| Wylie | e-texts based on the ACIP/ALL Input |
ཐོད་ཤོག་།རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཤྲཱི་བཛྲ་ཀཱིརྟཱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛ་ཊཱི་ཡཱ་དྷ་ནཾ། བོད་སྐད་དུ། དཔལ་རལ་གཅིག་མའི་སྒྲུབ་ཐབས། །ཇོ་མོ་བྱིན་བརླབས་ཅན་ལ་ཕྱག ་འཚལ་ལོ། །དྲན་པ་ཙམ་གྱིས་སེམས་ཅན་རྣམས། །ོཾ་བྱང་འཕེལ་ཞིང་བར་ཆད་ཞི། །དགྲ་རྣམས་འདུལ་ཞིང་བྱང་ཆུབ་ཉེ། །རལ་གཅིག་མ་ལ་ཕྱག་འཚལ་ལོ། །སེམས་ཅན་ཉོན་མོངས་བསོད་ནམས་ཆུང། །འཁོར་བར་ཡུན་རིང་གནས་པ་ལ། ། ་མཆོག་དང་ཐུན་མོང་ཐོབ་བྱའི་ཕྱིར། །ཇོ་མོའི་སྒྲུབ་ཐབས་བརྩམ་པར་བྱ། །དུར་ཁྲོད་ལ་སོགས་ཉམ་ང་བར། །མི་རོའི་སྟན་ལ་རབ་འདུས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དངོས་སམ་ཡང་ན་ཡིད་ཀྱིས་ཀྱང། །ཡན་ལག་བདུན་ནམ་རྣམ་བཞིར་ཚ? ་སོང་པའི་ངང་ལས་པདྨའི་གདན། །རོ་དང་ཉི་མ་ཟླ་བ་ལ། །སྐད་ཅིག་དྲན་པ་ཙམ་གྱིས་ཀྱང། །དཔལ་ལྡན་ཆེན་མོ་སྐུ་མདོག་གནག་།ཞལ་གཅིག་མ་ལ་ཕྱག་བཞི་པ། །གཡས་གཉིས་རལ་གྲི་གྲི་གུག་དང། །གཡོན་པ་ཨུཏཔལ་ཐོད་པ་རྣམས། །རལ་པ་སྒེར ་ཟེའི་ཐོར་གཙུག་དང། །འཕྱད་བའི་ཚུལ་ལ་རྣམ་པར་བརྒྱན། །སྤྱན་གསུམ་ཞལ་ནི་མཆེ་བ་གཅིག་སོ། །འཛུམ་པའི་མདངས་དང་ལྡན་པའོ། །སྟག་གི་ཤམ་ཐབས་བྱས་པའི་ཞབས། །གཡས་པ་བསྐུམ་ནས་གཡོན་པ་བརྐྱང། །སེམས་དཔའ་ཨི་སྐྱིལ ་ཀྲུང་གར་གྱིས་བཞུགས། །སྤྲུལ་དང་ཐོད་པའི་རྒྱན་ལ་སོགས། །དུར་ཁྲོད་ཆས་ཀྱི་བརྒྱན་པར་བསྒོམ། །ཡུལ་གསུམ་སྐུ་གསུང་ཐུགས་ཀྱི་དབང། །ཕྱི་ནང་གསང་བའི་ཚུལ་དུ་ཡང། །སྐད་གཅིག་ཉིད་ལ་དབང་བསྐུར་བྱ། །དེ་ལྟ་བུའི་སྦྱོར་བ་ལ། །བག ་ཙམ་སྐྱོ་བར་གྱུར་པ་ན། །རིག་པ་འདི་ཡང་བརྗོད་པར་བྱ། །ཧྲཱི་ཧཱི་ཧཱུཾ་ཕཊ། །མཚན་དང་ལྡན་པའི་ཐོད་པའམ། །ཡང་ན་ཅི་ཡང་རུང་བའི་སྣོད། །ཤ་ལྔ་བདུད་རྩི་ལ་སོགས་པའི། །བ་ལི་རྒྱན་གྱིས་མཆོད་པ་བྱ། །རྩ་བའི་སྔགས་ཀྱི་བསྟོད་པ་འདིས། ་གདངས་དང་ལྡན་པར་བསྟོད་པར་བྱ། །པྲ་ཏ་ནི་ནི་ཌལ་ཨ་རོ་བ་ཏི། །གྷྲི་ཏ་བྷྲི་ཏ་གྷྲར་ཨང་ཏེ་ཧཱ་ས་ན་འོད། །སྲ་ཡ་ཧཱུཾ་ཁཊཊ་གྷཱ་ནི་ལ་ག་པ་ཛ་ཏྲ་ཛུ་ཏྲ་ཨུ་གྷཱ་ནི་གྷ་བ་ར་ག་ཏི་ག་པུ་ཛྙཱ་ད་ཏྲཾ་ནས་ས་ཀ་པ་ལ། ཀི་ཏི་ར་ཛུ་གུ་ཏཾ་ཧཾ་ཨུཏྟ་ཏ་ར་ཡེ་སཾ། །ཐལ་ཆེན ་ཁྲག་དང་སྦྱར་བ་ཡི། །དཀྱིལ་འཁོར་དག་ཀྱང་རྟག་ཏུ་དབུལ། །ཟབ་མོའི་དོན་ཡང་བསྒོམ་པར་བྱ། །དེ་ལྟ་བུའི་སྦྱོར་བ་ཡིས། །མི་ཡི་རོའམ་དུར་ཁྲོད་ངམ། །གཙུག་ལག་ཁང་དང་མ་ཡི་དམ་དུ། །ལུས་ངག་ཡིད་གསུམ་འབར་བ་ཡིས། །ཞག་ཅིག་བདུན་བདུན ་དང་རྩ་གཅིག་།གསུམ་ལོ་གཅིག་གིས་འགྲུབ་པར་འགྱུར། །ཞལ་གྱི་དཀྱིལ་འཁོར་བསྟན་ནས་ནི། །གང་ལྟར་འདོད་པ་དྲི་བ་གྱིས། །དེ་ལྟ་བུ་ཡི་ལུང་བསྟན་ནས། །དངོས་གྲུབ་རྣམ་པ་གཉིས་ཀྱང་ཐོབ། །ཐུན་མོང་ཚེ་རིང་ནད ་མེད་ཅིང། །ཡོ་བྱད་དང་ནི་རིགས་བརྒྱུད་འཕེལ། །ཀུན་གྱིས་ལྟ་བའི་འོས་སུ་འགྱུར། །མཆོག་ནི་བྱང་ཆུབ་ཐེ་ཚོམ་མེད། །དཔལ་ལྡན་ཆེན་མོ་གྲུབ་ནས་ཀྱང། །གདུག་པའི་གནོད་སྦྱིན་རྣམ་པ་གཉིས། །དྲག་པོའི་ཤུགས་ཀྱིས་འཕྲིན་ལས་བྱེད། ། ་གཡས་ན་ཀཱ་ལ་ནག་པོ་ནི། །རལ་པ་ཁམ་ནག་གྱེན་དུ་བརྫེས། །སྤྲུལ་དང་ཐོད་པའི་རྒྱན་དང་བཅས། །དར་ནག་གོས་ཀྱི་ལེའུ་ཅན། །ཞབས་ལ་སག་སྟི་ཡུ་ཐུང་གོན། །སྦྲུལ་ནག་བཅུས་པའི་སྐེ་རགས་བྱས། །གཡས་པ་རལ་གྲི་ཀླད་ལ་བསྐོར། ། ་གཡོན་པ་ཨུཏཔལ་དཀར་པོ་རྣམས། །མཚེ་གཅིག་ཏོག་ཏོག་སྐན་སྒྲ་ཅན། །གཡོན་ན་བྷི་ཀ་ལ་དམར་པོ། །རལ་པ་གསིགས་པས་ས་གཞི་ཁེངས། །ཁྲོ་གཉེར་དཔྲལ་བར་བཞིན་བསྡུས་པའི། །ལེབ་རྒན་དམར་པོ་སྐུ་ལ་གསོལ། །རྐང་པ་བརྗེབ་ཅིང ་གདུག་པ་འདུལ། །གྲི་གུག་གཡས་པ་ཐོད་པ་གཡོན། །ཞལ་ནས་དྲག་པོའི་དན་སྔགས་སྒྲོགས། ། ཡིན་ཧྲིད་སྲིད་ཧས་ཕྲེང། །ཧང་ས་ཧུ་ཧང་ས་ཧུང། ཧས་པྲིང་ཨ་ཡིན་ཧིང་སྲིད། །གདུག་པའི་དྲག་སྔགས་འདི་དག་ཀྱང། །གནོད་སྦྱིན་གཉིས་ཀྱི་སྲོག ་ཀྱང་ཡིན། །དེ་དག་འགྲུབ་པར་གྱུར་པ་ན། །བསམ་པ་ཙམ་གྱིས་རིངས་པ་དང། །ཁྲོས་པ་ཙམ་གྱིས་འཆི་བར་འགྱུར། །ཐལ་མོ་བརྡངས་པའི་སྦྱོར་བ་ཡིས། །མི་མ་ཡིན་པའི་འབྱུང་པོ་རྣམས། །སེང་གེ་མཐོང་བའི་རི་དགས་བཞིན། །མཐོང་བ་ཙམ ་གྱིས་འབྲོས་པར་འགྱུར། །དེ་ལྟར་ཡིན་གྱིས་གདམས་པ་འདི། །འགྲོ་བ་རྣམས་ལ་ཕན་གྱུར་ཅིག་།འདི་འདྲའི་གདམས་ངག་དམ་པ་འདིས། །ཁ་ནས་མེ་འབར་ཁོད་དུ་སྦྲུལ་ཞུགས་པའི། །བུ་ངན་ཕལ་ལ་སྦྱིན་པ་མིན། །དཔལ་རག་པ་གཅིག་མའི ་བསྒྲུབ་ཐབས་འཁོར་གནོད་སྦྱིན་དང་བཅས་པ་རྫོགས་སོ།། །།རྗེ་གྲུབ་ཐོབ་ཆེན་པོའི་ཐུགས་དམ། །གནུབས་ལོ་ཙཱ་བས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། །མ་ཎྱ་ལོ་ཀེ་པ་རི་ནཱ་མ། བོད་སྐད་དུ། བརྒྱལ? ་