| Wylie | e-texts based on the ACIP/ALL Input |
དེ་ལྟ། །ན་བར་པར་ནི་ཐོགས་པར་འཇིག་རྟེན་དབང་ཕྱུག་གི་སྐུར་འགྱུར་རོ། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱིའི་ཞལ་སྣ་ནས་འབྱུང་བ་བཞིན་བྲིས་པ་འདི་རྫོགས་སོ།། །།*། །ཀུ་ལ ་སོ་ཐ་པར??། །གསགས?་པ་སྦྱན་རས་གཟིགས་རིགས་ཀྱི་འཇིག་རྟེན་མགོན་པའི་རྗེས་གནང་གི་ཆོ་ག་ནི། གནས་དབེན་པར་མཎྜལ་འདབ་མ་བརྒྱད་བྱས་ལ། དེའི་དབུས་སུ་མཆོན་ཉིད་དང་ལྡན་པའི་བུམ་པ་བཤམས་ལ། གཞན་ཡང་ཇི ་ལྟར་འབྱོར་པའི་ཡོ་བྱད་སྟ་གོན་བྱས་ནས་སློབ་དཔོན་བདག་ཉིད་ཀྱིས་རྣལ་འབྱོར་རྣམས་རྫོག་བ་པར་བསྒོམ་སྟེ། སྔགས་ཅི་རིགས་པར་བཟླས་ལ། དེའི་རྗེས་ལ་བུམ་པ་ཆོ་ག་བཞིན་དུ་ལྟར་སྐྱེད་ལ། མཆོད ་བསྟོད་བཟླས་པ་རྣམས་རྫོགས་པར་བྱའོ། །དེ་ནས་སློབ་མ་ཁྲུས་བྱས་ནས། ཕྱག་དང་མཎྜལ་ཕུལ་ནས། དེ་ནས་དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་པ་ལ་སོགས་པས་གསོལ་བ་བཏབ་ནས། བུ་ཚུར་ཐེག་པ་ཆེན་པོ། །ཞེས ་པ་ལ་སོགས་པའི་སྔགས་ཀྱིས་ཐེག་པ་ལ་སྤྲོ་བ་བསྐྱེད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ལ་སོགས་པ་སྡིག་པ་བཤགས་པ་དང། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ལ་སོགས་པས ་རིགས་ལྔའི་ཁྱད་པར་གྱིས་དོམ་པ་སྦྱིན་པ་དང། དེ་རྣམས་མི་ཉམས་པར་བྱ་བའི་ཕྱིར། ཕན་ཡོན་དང། ཉེས་དམིགས་དང། མནའི་ཆུ་དང། རྡོ་རྗེ་སློབ་དཔོན་གྱི་བཀའ་མཉན་པའི་སྒོ་ནས་དམ་ལ་བཞག་།སྒྲུབ་པའི་ཐབས་ལྟར ་ཀློབ་མ་ལྟར་བསྐྱེད་ལ། ཨོཾ་ཨཱ(རྒྱུད་འགྲེལ་མཆོད་པ་དང། བསྙེན་བཀུར་ཚུལ་བཞིན་དུ་བྱེད་དུ་གཞུག་།དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །སློབ་མས། བླ་མ་ལ་ཡོན་ཕུལ་ཏེ། ཙ་རུའི་བཟའ་བ་ལ་ལོངས་སྤྱོད། ལྷག་མའི་བར་རྫོགས་པ་དང། བསྔོ་བ་དང ་བཟོད་གསོལ་དང་གཤེགས་སུ་གསོལ་བ་རྣམས་ཆོ་ག་བཞིན་བྱའོ། །དེ་ནས་ལས་ཀྱི་རྗེས་སུ་མངོན་པར་བསྡུས་ཏེ། བདག་ཉིད་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །ཀུ་ལ་ལོ་ཀ་ནཱ་ཐའི་བྱིན་བརླབས་དང་རྗེས་གནང་བྱ ་བའི་རིམ་པ་ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་བྲིས་པ་རྫོགས་སོ།། །།སངས་རྒྱས་ལྔ་ཡི་རྣམ་དག་པའི། །མ་རིག་པ་ཡི་རིམ་པ་ལས། །དབང་བསྐུར་བྱེད་པའི་རིམ་པ་ཡིས། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། ་ཞེས་རྡོ་རྗེ་ཕྲེང་བ་ལས་གསུངས་པས། མ་རིག་པ་ལྔ་བསལ་ནས་རིག་པ་ཡེ་ཤེས་ལྔ་རྟོགས་པར་བྱེད་པས་ན་རིག་པའི་དབང་ངོ། །ལོཙྪ་བ་བློ་བརྟན་གྱིས་བསྒྱུར་བའོ།། །།*། །རིགས་ཀྱི་འཇིག་རྟན་དབང་ཕྱུག་སྒྲུབ ་