཆོག་ལྔ ་ཨེ་སྙིང་པོར་བརྫོག?། ཕྱོགས་བཞིའི་སེམས་དཔའ་བཅུ་དྲུག་པོ། །གཙོ་པོའི་སྔགས་རྣམས་བསྐོར་བར་བསམ། །ཛ(རྒྱུད་འགྲེལ་དམིགས་ནས་བཟླས་པ་བྱས་པ་ཡིས། །ཡིག་འབྲུ་རྣམས་ལ་བདུད་རྩིའི་རྒྱུན། །བྱུང་བས་བུམ་པ་ཁེངས་པར་བསམ། །བུམ་ནང་ཡེ་ཤེས་བདུང་རྩིའི་རྒྱུན། །རང་གི་གནས་གསུམ་ཐིམ་པ་ཡིས། །ལུས་ངག་ཡིད་བཞིན་ནད་གདོན་དང། །སྡིག་སྒྲིབ ་དག་ནས་དབང་བཞི་ཐོབ། །འཆི་མེད་དངོས་གྲུབ་ཐོབ་པར་བསམ། །དེ་ནས་རང་གི་སྔགས་བཟླས་པས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱང། །རང་རང་གསང་སྔགས་ཟློས་པར་བསམ། །རང་སྙིང་པོན ་ཤར་སྒོ་ནས། །ལྷ་མོ་དཀར་མོ་ལྕགས་ཀྱུ་ཐོགས། །དཔག་མེད་ཤར་དུ་སྤྲོས་པ་ཡིས། །ནང་གདོན་ཞི་བའི་ལས་བྱས་ནས། །དྲི་ཟའི་ལག་ནས་ཚེ་བཀུག་ལ། །རང་དང་བུམ་པར་བསྟིམ་པར་བྱ། །དེ་བཞིན་ལྷོ་ཡི་ཞགས་པ་མས། །ཚེ་དང ་ལོངས་སྤྱོད་རྒྱས་བྱས་ནས། །གཤིན་རྗེའི་ལག་ནས་ཚེ་བཀུག་སྟེ། །གོང་བཞིན་དུ་ནི་བསྟིམ་པར་བྱའོ། །ནུབ་ཀྱི་ལྕགས་སྒྲོགས་དམར་མོ་ཡིས། །སྲིད་གསུམ་མ་ལུས་དབང་བསྡུས་ཏེ། །ཆུ་ལྷའི་ལག་ནས་ཚེ་བཀུག་ལ། །བསྟིམ་ཞིང ་ཀླུ་གདོན་ངག་པར་བསམ། །བྱང་གི་དྲིལ་བུ་དགྱེས་མཛད་མས། །ནང་གདོན་ལོག་འདྲེན་ཆེར་བཅད་ནས། །གནོད་སྦྱིན་ལག་ནས་ཚེ་བཀུག་ལ། །གོང་བཞིན་དམིགས་པ་གསལ་བས་བསྟི་མ། །ཤར་ཕྱོགས་རྣམ་རྒྱལ་བུམ་པ་ནི། །རྫས་དང ་མགུལ་ཆིངས་ཁ་རྒྱན་བཅས། །ཕྱག་མཚན་བྲིས་ནས་གཞུག་པར་བྱ། །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་དི་གཞལ་ཡས་ཁང་དུ་བསམ། །གོང་བཞིན་བདུད་རྩིས་བུམ་པ་དགང། །དེ་ཡིས་རང་བཞིན་ཐམས་ཅད་ཀྱི། །ནད་གདོན་སྡིག ་སྒྲིབ་སངས་དག་ནས། །འཆི་མེད་དངོས་གྲུབ་ཐོབ་པར་བསམ། །ལས་བུམ་རྟ་མགྲིན་བསྐྱེད་པ་ཡང། །བགེགས་ཀྱི་སྟེང་དུ་བཞག་པར་བྱ། །དེ་ཡིས་རང་བཞིན་པར་ཆད་བསྲུང། །བདུད་རྩི་དཀར་དམར་ཁྲུས་བྱའོ། །དེ་ལྟར་རང་དོན་གཞན ་དོན་ལ། །མ་ཡེངས་བསྐྱེད་རིམ་གསལ་པོ་ཡིས། །ཟླ་བ་གཅིག་ཏུ་སྔགས་བཟླས་ནས། །རྟགས་རྫོགས་ཟླ་དྲུག་ཞལ་མཐོང་འགྱུར། །དེ་ཡང་རྒྱུན་དུ་ཉམས་ལེན་ན། །ཐ་ངའི་སྐང་ཀྱི་ས་མནོན་པ། །མདུན་དུ་གཙོ་བོ་ཡབ་ཡུམ་བསམ། ། ་གསོལ་བ་བཏབ་ལ་མཆོད་བསྟོང་བྱ། །བུམ་པ་དག་ལ་དམིགས་ནས་ནི། །གསང་སྔགས་ཉི་ཤུ་རྩ་གཅིག་བཟླས། །དེ་ཡིས་བདུད་རྩིའི་རྒྱུན་བྱུང་ནས། །རང་གི་སྤྱི་གཙུག་ཐིམ་པ་ཡིས། །ནད་གདོན་སྡིག་སྒྲིབ་སངས་དག་ནས། །བདུད་རྩིས་བར ་ལུས་ཁོངས་པ་ཡིས། །འཆི་མེད་ཚེ་ཡིས་དངོས་གྲུབ་ཐོབ། །ཚེ་དཔག་མེད་པར་གྱུར་པར་བསམ། །བརྟན་པའི་ཡན་ལག་སྔགས་བཟླས་སོ། །དེ་ཡི་ཚེ་ཚད་ཉི་ཟླར་འགྱུར། །ཚེ་ཉམས་ལ་སོགས་སྨོས་ཅི་དགོས། །གསངས་ནས་སྒྲུབ་པ ་རབ་ཏུ་བསྔགས། །དེ་ནས་གསང་སྒྲུབ་བཤང་པར་བྱ། །དཀྱིལ་འཁོར་གོང་དྲང་འདྲ་བ་ལས། །ཡབ་ལྔ་སྐུ་མངོག་འཚེར་ཞིང་དམར། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །བུམ་པ་ཐོད་པར་བཅས་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས ་པའོ། །ཡུམ་ལྔ་སྐུ་མདོག་འདྲ་བ་རང། །གཞོན་སྒེག་རྒྱན་མཛེས་སྐུ་ཤ་རྒྱས། །འཛུམ་ཞིང་ནུ་མ་འབུར་བ་ཡིས། །གཡས་པ་པདྨ་རྡོ་རྗེ་དང། །རིན་ཆེན་འཁོར་ལོ་རྒྱ་གྲམ་སྟེ། །གཡས་པ་རང་རྟགས་ཕྱག་མཚན་འཛིན། །གཡོན་པ ་ཐོང་པ་བདུད་རྩིས་བཀང། །ཡབ་ལ་སྟོབ་ཅིང་སྐྱིལ་ཀྲུང་འཁྲིལ། །ཡབ་ཀྱི་འོད་ཟེར་དམར་པའི་མདངས། །ཡབ་ཡུམ་འོད་ཟེར་ཚོགས་འཁྲུག་ཅིང། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །གཉིས་སུ་མེད་པའི་སྦྱོར་མཚམས་ནས། །བྱང ་སེམས་དཀར་དམར་བདུད་རྩི་རྒྱུན། །རང་གི་གནས་གསུམ་ཕོག་པ་ཡིས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག་།ཐུན་མོང་མ་ཡིན་དབང་བཞི་ཐོབ། །རང་ལུས་ཟག་མེད་བདེ་བ་རྒྱས། །ཡེ་ཤེས་ལུས་ལ་མགོན་པོར་བསྐྱེད། །ཤར ་གྱི་ཁྱམས་སུ་རྡོ་རྗེའི་རིགས། །ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ། །མདོག་དམར་ཕྱག་གཡས་རྡོ་རྗེ་བསྣམས། །གཡོན་པ་རཱ་གའི་བུམ་པ་འཛིན། །སྐུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་གློང་དཀྱིལ་ནས། །གཡས ་བསྐུམ་གཡོན་བརྐྱང་བཞེངས་པའོ། །ཡུམ་ཡང་མདོག་དམར་རྡོ་རྗེ་དང། །བུམ་པ་འཛིན་ཅིང་ཡབ་ལ་འཁྲིལ། །ཁྲོ་ཞིང་ཅུང་ཟད་སྒེག་པར་བསམ། །ལྷོ་ཕྱོགས་སུ་ནི་རིན་ཆེན་རིགས། །ཡབ་ཡུམ་གཡས་པ་རིན ་པོ་ཆེ། །གཡོན་པ་ཚེ་ཡི་བུམ་པའོ། །ནུབ་ཕྱོགས་བུ་དྡྷའི་ཁྲོ་བོ་ནི། །ཡབ་ཡུམ་གཡས་པ་འཁོར་ལོ་སྟེ། །གཡོན་པ་ཚེ་ཡི་བུམ་པའོ། །བྱང་ཕྱོགས་འཕྲིན་ལས་ཁྲོ་བོ་ནི། །ཡབ་ཡུམ་གཡས་པ་རྒྱ་གྲམ་བསྣམས། །གཡོན་པ་བུམ་པ ་འཛིན་པའོ། །དབུས་ཀྱི་སྟེང་དང་འོག་ཏུ་ནི། །ཁྲོ་བོ་ཡབ་ཡུམ་ཕྱག་གཡས་ནི། །པདྨ་འདབ་ལྔ་བསྣམས་པ་སྟེ། །གཡོན་པ་ཚེ་ཡི་བུམ་པའོ། །ཕྱོགས་བཞིང་ཁྲོ་བོ་གཉིས་གཉིས་བསྒོམ། །རྒྱན་དང་ཆ་ལུགས་སྐུ་མདོག་རྣམས། །ཤར ་ཕྱོགས་བཞིན་དུ་བསམ་པར་བྱ། །སྒོ་མ་བཞི་ནི་མདོག་དམར་ཞིང། །ཞལ་ནི་ཕྱིར་གཟིགས་ཁྲོ་མོའོ། །གཙོ་བོ་ལྔ་དང་ཁྲུས་ཆུ་ཡི། །བུམ་པ་དག་ལ་དམིགས་བྱས་ནས། །གསང་བའི་སྔགས་ནི་བཟླས་པར་བྱ། །ོཾ་ཧྲཱི(རྒྱུད་འགྲེལ་ཧོ(རྒྱུད་འགྲེལ་བརྗོད་དོ། །ཤར་དང་བྱང་ཤར་མཚམས་སུ་ནི། །བུམ་པ་ལྷ་རྣམས་གང་བཞིན་བསམ། །རང་དང་ལྷ་རྣམས་སྔགས་བཟླས་པས། །འཆི་མེད་བདུད་རྩིའི་བུམ་པ་ཁེངས། །རྗེས་སུ་ཆགས་རྣམས་ཞུ་བའི་ཆུས། །རང་གཞན་ཐམས་ཅད ་ཁྲུས་བྱའོ། །དེ་ཡིས་མཆོག་དང་ཐུན་མོང་གི་།དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར། །དེ་ནས་ཁོ་ན་ཉིད་འདི་བསྒྲུབ། །རང་ཉིད་མགོན་པོར་གསལ་བ་ཡི། །གསང་གནས་ཆོས་འབྱུང་གྲུ་གསུམ་དུ། །ཧྲཱི(རྒྱུད་འགྲེལ་རྣམས་ཐམས་ཅད་ཁེངས། །སྤྱི་བོའི་ཧཾ་བརྒྱད་ཞུ་བ་ལས། །བདེ་ཆེན་བདུད་རྩིའི་ཆུ་རྒྱུན་བབ། །རྩ་རྣམས་ཁེངས་པས་བདེ་བ་རྒྱས། །དྲོད་དང་བདེ་བའི་ཁྱད་པར་ཀུན། །སྟེང་འོག་རླུང་གི་གནང་ཤེས་བྱ། །རྟ་བདུན་རི་བོང་རྒྱས་བསྟན་ནས། ། ་མཐར་ཐུག་ལྷུན་གྲུབ་རྣམ་གསུམ་ཐོབ། །བཅུ་གསུམ་ས་རྣམས་རྫོགས་པར་འགྱུར། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲུབ་ཐབས། །ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། །། ་