| Wylie | e-texts based on the ACIP/ALL Input |
ཆེན་པོ་མི་ཏྲ་རྡོ་ཀི་དེ་ཉིད་ཀྱི་སྤྱན་སྔར། གནུ་པས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཁ་སརྦཝཱ་ཎ་མ་ཏྭཱི་སཱ་དྷཱ་ནཱཾ། བོད་སྐད་དུ། དཔལ་ཁ་སརྦཱ་ཎི་ཡབ་ཡུམ་གྱི་སྒྲུབ་ཐབས། འཕགས་པ ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་ཞིག་སྤྱན་རས་གཟིགས་དབང་ཡུམ། །ཐུགས་རྗེའི་དབྱིངས་ལས་སྐུ་བཞེངས་པ། །ཡེ་ཤེས་ལྷ་མོ་དམར་མོ་སྒེག་།དཔའ་མོ་ཉིད་ལ་ཕྱག་འཚལ་ལོ། །དེ་ལ་སྒྲུབ་པོ་དམ་ཚིག་ཅན། །གསང་སྔགས་རྒྱལ ་པ་ལ་མོས་པས། །དུར་ཁྲོད་དམར་པོའི་དབུས་སུ་ནི། །ཆོ་ག་རྣམ་གསུམ་བསྒོམ་པར་བྱ། །རེ་ཤིག་སྐྱབས་སུ་འགྲོ་བ་དང། །སེམས་བསྐྱེད་ཁྱད་པར་ཅན་བསྐྱེད་ནས། །དམ་ཚིག་བླུམ་ལའི་མཆོད་པ་དང་ལྡན་པས། །མེ་ཏོག་དམར་པོའི ་མཎྜལ་བཤམས་ཏེ། བསམ་གཏན་བསྐྱོད་པའི་ཕྱག་རྒྱ་བཅས་ལ། ཐོག་མར་སྔགས་འདི་བཟླས་པར་བྱའོ། །ོཾ་ཨ(རྒྱུད་འགྲེལ་ཡི། །ངང་ལས་སྐྱེས་གྱུ་རང་ལྷ་མོ་འམ། །ཡང་ན་ལྟེ་དབུས་སྤྲུལ་པའི་ནང། །ཆོས་འབྱུང་པདྨ་མི་རོལཱོ། །བི་ལས་མངོན་གྱུར་དམར་མོ་དཔའ་། །བཅུ་དྲུག་མཚོང་ཤིན་ཏུ་སྒེག་།ཅུང་ཟད་ཁྲ་བའི་ཞལ་བཞད་དམ། །གྲི་གུག་ཐོང་འཛིན ་ཁ་ཊཝཱཾ་བསྣམས། །མགོ་བོའི་ཕྲེང་བའི་ངོ་ཤལ་བརྒྱན། །གཡོན་བསྐུམ་གཡས་རྐྱང་དབང་ཕྱུག་དང། །ུ་མའི་ནུ་མ་མཉམ་བརྫིས་མཛད། །ཤིན་ཏུ་འོད་གསལ་འཇིགས་པ་ཡི། །མི་རུས་རྡོ་རྗེའི་ཕྲེང་པས་སྤྲས། །དྲིལ་བུ་གཡེར་ཀའི་སྒྲ ་སྒྲོགས་པའོ། །སྐྲ་གྲོལ་གཅེར་བུ་བདེ་བའི་ཉམས། །རྡོར་ཕྲེང་རྡོ་རྗེ་ཟུར་བུད་ལྡན། །གཡུང་དྲུང་འཁྱིལ་པས་སྨིན་མཚམས་བརྒྱན། །སྔགས་གསུམ་གྱིས་བཀང་བྷ་གའོ། །དེ་སྙིང་པདམོ་དམར་དབུས་སུ། །ཡེ་ཤེས ་རྡོ་རྗེ་ཕྱག་རྒྱས་འཛིན། །བཾ་ཞེས་བྱ་བ་རྣམ་ཤེས་ཁྱིམ། །རྣམ་རྟོག་བསྡུས་དད་མི་རྟོག་གྲོལ། གོ་རིམ་ཇི་བཞིན་ཇི་གནས་དང། །ལྷག་མཐོང་རྣལ་འབྱོར་བསྒོམ་པར་བྱ། །དེ་ཚེ་དམིགས་པ་རང་དགའ་དང། འཆད་བཞི་པས་བདེ་ཆེན། ་རྙེད། །འོད་ཟེར་བཞུ་བའི་སྦྱོར་བ་ཡིས། །སྣད་བ་ཐིམ་དང་སེམས་ཅན་ཐིམ། །ལུས་ཐིམ་སྲོག་ཐིམ་ནམ་མཁའ་ཡི། །རྣལ་འབྱོར་ཉི་ཟླ་ཟུང་དུ་འཇུག་།དཔལ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ ་ཤྲཱི་མི་ཏྭའི་གདམས་པ་རྫོགས་སོ།། །།གནུབས་ལོ་ཙཱ་བས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་དྭ་ཡ་བྷྲ་ཏྲ་ར་ཡཀྵ་སཱ་དྷ་ན། བོད་སྐད་དུ། གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་འཛིན ་