CLOSE WINDOW

N1773: dpal bcom ldan 'das ral pa gcig pa la bstod pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། །ཤྲཱི་ཨེ་ཀ་ཛཱ་ཊ་བྷ་ག་ཝ་ན་སྟོ་ཏྲ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པ་ལ་བསྟོད་པ། བཅོམ་ལྡན་འདས་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །དཔའ་བོ་གང་ཞིག་དུས་གསུམ་རྒྱལ་བའི ་ཐུགས་རྗེ་ཐུགས་ལས་སྤྲུལ་པའི་སྐུ། །མཁའ་ལྟར་སྟོང་ཉིད་མ་ལྟར་སྙིང་རྗེས་བྱམས་སོགས་ཚད་མེད་ལས་བྱུང་བ། །པདྨ་ཉིད་དབུས་བདེ་ཆེན་ཐོབ་པ་དེ་བཞིན་མི་རོ་ཁྲོས་པ་ཡི། །སྣ་ཚོགས་གདན་སྟོངས་ཡེ་ཤེས་ཡིག་བསྲུ? ་ཊཾ་ལས་ཡོངས་འགྱུར་ཐོད་པ་དང། །གྲི་གུག་ལས་གྲུབ་ཧཱུཾ་དང་ཕྱག་མཚན་འགྲོ་བའི་དོན་སྒྲུབ་བྱེད་པའི་རྒྱུ། །འབར་ལས་བལྟམ་བྱས་འཇིགས་པའི་སྐུ་ཆེན་ཤིན་ཏུ་མི་བཟང་རྔམ་པའི་སྐུ། །འགྱིན་བག་རབ་བརྟན་གཟི་བརྗིད་དཔལ་བར ་ཉོན་མོངས་སྒྲིབ་ཚོགས་བསྲེག་པ་ཡི། །ཡེ་ཤེས་མེ་འབར་ཀུན་ནས་འཁྱིལ་བའི་འོད་ཟེར་དྲག་པོ་དཔུང་འཁྲིགས་ཤིང། །སྡིག་པའི་རྔམ་སྟབས་ཧཱུཾ་སྒྲ་དང་བཅས་དག་པོའི་གད་མོ་ཅན། ཕྱོགས་བཅུར་གར་འགྱེད་མི་ཐུབ་གཅིག་ཏུ་ལྷ་ཀླུ་ལྷ་མིན ་དཔུང་ལས་རྒྱལ། །བདེ་ཆེན་རྒྱལ་པོ་གཉིས་མེད་མཆོག་ངགས་རྟག་ཏུ་སྡུག་བསྔལ་རྣམས་གནོན་རྩལ། །རྒྱལ་བ་དགྲ་རྒྱལ་སྡུག་བསྔལ་སྡིག་འཇོམས་དཔའ་བོ་དཔལ་ཆེན་ལ་ཕྱག་འཚལ། །གར་དགུར་ཉམས་ལྡན་ཅུང་ཟད་ཞི་ཞིང་ཁོ ་དང་ཁྲོ་ཞིང་ཞི། །བརྟུལ་ཞུགས་མཆོག་འཛིན་སྟོབས་བཅུའི་དབང་ཕྱུག་མི་དང་ལྷ་ལས་རྣམ་པར་རྒྱལ། །ས་གསུམ་བདག་པོ་ལྷ་ཡི་ལྷར་གྱུར་པ་བདེ་གཤེགས་མ་ལུས་འཕྲིན་ལས་བསྒྲུབས། །མི་གཡོ་མི་འགྱུར་རྟག་ཏུ་བརྟན་ནས་དེ་བཞིན་ཉིད ་ཡུལ་ཟབ་མོའི་ལམ། །སྒྱུ་མ་མཁའ་འགྲོ་ཉིད་ཀྱི་ཐུགས་ཆུད་མ་ལུས་འགྲོ་ལ་རྗེས་ཆགས་ནས། །སླར་ཡང་འདིར་ཞུགས་སྐལ་ལྡན་སྲོག་ཆགས་སྙིང་གི་པདམོ་ཁ་ཕྱེ་ནས། །ཆགས་མེད་ཆགས་བྲལ་གཏི་མུག་ལས་གྲོལ་རབ་ཏུ་སྡང་བ་རྣམ་པར་བཤིག་། ་ཀུན་ཏུ་རྟོག་སྤངས་རབ་ཏུ་བརྟན་གནས་ངེས་པའི་སར་ཆུད་དེ་ཉིད་ཐུགས་རྗེ་ཁྲོས་པ་ཡི། །འཇིགས་བྱེད་སྐུར་བསྟན་འབར་བའི་ཞལ་གསུམ་དཀར་དང་དམར་པོ་སྔོན་པོའི་མདོག་།སྤྱན་གསུམ་ཐོགས་མེད་སྨར་སྨིན་སེར་གཡོ་བའི་བ་སྤུ་གྱེན ་དུ་དགྲེང། །དམར་ཟླུམ་སྤྱན་བཟློག་འོད་འབར་ལས་བྱུང་བགེགས་ཚོགས་བསྲེག་པའི་མེ་སྟག་འཕྲོ། །ཡེ་ཤེས་རྣོན་པོའི་མཆེ་བ་གཉིས་གཙིགས་རྔམ་ཞིང་བཞད་པའི་ཞལ་བགྲང་དེ། །ཧ་ཧའི་སྒྲ་སྒྲོགས་རྟ་སྐང་འཚེར་བའི་ང་རོ་ཀུ་ཅེ་གང་རྒྱངས་འཕྱིན ་སྟབ་ཅིང་རབ་བརྒྱལ་འཁྲུགས་པའི་སྐད་གསར་ངར་ངར་རབ་སར་འོ་དོད་འབོད། །གདུག་པའི་སྙིང་འབྱིན་མ་རུངས་སྣང་འཆོད་གཅོད་སྒྲ་དྲག་པོས་ས་འཁྲུག་པ། །རྣམ་རྒྱལ་ཁྲོ་བོ་བདུད་དགྲ་དཔུང་འདུལ་འཕྲིན་ལས་ལྷ་དབང་ཁྱོད་ཕྱག་འཚལ།། ་དམར་སེར་འགྱིང་བའི་རལ་པ་གཅིག་བཅས་བདེ་གཤེགས་གཙོ་བོ་མི་བསྐྱོད་པས། །དྲགས་པའི་དབུ་བརྒྱན་སངས་རྒྱས་རྣམ་ལྔའི་མི་ཐོད་འཇིགས་པའི་ཕྲེང་བ་ཅན། །ུཏཔལ་པདམོ་མོའི་སྒྱུ་ཞགས་སྦྲུལ་གདུགས་ཁྲོད་པའི་རྣ་རྒྱན་ཅན། །དེ ་བཞིན་མི་རུས་རིན་ཆེན་སྦྲུལ་རྒྱལ་ཤིན་ཏུ་འོད་འབར་འཇིགས་པ་ཡི། །རྒྱན་རྣམས་ཀྱིས་བརྒྱན་སིལ་སིལ་སྒྲ་སྒྲོགས་ཀུན་ནས་བསྡིགས་པའི་སྟབས་ཀྱིས་འགྱེད་པའི་ཚུལ། །ཕྱག་གཡས་གྲི་གུག་རྡོ་རྗེ་རལ་གྲི་དེ་བཞིན་གཡོན་ཕྱག ་མགོ་བྱེད་དང། །ུཏཔལ་སྔོན་མཛེས་དྲི་བསུང་ཡིད་འཕྲོགས་ཕྱོགས་བཅུར་དང་ལྡང་ཐུགས་ཀར་འཛིན། །དཔལ་ལྡན་གཙོ་བོའི་ཐུབ་པ་ཐུབ་མཆོག་མི་ཕམ་གཅིག་པུ་རྣམ་པར་གནོན། །སྟངས་སྟབས་བགྲད་པས་ཕཊ་ཅེས་བརྗོད་ཅིང ་ལྷ་ཡི་བརྟན་པ་མི་འགུལ་ཞབས་གཡས་ནི། །དབུགས་བྲལ་གཙོ་བོའི་མགོ་བོ་ནས་བརྫིས་གཡོན་པས་གཞིབས་པའི་རྐང་གཉིས་མནན། །དཔའ་བོ་སྟག་པགས་སྤུ་རྩེ་རབ་འཁྲུགས་དུ་བ་འཁྱིལ་འདྲ་གསོན་པ་ནི། །བཤུས་པའི་མོད་ལ་ད ་ལྟར་ཁྲག་འཇོག་གློ་བུར་སྟབས་པས་བླངས་ནས་སུ། །ཁྲོས་པས་བསྐྱོད་འདྲ་མི་ཡི་བསྐྱོབ་པ་ཕ་རོལ་དཔུང་རྣམས་རྣམ་བཟློག་ཅིང། །ཉིད་ཀྱི་ཕྱོགས་བསྲུང་ཞི་རྒྱས་དབང་དྲག་མ་ལུས་གསང་སྔགས་མངོན་པར་བསྒྲུབ། །ཐོག་མེད་རབ ་ལྟར་ཤིན་ཏུ་མི་ཟློག་ཀུན་གྱིས་མི་ཐུབ་ཐུབ་དཀའ་བ། །ནམ་མཁའ་ཀུན་ཁྱབས་ཆེན་གཡོས་མཛད་བདེ་གཤེགས་གཙོ་བོ་ཁྱོད་ཕྱག་འཚལ། །གང་གི་སྙིང་ནི་གཙོ་བོ་ཆུ་སྐྱེས་གསང་འཁྲུངས་ཕྱོགས་ཀྱིས་མཚོན་འདྲའི ་ཁ་དོག་ཅན། །དཀར་སེར་དམར་ལྗང་རབ་ཏུ་གསལ་རྒྱས་དེ་དབུས་རབ་ཏུ་འབར་བའི་ཧཱུཾ། །ཡེ་ཤེས་འོད་འཕྲོས་འགྲོ་བའི་སྡིག་བསྲེགས་ཕྱོགས་བཅུར་མཁའ་ཁྱབ་འགེངས་པ་ཡི། །མེ་ལྕེའི་ཕྲད་དགྲིགས་མཁའ་ཨི་ལ་ཉི་ལྟར་ཀུན་ནས་རྟག་ཏུ་ལྷམ ་མེ་བ། །དེའི་མཐར་ནི་དག་གི་ཡིག་འབྲུ་སྐར་མའི་འོད་ཅན་རྣམ་པ་བཞི། །གསལ་པར་ལྟས་ཏེ་མཆོད་སོགས་སྔོན་འགྲོ་ཇི་བཞིན་ཇི་སྙེད་ཚོགས་བསྒྲུབས་ནས། །གྲུབ་པའི་ལས་ནི་རྣམ་བཞིའི་འཕྲིན་ལས་ས་གསུམ་ལུས་ཅན་ཀུན་སྒྲོ་མཛད། ། ་དེ་ལས་སླར་འོངས་དཀར་བསིལ་ལུས་ངག་ཡིད་ཀྱི་དྲི་མ་རྣམ་པར་དག་།བྱས་ནས་དེ་རྗེས་བླ་མའི་ཞལ་བླངས་དེ་ཉིད་ཡེ་ཤེས་མཉམ་གཞག་སྟེ། །སྐུ་གསུང་ཐུགས་དག་དེ་བཞིན་དག་དེ་འང་དྲི་མེད་གང་ཡིན་གང། །དེ་ཉིད་ཡེ་ཤེས་ཤེས་དང ་ཤེས་བྲལ་མཛའ་རྣམས་ལས་དབེན་ཀུན་སྤྱོད་པ། །རྣལ་འབྱོར་ཆེན་པོ་བདེ་ཆེན་དེ་ནི་བླ་མའི་དྲིན་ཐོབ་ཁྱོད་ཀྱིས་བསྒྲུབ། །བརྩེ་བའི་རྒྱུད་བསྐྱོང་བྱིན་རླབས་མ་ནི་རྣམ་བདུན་རྣམ་གསུམ་ཡེ་ཤེས་སྙིང་པོ་ལྕེ་མདུད་བཅས། །ས་གསུམ་ན་ཁྱབ ་བདག་མེད་ཡོད་མེད་དྲི་མ་མ་ལུས་ལས། །རྣམ་དབེན་དེ་ནི་རྒྱལ་བའི་སྐུ་ཞེས་འདྲེན་པ་ཁྱོད་ཀྱིས་མཐུ་སྟོན་ཅིང། །དེ་རྗེས་དྲི་མེད་སྒྱུ་འདྲ་མཁའ་འདྲ་རྣམ་གསུམ་རྣམ་ཐར་སྒོ་སྤྱོད་པ། །སོ་སོ་རང་རིག་སྙིང་གི་དབུས་གནས་བདེ་གཤེགས་སྙིང ་པོ་རྟོགས་དཀའ་བ། །རྟོགས་མཛད་དམ་པ་དྲང་སྲོང་མི་དབང་ལྷ་ཡི་དབང་ཕྱུག་རལ་པ་གཅིག་།ཀུན་རྟོག་མི་ཟད་འཆི་བ་མི་གནས་ཤེས་རབ་ཕ་རོལ་ཕྱིན་དབང་གིས། །གཅོད་པའི་མཚོན་ཆ་ཤེས་རབ་རལ་གྲི་ཆགས་མེད་ཆགས་བྲལ་ཨུཏཔལ ་མཚན། །བཟླས་བརྗོད་དཀའ་ཐུབ་སྦྱིན་སྲེག་གཏོད་སོགས་སྒྲུབ་པའི་མཚན་མ་བརྒྱ་ཕྲག་གིས། །མཉེས་པར་མི་ནུས་གང་ཞིག་ལམ་མིན་དེ་ཉིད་དེ་ལ་མ་གཞན་མིན་པ། །ཤིན་ཏུ་ཟབ་མོ་གསང་བའི་ལམ་གྱུར་ཡང་དག་སྤས་པ་མངོན ་རྙེད་པ། །དཔལ་གྱི་དཔལ་དབང་སྲིད་གསུམ་ཐིབས་པོའི་མུན་འཇོམས་རལ་པ་གཅིག་འཆང་ཁྱོད་ཕྱག་འཚལ། །དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་པོ། །སྐུ་གསུང་ཐུགས་དག་སྲིད་འཇོམས་པ། །ཞི་བས་མི་བསྙེད་འཕྲིན་ལས་སྒྲུབ། ། ་ལྷ་ཡི་ལྷ་མཆོག་རལ་པ་གཅིག་།དུས་གསུམ་རྒྱལ་བའི་ཡེ་ཤེས་ཀྱི། །མཁའ་དབྱིངས་ལས་བྱུང་ལྷ་མཆོག་ཉིད། །ཡེ་ཤེས་འོད་ཟེར་སྟོང་འབར་བ། །གཞན་གྱིས་མི་ཐུབ་རལ་པ་གཅིག་།སྣ་ཚོགས་པད་ཉིད་ཐོད་པར་རོ། །ཧཱུཾ ་དང་བྲི་གུག་ལས་བྱུང་བ། །ཡེ་ཤེས་སྐུ་མཆོག་ཞལ་གསུམ་ཕྱག་།བཞི་ལྡན་བཅོམ་ལྡན་ཁྱོད་ཕྱག་འཚལ། །གྲི་གུག་རལ་གྲི་ཐོད་པ་དང། །ུཏཔལ་འཛིན་མཛད་འཇིགས་པའི་སྐུ། །པདམོ་ཡི་གེ་རྣམ་པ་ལྡས། །ས་གསུམ་སྦྱོང ་མཛད་ཁྱོད་ཕྱག་འཚལ། །མ་དག་པ་དང་དག་པ་དག་།དྲི་མེད་དེ་ནི་ཡེ་ཤེས་དངོས། །ཐོགས་མེད་རྟག་ཏུ་བསྒྱུར་ནས་ནི། །འགྲོ་བའི་དོན་བསྒྲུབ་ཁྱོད་ཕྱག་འཚལ། །དྲན་པ་ཙམ་གྱི་བདུད་འདུལ་ཞིང། །དགྲ་འཇོམས་ཉོན་མོངས་ཀུན་བསྲེག་པ། །བདེ ་ཆེན་སྙིང་རྗེ་སྟོང་པ་ཉིད། །རོ་མྱང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་དཔའ་མོ་ཁྲོ་མོའི་སྐུ། །གཞོན་ནུས་སྒེག་མོ་འཇིགས་མ་ཡི། །སྐུ་གསུང་ཐུགས་ཀྱི་དགྱེས་རོལ་ཅིག་།དམ་དུ་འཁྱུད་ཕྱག་བཅས་ཁྱོད་འདུད། །གདུལ་བྱའི་རིགས་ནི་ཇི་བཞིན ་དུ། །ཁྱོད་ཀྱིས་མཛད་པའི་རིམ་པ་ཡང། །དེ་བཞིན་ཉིད་དེ་ཕུན་སུམ་ཚོགས། །རལ་པ་གཅིག་མངའ་ཁྱེད་ཕྱག་འཚལ། །བཅོམ་ལྡན་འདས་དཔལ་རལ་པ་གཅིག་པ་ལ་བསྟོད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་བྷ་དྲ་དང། བོད་ཀྱི་ལོ་ཆུང ་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། སྭ་ཙིཏྟ་བི་ཤྲཱ་མོ་པཉྩི་བཾ་ཤ་ཏི་ཀཱ་གཱ་ཐཱ་ནཱ་མ། བོད་སྐད་དུ། རང་གི་སེམས་ངལ་སོ ་