CLOSE WINDOW

N1770: dpal bcom ldan 'das ral pa gcig pa'i sgrub thabs
Wyliee-texts based on the ACIP/ALL Input

མཆོག་དཔལ་ལྡན་མ། །དེ་མཉེས་མན་ངག་འདི་ཡིན་ནོ། །དཔལ་བཅོམ་ལྡན་འདས་རལ་པ་གཅིག་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རོལ་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་མཧཱ་ཤྲཱི ་ཛ་ཊ་མ་ཏྲ་ཨཱནནདཱ་རཱ་ཛ་དང། གནུབས་ལོ་ཙཱ་བ་མཻ་ཏྲི་ཤྲཱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛཱ་ཊི་བྷ་ག་བཱ་ནས་སཱ་དྷེ་ནཾ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས། །བཅོམ་ལྡན ་འདས་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །དངོས་གསུམ་བདག་ཉིད་རྣམ་གསུམ་པོ། །དེ་དག་དངོས་མེད་དངོས་བྲལ་བ། །མཁའ་འདྲ་དབང་པོ་གཞུ་འདྲ་བ། །འབར་བའི་སྐུ་གསུམ་ཐུགས་རྟག་འདུད། །དེ་ཞལ་རེ་ཡི་བཀའ་དྲིན་གྱིས། །མཐོང ་ཐོས་བྱིན་གྱིས་བརླབས་པའི་རྒྱུས། །རྒྱ་མཚོ་ཆེ་ལས་མར་བཞིན་དུ། །དང་ལྡན་རྣམས་ལ་བསྡུས་ཏེ་བསྟན། །དེ་ལ་རེ་ཤིག་སྔགས་པས་ཕུན་སུམ་ཚོགས་པའི་གནས་སུ་འདུག་སྟེ། ཇི་སྐད་འབྱུང་བའི་ལེགས་པར་སྤྱད་པ་རྣམས་ཀྱིས་ལུས་དང ་དབང་དག་དང་ཡིད་བསྲུང་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་ལ་ལུས་དང་སེམས་རབ་ཏུ་སྦྱངས་པ་ལས་དང་གིས་འབྱུང་བའི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་ནི། སྣ་ཚོགས་པདྨ་མཛེས་པའི་དབུས། །བཅོམ? ་ལྡན་ཀ་པཱ་ལ་ཡི་ནང། །རོལ་པའི་བདུད་རྩིས་རབ་གང་ལ། །མི་རོ་ཡིས་ནི་ཁ་བརྒྱན་པའོ། །དེ་སྟེངས་གྲི་གུག་ཐོད་པ་དག་།ཤེས་རབ་ཐབས་ཀྱི་བདག་ཉིད་བསམ། །སངས་རྒྱས་ལ་སོགས་མཆོད་ཚོགས་དང། །མ་ལུས་འགྲོ་བའི་དོན་བསྒྲུབས ་པའོ། །འོད་འཕྲེང་དཀར་པོ་འདུས་པ་ལས། །ཆོས་ཀུན་རོ་གཅིག་ཡེ་ཤེས་དངོས། །ཡེ་ཤེས་སྙིང་པོ་ཧཱུཾ་ཡིག་བསམ། །དེ་བཞིན་དེ་ལས་རྡོ་རྗེར་གྱུར། །དེ་བཞིན་དེ་གྱུར་དཔལ་ཆེན་པོ། །བཅོམ་ལྡན་རལ་པ་གཅིག་མཆོག་བསྒྲུབ། །དམར་མོ ་གཞོན་ནུ་སྒེག་མོ་དཔལ། །རལ་གཅིག་མ་ནི་མདུན་དུའོ། །ནམ་མཁའ་ཨི་མདོག་ཅན་ཞི་ཞིང་ཁྲོ། །སྣ་ཚོགས་རྒྱན་གྱིས་མཛེས་པར་སྡུད། །གྲི་གུག་ཐོད་ཁྲག་ཕྱག་གཉིས་ཀྱིས། །དམ་པར་འཁྱུད་པས་བདེ་ཆེན་འཆང། །རལ་གྲི་ཨུཏཔལ ་གཡས་དང་གཡོན། །རྣམ་བཞི་ཡུམ་ཡང་དེ་བཞིན་ནོ། །གཡས་བརྐྱང་གཡོན་བསྐུམ་ལྷ་མོ་དང། །དབང་ཕྱུག་འཇིགས་པ་མནན་པ་བལྟ། །དེ་ཡི་ཐུགས་ཀར་པད་དབུས་སུ། །རང་རིག་རྒྱལ་པོ་ཧཱུཾ་ཡིག་གོ་།སྙིང་པོ་གསང་བའི་སྔགས་འབྲུ་བཞི། ། ་ཟླ་བ་སྐར་མའི་ཕྲེང་བ་བཞིན། །ཧྲཱིཾ་ཏྲི་ཧཱུཾ་ཕཊ། དེ་ནས་ཚད་མེད་རྣམ་བཞི་ཡི། །མི་ཟད་ཡིད་ཀྱི་རླུང་བསྐྱོད་པས། །འོད་ཟེར་མེ་ལྕེ་ལྟར་འབར་གྱུར། །དོན་གཉིས་དོན་གསུམ་བསྒྲུབས་ནས་ནི། །བཟླས་པའི་འཁོར་ལོ་འཁོར་ལོ་བཞིན། ་ས་གསུམ་ཡི་གེ་གསུམ་གྱི་འོད། །ས་གསུམ་འཁོར་ལོ་གསུམ་དངོས་ཏེ། །དངོས་གསུམ་དག་པ་གསུམ་དུ་འདོད། །བདེ་གསལ་རྣམ་པར་མི་རྟག་དང། །གདོད་ནས་དེ་བཞིན་ཉིད་རྫོགས་བསྒོམ། །དེ་ནས་གཏོར་མ་སྦྱིན་པ་ནི། །ཆོ་ག་སེམས ་བསྐྱེད་སྔོན་བཏང་ནས། །རང་ཉིད་ལྷ་མྱུར་བསྐྱེད་ནས་ནི། །ཆོ་ག་རྣམས་གསུམ་ཕྱག་རྒྱར་བཅས། །དཔའ་ཆེན་རང་ཉིད་ལྷར་དྲན་ལས། །མཆོད་རྫས་བདུད་རྩི་མཆོག་གྱུར་པར། །བསམ་བྱས་སྙིང་གི་འོད་ཟེར་གྱིས། ། ་དགུག་པའི་འགྲོན་རྣམས་ཚིམ་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་མ་ལུས་ལྷ་སྐུ་གསང་སྔགས་དང། །ཏིང་འཛིན་གང་ཞིག་གང་གིས་ནི། །གང་དུ་ཇི་ལྟར་བསྒོམ་པ་ཉིད། །ཀུན་རྫོབ་དོན་དམ་མཚན་ཉིད་ཀྱིས། །རྨི་ལམ་ནམ་མཁའ་དེབ་ཡིས་ནི། །ཁས་པས་ཆོས་རྣམས་རྟོགས་པར་འགྱུར། །བློ་སྒྲ་དཔེ་ཞེས་བྱ ་བ་ཡིས། །བསམ་བརྗོད་མཚོན་པར་མི་ནུས་པ། །སོ་སོ་རང་རིག་འོད་གསལ་ཡུལ། །གང་དེ་ནམ་མཁའ་ཨི་མཚན་ཉིད་དོ། །ཇི་སྲིད་སྣ་ཚོགས་སྐུ་གསུང་ཐུགས། །འདི་དག་སྣང་བ་རང་སྣང་བ། །བདེན་བརྫུན་གཉིས་དང་གཉིས་མིན་ཚུལ། །རྨི་ལམ་གྱི ་ནི་གྲོང་སོགས་བཞིན། །དཔལ་ལྡན་ཤར་ཕྱོགས་རིག་འབྱུང་གནས། །ག་ཨུ་ར་ཡི་བྲམ་ཟེའི་གྲོང། །མཉམ་མེད་ཚངས་དབང་གཙུགས་ལག་ཏུ། གྲོགས་པོའི་མིང་དོན་ལྡན་བསྐུལ་ནས། །རྗེས་འཛིན་འགྲོ་བའི་དོན་དུ་བྱས། །དགེ་བས་རྡོ་རྗེ་འཛིན ་ཐོད་ཤོག་།རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཤྲཱི་བཛྲ་ཀཱིརྟཱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛ་ཊཱི་ཡཱ་དྷ་ནཾ། བོད་སྐད་དུ། དཔལ་རལ་གཅིག་མའི་སྒྲུབ་ཐབས། །ཇོ་མོ་བྱིན་བརླབས་ཅན་ལ་ཕྱག ་