CLOSE WINDOW

N1779: lnga bcu pa'i bshad pa
Wyliee-texts based on the ACIP/ALL Input

ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།ལྔ་བཅུ་པའི་བཤད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། པཉྩ་ཤི་ཀཱ་ཊི་པི་ཎི། བོད་སྐད ་དུ། ལྔ་བཅུ་པའི་བཤད་པ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་སྐྱེ་བ་ལ་སོགས་འགྲོ་རྣམས་སྡུག་བསྔལ་མཛའ་དག་འདི་ཡིས་དང་པོར་བཅོམ། སླར་ཡང་དེ་རིང་དེ་བཞིན་མ་འོངས་རབ་གསལ་འཁོར་ལོ་གསུམ་ལ་ཁྱབ ་གྱུར་པ། །ཤེས་རབ་པདྨར་ཤར་བས་ལྷན་ཅིག་སྐྱེས་པའི་དགའ་བ་རབ་ཏུ་གསལ་གྱུར་པའི། །དྲི་མེད་འཇིག་རྟེན་མགོན་ལ་ཕྱག་འཆིལ་ནས་ནི་ལྔ་བཅུ་པ་ནི་རབ་བཤད་བྱ། །དེ་ནས་འདི་ནི་ཞེས་པ་ལ་སོགས་པའི་དེ་ནས་ཞེས་པའི་སྒྲ་ནི་གཞུང་རྩོམ་པ ་སྟེ། །དེའི་མཐར་ཞེས་རིག་པར་བྱའོ། །འདི་ནི་ཞེས་པ་ནི་འཆད་པར་འགྱུར་བའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོའི་སྔགས་རབ་ཏུ་བཤད་པར་བྱའོ། །ཞེས་འབྲེལ་ལོ། །དེ་བཞིན་དུ་རྣམ་པ་ནི་སྔགས་སོ། །མཆོག ་ཏུ་ཞེས་པ་ནི་དོན་དམ་པའི་བདེན་པའི་ངོ་བོ་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་དུ་གསང་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཡང་དག་རྨོངས་ཞེས་བ་ནི་འཇིག་རྟེན་པ་ནི་མུ་སྟེགས་པ ་རྣམས་སོ། །དེ་རྣམས་ཡང་དག་རྨོངས་པ་ནི་རང་གི་སྒྲུབ་པའི་མཛའ་ཨི་སེམས་མེད་པར་བྱེད་པ་སྟེ། དེའི་ཕྱིར་ཡང་གང་གི་ཡང་དག་རྨོངས་པར་འགྱུར་བ་ནི་དེའི་སེམས་པར་འགྱུར་བའོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། དེའི་ཡང་དག་རྨོངས་པའོ། །གང་གི ་ཕྱིར་རིགས་དང་རིགས་བྱུང་མངོན་བརྗོད་པ་ནི་འཆད་པར་འགྱུར་བའི་ཕྱིར་གང་ལས་མུ་སྟེགས་པའི་གྲུབ་མཛའ་ཨི་ཕྱིར། རིགས་དང་རིགས་ལས་བྱུང་བའི་རྣམ་པར་བཞག་པ་སྟེ། དེའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱིས་དེའི་ལུགས་ཀྱིས་དེ་བཞིན ་དུ་གདུལ་བྱར་གྱུར་པ་སྣ་ཚོགས་པའི་གདུལ་བྱ་འདུལ་བའི་ལུཊ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས། ཡང་དག་པའི་བཞེད་པས་སོ་ཞེས་སོ། །དེའི་ཕྱིར་གང་ལས་མུ་སྟེགས་པ་རྣམས་རིགས་དང་རིགས་ལས་བྱུང་བའི་སྒྲ་ཐོས་ནས་དེ་ལས་འདིར་བཅོས ་ལ་དད་པ་སྐྱེ་བར་འགྱུར་ཞིང། །དད་པ་ལས་མན་ངག་ལ་རབ་ཏུ་འཇུག་པར་འགྱུར་ཏེ། །བདག་ཉིད་ཆེན་པོའི་ཁྱད་པར་ཡོངས་སུ་ཤེས་ནས་རང་གི་གྲུབ་པའི་མཛའ་ལོག་བར་ལྟ་བ་ཡོངས་སུ་སྤངས་ཏེ་ཡང་དག་བའི་ཚུལ་བདེ་བར་གཤེགས་པའི་ལམ་ལ ་རབ་ཏུ་ཞུགས་པར་གྱུར་ནས། བྱང་ཆུབ་ཆེན་པོའི་ཚོགས་སོགས་པར་འགྱུར་ཏེ། དེ་ཉིད་བཅོམ་ལྡན་འདས་ཀྱིས་འདུལ་བའི་ཐབས་སོ། །དེའི་ཕྱིར་རིགས་དང་རིགས་བྱུང་མངོན་བརྗོད་པས། །འཇིག་རྟེན་ཡང་དག་རྨོངས་པ་ཉིད་ནི་སྔགས་ཏེ། རིགས་ཀྱི ་འཇིག་རྟེན་མགོན་པོའི་ངོ་བོ་ཉིད་ཀྱིས། །བཤད་པར་བྱའོ་ཞེས་པ་ནི་འབྲེལ་བའོ། །འདི་ནི་དྲང་བའི་དོན་ནོ། །ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ། སྔགས་ནི་མནྟྲ་ཞེས་པ་སྟེ་སྐྱོབ་པར་འགྱུར་བའི་ཕྱིར་མནྟྲ་ཞེས་བརྗོད་དོ། །བྱང་ཆུབ་ཀྱི་སེམས་ཀྱི ་ཐིག་ལེ་ལྷན་ཅིག་སྐྱེས་བའི་དགའ་བའི་རང་བཞིན་ནི་སྔགས་སོ། །རབ་བཤད་བྱ་ནི་མངོན་སུམ་དུ་བྱ་བའོ། །དེའི་ཕྱིར་ཡང་ན་ཐིག་ལེ་ལྷན་ཅིག་སྐྱེས་པའི་ངོ་བོའོ། ། ཐཱའི་ཨ་ཡིག་བཅོམ་ལྡན་འདས་མ་ཤེས་རབ་སྟེ། དེའི་ཕྱིར་ཕུལ་དུ་བྱུང་བའི་ཤེས་པ་ནི་ཤེས ་རབ་སྟེ། ཤེས་རབ་འདི་ཡང་ཕུལ་དུ་བྱུང་བའི་ཡེ་ཤེས་བདག་མེད་པའི་ངོ་བོ་རང་བཞིན་མེད་པ་ཞེས་བཤད་དོ། །ཡང་ན་ཨའི་ཡི་གེ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱའོ། །ཐ་ཡིག་ནི་བཅོམ་ལྡན་འདས་ཉིད་དེ་ཐབས་སོ། །ཅིའི་ཕྱིར་གསུངས་ན། ཐབས་དང ་ཤེས་རབ་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ནོ། །ཐིག་ལེ་ཁུ་བའི་ཚུལ་གྱི་ཐབས་ཀྱིས་ངོ་བོ་ཉིད་དོ། །འདིར་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །འདི་ནི་ཞེས་པའི་ཨ་ཡིག་ནི་དབང་ཕྱུག་གོ་།དམ་པ་ཨི་དམ་ཞེས་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཀྱི་མཚན་ཉིད་དབང་ཕྱུག་སྟེ། དཾ་མ་ནི་སྟེར་བར་བྱེད་པའི་ཕྱིར་རོ། །ི་དམ་ནི་འདི་ནའོ། །པ་ར་མཾ་ཞེས་པའི་པཾ་ནི་པདྨ། དེ་ལས་རྩེ་བར་བྱེད་དེ། ར་མི་ཀྲ་ཌཱ་ཡཾ་ཞེས་པའི་ཁམས་ལས་ཤེས་རབ་སྐྱེ??་ཆོག ་འབྱུང་དུ་རོལ་པའོ། །དེའི་ཕྱིར་གསང་བ་ནི་གསང་བའི་འཁོར་ལོ་ལ་གནས་པ་ཉིད་དོ། །འཇིག་རྟེན་ཡང་དག་རྨོངས་པ་ཞེས་པའི་འཇིག་རྟེན་གྱི་སྒྲ་ནི་དབང་པོ་རྣམས་སོ། །དེ་རྣམས་ཡང་དག་པར་རྨོངས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཐོབ ་པའི་མཐར་དབང་པོ་རྣམས་འགག་པའི་ཕྱིར་རོ། །མཆོག་ཅེས་པ་ནི་རབ་ཏུའོ། །རིགས་དང་རིགས་བྱུང་མངོན་བརྗོད་པས་རིགས་ཀྱི་སྒྲས་འབྱུང་བ་ཆེན་པོ་ལྔར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོའོ། །དེ་ལས་བྱུང་བའི་ཕྱིར་རིཊ ་ལས་བྱུང་བའོ། །དེའི་ཕྱིར་རྡོ་རྗེ་དང་པདྨ་སྦྱར་བ་ལས་སྲ་བར་གྱུར་པའི་སྲ་བ་ནི་སའི་ངོ་བོར་བྱུང་བའི་རྣམ་པར་སྣང་མཛད་ཉིད་དོ། །དེའི་རྗེས་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཡང་ཁུ་བའི་ངོ་བོ་ཉིད་ཆུའི་ཁམས་ཀྱི་ངོ་བོ་མི་བསྐྱོད་པའི ་ངོ་བོ་ཉིད་དོ། །རྡོ་རྗེ་དང་པདྨ་གཉིས་པོ་ཡང་དག་པར་སྦྱར་བ་ལས་མེ་སྐྱེ་བར་འགྱུར་ཏེ་ཆགས་པའི་མེ་ལས་སྐྱེས་པའོ། །དེ་ཡང་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དོ། །དེ་ནས་ཤེས་རབ་ཀྱི་ཆོས་འབྱུང་དུ་བྱང་ཆུབ་ཀྱི་སེམས་ཡང་དག ་པར་འབབ་པ་དེ་ནི་རླུང་གི་དབང་ལས་སོ། །རླུང་ཡང་དོན་ཡོད་གྲུབ་པའི་ངོ་བོ་ཉིད་དོ། །དེ་ནས་ཡང་ཤིན་ཏུ་དགའ་བའི་མཚན་ཉིད་ཆགས་པ་ཡང་དག་པར་སྐྱེས་པའི་བདེ་བ་ལ་ཆགས་པ་ནི་ནམ་མཁའ་ཨི་ངོ་བོ་ཉིད་དེ། དེ་ཡང་རིན་ཆེན་དབང ་པོའི་ངོ་བོ་ཉིད་དོ། །དེ་ཉིད་འབྱུང་བ་ཆེན་པོ་ལྔའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་རྣམས་སུ་འགྱུར་པའི་ཕྱིར་རོ། །དེའི་རིགས་མངོན་པར་བརྗོད་པའི་སྒྲས་རིགས་ཀྱི་འཇིག་རྟེན་མགོན་པོའི་ངོ་བོ་ལྷན་ཅིག་སྐྱེས་པའི་དགའ་བའི་?? ་བཞིན་བཤད་པར་བྱའོ། །དམ་ཚིག་སྤྱོད་བཞེས?་ལ་སོགས་པའི་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཡིས་ལྷན་ཅིག་སྤྱོད་པ་ནི་སྦྱོར་བའོ། །དེ་རྣམས་དང་ངེས་པར་བྲལ་བ་སྟེ། འདིར་དམ་ཚིག་གི་ཕྱག་རྒྱ་ནི་ཀུན་རྫོབ་ཀྱི་ངོ་བོ་ཉིད་དོ། །འདིར་དོན ་དམ་པའི་བདེན་པའི་ངོ་བོ་ཉིད་ཕྱག་རྒྱ་ཆེན་མོ་དེ་ཁོ་ན་ཉིད་གཟུང་བའི་ཕྱིར་རོ། །བྱ་བ་དུས་ཞེས་པ་ལ་སོགས་པའི་བྱ་བ་ནི་བྱེད་པ་པོ་དང། དུས་ནི་དུས་ཆོད་དེ་དག་ལས་རྣམ་པར་གྲོལ་བ་ཉིད་ནི་དོན་དམ་པའི་བདེན་པའོ། །དེ་ཉིད་སུམ་ལྡན་ཡང ་དག་ལྷ་ཞེས་པའི་དེ་ཉིད་གསུམ་ནི་སྔགས་ཀྱི་དེ་ཉིད་དང། བདག་གི་དེ་ཉིད་དང། ལྷའི་དེ་ཉིད་དེ། དེ་རྣམས་དང་ཡང་དག་པ་ནི་རྩའི་འཁོར་ལོ་ཐམས་ཅད་དུ་ཐིག་ལེ་རོལ་པ་སྟེ། དེ་བུ་ཀྲ་ཌཱ་ཡཾ་ཞེས་པའི་ཁམས་ལས་འཇིག་རྟེན་དབང་པོ་རྣམས ་ལ་ཁྱབ་པའོ། །མགོན་ནི་འཇིག་རྟེན་མགོན་ནོ། །འགྲོ་བ་ནི་ལུས་ངག་ཡིད་ཀྱི་ངོ་བོ་ཉིད་དབང་དུ་བྱེད་པ་སྟེ། བདག་པོ་ནི་འགྲོ་བའི་བདག་པོའོ། །འདོད་པའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་འདོད་པ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་ལྔའི་རང ་བཞིན་དེ་བཞིན་གཤེགས་པའི་བདག་པོ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དབང་ཕྱུག་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས་བདེ་བ་དམ་པར་བྱེད་པའི་ཕྱིར་འདོད་པའི་ལྷའི། །འཐོད་དང་མ་མཐོང་འབྲས་རབ་སྟེར་ཞེས་པའི་མཐོང་བ་ནི་འདིའི ་འབྲས་བུའོ། །མ་མཐོང་བ་ནི་འཇིག་རྟེན་ཕ་རོལ་ཏེ། གཉིས་ཀའི་འབྲས་བུ་རབ་ཏུ་སྟེར་བའི་ཕྱིར་རོ། །དེའི་བདག་པོ་ནི་བཅོམ་ལྡན་འདས་སོ། །སྔགས་ནི་བླ་མའི་ཞལ་ལ་གནས་ཞེས་པ་ནི་བླ་མའི་ཞལ་ལས་བླང་བར་བྱ་སྟེ། ལྷན་ཅིག་སྐྱེས་པའི ་དགའ་བའི་ངོ་བོ་ཉིད་དེ་པོ་ཏི་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། བླ་མའི་ཞལ་ནས་བླང་བར་བྱའོ། །ཞེས་པའི་དོན་ཏོ། །ད་ནི་སྔགས་རབ་ཏུ་བཤད་པར་བྱ་སྟེ། དྲག་ཆེན་ཞེས་པ་ལ་སོགས་པའི་དྲག་ཆེན་གྱི་སྒྲས་ཧ་ཡིག་ཏུ་བརྗོད་པར ་བྱ་སྟེ། ཧེ་རུ་ཀའི་ཨ་ཥྚ་དགོད་པའི་ངོ་བོ་ཉིད་ཀྱི་ཧའི་ཡི་གེའོ། །འཇིགས་བྱེད་ལུས་ཀྱི་སྒྲས་ར་ཡིག་གོ། ལྔ་པའི་ཐིག་ལེའི་སྒྲས་ཨའི་ཡིག་གོ། རྣམ་སྤྱོད་དང་པོ་ཡང་དག་ལྡན་ནི་དེ་ལ་པོ་ཏིའི་རིམ་པ་ནི་ཨ(རྒྱུད་འགྲེལ་པ་ནི་རྣམ་པར་གཅོད་པའོ། །དེའི་དང་པོ་ནི་ཐིག་ལེའོ། །དེ་དང་ཡང་དག་ལྡན་པ་ནི་ཧྲིའོ། །བླ་མ་བརྒྱུད་པའི་རིམས་པས་རྣམ་པར་བཅད་པ་ནི་ཀ་ཡིག་གོ་།དེའི་དང་པོ་ནི་ཚེག་དྲག་གོ་།དེ་དང་ཡང་དང་པོར་ལྡན་པ་ནི་ཧྲཱི(རྒྱུད་འགྲེལ་པོ་ལྔ་པའི་ལྔ་པ་ནི་མ་ཧཱའི་སྒྲས་ཧཱ་ཡིག་གོ་།ལྔ་པའི་སྒྲས་དབྱངས་རྣམས་ཀྱི་ལྔ་པ་ཨུ་ཡིག་སྟེ། དེ་དང་ལྡན་པའོ། །ལྔ་པ་གཉིས་པའི་སྒྲས་སྡེ་པ་ལྔ་པའི་ལྔ་པ་མ་ཡིག་སྟེ་དེ་དང་ལྡན་པ་ནི་ཧཱུཾ་སྟེ་ཧྲི(རྒྱུད་འགྲེལ་ཡོན་ཏན་ཉིས་འགྱུར་ཛ་ཡིག་སྟེ་ཛཛ་རྩེག་དང། ཡན་ལག་མེད་གཉིས་ཀྱི་སྒྲས་ཐིག་ལེ་སྟེ། དེ་དག་གི་ཐིག་ལེ་གཉིས་སོ། །དེ་དག་དང་ལྷན་ཅིག་ཏུ་གནས་པ་ནི་ཛཛ(རྒྱུད་འགྲེལ་དེ་ཉིད་གསུམ་གྱི་སྔགས་ཀྱི་ཡི་གེའི་རང་བཞིན་ཞེས་པའི་དོན་ནོ། །དེ་ཉིད་ཆོ་ག་བཞིན་དུ་འབུམ་དུ་བཟླས་པར་བྱ་སྟེ། ཆོ་ག་འདི་ཡིས་ནི་ཇི་ལྟར་ན་ཡི་གེ་རྣམས་ཀྱི་བསྡུ་བ་ལས་ཡི་གེ་རྣམས་ཀྱི་གྲངས་འབུམ་ཕྲག་གསུམ་གྱི་གྲངས ་ཀྱི་སྔགས་བཟླས་པར་བྱའོ། །འདི་ནི་རྗེས་སུ་དྲན་བྱས་ནས། ཞེས་པ་ལ་སོགས་པའི་འདི་ནི་འདི་དེ་ཉིད་དེ་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཡི་གེ་གསུམ་གྱི་རང་བཞིན་གྱིས་སྔགས་རྗེས་སུ་དྲན་པའོ། །སྔགས་པས་ཞེས་པ་ནི ་སྒྲུབ་པ་པོའོ། །གཙང་དམ་ཡང་ནི་མི་གཙང་ཡང་རུང་སྟེའོ། །ལྷ་བཞིན་མཐོང་བ་ལྷ་མོ་སྟེ་ཞེས་པ་ནི་ལྷའི་བུ་མོ་རྣམས་ཀྱིས་འདོད་པའི་ལྷ་བཞིན་དུ་མཐོང་བཞིན་ཤིན་ཏུ་མཛེས་པ་རྣམ་པ་ཉིད་དེ་དབང་བྱེད་པའི་གཙོ་བོའི་ཕྱིར་གྱི་སྔགས་སོ། ། ་འདི་ནི?་དེ་བཞིན་ཞེས་པ་ལ་སོགས་པ་འདི་ནི་དེ་བཞིན་སྔོན་དུ་གསུངས་པའི་སྔགས་ཀྱི་མགོན་པོ་ལ་བྱ་བ་འཁྲུལ་པ་ལ་སོགས་པའི་མཚན་ཉིད་བླང་བར་མི་བྱའོ། །སྒྲུབ་བའང་མེད་ནི་སྦྱོད་པའི་བརྟུལ་ཞུགས་ལ་སོགས་པའོ། །མཆོད་དང་མེ་ལ་སྦྱིན ་སྲེད་མེད་ཅེས་པ་ནི་དེ་རྣམས་ཐམས་ཅད་དེ་རྣམས་ཀྱི་གནས་སྐབས་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིར་དོན་དམ་བའི་བདེན་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཆོ་གའི་སྔགས་ཀྱི་སྒྲུབ་ཐབས་ཀྱི་གནས་སྐབས་ཀྱི་རྣལ་འབྱོར་པས་སོ། །མཆོག་ནི་རབ ་པོ། །བསམ་གཏན་ཡང་དག་སྤྱད་པར་བྱ་བ་ནི་སྒྲིབ་པ་དང་བྲལ་མཚུངས་པའི་སྒྲིབ་པ་ནི་ཉོན་མོངས་བ་སྟེ། དེ་དང་བྲལ་བའི་གནས་སྐབས་དང་མཚུངས་བའི་དེ་ལྡན་པ་ནི་རྣལ་འབྱོར་ཅན་ནོ། །རྣལ་འབྱོར་སྟན་དང་ཡང་དག་ལྡན་ནི་རྣལ་འབྱོར་དང་སྟན་ཐ་དད ་པ་སྟེ། དེ་ལ་རྣལ་འབྱོར་ནི་དབང་པོ་རྣམས་ཐམས་ཅད་རོ་གཅིག་ཏུ་བྱེད་པའོ། །སྟན་ནི་བརྗོད་པར་བྱ་བའི་བཀོད་པ་སྟེ། དེ་ཡང་མ་འོངས་པ་ནི་འཆང་པར་འགྱུར་བ་དེ་དག་དང་ལྡན་པའོ། །དུས་ནི་འདས་པ་དང་མ་འོངས་པ་ལ་སོགས་པའོ། །ཚོད་ནི་སྔ ་དྲོ་ལ་སོགས་པའི་ཐུན་ཚོང་དང་བྲལ་བའོ། །རྩེ་གཅིག་སེམས་ནི་གཉིས་སུ་མེད་པའི་སེམས་སོ། །ཡང་ན་མི་གཡོ་བའོ། །གཡོ་བ་མེད་ནི་མི་བརྟན་པ་དང་བྲལ་བའོ། །དེ་ལྟ་བུར་གྱུར་པའི་རྣལ་འབྱོར་བས་མཆོག་གི་བསམ་གཏན་བྱའོ། །ཞེས་པ་ནི་རིགས ་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་བ་ལས་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་དང་པའོ།། །།ད་ནི་བདག་གི་དེ་ཁོ་ན་ཉིད་བརྩམ་པར་བྱ་སྟེ། སྙིང་ཁའི་འཁོར་ལོའི་ནང་སོན་པའི་ཞེས་པ་ལ་སོགས་པ་ལ་འདིར་དང་པོར་ཐིག་ལེའི ་རྣལ་འབྱོར་གྱི་རིམ་པས་གཏུམ་མོ་སྒོམ་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དང་པོར་རོ་ཤིག་ལྟེ་བ་སྦྲུལ་བའི་འཁོར་ལོ་ཁ་དོག་སེར་པོའི་ཆུ་སྐྱེས་འདང་མ་དྲུག་ཅུ་རྩ་བཞིའོ། །དེའི་དབུས་སུ་ཟླ་ཕྱེད་ཐིག་ལེས་བརྒྱན་བའི་དབྱངས་དང་པོ་ཨ་ཡིག་གོ། ཤར ་ལ་སོགས་པའི་འདབ་མ་བརྒྱད་པོ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་ཨ་ཡིག་ལ་སོགས་པའི་དབྱངས་བཅུ་དྲུག་དང། ་ཀ་ཡིག་ལ་སོགས་པའི་གསལ་བྱེད་སུམ་ཅུ་སོ་བཞི་དང་ཅུང་ཟད་དང་གསལ་བའི་ཊ་ཌཏ་ད་ཌཧ་ཡ་ལ་རྣམས་སོ། །དེ་བཞིན་རྩ་བཞི་རྣམས་ལ་སྦྱར་བར་བྱའོ། །སྙིང་ཁའི་ཆུ་སྐྱེས་ཁ་དོག་དཀར་པོ་འདབ་མ་བརྒྱད་པའོ། །དེའི་དབུས་སུ་ཧཱུཾ་ཡིག་མག? ་ཐུར་དུ་བསྟན་པའོ། །ཤར་ལ་སོགས་པའི་འདབ་མ་བཞི་ལ་ཨ་ཨི་ཨུ་ཨེ་དབྱངས་ཡིག་བཞི་པོ་རྣམས་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུས་ལ་སོགས་པའི་ངོ་བོ ་ལྷ་མོ་བཞིའི་རང་བཞིན་ཡ་ར་ལ་ཝ་རྣམས་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཆུ་སྐྱེས་དམར་པོ་འདབ་མ་བཅུ་དྲུག་པའོ། །དེའི་དབུས་སུ་མགོ་ཐུར་དུ་བསྟན་པའི་ཨོ་ཡིག་གོ། ཤར་ལ་སོགས ་པའི་འདབ་མ་བཞི་ལ་རིམ་པ་བཞིན་དུ་ཨཱ་ཨའི་ཨའུ་ཨིའི་དབྱངས་རིང་པོ་བཞི་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དབང་ལྡན་ལ་སོགས་འདབ་མ་བཞི་པོ་དེ་བཞིན་དུ་ཡ་ར་ལ་ཝ་ལ་རྣམས་སོ། །སྨིན་མའི་དབུས་སུ་ཆུ་སྐྱེས་འདབ་མ་ལ་སུམ་ཅུ ་སོ་གཉིས་པ་ཁ་དོག་སྣ་ཚོགས་པའོ། །དེའི་བྲེ་འབྲུ་ལ་མགོ་ཐུར་དུ་བསྟན་པའི་ཧཾ་ཡིག་གོ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་རེ་རེ་སྤངས་ནས་དབྱངས་ཡིག་བཅུ་དྲུག་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དེ་ལ་སྤྲུལ་པའི་འཁོར ་ལོ་ལ་གང་དབྱངས་ཡིག་དང་པོ་ལ་ཨ་ཡིག་དབྱུག་པའི་རྣམ་པ་སྟེ། དེ་ཉིས་གཏུམ་མོ་འབར་བ་ཞེས་བརྗོད་དེ། དེས་དེ་བཞིན་དུ་པདྨའི་དར་པའི་སྐུད་པ་བཞིན་དུ་ཤིན་ཏུ་ཕྲ་བ་སྟེང་དུ་འགྲོ་བས་ཧཱུཾ་དང་ཨོཾ་ཡིག་དམ་ཆོས་དང་ལོངས་སྤྱོད་དུ་སོང ་ནས་ཐིག་ལེ་གཉིས་བཞུ་སྟེ་བདེ་བ་ཆེན་པོའི་འཁོར་ལོ་རེ་སོང་ནས་ཧོཾ་ཡིག་གི་ཐིག་ལེ་བཞུ་སྟེ། དེ་ནས་ཧེ་ཡིག་ཐིག་ལེ་བཞུ་བས་ཡང་སྐའི་རྩེ་མོ་བརྒྱ་སྟོང་གི་ཆའི་འོད་ཟེར་གྱིས་ཁྱབ་པས་ཨ་ཡིག་གི་རང་བཞིན་གཏུམ་མོ་འབར་བའི་ཐིག ་ལེ་ལ་རབ་ཏུ་ཞུགས་ཏེ། ཕྱི་ནས་དེ་ཡང་གཏུམ་མོ་ཡིས། །དེ་ཡང་ཐིག་ལེ་སྔོན་བཞིན་དུ་བསྒྲུབ་པར་བྱའོ། །འདིར་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དུ་འགྱུར་ཏེ། དེ་བཞིན་དུ་ཡང་ལྟེ་བའི་སོར་བཞི་ཙམ་སྤངས་ནས་འོག་ནས་འོད་ཟེར་སྟོང ་དུ་བདུད་རྩིའི་ཐིག་ལེ་སྦྱོར་བར་འགྱུར་པའི་གནས་ལས་ཐིག་ལེ་གཡོ་བཙམ་གྱིས་ཡང་ཐིག་ལེ་འཛིན་པ་ནི་ཕྲ་མོའི་རྣལ་འབྱོར་དེ། །དེ་བཞིན་དུ་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་དག་གང་གཏུམ་མོ་འབར་བ་དེ་བཞིན་དུ་བརྗོད་པར་བྱ་སྟེ། སྙིང ་ཁའི་འཁོར་ལོའི་ནང་དུ་བསྟན་པ་སྙིང་ཁར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཉིས་ཀའི་དམ་པའི་བདེ་བ་འཛིན་པར་གྱུར་པ་སྤྲུལ་པའི་པའི་འཁོར་ལོ་མཆེན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱང་བཟང་པོ་བརྒྱད་ཅུ་རྣམ་བར་དག་པ་ཉི ་མ་དང་ཟླ་བ་ཉི་རང་བཞིན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀ་ཡིག་ལ་སོགས་པ་ཧ་ཡིག་གི་མཐར་ཐུག་པའི་གསལ་བྱེད་སུམ་ཅུ་སོ་བཞི་ཌ་ཌཧ་དྷ་ཡ་ར་ལ་རྣམས་དང་ཡང་དག་པར་ལྡན་པ་གསལ་བྱེད་བཞི་བཅུ་ཐབས་དང་ཤེས་རབ་ཀྱི་དབྱེ ་བས་ཡོན་ཏན་ཉིས་འགྱུར་དུ་བྱས་པས་བརྒྱད་ཅུའི་གྲངས་གསལ་བྱེད་དང། ཨ་ཡིག་ལ་སོགས་པ་ཨ(རྒྱུད་འགྲེལ་ཀྱི་བདག་ཉིད་གཉིས་ཀའོ་སྒྲས་ཕྲེང་བ་གཉིས་ཀྱི་དབུས་སུ་རླུང་གི་ལས་ཀྱིས་བདས་ཏེ་ཨ་ཡིག་གི་རང་བཞིན་གཏུམ་མོའི་མེ་འབར་བའི་ཕ་རོལ་འདོལ་རྣིར་འགྲོ་ཞེས་པའི་ཕ་རོལ་ནི་དེ་བཞིན་དུ་འབར་བར་སྤུལ་བའི་འཁོར་ལོའི་ནང་དུ་སོན་པར་གྱུར་པ། དེ ་ལས་བཞེངས་ཏེ་ཆོས་ཀྱི་འཁོར་ལོ་ཐོབ་སྟེ། དེར་གྱུར་ནས་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ་རང་བཞིན་མེད་པར་བྱེད་དོ། །དེ་ལས་བཞེངས་ཏེ་ལོངས་སྤྱོད་ཀྱི་འཁོར་ལོ་དེར་སོང་སྟེ། ཡུལ་རྣམས ་ཟོས་ནས་སྦྱན་མ་ལ་སོགས་པའི་ལྷ་མོ་རྣམས་བསྲོགས་ཏེ། དེའི་རྗེས་ལ་རིམ་པ་འདིས་ཕ་རོལ་ནི་བདེ་བ་ཆེན་པོའི་འཁོར་ལོ་རབ་ཏུ་བརྐྱང་སྟེ་དེར་སོང་ནས་ཧཾ་ཡིག་དེ་བསྲེགས་ནས་རང་བཞིན་མེད་པར་བྱེད་ཅིང་རི་བོང་འཛིན་པ་འཇུག་པར ་བྱེད་དོ། །རིམ་པ་འདི་གཏུམ་མོའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་སྐད་དུ་ཡང་ཀྱི་རྡོ་རྗེ་ལས་གསུངས་ཏེ། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། ཞེས་བ་དེ་ཉིད་དེ་བཞིན་དུ་དེ་གཏུམ་མོའི་རང་བཞིན་བསྟན ་བ་སྟེ་རྣམ་པར་འགྲོ་བ་ཉིད་དོ། །དེ་བཞིན་དུ་གཞན་དུ་རྣམ་པར་འགྲོ་བའི། །དེ་ཉིད་གཏུམ་མོའི་བདེ་བ་ཆེན་པོའི་འཁོར་ལོ་ནས། འོག་ཏུ་སྤྲུལ་པའི་འཁོར་ལོ་རྣམ་པར་འབབ་པའོ། །དེ་ལ་སྤྲུལ་པའི་འཁོར་ལོ་ཨ་ཡིག་གི་རྣམ་པའི ་ཐིག་ལེ་ལ་རབ་ཏུ་ཐུགས་ནས་སླར་ཡང་ཐིག་ལེ་དེ་ཡང་མི་སྣང་བར་ནང་དུ་ཐིམ་སྟེ། སླར་ཡང་རླུང་གི་ལས་ཀྱིས་བསྐུལ་ནས་རྣམ་པར་ལངས་ཏེ་ཡང་སྔོན་བཞིན་དུ་བྱ་བའོ། །དེ་ཉིད་གཞན་དང་གཞན་དུ་འགྲོ་སྟེ། དབྱེ་བ ་གཉིས་སུ་གྱུར་བ་སྟེང་དུ་འགྲོ་བ་དང་འོག་ཏུ་འབབ་པའི་མཚན་ཉིད་ཀྱི་དབྱེ་བ་གཉིས་སུ་འགྲོའོ། །དེ་ལ་རྣམ་པ་དེ་ཉིད་ཀྱིས་རང་བཞིན་མེད་པའི་མཚན་ཉིད་གཏུམ་མོའི་རྣལ་འབྱོར་བར་ཤེས་པར་སྦྱས་ནས། རྡོ་རྗེ་སེམས་དཔའ་ཨི་གོ ་འཕང་གི་ངོ་བོ་ཉིད་ཐོབ་པར་འགྱུར་རོ། །ཐམས་ཅད་དུ་འགྲོ་བ་ཞེས་པ་ནི་ཁྱབ་པའི་ཕྱིར་རོ། །གཞན་ཡང་དེ་ཅིའི་ཕྱིར་ན་མི་གཡོ་བ་ཞེས་པ་ལ་སོགས་པའི་དེ་ལ་གཏུམ་མོ་སྟེ་གཉིས་སུ་མེད་པའི་ཤེས་པའི་རང་བཞིན་ནི་ཡང ་དག་པའི་ཤེས་པ་ཞེས་བརྗོད་དོ། །འཛག་པ་མེད་པའི་དགའ་བའི་ཡུལ་ནི་མི་འཛག་སྟེ་མི་གཡོ་བའོ། །དེ་ཉིད་ཀྱི་དགའ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པའི་དོན་ནོ། །དེའི་ཡུལ་དེ་བཞིན་དུ་གསུངས་ཏེ། སྔོན་དུ་གསུངས་པའི་རིམ ་པས་ཆགས་པ་ཆེན་པའི་མེས་གཏུམ་མོ་རབ་ཏུ་གསལ་བ་ཤར་ནས། བདེ་བ་ཆེན་པོའི་འཁོར་ལོར་སོང་སྟེ་ཐིག་ལེ་ཞུ་ནས་མི་འཛག་པ་ཉིད་བཞི་བའི་སྐད་ཅིག་གི་རང་བཞིན་ལྟན་ཅིག་སྐྱེས་པའི་འདག་བ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ངེ ་ཉིད་རིག་པས་ལྟན་ཅིག་སྐྱེས་པའི་མཚན་ཉིད་ལ་རང་བཞིན་གྱི་སེམས་གཉིས་སུ་སྣང་བའི་ཚུལ་ལ་རྗེས་སུ་རྟོགས་བས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པ་ཞེས་པའི་དོན་ནོ། །དེ་བཞིན་དུ་བཞི་པའི་སྐྱེད་ཅིག་ལྷན་ཅིག་སྐྱས་བའི་བདེ་བའི་ཡུལ ་རྣལ་འབྱོར་པས་རིག་པར་བྱ་བ་ནི་གོམས་པར་བྱ་པའོ། །དམ་པའི་བདེ་འདོང་ཕྱིར་ནི་ལྷན་ཅིག་སྐྱེས་པའི་བདེ་བ་འདོད་པ་ཞེས་པའི་དོན་ན། །རྣལ་འབྱོར་པས་ཡང་དེ་ནི་རྟོགས་ཤིང་འཇུག་པར་བྱེད་པ་ནི་དེ་འདིར་ལྷན་ཅིག་སྐྱེས་པའི་དགའ་ ་པའི་རང་བཞིན་གཉིས་སུ་མེད་པའི་རྟོགས་པ་ནི་ཁོང་དུ་ཆུང་པའོ། །དེའི་འཇུག་པ་མངོན་སུམ་དུ་བྱེད་པའོ། །དེ་བཞིན་དུ་དེའི་རང་བཞིན་གང་ལ་དེ་ཡོས་རྟོགས་པ་འཇུག་པ་རྣལ་འབྱོར་པས་འདིར་གོམས་པར་བྱའོ། །དེ་བཞིན་དུ་ལྷག་པར་རྟོཌ ་པའི་བདག་གི་དེ་ཉིད་ཀྱི་རྣལ་འབྱོར་བའི་བསྔགས་པ་གསུངས་ཏེ། དེའི་ངོ་བོ་ཞེས་པ་ལ་སོགས་པའི་ངེ་སེམས་དགའ་བའི་ཡུལ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་སྤྱོད་ཡུལ་ལོ། །སེམས་ནི་ཡང་དག་པར་རིག་པའོ། །གང་གི་ཚེ་དེའི་ངོ་བོ་རྟོགས ་ཉིད་འཇུག་པར་འགྱུར་བ་ནི་དེའི་ཆེ་གཉིས་སུ་མེད་པའི་ངོ་བོ་འཇུག་པར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་སེམས་རྣལ་འབྱོར་བ་གང་གིས་མངོན་སུམ་དུ་བྱས་པ་དེའི་ཚེ་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ཚིག་དང་བཅས་པ་སྟེ་ཚིག་ཙ་མ་གྱིས་དེ ་བཞིན་དུ་བྱེད་དོ་ཞེས་པའི་དོན་ཏེ་འདིར་ཐེ་ཙོམ་མེད་པ་ཞེས་པའི་དོན་ནོ། །བསམ་གཏན་ཞེས་པ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་བསམ་གཏན། རྣལ་འབྱོར་ཡང་དག་ལྡན་ནི་བསམ་གཏན་དང་བསམ ་གཏན་པའི་མཚན་ཉིད་བསམ་གཏན་གྱི་སྦྱོར་བ་རྒྱུ་འབྲས་བུར་གྱུར་པའི་སྙིང་རྗེ་དང་ཤེས་རབ་དག་གཅིག་པ་ཉིད་ཀྱིས་ཐབས་དང་ཤེས་རབ་གཅིག་པ་ཉིད་དོ་ཞེས་པའི་དོན་ནོ། །དེ་དག་དང་ཡང་དག་ལྡན་ནི་དེ་དང་བཅས་པའི་རྣལ་འབྱོར་བའོ ་གཞན་ཡང་ཅིའི་ཕྱིར་ན་དགོད་པར་བྱ་བ་ནི་བྱེད་པ་སྟེ། སེམས་ལ་དགོང་པ་སྟེ་གང་གིས་མི་གཡེང་བའི་གོ་འཕང་ལ་གནས་པ་ཉིད་དོ། །དེའི་ཕྱིར་གནས་པ་ནི་གཡོ་བ་མེད་པའི་སེམས་སོ། །བློ་ལྡན་ནི་བློ་གྲོས་གང་ཞིག་དགེ་བའི་བླ་དང ་ལྡན་པ་ཞེས་པའི་དོན་ནོ། །དེ་ལྟ་བུའི་རྣལ་འབྱོར་པས་ས་སྟེངས་ས་འོག་བསྒྲུབ་པར་བྱ་བ་ནི་མཐོ་རིས་ས་སྟེངས་ས་འོག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །འདིར་མཐོ་རིས་དངོས་སུ་བཟུང་བ་མེད་ཀྱང་ས་སྟེངས་ས་འོག་གཟུང ་བས་དེ་བཞིན་དུ་མཐོ་རིས་ཀྱང་ཤུགས་ལ་ཤེས་པར་བྱའོ། །འགྲོ་བ་ཀུན་དག་གི་རང་བཞིན་བསྒྲུབ་པ་ནི་རྣམ་པར་རྟོགས་པ་ཙམ་བསྒྲུབ་པར་བྱའོ། །ཞེས་པའི་དོན་ནོ། །ད་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་འཇིག་རྟེན་དབང ་ཕྱུག་གི་གོ་འཕང་ཐོབ་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ལྟེ་བ་ཞེས་པ་ལ་སོགས་པ་ལ། དེ་རྣལ་འབྱོར་པས་དེ་བཞིན་ཉིད་རབ་ཏུ་དགོད་པས་བྱས་ན་འཇིག་རྟེན་མགོན་པའི་སྐུར་གྱུར་ཏེ། ཨེ་བཾ་ཞེས་པ་ནི་འཆད་པར་འགྱུར་པ་ཡིའོ ་ཡང་ནི་དེ་བཞིན་ཞེས་པའི་ཨེ་ཡིག་ནི་པདྨ། བཾ་ཡིག་ནི་རྡོ་རྗེ་རབ་ཏུ་དགོད་པ་སྟེ། གང་གི་ཚེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པར་བྱེད་པ་དེའི་ཚོ་དེའི་རྣལ་འབྱོར་པས་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཐོབ་པར་འགྱུར་རོ། །ལྟེ་བའི ་དབུས?་སུ་པདྨ་ཆེན་པོ་ནི་ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་ནི་པདྨ་ཆེན་པོའོ། །དེའི་དེ་བཞིན་དུ་པདྨའི་ནམ་མཁའ་ཨི་ནང་ནི་ཟེ་འབྲུའི་མཛའ་ཨོ། །དེ་ལ་གང་གི་ཚེ་གཏུམ་མོ་འབར་བས་ཐིག་ལེ་ཞུ་བར་འགྱུར་རོ། །ཇི་ལྟར་རྣམ་གསུམ་བ་ཞེ་ན། འགྲོ་བའི ་རྣམ་པ་གསུམ་སྟེ། དེ་ལ་གང་གི་ཚེ་གཡོ་བར་གྱུར་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་འགྲོའོ། །གང་གི་ཚེ་འཛག་པར་འགྱུར་བ་ན་སྙིང་ཁའི་འཁོར་ལོ་ཐོབ་པར་འགྱུར་རོ། །གང་གི་ཚེ་མི་འཛག་པར་གྱུར་པ་ན་ལྟ་བའི་འཁོར་ལོ ་ཞེས་པར་འགྱུར་རོ། །དེ་བཞིན་རྣམ་གསུམ་ནི་རྣམ་པ་གསུམ་འགྲོ་བས་ནམ་མཁའ་ཨི་ནང་དུ་སོང་བའི་ཐིག་ལེའོ། །དེ་བཞིན་རྣམ་པ་འདིས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཐིག་ལེ་ན་པདྨའི་ཕྱག་རྒྱ་ཡང་དག་ལྡན་པའོ། །དེ ་ལ་པདྨའི་ཕྱག་རྒྱ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ཐབས་སུ་གྱུར་པ་བཾ་དང། ཨེ་ཡི་གེ་གི་རྣམ་པར་ཤེས་རབ་ཀྱི་པདྨའི། །ཧཱུཾ་ཡིག་གི་ལྷག་མར་གནས་པ་ནི་ཐབས་ཏེ་རྡོ་རྗེའི་རྩེ་མོར་སོན་པས་འོད་ཟེར་རྣམ་པར་གསལ་བ་ནི་དགའ་ ་བ་ཆེན་པོའི་ཆ་གང་ཡིན་རྒྱས་གདབ་སྟེ། རང་གིས་མངོན་སུམ་དུ་བྱས་པའོ། །དེའི་པདྨ་ནི་ཕྱག་རྒྱ་ཞེས་བརྗོད་དོ། །ཤེས་རབ་ཀྱི་རང་བཞིན་ནི་དེ་བཞིན་དུ། །ཡང་རྡོ་རྗེ་ཉི་མ་རེག་འོད་ཀྱིས། རབ་པད་རྒྱ་ཡིས་གདབ་པ་ཡིས། །པདྨར་བདེ ་ཆན་ཆ་ཤེས་ནི། །པདྨའི་ཕྱག་རྒྱར་ཤེས་པར་བྱ། །གཞན་ཡང། བསྒྲུབ་བྱ་སྒྲུབ་ཐབས་ཡང་དག་སྦྱོར། །གང་དེ་བསྙེན་པ་ཞེས་བརྗོད་དོ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བྱར་བརྗོད། །བསྐྱོད་པར་གསུངས་པ་སྒྲུབ་པ་སྟེ། ་ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །རང་བཞིན་ཤིན་ཏུ་ཞི་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་བརྗོད་དོ། །འོད་གསལ་ཀྱི་ཤེས་པའི་ཐབས་སུ་གྱུར་པ་སྒྲིབ་པ་དང་བྲལ་པའི་བདག་ཉིད་བ་ཡིག་རྡོ་རྗེ་ནོར་བུ་བདེ་བ་ཆེན་པོའི་ཆི་གང་གིས་རྒྱས་གདབ་པ ་ནི་མངོན་སུམ་དུ་བྱས་པའོ། །དེ་ནམ་མཁའ་ཨི་ཕྱག་རྒྱ་ཞེས་བརྗོད་པ་དེ་དེའི་བདག་ཉིད་དོ། །གཞན་ཡང་རྡོ་རྗེ་རྩེ་མོར་རྫོགས། །གང་གིས་བདེ་ཆེན་རི་བོང་འཛིན། །ཤར་ནས་བདེ་བརྒྱ་ཡིས་བཏབ། །ནམ་མཁའ་ཕྱག ་རྒྱར་ཤེས་པར་བྱ། །དེ་བཞིན་དུ་བསྡུས་པའི་དོན་ནི། །པདྨའི་ཕྱག་ནི་པདྨ་སྟེ་ཤེས་རབ་པོ། །ནམ་མཁའ་ཨི་ཕྱག་རྒྱ་ནི་རྡོ་རྗེ་སྟེ་ཐབས་སོ། །དེ་ཡང་འདིར་པདྨའི་ཕྱག་རྒྱ་ནི་ལྟེ་བར་རྣམ་པར་གནས་པའི་ཨ་ཡིག་གི་རང་བཞིན་ནོ། །ནམ་མཁའ་ཨི་ཕྱག་རྒྱའི ་རང་བཞིན་ཡང་ཐབས་ཏེ། ཧཱུཾ་ཡིག་གི་རང་བཞིན་སྙིང་ཁའི་འཁོར་ལོ་དེས་ཀྱང་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་སྟེ། ཡང་དག་པར་སྦྱོར་བ་ཞེས་བཤད་དོ། །དེའི་ཕྱིར་པདྨའི་ཕྱག་རྒྱ་ཡང་དག་ལྡན། །དེ་བཞིན ་ནམ་མཁའ་ཨི་ཕྱག་རྒྱས་གདངས། །ཅེས་པ་ཐབས་དང་ཤེས་རབ་ཀྱིས་བདག་ཉིད་དུ་གསུངས་ཏེ། སྲོག་འབབ་བའི་ཚད་ཀྱིས་ནི། །དེ་བཞིན་དུ་གང་གིས་ཐིག་ལེ་འགུགས་བ་དེ་ནི་སྲོག་རབ་ཏུ་འབབ་པ་ཡིས་སོ། །ཅིའི་ཕྱིར་ཞེ་ན། གནས་གཉིས ་གོམས་པར་བྱས་པ་ཡིས་ཞེས་ཏེ། ལན་གཉིས་ནི་གཉིས་སུ་དབུགས་འབྱུང་བ་དང་རྡུབ་པའི་ངོ་བོ་ཉིད་ཅེས་པའི་དོན་ནི། །དེ་ལྟ་བུའི་རིམ་པས་རྣལ་འབྱོར་པས་ཨེ་ཡིག་དང་བ་རབ་ཏུ་དགོད་པར་བྱའོ། །དེས་འཇིག་རྟེན་མགོན་པོའི ་སྐུ་རུ་འབྱུང་ཏེ། རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཐོབ་བ་ཞེས་པའི་དོན་ནོ། །གཞན་དུ་ཞེས་པ་ལ་སོགས་པ་ནི་འདིར་གསུངས་པའི་རིམ་པ་ལས་འདས་ཏེ་བཟླས་པ་བྱེད་ཅིང་རྣམ་པ་སྣ་ཚོགས་པའི་ལས་སྦྱར་ཀྱང་སྐྱེས་བུ་དེ་ནི་ནམ ་མཁའ་ལ་ཁུ་ཚུར་བསྣུན་པ་དང་སྤུན་སྟོང་འཇོམས་པར་བྱེད་དོ། །དཔེར་ན་ནམ་མཁའ་ལ་ཁུ་ཚུར་བསྣུན་པ་དང་སྤུན་སྟོང་བརྡུངས་ཀྱང་དགོས་པ་མེད་པ་དེ་བཞིན་དུ། འདིར་ཡང་སྔོན་དུ་གསུངས་པའི་རིམ་པ་ལས་འདས་ཏེ་བཟླས་པ་ལ་སོགས ་ལ་བྱེད་བ་བཞིན་ནོ། །ཆོ་ག་བཞིན་དུ་ཞེས་པ་ལ་སོགས་པའི་ཆོ་ག་དང་ལྡན་པའི་བསམ་གཏན་གྱི་རྣལ་འབྱོར་པ་ལས་གང་དང་གང་བྱེད་པ་སྟེ། རྒྱུན་མི་འཆད་པར་བྱེད་པའི་ལས་ནི་ཡིད་ཀྱིར་འདོད་པ་སྟེ། དེ་ནི་མྱུར་དུ་འགྲུབ་པར་བྱེད་པར་ཐེ་ཚོམ ་མེད་དོ། །འདི་ནི་པདྨ་འབར་བ་ལས་བྱུང་བའི་རིགས་ཀྱི་འཇིག་རྟེན་དབང་ཕྱག་གི་ལྔ་བཅུ་པའི་བདག་གི་དེ་ཁོ་ན་ཉིད་ཀྱི་ལེའུའི་རྣམ་པར་འགྲེལ་པ་སྟེ་གཉིས་པའོ།། །།ད་ནི་ལྷའི་དེ་ཁོ་ན་ཉིད་བཤད་པར་བྱའོ། །དང་པོར ་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་བཤད་པ་ནི་ཆིགས་སུ་བཅད་པ་བཞི་པའི་སྒོ་ནས་བཅོམ་ལྡན་འདས་ཀྱི་ངོ་བོ་བཤད་པར་བྱ་སྟེ། རང་བཞིན་བསམ་གཏན་བཅས་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དང་པོ་རེ་ཤིག་གང་གི་ཚེ་སྒྲུབ་ལ ་པོའི་རྣལ་འབྱོར་བས་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་རྩེམ་པར་བྱེད་པ་དེའི་ཚེ་རང་གི་སྙིང་ཁར་པ་ཡིག་ལས་སྐྱེས་པའི་པདྨ་ལས་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་བཅོམ་ལྡན་འདས་ཀྱི ་ས་ཡོན་གྱི་ཡི་གེ་ཧྲཱི(རྒྱུད་འགྲེལ་ཅན་གྱི་ཁམས་ཐམས་ཅད་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་གྱིས་མནར་བར་བལྟས་ནས། དེ་ལ་སེམས་ཅན་གྱི་ཁམས་རྣམས་སྡུག་བསྔལ་དེ་ལས་ཉེ་བར་བསྒྲལ་ཏེ་བསོད་ནམས་ཀྱི་ཚོགས་འཕེལ་པར་བྱ་བའི་ཕྱིར་ནམ་མཁའ་ཨི་དཀྱིལ་ཐམས་ཅད ་རང་གི་ཡི་དམ་གྱི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གང་བར་བསྒོམས་ཏེ། སླར་ཡང་ས་བོན་གྱི་ཡི་གེའི་འོད་ཟེར་རྣམས་ཀྱི་མེ་ཏོག་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་སྤྲོས་ནས་ལྷའི་ཚོགས་ལ ་མཆོད་པ་བྱས་ལ། སླར་ཡང་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཡང་དེའི་འོད་ཟེར་ལྕགས་ཀྱུའི་རྣམ་པར་དེས་ལྷའི་ཚོགས་བཀུག་ནས་ས་བོན་གྱི་ཡི་གེ ་ལ་ཞུགས་པར་བསྒོམ་པར་བྱའོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་དོའི་འོད་ཟེར་གྱིས་སྦྱངས་ཏེ་སངས་རྒྱས་ཉིད་ལ་བཀོད་ནས་སངས་རྒྱས་ཀྱི་གཟུགས་ཀྱིས་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ས་བོན་གྱི་ཡི་གེ་ལ་རབ ་ཏུ་ཞུགས་པར་བསྒོམ་པར་བྱའོ། །རང་གི་ལུས་ཀྱང་ངོ། །ར་ཡིག་ཀྱང་ཧ་ཡིག་དང་ཨའི་ཡིག་དང་ཐིག་ལེ་རྣམས་ཀྱང་ཕྱི་མ་ཕྱི་མའི་ནང་དུ་ཞུགས་པར་བསྒོམ་པར་བྱའོ། །དེ་ཡང་དང་པོའི་ཐིག་ལེའི་ནང་དུ་རབ་ཏུ་ཞུགས་པར་བསྒོམས་ནས་ཐིག་ལེ་དེ ་ཡང་མི་དམིགས་པར་བྱའོ། །དེ་ནས་དེ་བཞིན་དུ་ཤཱུ་ནྱ་ཏཱ་ས་བརྟན་པར་བྱེད་པའི་སྔགས་འདི་བརྗོད་པར་བྱ་སྟེ། རིགས་དྲུག་གི་བདག་ཉིད་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ལ་ཨཏྨ་ཀོ་ཧཾ་ཞེས་པའི་ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཤཱུ་ནྱ་ཏཱ་ཞེས་པ་ནི་རིན ་ཆེན་འབྱུང་ལྡན་ནོ། །ཛྙཱ་ན་ཞེས་པ་ནི་མི་བསྐྱོད་པའོ། །བཛྲ་ཞེས་པ་ནི་འོད་དཔག་མེད་དོ། །སྭ་བྷཱ་ཝ་ཨཏྨ་ཀ་ཞེས་པ་ནི་ཛི་ན་ཡོད་གྲུབ་པའོ། ། ཏ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའ་ཨོ། །དེ་ཉིད་བསྡུས་པའི་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་དང ་སྤྲོ་བར་བལྟ་བའོ། །བསྡུ་བ་ཞེས་པ་ནི་དོན་དམ་པའི་བདེན་པ་སྟེ་དེ་ཉིད་ཤེས་རབ་ཏུ་བརྗོད་དོ། །སྤྲོ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་ཐབས་སོ། །དེའི་དོན་དམ་པའི་བདེན་པ་འདའ་ཞིག་ནི་གཞན་དོན་རྫོགས་པར་འགྱུར་བ་མ་ཡིན་ཏེ། དོན ་དམ་པའི་བདེན་པའི་མཐར་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་ན་གཞན་གྱི་དོན་ཡོངས་སུ་རྫོགས་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་སྤྲོ་བར་བལྟ་བར་བྱའོ། །དེའི་ཕྱིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དེ། དེ་ཉིད ་ཀྱི་ཀ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལ་དང་པོར་ར་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་འོད་ཟེར་རྡོ་རྗེའི་གཟུགས་ཀྱིས་འཕྲོས་ཉིད་ལས་འོད་ཟེར ་འབར་པས་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་གུར་རྣམས་བསྒོམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམས་ལ་ཕྱི་ནས་ཆོས་འབྱུང་དཀར་པོ་བསྒོམ་པར་བྱ་སྟེ། དཀར་པོ་ཉིད་ནི་ཤིན་ཏུ ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་དོ། །དེའི་སྟེང་དུ་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱུ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ལྡན་རིགས་ཀྱི་བུ་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒོམ་པར་བྱའོ་ཞེས་པ་ནི་འབྲེལ་པའོ། །རང་བཞིན་བསམ་གཏན་བཅས་པ་ཡིས་ནི་གནས་ཀྱི་དོན་ཐམས་ཅད ་ཀྱི་གང་གི་རང་བཞིན་མེད་པ་ཞེས་བཤད་དོ། །དེའི་བསམ་གཏན་ནི་དྷཱུ་ཙིནྟྲ་ཡཾ་ཞེས་པའི་ཁམས་འདི་དང་བཅས་པའི་བསམ་གཏན་དུ་བལྟ་ཞིང་ལྡན་པ་ཞེས་པའི་དོན་ནོ། །ཛ་ཏི་མཚལ་གྱིས་འོད་ཟེར་མཚུངས་ཞེས་པའི་ཛ་ཏི་དང་མཚལ་ཞེས ་པ་ནི་ཚོན་གྱི་བྱེ་བྲག་གོ་།དེ་དང་མཛངས་པའི་འོད་ཟེར་དམར་པོ་ཞེས་པའི་དོན་ནོ། །ཟེ་འབྲུ་ལེ་བརྒན་རྩི་དང་འདྲ་བ་ནི་འོད་འབར་ཞིང་སིན་བྷུ་ར་ལྟར་དམར་བ་སྟེ་གཙོ་བོ་ལི་ཁྲི་ལྟར་དམར་བའོ། །འདིར་ཡང་གཙོ་བོ་ནི་ཡང་འོད་དཔག་ཏུ་མེད་པ་སྟེ ་མེ་དང་བཅས་པའི། །གཞན་ཡང་སྔགས་ཀྱི་གཟུགས་ཀྱི་ནི་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་དང་ལྷ་ཉིད་དབྱེར་མེད་པའོ། །ལྷའི་ལྷ་ནི་ལྷ་རྣམས་ཀྱི་བདག་པོར་གྱུར་པའི་ཕྱིར་ལྷའི་ལྷའོ། །སྐད་ཅིག་གིས་མངོན་པར་བྱང་ཆུབ་པའི་ཕྱིར ་ཞལ་གཅིག་པའོ། །ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའོ། །མཁའ་པད་ཟླ་བའི་གདན་ལ་བཞུགས་ཞེས་པ་ནི་སྔོན་དུ་བཤད་པའི་ཆོས་འབྱུང་པདྨ་ཟླ་བའི་གདན་ལ་བཞུགས་པའོ། །ཞགས་པ ་ལྕགས་ཀྱུ་བསྣམས་པ་ནི་གདུལ་བྱའི་སྐྱེ་བོ་རྣམས་འཛིན་པའི་ཕྱིར་ཞགས་པ་དང། གདུག་པ་ཅན་རྣམས་འགུགས་པའི་ཕྱིར་ལྕགས་ཀྱུ་བསྣམས་པའོ། །ཁྱབ་བདག་ནི་དབང་ཕྱུག་ལ་སོགས་པ་གཙོ་བོ་ཡོན་ཏན་སྦྱོར་བའོ། །མཆོག་སྦྱིན ་ཕྱག་རྒྱ་ནི་ནོར་བུ་སྟེ། ཕྱག་རབ་ཏུ་བརྐྱད་ན་གཞན་གྱི་དོན་གྱི་ཕྱིར་ནོར་བུ་དང་བཅས་པའི་ཕྱག་གིས་ཆུ་སྐྱེས་ཞེས་པའི་དོན་ནོ། །ཡང་དག་རོལ་པ་ཉིད་ནི་སྒེག་པའི་ཉམས་གཙོ་བོའི་ཕྱིར་ཏེ་སྒེག་པ་དང་བཅས་པ་ཞེས་པའི་དོན་ནོ། །མུ་ཏིག ་ནོར་བུས་རྣམ་པར་རྒྱན་ནི་རང་བཞིན་གྱིས་དྲི་མ་མེད་པའི་ཕྱིར་ནོར་བུས་རྣམ་པར་བརྒྱན་པའོ། །ཐམས་ཅད་ལ་རབ་ཏུ་འགྲོ་བ་སྟེར་བའི་ཕྱིར་མུ་ཏིག་གི་རྣམ་པར་བརྒྱན་པའོ། །པདྨའི་ཕྱག་ནི་པདྨའི་ཕྱག་རྒྱ་དང་ཡང་དག་པར་ལྡན་པའི་ཕྱིར ་རོ། །ད་ཡང་ན་པདྨ་བཞིན་དུ་སེམས་ཅན་གྱི་དོན་ལ་འཁོར་བའི་ནང་དུ་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །པདྨའི་ཕྱག་རྒྱ་ནི་ཕྱག་གཡོན་པདྨས་བརྒྱན་པ་ཞེས་པའི་དོན་ནོ། །སྐུ་གསུང་ཐུགས་རྣམ་པར་དག ་པའི་ཕྱིར་སྤྱན་གསུམ་མོ། །གདུལ་བྱ་སྣ་ཚོགས་འདུལ་བར་དགོངས་པས་སྣ་ཚོགས་པའི་ཚུལ་འཛིན་པ་ནི་སྣ་ཚོགས་སྐུའོ། །འོད་ཟེར་སྟོང་ལྡན་བཞིན་དུ་མ་རིག་པའི་མུན་པ་སེལ་བར་བྱེད་པས་གཟི་བརྗིད་ཆེན་པོ་སྟེ་འོད་གསལ་ཆེན་པོ་ཞེས ་པའི་དོན་ནོ། །གདུག་པ་ཅན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་བོའི་དབང་ཕྱུག་གོ་།འགྲོ་བ་རྣམས་ཀྱི་བདག་པོའི་ཕྱིར་འགྲོ་བའི་མགོན་ནོ། །རྣལ་འབྱོར་མ་རྣམས་ཐུགས་དགྱེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས ་རྣལ་འབྱོར་མ་རྣམས་ཀྱི་ཡིད་ཚིམ་པར་བྱེད་པ་ཞེས་པའི་དོན་ནོ། །སྔགས་རྣམས་ཀུན་ལ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཞེས་པའི་དོན་ནོ། །རྣམ་པ་དེ་ལྟ་བུས་བཅོམ་ལྡན་འདས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོ ་པར་བྱའོ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ་ནི་ཕྱག་རྒྱ་རབ་ཏུ་སྟེར་བ་ཞེས་བྱ་བའི་དོན་ནོ། །རྣམ་པ་དེ་ལྟ་བུའི་དམ་ཚིག་སེམས་དཔའ་ཨི་ངོ་བོར་བསྒོམས་ནས། སླར་ཡང་ནམ་མཁའ་ཨི་མཐིལ་དུ་རྣམ་པ་དེ་ལྟ་བུ་ཉིད་ཀྱིས་བཅོམ་ལྡན་འདས་ཡི ་ཤེས་སེམས་དཔའ་ཨི་ངོ་བོར་བསྒོམ་པར་བྱའོ། །དེ་ལྟ་བུའི་ཡེ་ཤེས་སེམས་དཔའ་ཛ(རྒྱུད་འགྲེལ་སླར་ཡང་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨ་དང་ཟླ་བ་ལ་ཧྲཱི(རྒྱུད་འགྲེལ་དེ་རྣམས་ལ་རྣལ་འབྱོར་པས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཛི་ཉྩ་ཏུ་མཱཾ། ཕྱི་ནས་དེ་བཞིན་གཤེག་པ་དང་ལྷ་མོའི་ཚོགས་སུ་བཅས་པས་དབང་བསྐུར་བར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ ་ཀ་ས་མ་ཡ་ཤྲི་ཧཱུཾ་ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ལྟ་བུའི་བསམ་གཏན་བྱས་ཏེ་སྔགས་བཟླས་པར་བྱའོ། །འདི་ནི་མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་རིམ་པའོ། །དེ་ལྟ་བུའི་རྣམ་པས་སྔོན་དུ་གསུངས་པའི་བཅོམ་ལྡན་འདས་བསྒོམ ་པར་བྱའོ། །གྲིབ?་དང་གང་གིས་ཞེས་པ་ལ་སོགས་པ་ནི་སྒྲུབ་པ་པའི་རྣལ་འབྱོར་པ་གང་གིས་གང་བསྒོམ་པའི་བསམ་པས་རྣལ་འབྱོར་གོམས་པ་སྟེ། བཅོམ་ལྡན་འདས་ཀྱི་རྣལ་འབྱོར་རྫོགས་པར་བསྒོམ་པར་བྱའོ། །དེ་དང་དེའི་བསམ་པའི་དབང་གིས ་དེ་བཅོམ་ལྡན་འདས་དེའི་རང་བཞིན་ཏེ་དེའི་ངོ་བོ་ཉིད་དུ་འགྱུར་ཏེ་ཡིད་བཞིན་ནོར་བུ་མཆོག་ལྟ་བུའོ། །ད་ནི་ཞི་བ་ལ་སོགས་པའི་ལས་ཀྱི་རྗེས་སུ་འབྲངས་ནས་བཅོམ་ལྡན་འདས་བསྒོམ་པ་བརྗོད་པར་བྱ་སྟེ། ལྷ་ནི ་དཀར་པོས་ཞི་རབ་སྟེང། །དེ་བཞིན་ངག་ནི་རབ་སད་བྱེད་ཅེས་པ་སྟེ། གང་གི་ཚེ་རྣལ་འབྱོར་བས་ཞི་པའི་ལས་འགའ་ཞིག་བྱེད་ན། དེའི་ཚེ་དེས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་བསྒོམ་པར་བྱ་སྟེ། བཅོམ་ལྡན་འདས་སྐུ་མདོག ་དཀར་པོ་ཞི་བ་རབ་ཏུ་སྟེར་བའི་ཕྱིར་རོ། །འདིར་བསྒོམ་པའི་རིམ་པས་ནི་ཞི་བའི་ལས་བྱེད་པའི་སྐབས་སུ་རྣལ་འབྱོར་པ་ཞལ་བྱང་དུ་ཕྱོགས་ཏེ་བསྒོམ་པར་བྱའོ། །དེ་ལ་དང་པོར་ཝ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུའི ་དཀྱིལ་འཁོར་ཟླུམ་པོ་བསྒོམ་པར་བྱའོ། །དེའི་བདག་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་རྣམ་པར་སྣང་མཛད་ལྟ་བུ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ་བསྒོམས་པར་བྱའོ། །དེ་ལ་ཡང་ཡེ་ཤེས་སེམས་དཔའ་ཨི ་ངོ་བོའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རང་བཞིན་གཞན་བསྒོམ་པར་བྱའོ། །ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་པདྨ་དང་ཟླ་བ་ལ་བསྒྲུབ་བྱའི་ལུས་བཀུག་སྟེ། ཉོན་མོངས་པ་རྣམས་ཐིམ་པར་བསམ་མོ། །དེའི་རྗེས་ལ་ཡེ ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཟླ་བ་ལ་ཡེ་ཤེས་གསུམ་གྱི་རང་བཞིན་གྱི་སྔགས་ཀྱི་ཕྲེང་བ་བཤེངས་ཏེ་བདུད་རྩིའི་རྒྱུན་འབབ་པར་བྱེད་པས་བསྒྲུབ་བྱའི་ལུས་ལ་དམིགས་ཤིང་སྙིང་བར་བྱས་ཏེ། རང་གི་ལུས་ལས་འོད་ཟེར་རྣམ་པར ་འབྲོས་ཏེ་རྩེ་མོའི་ཆ་ལས་དཔག་ཏུ་མེད་པའི་ལྷ་མོའི་ཚོགས་སུ་གྱུར་ནས། །བདུད་རྩིས་ཡོངས་སུ་གང་བའི་བུམ་པ་ཕྱག་ན་བསྣམས་པས། །བསྒྲུབ་བྱ་ལ་མངོན་པར་དབང་བསྐུར་ཏེ། དེ་བཞིན་དུ་རྒྱན་དུ་གྱུར་པའི་ལྷ་མོ་དང་སྙོམས་པར་ཞུགས ་པའི་བདག་པོ་ཐབས་དང་ཤེས་རབ་སྙོམས་པར་ཞུཊ་པ་ལས་ཡང་དག་པར་བྱང་ཆུབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་ཀྱང་དབང་བསྐུར་ཞིང་ཉེས་པ་རྣམས་ཉེ་བར་ཞི་བར་བྱའོ། །ཞེས་པ་ནི་ཞི་བའི་ལས་ཀྱི་ཆོ་གའོ། །དེའི་རྗེས་སུ་དག་རབ་ཏུ་མེད ་པར་བྱེད་པ་ནི་ཤེས་པར་བྱ་སྟེ། ངག་རབ་ཏུ་སད་པ་ནི་ཞལ་དང་ཕྱག་དང་སྐུ་མདོག་དང་དབྱིབས་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུའོ། །འོན་ཀྱང་རང་གི་སེམས་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་མི་ཤེས་པས་རབ་ཏུ་བཅིངས ་པའི་བདག་དང་བདག་གིར་འཇིད་པས་ཟིན་པའི་སེམས་ཉིད་ཀྱི་ཉོན་མོངས་པ་མ་ལུས་བ་ཉེ་བར་ཞི་བ་རབ་ཏུ་སྟེང་བ་རྣམ་པར་སྣང་མཛད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བསྒོམ་པར་བྱའོ། །རེའི་དག་རབ་ཏུ་སད་པར་འགྱུར་རོ། །དེ་ཉིད ་ཞི་བའི་ལས་དང། ངག་རབ་ཏུ་སད་པ་ལས་བཅོམ་ལྡན་འདས་སྐུ་མདེག་དཀར་པོ་བསྒོམ་པར་བྱའོ། །ད་ནི་དབང་དང་དགུག་པའི་ཆོག་སྟེ། དབང་དང་དགུག་པའི་དེ་ཉིད་ལ་སྐུ་མདོག་དམར་པོ་རྣམ་པར་བསམ་པར་བྱ་སྟེ། དེ་ནི་དབང་དང་དགུག་པའི ་ལས་ལ་བཅོམ་ལྡན་འདས་སྐུ་མདོག་དམར་པོ་བསྒོམ་ཞིང་ཞལ་དང་ཕྱག་མཚན་ལ་སོགས་པ་སྔོན་མ་བཞིན་དུའོ། །འདིར་བསྒོམ་པའི་རིམ་པ་ནི་རྣལ་འབྱོར་པས་ཞལ་ནུབ་ཏུ་མངོན་པར་ཕྱོགས་ཏེ། ཡ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི ་དཀྱིལ་འཁོར་གྱི་སྟེང་དུ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ་སྒག་པའི་ཉམས་གཙོ་བོར་མཛད་པའི་རང་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བསྒོམས་ཏེ། ཕྱི་ནས་རང་གི་སྙིང། བོའི་ཧྲཱི(རྒྱུད་འགྲེལ་པའི་པདྨའི་སྡོང་བུ་ལས་འོད་ཟེར་གྱི་སྐུད་པ་དང་བཅས་པ་འབྱུང་བའི་འདབ་མ་བརྒྱད་པའི་པདྨ་དམར་པོ་བསམ་པར་བྱའོ། །འདབ་མ་སོ་སོ་ལས་ས་བིན་གྱི་ཡི་གེ་དམར་པོ་གསུམ་སྟེ་ཧྲཱི(རྒྱུད་འགྲེལ་ཧྲཱི(རྒྱུད་འགྲེལ་དེ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་ཁྱབ་ནས་བསྒྲུབ་བྱའི་གནས་སུ་ཞུགས་ཏེ་བསྒྲུབ་བྱའི་ལུས་འདོད་པས་ཕ་རོལ་གྱི་དབང་དུ་འགྱུར་ཞིང་མྱོས་པར་བྱས་པ་མདུན་དུ་བལྟ་པར་བྱ་སྟེ། ཞགས་པས་མགུལ་པ་བཅིངས་ཤིང་སྙིང ་ཁའི་པདྨ་ལྕགས་ཀྱུས་ཕུག་སྟེ། བྷ་གའི་པདྨར་དེ་བཞིན་དུ་འདོད་པའི་མཚོན་གྱིས་བསྣུན་པས་འཁྲུགས་ཤིང་རབ་ཏུ་མྱོས་པ་རྣམ་པར་བསམ་མོ། །དེ་ནས་ཕྱིས་དེའི་སྙིང་ཁའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཧྲཱི(རྒྱུད་འགྲེལ་རྟེན་པའི་མིང་གི་ཡི་གེ་བླངས་ཏེ་བྱིས་རང་གི་མགུལ་བ་ལ་བཅིངས་པར་བསམ་པར་བྱའོ། །སླར་ཡང་རང་གི་སྙིང་ཁའི་པདྨའི་ཟེ་འབྲུག་གནས་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ལས་འོད་ཟེ་གྱི་དྲ་བ་དམར་པོ་སྲོག་གི་རླུང་གིས་འདས་ཏེ ་འདབ་མ་ལ་གནས་པའི་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་ཀྱང་སྟེང་དུ་སྟོང་སྟེ། གང་གི་སྣ་བུག་གཡས་པའི་ལམ་ནས་འཐོན་ནས་མྱོས་པའི་སྙིང་ཁའི་པདྨའི་ཟ་འབྲུར་གནས་པའི་མིང་གི་ཡི་གེ་བཀུག་སྟེ་བསྒྲུབ་བྱའི་སྣ་བུག ་གཡོན་གྱི་བུ་གའི་ལམ་ནས་བྱུང་སྟེ་མིང་ལ་ཤིན་ཏུ་ཁྱུད་ནས་དེའི་སེམས་དང་རང་གྲི་སེམས་ལྷན་ཅིག་ཏུ་བྱའོ། །རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པའི་འདི་ནི་དབང་གི་རབ་ཏུ་སྦྱོར་བའོ། །དགུག་པའི་རབ་ཏུ་སྦྱོར་བ་ཡིད་འདི་ཉིད་དོ། ། ་ད་ནི་བསྐྲད་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། དུ་བ་དམར་པོའི་ཞེས་པ་ལ་སོགས་པ་ནི་བསྐྲད་པའི་དུས་སུ་དུ་བ་དམར་པོའི་ཁ་དོག་གི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པའི་ཞེས་པ་ནི་རླུང་ལ ་དཀྱིལ་འཁོར་གྱིས་བསྐོར་ཞེས་པའི་དོན་ནོ། །ཆོ་ག་འདི་ལྟ་བུའི་བཅོམ་ལྡན་འདས་ཀྱིས་དགྲ་པོ་རྣམས་སྐྲོད་པར་བྱེད་དེ་འདིར་ཐེ་ཚོམ་མེད་པར་བྱེད་པར་འགྱུར་རོ། །དགྲ་བོ་རྣམས་སྐྲོད་པར་བྱེད་པའི་འདིར་བསྒོམ་པའི་རིམ་པའི་ནི་རྣལ་འབྱོར་པས ་ཉི་མ་གུང་གི་དུས་སུ་ཁ་ལྷོར་མངོན་པར་ཕྱོགས་ཏེ་དུ་བ་དམར་པོའི་མདོག་ཅན་དོན་ཡོད་གྲུབ་པ་ལྟ་བུ་སེར་སྣའི་རིགས་དོན་ཡོད་གྲུབ་པས་དབུ་རྒྱན་པ་རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པ་བདག་ཉིད་ཀྱི་འཇིག་རྟེན་དབང་ཕྱུག་གི་སྐུད་བསྒོམ་པར ་བྱའོ། །ཕྱག་མཚན་ལ་སོགས་པ་རྣམས་སྔ་མ་བཞིན་ནོ། །བསྒྲུབ་བྱ་ཡང་ང་མོའི་སྟེང་དུ། །གནས་པ་ལ་རང་གི་འོད་ཟེར་དུ་བ་དམར་པོའི་ཁ་དོག་ལྟ་བུས་རང་གི་གནས་བསྐྱོད་པར་བསམ་པར་བྱའོ། བདག་ཉིད་ཀྱང་དུ་བ་དམར་པོའི་མདོག་ཅན་ལྕགས་ཀྱུའི ་རྣམ་བསམ་ཆ་ན་པའི་མཚོན་ཆ་བཟུང་བར་བསྒོམ་མོ། །དེ་བཞིན་དུ་བསྒོམས་པས་དགྲ་བོ་རྣམས་ངེས་པར་སྐྲོད་པར་འགྱུར་ཏེ། འདིར་ཐེ་ཚོམ་མེད་དོ། །ད་ནི་རྣམ་པར་ཞེ་སྡང་བའི་རབ་ཏུ་སྦྱོར་བ་གསུངས་ཏེ། དུ་བ་དངུལ་གཟུགས་དམར་བ་ནི། །རྣམ ་པར་ཞེ་སྡང་ལ་ངེས་སྦྱོར་ཞེས་པའི་དུ་བ་དངུལ་གཟུགས་དམར་པོའི་མདོག་ནི་དེ་མ་ཐག་ཏུ་གསུངས་པའི་ད་ནི་ཡོད་གྲུབ་པས་དབུ་བརྒྱན་པའོ། །སྔོན་དུ་གསུངས་པའི་ཞལ་དང་ཕྱག་མཚན་དང་ལྡན་པའོ། །རང་གི་སྙིང་ཁ་ནས་བསྐུལ་ཏེ་ཞེ་སྡང ་རྣམ་པས། །རྩམས?་དངུལ་གཟུགས་དམར་པོའི་འོད་ཟེར་གྱིས་ཞེས་སྡང་ཡང་དག་པར་བསྐྱེད་དེ། བསྒྲུབ་བྱ་མ་ཧེ་དང་རྟའི་སྟེང་དུ་གནས་ཏེ་ཕན་ཚུན་དུག་དང་མཚོན་ཆས་འཐབ་ཅིང་ཁྲོ་བོའི་སེམས་དང་བཅས་པར་བསམ་པར་བྱའོ། །དེ་ལྟ་བུ་ཉིད ་དུ་བསྒོམ་ཞིང་རྣལ་འབྱོར་པར་དུ་བ་དངུལ་གཟུགས་དམར་པོའི་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བྱས་ཏེ། དགྲ་བོ་རྣམ་པར་ཞེ་སྡང་ངེས་པར་སྦྱོར་བར་འགྱུར་ཏེ། འདི་ནི་ཐེ་ཚོམ་མེད་དོ། །ད་ནི་གདུག་པ་ཅན་གྱི་སེམས་ཅན་རྣམས་སོ་སོར་བསད་པ ་དང་རེངས་པའི་རབ་ཏུ་སྦྱོར་བ་གཉིས་གསུངས་ཏེ། གསང་བ་ལ་ནི་ཁ་དོག་གནག་།དེངས་པ་ལ་ནི་སེར་པོར་ཤེས་ཞེས་པ་ལ་སོགས་པའི་གསང་བ་ལ་སྐུ་མདོག་ནག་པོར་བསྒོམ་པར་བྱའོ། །རེངས་པ་ལ་ནི་སེར་པོར ་བསྒོམ་པར་བྱའོ། །འདིར་བསྒོམ་པའི་རིམ་པ་ནི་རྣལ་འབྱོར་པས་ཁྲེ་ལྷོར་ཕྱོགས་ཏེ། རང་ཉིད་མི་བསྐྱོད་པ་བཞིན་དུ་སྐུ་མདོག་ནག་པོ་མི་བསྐྱོད་པས་དབུ་བརྒྱན་པ། སྔོན་དུ་གསུངས་པའི་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་དགས་ཀྱི་འཇིག ་རྟེན་དབང་ཕྱུག་གི་སྐུར་བསྒོམ་པར་བྱའོ། །ཕྱི་ནས་བསྒྲུབ་བྱ་ཡང་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་དུ་བའི་མདོག་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་འཁོར་ལ་གནས་པའི་རོ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར ་པོ་ལ་གནས་པར་བསམ་པར་བྱའོ། །རང་གི་སྙིང་ཁའི་པདྨའི་ཟེ་འབྲུལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱི(རྒྱུད་འགྲེལ་ཏེ། དེའི་ནང་དུ་སོང་ནས་ཡི་དམ་གྱི་ལྷ་དང་ཡེ་ཤེས་སེམས་དཔའ་ལ་གསོལ་བ་གདབ་པར་བྱའོ། །ནམ་མཁའ་ཨི་མཐིལ་དུ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་གསོལ་བ་བཏབ་ནས། དེ་རྣམས་ཀྱི་མདུན་དུ་སྡིག་པ་བཤགས ་པར་བྱ་སྟེ། འདི་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་སེམས་ཀྱིས་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་བ་ལས་བཟློགས་པའི་ཕྱིར། །དེ་བཞིན་དུ་སྨོན་ལམ་གདབ་སྟེ། དེ་ལྟ་བུའི་ངོ་བོ་ཉིད་ཀྱི་སྙིང་རྗེ་བསྐྱེད་པར་བྱའོ། ། ་དེའི་ཕྱིར་ཡང་སྙིང་རྗེ་དམན་པས་འགྲུབ་མི་འགྱུར་ཞེས་སོ། །དེ་ནས་སྔོན་དུ་གནང་བ་ཐོབ་ནས་ཡེ་ཤེས་པའི་དེ་བཞིན་གཤེགས་པའི་གཏི་མུག་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་རང་རང་གི་འཁོར་ལོ་ལོ་སོགས་པའི་ཕྱག་མཚན་དང་ལྡན་པས་སྒྲུབ ་བྱའི་ལུས་མར་རྣག་གིས་བྱུགས་པ་ལྟ་བུ་རབ་གཡོ་བ་ལས་བསྲུངས་པ་ལ་སོགས་འཐོན་པར་བསམ་མོ། །ཇི་སྲིད་བསྒྲུབ་བྱའི་སྦྱོར་བ་ཡང་དག་པར་སྦྱོར་བར་བྱེད་པར་འགྱུར་ཏེ། ཕྱི་ནས་བསྒྲུབ་བྱའི་བློ་དང་ཤེས་པ་མར་མེ་གཡོ་བ་མེད་པ་བཞིན་དུ་བསམ། ་མཁའ་པང་ཟླ་བའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་ལྕགས་ཀྱུ་ཡོངས་སུ་གྱུར་པ་ལས་དེ་ཉིད་དུ་དོའི་བློ་དང་ཤེས་པ་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྐུ་མདོག་ནག་པོར་གྱུར་ནས་རླུང་གིས་བསྐྱོད་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འདས་ནས ་དེ་བཞིན་གཤེགས་པ་རྣམས་རྒྱལ་ཚབ་ཏུ་དབང་བསྐུར་བར་བསམ་པར་བྱའོ། །འདི་ན་མན་ངག་གི་རིམ་པའོ། །དེ་བཞིན་དུ་བྱས་ན་སྡིག་པར་མི་འགྱུར་ཏེ། སྙིང་རྗེ་སྔོན་དུ་འགྲོ་བའི་ཕྱིར་རོ། །གཞན་དུ་ནི་སྡིག་པར་འགྱུར་རོ། །འདི་ནི་གསང ་བའི་རབ་ཏུ་སྤྱོད་པའོ། །རེངས་པ་ལ་ནི་སེར་པོར་ཤེས་ཞེས་པ་ནི་མདོར་བསྟན་པ་སྟེ། རྒྱས་པར་བཤད་པ་ནི་ཚིགས་སུ་བཅད་པ་གཞན་གྱིས་བཤད་དེ། །རེངས་པར་བྱ་བ་སེར་པོ་ཉིད་ལས་གཙོ་བོར་ཕྱིར་རྒོལ་བའི་དག་རེངས་པར་བྱེད་པའི ་ལས་སུ་བརྗོད་དོ། །ལུག་གི་སྟེང་ཞེས་པ་ལ་སོགས་པའི་ལུག་ནི་དུད་འགྲོ་སྟེ། རྣལ་འབྱོར་པས་སྟེང་དུ་ཞོན་པའོ། །རྣལ་འབྱོར་པས་དེ་བཞིན་དུ་བསྒོམ་པར་བྱའོ། །ཡང་ནི་བསྤྲུབ་བྱའི་སྟེང་དུ་ལུག་གིས་ཞོན་པ་བཞིན་དུ་ཡང་དག་པར་གནས་པའོ། །རྐན ་གྱི་བར་ཏུ་རྩམ་ཕུག་ནས་ཞེས་པ་ནི་རིགས་ཀྱི་འཇིག་རྟེན་དབང་ཕུག་སེར་པོར་བསྒོམ་ཤིང་ཕུག་གི་སུང་དུ་གནས་ནས་ལྕགས་ཀྱུས་བསྒྲུབ་བྱའི་རྐན་ཕུག་ནས་ཞུས་པ་ནི་དེའི་ཕྱིར་ཐམས་ཅད་བསྒྲུབ་བྱ་ལ་ཉེ་བར་མཚོན་པ་སྟེ། སྲིད་པ་གསུམ་དུ་གང་གནས ་པ་ཞེས་པ་ནི་ཐམས་ཅད་རྨོངས་པར་བྱེད་པའོ། །འདི་ནི་རངས་པའི་རབ་ཏུ་སྦྱོར་བའི། །གཞན་དག་སྨོས་པས་ཅི་ཞིག་བྱ། །དོན་མར་ཚིག་ན་རབ་འདུས་པ། །ཞེས་པ་ནི་དོན་མང་པོ་ཚིག་ཉུང་ཤས་ལ་འདུས་པ་ཞེས་པའི་དོན་ནོ། །འཇིག་རྟེན་གསུམ་དུ་གང ་གནས་པའི། །ལས་རྣམས་ཡོན་ཏན་བརྒྱད་དང་ལྡན་པའོ། །དེ་ལ་ཡོན་ཏན་བརྒྱད་ནི་ཡང་དག་བའི་ལྟ་བ་དང། འཚོ་བ་དང། རྩོལ་བ་དང། དྲན་པ་དང། ཏིང་ངེ་འཛིན་དང། ངག་དང། ལས་ཀྱི་མཛའ་དང ་ཡང་དག་པའི་རྟོག་པ་ཞེས་པ་རྣམས་ཏེ། འདིར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཞེ་བཞེས་སོ། །ཡོན་ཏན་བརྒྱད་དང་ལྡན་པའི་གཞན་ཡང་གསུངས་པ་དང་མ་གསུངས་པའི་ལས་རྣམས་རྒྱུད་གཞན་རྣམས་ལས་ཉེ་བར་སྤྱོད་པ་སྟེ། ་རྒྱུད་གཞན་རྣམས་སུ་ཇི་ལྟར་ཉེ་བར་སྦྱོད་པའི་རང་ཏུ་སྦྱོར་བའི་ལས་རྣམས་གལ་ཏེ་རང་བཞིན་བསམ་གཏན་སྦྱོར་བ་ཡིས་ཏེ། ཆོ་ག་ཇི་ལྟ་བ་བཞིན་བྱས་པས་འདིར་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །གང་ཞིག་ལྷ་ནི་ནམ་མཁའ་མཚུངས ་ཞེས་པ་ལ་སོགས་པའི་དངོས་པོ་ལས་རེ་ཤིག་བཅོམ་ལྡན་འདས་ནམ་མཁའ་དང་མཚུངས་པའོ། །ཁ་དོག་དབྱེ་བས་སླར་ཡང་གཞན་དུ་ཐ་དད་པས། །འཇིག་ཏེན་གསུམ་ནི་གང་སྦྱོད་བའི། །ལས་རྣམས་ཐམས་ཅད་བྱ་བའོ། །སྐལ་བཟང་བྱེད་བའི ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དེ་ཤིག་ཡི་གེ་གསུམ་གྱི་རང་བཞིན་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོའི་སྔགས་ཀྱིས་སྐལ་པ་བཟང་པོ་ཅན་དུ་འགྱུར་རོ། །འདོད་པའི་གཞན་དབང་བསྒྲུབ་བྱའི་སྙིང་ཁའི་ཆུ་སྐྱེས་དབུས་སུ་སོན་པའོ། །དེའི ་ཕྱིར་བསླབ་བྱའི་སྙིང་ཁའི་ཆུ་སྐྱེས་སྦྱོར་བས་འདིར་རང་ཉིད་རིབས་ཏེ་འཇིག་རྟེན་དབང་ཕྱུག་གི་རང་བཞིན་ཡེ་ཤེས་སེམས་དཔའ་ཨི་བོར་འདོད་པས་གཟིར་ཏེ། བསྒྲུབ་བྱའི་སྙིང་ཁའི་ཆུ་སྐྱེས་ལས་རབ་ཏུ་ཞུབས་པའི་སྦྱོར་བས་དབང་པོ་ལ་སོགས ་པ་ཡང་དག་བར་བསྒྲུབ་པར་བྱད་དོ་ཞེས་བའོ་དོན་ནོ། །ད་ནི་དེ་ཁོ་ན་ཉིད་ཀྱི་ཚོགས་གསང་སྔགས་ཀྱི་མགོན་པོ་གང་དུ་གནས་པ་ཞེས་གསུང་ཏེ་།ཡི་གེ་གསུམ་དང་བཅས་པ་ཞེས་པ་སོགས་འདེར་སྟགས་ནི་ཡི་གེ་གསུམ་བཅས་པ་སྟེ། ཡི་གེ ་གསུམ་གྱི་རང་བཞིན་ཞེས་པའི་དོན་ནོ། །ལྷ་ནི་དེ་ལྟ་བུ་ཀྲི་ཏ་ཨོཾ་ཞེས་པའི་ཁམས་ལས་རྩའི་འཁོར་ལོ་ཐམས་ཅད་དུ་ཐིག་ལེའི་གཟུགས་ཉིད་ཀྱིས་རྣམ་པར་རོལ་ཕའོ། །སྟེང་དུ་འགྲོ་བ་གསུམ་དང་ལྡན་པའི་གསུམ་ན་ཐུགས་དང་? ་དང་སྐུའི་འཁོར་ལོ་རྣམས་སུ་དམ་རོ་གཅིག་ཏུ་གྱུར་པ་ནི་སེང་དུ་འགྲོ་བའོ། །དེ་དང་ལྡན་པ་ནི་བཅས་བཞེས་པའི་དོན་ནོ། །ཡང་ན་རླང་གི་དེ་ཉིད་ཀྱི་རིམ་པ་གཞུག་པ་དང་གནས་པ་དང་འབྱུང་བའི་དོ་བ་ཉིན་མཚིན་དུ་བཟླས་པ་ཉི་སྟེང ་དུ་འགྲོ་བ་གསུམ་ལྡན་པའི། །དེ་ལྟར་ཡང་རླུང་ན། ཨ་ཨིག་གིས་ནི་རབ་ཏུ་གཞུག། ཨཱ(རྒྱུད་འགྲེལ་ནི་དེ་ཁོ་ན་ཉིད་གསུམ་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་ལས་བྱེད་པ་སྟེ། རྟག་ཏུ་རྒྱུན་མི་འཆད་པ་ཉིད་དོ། །རྣལ་འབྱོར་མ་རྣམས་ཞལ་ལ་གནས་ནི་བདེ་བའི་བདག་ཉིད་ཐིག་ལེ་དེ་ཉིད་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་རོ། ། ་དེའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱིས་ཞལ་ནི་ཆོས་འབྱུང་གི་བདག་དུ་གནས་སོ། །དེ་བཞིན་དུ་དཔལ་བདེ་མཆོག་གི་རྒྱུད་ལས་ཀྱང་གསུངས་ཏེ། རྣལ་འབྱོར་མ་རྣམས་ཀུན་རྫོབ་སྦྱོད། །མཁས་པ་ཡིས་ནི་མཆོད་པར་འོས། །རང་ཉིད་ཡང་དག ་མདུན་ཕྱོགས་ནས། །རྣལ་འབྱོར་བ་ཡིས་ནོད་ཀུན་དབུལ། །ཞེས་སོ། །ཡང་ན་རྣལ་འབྱོར་ནི་འདིག་རྟེན་ལས་འདིས་པའི་ཏིང་ངེ་འཛིན་ཐོབ་སྟེ། གང་རང་གི་བདེ་བ་ལ་ཞུགས་སོ་པ་དེ་རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ཞལ་ལ་གནས་པ ་སྦྱོར་མཛའ་གཉིས་ཀྱི་རྩ་མོར་གནས་ཤིང་རིག་པ་བརྟན་པར་གྱུར་པའོ། །དེ་བཞིན་དུ་ཡང་རྩལ་འབོར་མ་ནི་དེ་རྣམས་རྩ་གསུམ་ཅུ་རྩ་གཉིས་རྣམས་སྦྱོར་བོ་ལས་སྐྱེས་པར་ཤེས་པར་བྱ་སྟེ། དེ་རྣམས་ཡང་དག་པར་བསྐུལ་བས་ཡེ་ཤེས ་ནི་མཆོག་ཏུ་དགའ་བའི་ངོ་བོ་ཉིད་དོ། །རྣམ་པ་གསུམ་ནི་འགུགས་པར་བྱེད་ཅེས་པ་ལ་སོགས་པ་ནི་རྣལ་འབྱོར་པས་གང་གི་ཆེ་ཐིག་ལེའི་རྣལ་འབྱོར་ལ་གོམས་པར་བྱས་པས། དེའི་ཚེ་ལྷན་ཅིག་སྐྱེས་པའི ་དགའ་བའི་རང་བཞིན་ཐིག་ལེའོ། །མཇེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །པདྨ་ཟུང་དང་ལྡན་པ་ནི་སྦྲུལ་པ་དང་བདེ་བ་ཆེན་པོའི་པདྨར་གྱུར་པ་སྟེ། འགྲོ་བ་དང་འོང་བའི་ཚུལ་ཉིད་ཀྱིས་སོ། །དེ་ལྟ་བུའི ་རྣམ་གསུམ་འགུགས་པར་བྱེད་དེ། རྣམ་གསུམ་གྱུར་པའི་དབང་ལས་དེ་གཡོ་བར་འགྱུར་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལས་འཛག་པའོ། །དེའི་རྗེས་སུ་འཛག་པར་གྱུར་པ་ནི་སྙིང་ཁའི་འཁོར་ལོར་བབས་པའོ། །དེའི་རྗེས་སུ ་མི་འཛག་པར་གྱུར་པ་ནི་སྦྲུལ་པའི་འཁོར་ལོར་གྱུར་པའོ། །དེའི་ཆེ་དབུ་མར་མར་མེ་གཡོ་བ་མེད་པ་བཞིན་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྟག་ཏུ་སྦྱོར་བ་ནི་རྣམ་པ་དེ་ལྟ་བུས་རྟག་ཏུ་གཅིག་ཏུ་གནས ་པ་སྟེ། རྟག་ཏུ་རྒྱུན་མི་འཆད་པའོ། །མར་མེ་རླུང་གིས་མ་སྐྱོད་པ་བཞིན་དུ་རབ་ཏུ་གནས་པ་ཐོབ་པར་འགྱུར་རོ། །ཞེས་པའི་དོན་ནོ། །སྔོན་གསུངས་ཞེས་པ་ལ་སོགས་པ་ནི་སྔོན་དུ་བཤད་པའི་ལྕའི་ལྷ་དབང་པོའི་ངོ་བོར ་སྒྲུབ་པ་པོ་སྐྱ་རེང་དམར་པོ་དང་མཚུངས་པའི་འོད་དུ་བསྒོམ་མོ། །ཐབས་ཤེས་རབ་གཉིས་རྣམ་པར་དག་པས་མཚན་མོ་ཕྱེད་ཀྱི་དུས་སུ་སྟེ། སྲིད་པ་དང་མྱ་ངན་ལས་འདས་པ་དག་གི་དབུས་སུ་གནས་པའོ། །དེ་ལྟ་བུའི་རྣལ་འབྱོར་ནི་སྔོན ་དུ་གསུངས་པའོ། །ཡང་ནི་ཨེ་ཡིག་དང་བྲུཾ་ཡིག་གི་མཚན་ཉིད་རྣལ་འབྱོར་ཡང་དག་པར་སྤྱོད་པའོ། །ད་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་རྣམས། །དེའི་གཟུགས་འཇིན་དེ་ཞེས་པ་ལ་སོགས་པས་སླར་པ་ཤད་དེ། སྔོན་དུ་གསུང ་པའི་བཅོམ་ལྡན་འདས་སྐུ་མདོག་ནག་པོའི་རང་བཞིན་དུ་སྒྲུབ་པོའི་ལུས་འཇིན་པའོ། །དེ་ལྟ་བུའི་ཆོགས་?་པོ་གང་གིས་དེ་བཞིན་ལྟ་ནི་བཅོམ་ལྡན་འདས་ཏེ་ཞགས་པ་ལྕགས་ཀྱུ་འཇིན་པས་བསྒྲུབ་བྱའི་ལུས་ལ་སྤྱོད་པར་བྱེད་པ ་ནི་ཡང་དག་པར་བླང་བར་བྱ་ཞེས་པའི་དོན་ནོ། །འདིར་བཅོམ་ལྡན་འདས་གང་ཞགས་པ་དང་ལྕགས་ཀྱུ་འཛིན་པ་ཉིད་ཀྱིས་འོད་ཟེར་ཆེན་པོ་ཉིད་ཀྱིས་སོ། །དེ་བླ་མའི་ཞལ་ལ་རྣམ་པར་གནས་ན་བླ་མའི་ཞལ་ལས་བླང་པར་བྱ་ཞེས་བའི་དོན་ནོ། ། ་འདིད་གསུངས་པ་ནི་སྔོན་དུ་གསུངས་པའི་ཞགས་པས་ཅིངས་པ་ལ་སོགས་པ་དང། ལྕགས་ཀྱུས་ཀྱང་གང་དབུག་པ་སྟེ། དེ་བླ་མའི་ཞལ་ལས་རྟོགས་པར་བྱའོ། །ཞེས་པའི་དོན་ནོ། །དེ་བསྒྲུབ་བྱའི་ལུས་ལ་གཞན་ཅི་འདྲ་ན་ཞགས་པས ་ཡང་དག་པར་བཀུག་ཅིང་ལྕགས་ཀྱུས་བསྣུན་པས། གཞན་ཡང་རྣམ་པར་མྱོས་པ་ནི་རྣམ་པར་འཁྲུགས་པས་ཞེས་པའི་དོན་ནོ། །འཇིགས་པ་དང་བཅས་པའི་ཕྱིར་ལུས་དམར་ནི་ལུས་དམར་པོར་གྱུར་ཏེ། ཡང་ནས་ཡང་དུ་བརྒྱལ་བར ་འགྱུར་ཏེ་སྒོ་དགུ་རྣམས་སུ་བསྣན་པས་ཁྲག་མང་དུ་འབབ་པ་ཞེས་པའི་དོན་ནོ། །དེ་བཞིན་དུ་སྤོན་དུ་མདོར་བསྟན་པའི་རྗེས་སུ་འབྲངས་ནས་འདི་ནི་རྒྱས་པར་བཤད་པའི་རིམ་པ་སྟེ། དཀོན་མཆོག་གསུམ་ལ་གནོད་པོར་བྱེད་པ་གསང་བའི ་རེམ་པའོ། །གཞན་དུ་བཤད་པའི་གསང་བའི་རིམ་པ་ནི་བསྒྲུབ་བྱའི་ལུས་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་བྱེད་པ་སྟེ། ཞགས་པས་འགུགས་པ་དང་ལྡན་པ་ནི་ལྟེ་བའི་འཁོར་ལོ་ལ་གནས་པའི་ཨཾ་ཡིག་ཡོངས་སུ་གྱུར་པ་ལས ་གཏུམ་མོ་འབར་བའི་གཟུགས་ནི་ཞགས་པས་འགུགས་པ་སྟེ། སྟེང་དུ་སོང་ནས་བདེ་བ་ཆེན་པོའི་འཁོར་ལོ་གནས་པའི་མགོ་ཐུར་དུ་བསྟན་པའི་ཧཾ་ཡིག་གི་གཟུགས་ལ་ལྕགས་ཀྱུས་བསྣུན་པའོ། །རྣམ་པར་མྱོས་པའི་ཞེས་པ་ནི་རང་གི་གནས ་ནས་འབབ་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་ལས་ཞེས་པའི་དོན་ནོ། །ལུས་དམར་ནི་ལྷན་ཅིག་སྐྱེས་པའི་དགའ་པའི་ངོ་པོ་ཉིད་དོ། །ཡང་དང་ཡང་དུ་བརྒྱལ་བ་ནི་འཁོར་ལོ་ལས་འཁོར་ལོའི་མཐར་འབབ ་པའོ། །ཁྲག་འབབ་པ་ནི་བདེ་བ་ཆེན་པོ་དཔག་ཏུ་མེད་པའོ། །སྒོ་དགུ་རྣམས་སུ་བསྣུན་པ་ནི་ཆོས་ཀྱི་འཁོར་ལོར་གྱུར་བའི་ལྷ་མོ་བཞི་དང་དེ་བཞིན་གཤེགས་པ་ལྔའི་རིགས་སྒོར་བསྣུན་པས་སྦྲུལ་པའི་འཁོར་ལོའི་ནང་དུ་འབབ་བའོ། །འདི ་ཡང་བྱང་ཆུབ་སེམས་ཀྱི་ཐིག་ལེ་མི་ལྷུང་ཞིང་སྟེང་དུ་འདྲེན་བར་བྱེད་པའི་མཚན་ཉིད་ཡིན་པ་ནི་གཟི་བརྗིད་ཆེན་པོའོ། །སྔོན་དུ་གསུངས་པའི་ཞགས་པ་ལྕགས་ཀྱུས་འཛིན་པ་དག་གིས་དེ་ཐམས་ཅད་ལ་གཟི་བརྗིད་ཆེན་པོ་ཉིད་དོ། །བླ ་མའི་ཞལ་ལ་གནས་ནི་སྙིང་ཁའི་འཁོར་ལོ་དང་སྦྲུལ་བའི་འཁོར་ལོ་སྟེ། འཁོར་ལོ་གཉིས་ཀྱི་བར་དུ་གནས་བ་ཞེས་པའི་དོན་ནོ། །ད་ནི་སྔགས་ཀྱིས་ཕན་པར་བྱེད་པ་སྲོག་བཞིན་བསྲུང་བར་བྱ་བ་ཚིགས་སུ་བཅད་པ་དྲུག་གིས་གསུངས ་ཏེ། སྒྲིབ་པ་དང་བྲལ་མཚུངས་པའི་ཞེས་བྱའི་ལ་སོགས་པ་ནི་སྒྲུབ་པ་པོས་དང་པོར་རེ་ཤིག་སྒྲིབ་པ་དང་བྲལ་མཚུངས་པ་ནི་སྒྲིབ་ལས་ངེས་པར་གྲོལ་བའོ། །རང་ལུས་རྣམ་པར་བལྟ་བར་བྱ་ནི་དེ་རང་ལུས་ལ་བལྟ་བར་སྟེ། དེ་ལ ་སྒྲིབ་པ་དང་བྲལ་མཆུངས་པའོ། །ལུས་ཀྱི་དབུས་སུ་རབ་ཏུ་ཞེས་པའི་སྔགས་ནི་ཧྲཱི(རྒྱུད་འགྲེལ་ནི་མར་མེ་འབར་བ་དང། མེ་ལྟ་བུས་ཞེས་པའི་དོན་དོ། །གཞན་ཡང་ཁ་དོག་དམར་པོ་ནི་པདྨའི་གཟུགས་འཛིན་པའོ། །རང་གི་ཞལ་གྱི་ནང་ནས་འཐོན་ཏེ་ཁའི་སྒོར་རོལ་ནི་སྒྲུབ་བྱའི་ཁའི་སྒོ་སྟེ་བསྒྲུབ་བྱའི་ཁའི་སྒོ་རུ་ཞེས་པའི་དོན ་ནོ། །དེ་ལ་མངོན་འདོད་རོལ་བ་སྟེ་བསྒྲུབ་བྱའི་ཁའི་སྒོར་ཡོངས་སུ་འཁོར་བ་ཞེས་པའི་དོན་ནི། །ཕྱི་ནས་དེ་ཉིད་ཡི་གེ་རྣམས་བསྒྲུབ་བྱའི་ཁར་ཐིམ་ནས་ཇི་སྲིད་བསྒྲུབ་བྱའི་སྙིང་ཁའི་ཆུ་སྐྱེས་ལ་ཐིམ་པར་བསམ་པར་བྱའོ། །ཕྱི་ནས་དེའི་མཐར་སྙིང ་ཁར་ཅུང་ཟད་གནས་པ་ཐམས་ཅད་དེའི་མཐར་ཞེས་པ་ནི་དང་པོའི་ཡི་གེའི་མཐར་ནི་ཧཱུཾ་ཡིག་གོ། དེ་ཉིད་ཀྱི་གཟུགས་ཀྱིས་དེ་ཡང་རབ་ཏུ་ཞུགས་ཏེ་བསྒྲུབ་བྱའི་སྙིང་ཁར་གང་ཅུང་ཟད་གནས་བ་ཐམས་ཅད་ཕྲོགས་ཏེ། དེ་ཡང་མེར་མེར་བོའི་རང་བཞིན་དཀར ་དམར་གྱི་རང་བཞིན་སྒྲོལ་མའི་གཟུགས་ག་བུར་གྱི་རྣམ་པ་དེ་ཉིད་དེ། ཡིད་འཕྲོག་པ་ཐམས་ཅད་ངེས་ཀྱང་ཡི་གེ་བླང་བར་བྱ་བ་ལེན་པ་ཞེས་པའི་དོན་ནོ། །ཕྱི་ནས་གང་བསྒྲུབ་བྱའི་ལུས་སྟོང་པར་བྱ་སྟེ། དེའི་ཚེ་ཛཛ་ཞེས་པའི་གསུམ་པའི ་ཡི་གེས་རླུང་གིས་ལོ་མ་གཡོ་བ་ལྟར་བྱས་ཏེ། རང་གི་ཁྱིམ་ནི་རང་གིས་ལུས་ལ་ཐིམ་ནས་ལུས་བསྒྲུབ་བྱའི་ལུས་དང་ངོ་བོ་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེ་ལྟ་བུའི་རྣམ་པ་འདིས་ལྷའི་ལྷ་ནི་བཅོམ་ལྡན་འདས་རིགས་ཀྱི་འཇིག ་རྟེན་དབང་ཕྱུག་ཞག་བདུན་དུ་བསྒྲུབ་པར་བྱས་པས་དེའི་དོར་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བྲན་བྱེད་པར་འགྱུར་རོ། །འཚོ་བ་དང་ནི་ནོར་གྱིས་ཀྱང། །ས་སྟེང་འཇིག་རྟེན་སླར་ཅི་སྨོས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་བཞིན་ཐེ ་ཚོམ་མེད་པ་ཞེས་པའི་དོན་ནོ། །ད་ནི་འདིའི་སྡགས་ཀི་དབང་དུ་བྱ་བའི་ཡུལ་གྱི་རྣ་པར་དབྱེ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་སོ། །རང་དབང་མེད་རྣམས་ཞེས་པ་ལ་སོགས་པའི་འདིར་སྡགས་ཀྱི་དབང་པོ་ནི་རྒྱལ་པོ་ནི་རྒྱལ་པོ་སྟེ་སྒྲུབ་པ་པོས ་འདིར་རང་དབང་མེད་པ་ནི་གཞན་གྱིས་གཟུང་བའི་བུད་མེད་ལ་རབ་ཏུ་སྦྱར་བར་མི་བྱའོ། །རྒྱལ་སྲིད་སྒྲུབ་པ་མཆོག་ནི་དེས་པ་སྟེ། འདིར་སྡགས་ཀྱི་རྒྱལ་པོ་བཟླས་པར་བྱའོ། །ཞེས་པའི་དོན་ནོ། །སྒྲུབ་པ་པོ་གང་གིས་སླར་ཡང་གཞན་དུ་སྟེ་གཞན་གྱིས་བདག ་ཏུ་བཟུང་བའི་བུད་མེད་སྒྲུབ་པ་ནི་འདོད་པས་ལོང་ཞིང་འདོད་པ་ལ་ཆགས་པ་སྟེ། ངེས་དེ་བཞིན་དུ་དབང་བྱས་པས་ལྷུང་བར་འགྱུར་ཏེ་སྡིག་པར་འགྱུར་རོ་ཞེས་པའི་དོན་ནོ། །རྒྱུ་གང་གི་ཕྱིར་ན་དེ་གཞན་གྱིས ་ཡོངས་སུ་བཟུང་བའི་བུད་མེད་བསྒྲུབས་ན་འོད་མི་ནུས་པའི་ཕྱིར་དེའི་སྐད་ཅིག་ལ་འཆི་བར་འགྱུར་ཏེ། དེ་མཐོང་བའི་ཕྱིར་རོ། །གལ་ཏེ་ལྷའི་བུ་མོ་ཡིན་ཡང་འདིར་ཐེ་ཚོམ་མེད་དོ་ཞེས་པ་ནི་ལྷའི་བུམ་མོ་ཡང་དེས་པར་འོད་བར་འགྱུར ་རོ། །ཞེས་པའི་དོན་ནོ། །རིགས་ཀྱི་འཇིག་རྟེན་མགོན་པོའི་ལྔ་བཅུ་པ་ལས་ལྷའི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།ཡང་དག་སྲུང་ཞེས་པ་ལ་སོགས་པ་ནི་དེ་རྣལ་འབྱོར་པས་དམ་ཚིག་སྤྱོད་པ་དམན་པས ་འདྲེན་པའི་སྔགས་ཉིད་བཟླས་པར་བྱའོ། །སྦ་ཞིར་སྲོག་བཞིན་བསྲུང་བར་བྱ་སྟེ། འདིར་སྔགས་ནི་འཇིག་རྟེན་དབང་ཕྱུག་གི་སྙིང་པོའོ། །མཆོག་ནི་ཕུལ་དུ་བྱུང་བའོ། །གཅིག་པུ་གྲོགས་དང་བྲལ་བྱས་ཏེ་ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་པས་གང་གི་ཚེ་སྔགས་ཟློས་པར་བྱེད་པ་དེའི་ཚེ་གཅིག་བུ་ནི་གནས་ཀྱི་དོན་ཐམས་ཅད་ལ་ཆགས་པ་སྤངས་པའོ། །འབུམ་དུ་བཟླས་ནི་འབུམ་ཕྲག་གསུམ་གྱི་གྲངས་ཀྱི་སྔགས་བཟླས་པར་བྱའོ། །དེ་ཡང་འཁོར་ལོ་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་མཚན ་ཉིད་དོ། །བདེ་གཤེགས་མངོན་སུམ་ཞེས་པ་ནི་སྐུ་གསུང་ཐུགས་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བའི་དོན་ནོ། །ད་ནི་སྔགས་བཟླས་པའི་འབྲས་བུའི་བདག་ཉིད་ཆེན་པོའི་གསུངས་ཏེ། འཇིག་རྟེན་ཐམས་ཅད་འབྱིན་པ་དང་ཞེས་པ་ལ ་སོགས་པ་ནི་གང་སྔོན་དུ་གསུངས་པའི་ཆོས་གསང་སྔགས་བཟླས་པ་དང་ལྡན་པའི་རྣལ་འབྱོར་པ་དེས་འཇིག་རྟེན་ཐམས་ཅད་སྐད་ཅིག་ཙམ་ལ་དེ་བཞིན་དུ་འབྱིན་པར་བྱེད་པ་དང་སྐད་ཅིག་ཙམ་ལ་དེ་བཞིན་དུ་སྡུད་པར་བྱེད་དེ། ཡང་ནས་ཡང་དུ ་འབྱིན་བ་དང་སྡུད་པར་བྱེད་པའི་ཞུས་པ་དང་ལྡན་པ་ཞེས་པའི་དོན་ནོ། །ནམ་མཁའ་ཨི་གོ་འཕང་འགྲོ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བར་བྱེད་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ་རྫུ་འཕྲུལ་དང་ལྡན་པའོ། །དེ་རྣམས་ཀྱི་གོ་འཕང་ནི་དེ་དག་གི་གནས་སུ་འགྲོ ་བ་སྟེ་སྒྲིབ་བ་བྲལ་བའི་གནས་སུ་འགྲོ་བ་ཞེས་བྱ་བའི་དོན་ཏེ། དྲན་པས་འདི་ལ་ཐེ་ཚོམ་མེད་པའོ། །ད་ནི་ཕ་རོལ་གྱི་གྲང་དུ་འཇུག་པ་བཤད་པར་བྱ་སྟེ། སེམས་དང་སེམས་མེད་སྦྱོར་བ་ཞེས་པ་ལ་སོགས་པ་ནི་སེམས་ནི་རྣལ་འབྱོར་པའི ་ཤེས་པའོ། །ལུས་སྐྱེས་ནི་ལུས་ལས་སྐྱེས་པའི་འབྱུང་བ་ཆེན་པོར་གྱུར་པ་རྣམས་འཇུག་པར་བྱེད་དོ། །གང་ལ་སེམས་མེད་པའི་ལུས་སོ། །སྦྱོར་བ་ནི་འཇུག་པའོ། །སེམས་ནི་རྣལ་འབྱོར་པའི་ཤེས་པ་སེམས་མེད་པའི་རོའི་ལུས་ལ་ཡང ་དག་པར་ཐིམ་པའོ། །ལུས་སྐྱེས་མང་པོ་རྣམས་ལ་རབ་ཏུ་ཞུགས་ནས་སེམས་ནི་སེམས་ལས་ངེས་པ་མཐོང་སྟེ། རོའི་ལུས་ལ་སེམས་དེ་བཞིན་དུ་འདིར་སེམས་དང་བཅས་པ་སྟེ། དེས་པར་མཐོང་བ་ནི་རོ་དེ་ལ་ངེས་པར་མཐོང་བར་འགྱུར ་རོ་ཞེས་བའི་དོན་ནོ། །འདིར་ཚོགས་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་གཟུགས་སེམས་ཀྱི་རྟེན་དུ་གྱུར་པ་དེ་ཉིད་རིམ་པས་ཕ་རོལ་གྱི་གྲོང་ལ་འཇུག་པའི་དུས་སུ་རྣལ་འབྱོར་སྟེང་དུ་བླང་བར་བྱ་སྟེ། ཇི་སྲིད་ལྟེ་བའི་འོག་ནས་དེ་ཡང ་སྟེང་དུ་མགྲིན་པའི་ཕྱོགས་ཀྱི་མཐར་ཐུག་པ་དཀའ་ནས་སྣའི་བུ་ག་ནས་འཐོན་ཏེ་རོ་མཉམ་པའི་ལས་ལ་ཡང་དག་པར་ཞུགས་པར་བྱའོ། །ཇི་སྲིད་རོའི་ལུས་གཡོ་བ་སྟེ། སྤལ་བ་བཞིན་དུའོ། །ཅིའི་ཕྱིར་ཡང་རབ་ཏུ་གཡོ་བ་ནི་སླར་ཡང་དེ་ལས་རོའི ་ལུས་ལ་ཕྱུག་?་དུ་སྲོག་ཚུལ་དགུག་པར་བྱའོ། །དེ་བཞིན་དུ་ཕ་རོལ་གྱི་གྲོང་དུ་འཇུག་པ་ལ་གོམས་པར་བྱའོ།། །།ད་ནི་སྡགས་ཀྱི་བདག་ཉིད་ཀྱི་ཆེ་བ་བཤད་པར་བྱ་སྟེ། ནད་བཅས་ཞེས་བྱ་བ་ལ་སོགས་པ་ནི་ནད་དང་ལྡན་པའོ། །ནང ་མེད་ནི་ནད་ལས་ངེས་པར་གྲོལ་བར་བྱེད་པའོ། །དེ་བཞིན་དུ་ནད་མེད་པ་ཡང་ནད་དང་བཅས་པར་བྱེད་དོ། །དེ་བཞིན་དུ་སྔགས་ཀྱི་རྒྱལ་ལོ་དབང་པོས་བྱེད་དེ། ཞགས་པ་ལྕགས་ཀྱུས་འཇིན་པ་ཞེས་པ་འདི་ཡིན་གསལ་? ་ཀྱུས་འཛིན་པའི་ཚིག་བརླིང་བ་ནི་སྔོན་བཤད་ཟིན་ཏེ། །གཞན་དུ་ཞེས་པ་ལ་སོགས་པ་ནི་རང་བཞིན་གྱི་སྦྱོར་བ་སྔོན་དུ་གསུངས་པའི་ཆོ་ག་མ་ཡིན་པ་གང་གི་ལས་ཀྱི་རྗེས་སུ་འབྲངས་ནས་སྒྲུབ་པ་དེ་ནི་གཞན་དུ་སྟེ་བྱིས་པ་རྨོངས་བས་ཟླ ་བ་འཛིན་པར་འདོད་པ་དང་འདྲའོ། །གསུམ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོ་གང་གིས་འཇིག་རྟེན་མགོན་པོའི་སྐུ་གསུམ་གསུམ་དུ་རིག་པ་སྟེ། གསུམ་ནི་རྣམ་པ་གསུམ་སྟེ། དེ་ལས་དེ་ཉིད་གསུམ་ནི་སྔགས་ཀྱི་དེ་ཉིད་དང། བདག ་གི་དེ་ཉིད་དང། ལྷའི་དེ་ཉིད་དོ། །གཞན་ཡང་གསུམ་ཚི?་སྐུ་གསུམ་སྟེ། ཆོས་དང། ལོངས་སྦྱོད་རྫོགས་པ་དང། སྦྲུལ་པའི་སྐུའོ། །གཞན་ཡང་གསུམ་ནི་ཡི་གེ་རྣམ་པ་གསུམ་མོ། །དེ་བཞིན་དུ་གསུམ་གསུམ་དུ་རིག་པར་བྱའོ། ། ་གནས་སྐབས་གསུམ་ནི་ཞི་བ་དང། གཉིས་སུ་མེད་པ་དང། ལམ་རྣམ་བར་སྦྱང་བའི་ཡེ་ཤེས་ཀྱི་སྐབས་སོ། །དེ་བཞིན་དུ་སྐུ་གསུམ་དང་།གནས་སྐབས་གསུམ་ནི་།འཇིག་རྟེན་མགོན་པོའི་གོ་འཕང་སྟེ། འཇིག་རྟེན་མགོན་པོའི་རང ་བཞིན་དུ་སྒྲུབ་པ་པོ་གང་གིས་ཤེས་པ་དེས་ངས་པར་འཇིག་རྟེན་མགོན་པོའི་གོ་འཕང་དུ་འགྲོའོ་ཞེས་པའི་དོན་ནོ། །འདི་ནི་རིགས་ཀྱི་འཇིག་རྟེན་མགོན་པོའི་ལྔ་བཅུ་བའི་འགྲེལ་པ་མདོར་བསྡུས་པ་སྟེ། །བཅིའི་བཎྜི་ཏ་དྲི་མེད་དཔལ་མཐང?་ངོའི ་ཞལ་སྔ་ནས་མཛད་བརྗོགས་སོ།། །།དཔལ་ས་སྐྱའི་བཙུག་ལག་ཁང་དུ་མི་ཆེན་ལྷ་རྗེ་མེ་ག་ལིང་གིས་ཞུས་ཤིང། །ཡར་ལུངས་པ་ཤུད་ཀྱེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་