CLOSE WINDOW

N1780: rigs kyi 'jig rten dbang phyug bsgom pa'i rim pa
Wyliee-texts based on the ACIP/ALL Input

ཀུ་ལ་ལོ་ཀ་ནཱ་ཐིའི་བྱིན་རླབས་དང་རྗེས་གནང་བྱ་བའི་རིམ་པ་ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱིའི་ཞིལ་སྔ་ནས་མཛད་བ་བཞུགས།། །།འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་ནི་།གནས་? ་པར་སྟན་བདེ་བ་ལ་སེམས་དཔའ་ཨི་སྐྱིལ་ཀྲུངས་སམ་ཇི་ལྟར་བདེ་བ་འདུག་ལ། སྐྱབས་སུ་འགྲོ་བ་དང། སྡུག་བསྣལ་བ་དུ་མས་གདུངས་པའི་སེམས་ཅན་འདི་རྣམས་ཀྱི་དོན་དུ། བདག་གིས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་སྙམ་དུ་བྱང་ཆུབ ་ཀྱི་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་གི་སྙིང་ཁར་བཾ་ལས་པདྨ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཡི་གེ་ཧྲཱི(རྒྱུད་འགྲེལ་?་གཙང་པའི་རྗས་སུམ་ཅུ་རྩ་གཉིས་ཀྱིས་གང་པ། སྙིང་པོ་མེད་པར་བསམ་བ་ལུས་རྗེས་སུ་དྲན་པ་དང། དེ་ལ་བརྟེན་པའི་སེམས་གཟུང་འཛིན་སྣ་ཚོགས་སུ་སྣང་བ་རོ་པོས་མ་གྲུབ་པར་བསམས་པ་སེམས་རྗེས་སུ་དྲན་པ་དང། དེ་དག་ལས་བྱུང ་?་བའི་འོད་བར་སྡུག་བཏང་སྙོམས་ཀྱིས་བསྡུས་པ་རྣམས་རང་བཞིན་གྱིས་མ་གྲུབ་པར་བསམ་པ་ཚོར་བ་རྗེས་སུ་དྲན་པ་དང། དེ་རྣམས་ཀྱིས་ཆོས་དང་བཞིན་གྱིས་སྤྲོས་པའི་མཛའ་དང་བྲལ་བར་བསམ་པ་ཅོས་རྗེས་སུ་དྲན་པ་རྣམས་བསྒོམ། དེའི ་རྗེས་སུ་འོད་ཟེར་རྣམས་པ་སྦུའི་བུ་གནས་ཕྱོགས་ཀུན་ཏུ་འཕྲོས་པ། མདུན་གྱི་ནམ་མཁར་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་དང་བཅས་པ་སྦྱན་དྲངས། དེ་ལ་ཡིད་ཀྱིས་ཕྱག་བྱ། །རང་གི་སྙིང་ཁའི་ས་བོན ་ལས་འཕྲེས་པའི་མཆོད་བའི་ལྷ་མོ་རྣམས་ཀྱིས་མཆོག། དེ་ནས་དཀོན་མཆོག་གསུམ་འཕང?་སྐྱབས་མཆི། སྡིག་བསང་སོ་སོར་བ་ཤགས། འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། ཞེས་དོན་དྲན་བཞིན་པས་བརྗོད། དེ་ནས་སེམས་ཅན ་ཐམས་ཅད་ལ་བྱམས་པ་དང། སྙིང་རྗེ་དང་དགའ་བ་བཏང་སྙོམས་ཏེ། ཚངས་པའི་གནས་བཞི་བསྒོམ། །དེའི་རྗེས་སུ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་བས་མཆོད་བྱའི་ཡུལ་རྣམས་དང་སྣེད་བཅུང་དཀྱིའ་ས། ། ་བསྡུས་པ་རྣམས་དང། རང་གི་ལུས་ཀྱིད་ས་བོན་ལ་ཐིམ་པར་བསམ། །དེ་ནས་ས་བོན་གྱི་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞན་དུ་བསམ་ལ། ཨོཾ་ཤཱུ་ནྱ་ཏྱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨ་ཧཾ། ཞེས་རིགས་དྲུག་གི་ང་རྒྱལ་བྱ། དེ་ནས ་པཾ་ལས་པདྨ་རོཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་གདེངས་པ་ཁ་དོག་ནག་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པར་བསམ། །དེ་ལས་འོད་ཟེར་དབང་པོ་དང་གཤིན་རྗེ་ལ་སོགས་པའི་ཕྱོགས་ཀུན་ཏུ་འཕྲོས་བས་བདུད་དང ་བགེགས་ལ་སོགས་པ་ཚར་བཅད་ནས། སླར་རྡོ་རྗེའི་ས་གཞིར་པ་དྲ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པར་གྱུར་པར་བསམ། དེའི་ནང་དུ་ཧཱུཾ་ཡོངས་སུ་གྱུར་བ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར ་པ་གདེངས་ཀ་གྱེན་དུ་ཕྱོགས་པ་བསྒོམ་།དེའི་ནང་དུ་པཾ་ལས་པདྨ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་པོའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་བ་བསམ། །དེ་ཡོངས་སུ་གྱུར་པ་ལས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་ཡུམ་དང་བཅས་པ་གཉིས་ཀ་འང་སྐུ་མདོག་དམར་པོ། །ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། ཕྱག་གཡས་ཀྱི་དང་པོ་ལྕགས་ཀྱུ། །གཉིས་པ་རིན་པོ་ཆེ་དང་མཆོ་ག ་སྦྱིན། གཡོན་གྱི་དང་པོ་ན་ཞགས་པ་དར་བཅས་པས་འཁྱུད་པ། གཉིས་པ་ན་པདྨ་དམར་པོ་འཛིན་པ། མུ་ཏིག་དང་ནོར་བུའི་ཚོགས་ཀྱིས་བརྒྱན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན་སེམས་དཔའ་ཨི་སྐྱིལ་ཀྲུངས་ཀྱིས་བཞུགས་པ། ་ཤིན་ཏུ་དགྱེས་པའི་ཉམས་དང་ལྡན་པ་བསྒོམ། །དེ་ནས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། རིགས་ཀྱི་འཇིག་རྟེན་དབང་ཕྱུག་མདུན་གྱི་ནམ་མཁར་སྦྱན་དྲངས། །མཆོད་རྣམས་ཀྱིས་མཆོད། །ཛ(རྒྱུད་འགྲེལ་གཉིས་སུ་མེད་པར་བསྟིམ་སླར་ཡང་ཐུགས་ཀར་ཡི་གེ་གསུམ་གྱི་སྔགས་བསམ། དེ་དག་ལས་འོད་ཟེར་འཕྲོས་པས། །དབང་གི་ལྷ་སྤྱན་དྲངས་མཆོད་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཉྩ་དུ་ཨཱཾ་ཞེས་དབང་བསྐུར་བར་གསོ་བ་གདབ། དེ ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པས་དབང་བསྐུར་བར་བསམ་ལ། ལྷའི་སྐུ་ལ་དམིགས་པའི་བསམ་གཏན་བྱ། དེ་ལས་སྐྱོ་ན་སྔགས་ཀྱི་བཟླས་པའི་ཐུགས་ཀ་ནས། ཧྲཱི་ཧཱུཾ་ཧཱུཾ(རྒྱུད་འགྲེལ་ཞལ་ནས་འཐོམ། ཡུམ་གྱི་ཞལ་དུ་ཞུགས་མཁའ་དང་གསར་བའི་རིམ་པ་བཞིན་བརྒྱུད་ནས་ཐུགས་ཐིམ་ཞིང་འཁོར་བ་ལ་དམིགས་ནས་སེམས་གཞན་དུ་མ་འཕྲོ་བར་བཟླས་པར་བྱ། ཐུན་མཚམས་སུ་མཆོད་པ་དང་གཏོར་མ་བཏང ་??། གཟམ?་བས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བར་བྱ། །རྫོགས་པའི་བསྒོམ་པ་ནི་ལྔ་བཅུ་པ་དང། དེ་ཉིད་ཀྱི་དོན་གྲུབ་མ་ཉི་མས་བླངས་པའི་སྒྲུབ་ཐབས་ལས་འབྱུང་བ་བཞིན་ཉམས་སུ་བླང་བར་བྱའོ།། །། ་དེ་ལྟ། །ན་བར་པར་ནི་ཐོགས་པར་འཇིག་རྟེན་དབང་ཕྱུག་གི་སྐུར་འགྱུར་རོ། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱིའི་ཞལ་སྣ་ནས་འབྱུང་བ་བཞིན་བྲིས་པ་འདི་རྫོགས་སོ།། །།*། །ཀུ་ལ ་