| Wylie | e-texts based on the ACIP/ALL Input |
དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕཾ་སྔས་པས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛཱ་ཊི་བྷ་ག་ཝཱ་ན་སཱ་དྷ་ནཾ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག ་པའི་སྒྲུབ་ཐབས། རྗེ་བཙུན་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་སྔགས་པས་ཚོགས་བསགས་པ་སྔོན་དུ་འགྲོ་བས་པདྨ་དང། ཀ་བཱ་ལ་དང། རོའི་གདན་བལྟས་ལ་དེའི་སྟེང་དུ་ཧཱུཾ་དང་བཾ་ལས་ཡབ་དང་ཡུམ་རལ་པ་གཅིག ་འཕྱད་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །ཤར་དང། ལྷོ་དང་ནུབ་དང། བྱང་གི་པདྨའི་འདབ་མ་དག་ལ་ནི་རྡོ་རྗེ་འཁོར་ལོ་དང། རྡོ་རྗེ་རིན་ཆེན་དང། རྡོ་རྗེ་པདྨ་དང། རྡོ་རྗེ་སྣ་ཚོགས་རྣམས་བསམ་མོ། །བྱང་ཤར་ལ་སོགས་པའི ་མཚེམས་བཞིར་ནི་བདུད་རྩི་ཀ་པཱ་ལ་དག་གོ་།དེའི་ཕྱི་རོལ་དུ་ཁྱམས་ཀྱི་ཕྱོགས་བཞིར་གཏི་མུག་རྡོ་རྗེ་དཀར་མོ་སྒྲོན་མ་ཐོགས་པ་དང། བག་ཆགས་རྡོ་རྗེ་སེར་མོ་རྡོ་རྗེ་ཐོགས་པ་དང། འདོད་ཆགས་རྡོ་རྗེ་དམར་མོ་ཞགས་པ་ཐོགས་པ ་དང། ཞེ་སྡང་རྡོ་རྗེ་ལྗང་ཁུ་རལ་གྲི་ཐོགས་པ་རྣམས་བསྒོམ་མོ། །ཁྱམས་ཀྱི་གྲཝ་བཞིར་ནི་བྱང་ཤར་ནས་བརྩམས་ཏེ་བརྟན་པའི་རྡོ་རྗེ་མ་སེར་མོ་རི་རབ་ཐོགས་པ་དང། སྦྱོར་པའི་རྡོ་རྗེ་མ་དཀར་མོ་ཟླ་བ་ཐོགས་པ་དང། འབར་བའི་རྡོ་རྗེ་མ་དམར ་མོ་ཉི་མ་ཐོགས་པ་དང། སྟོབས་ཀྱི་རྡོ་རྗེ་མ་ལྗང་ཁུ་བ་དན་ཐོགས་པ་རྣམས་དགོད་དོ། །བརྒྱད་བ་འདི་དག་ནི་པདྨ་དང་རོའི་གདན་ལ་རྣམ་པར་གནོན་པ་ཡིན་ནོ། །དེ་བཞིན་དུ་ཤར་དང། ལྷོ་དང་ནུབ་དང། བྱང་གི་སྒོ་བཞིར་ཡང་གོ་རིམས་ལྟར་རྡོ་རྗེ་ལྕགས ་ཀྱུ་དང། ཞགས་པ་དང། ལྕགས་སྒྲོགས་དང། དྲིལ་བུ་འཛིན་པ་རྣམས་དཀར་བ་དང། སེར་བ་དང། དམར་བ་དང། ལྗང་ཁུའི་མདོག་ཅན་རྣམས་བསྒོམ་པར་བྱའོ། །ཇི་ལྟར་དམ་ཚིག་བསྐྱེད་པ་དང། ཡེ་ཤེས་སེམས་དཔའ་གཞུག་པ་ཉིད། ། ་གསང་སྔགས་བཟླས་ཤིང་བསྒོམ་པ་དང། །རྫོགས་པའི་རིམས་སོགས་ཆེ་ག་བཞིན། །དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་མན་ངག་ཁུངས་ཕྱུང་བ། སློབ་དཔོན་ཆེན་པོ་མི་ཕིམ་སྦས་པས་བསྡུས་བ་རྫོགས་སོ།། །།རྣལ ་འབྱོར་གྱི་དབང་ཕྱུག་ཤྲཱི་མི་ཏྲ་དང། གནུབས་ལོ་ཙཱ་བ་མཻ་ཏྲི་ཤྲཱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་བྷ་ག་ཝཱ་ནE་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་མའི་སྒྲུབ་ཐབས། རྗེ་བཙུན་རལ་པ ་གཅིག་མ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གསང་བའི་རྟོག་པ་ལས། །རྣལ་འབྱོར་པ་ལ་ཕན་བྱེད་པ། །བླ་མའི་དྲིན་ཐོབ་དགའ་བའི་མཐུས། །རལ་པ་གཅིག་འཕྱང་སྒྲུབ་ཐབས་བྲི། །རབ་ཏུ་བསྔགས་པའི་གནས་སུ་ནི། །བློ་མཆོག་སྒྲུབ་པ་པོ། ་ཡིད་ཐུལ། །དམ་ཚིག་ཆེ་དང་རབ་ལྡན་པས། །དང་པོ་སྟོང་ཉིད་བསྒོམ་པར་བྱ། །ོཾ་སྭ་བྷཱ་བ་ཤུད་དྷ(རྒྱུད་འགྲེལ་ཧཱུཾ་ཡིག་འབར་བ་བསམ་པར་བྱ། །ཧཱུཾ་པཾ་མ་ཨ་ཀྵཾ་དོན་གཉིས་མཛོད་དེ་ཡོངས་གྱུར་པས། །རྡོ་རྗེས་མཆེན་པའི་གྲི་གུག་ཅན། །རྡོ་རྗེའི་འོད་ཀྱིས་རྣམ་བརྒྱན་པ། །ཡེ་ཤེས་སྐུ་མཆོག་བསྒོམ་པའོ། །ོཾ་ཨཱ(རྒྱུད་འགྲེལ་སྟབས་མཛད་ཅིང། །ཞལ་གསུམ་ཕྱག་བཞི་འགྱིད་བག་ཅན། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །རལ་གྲི་ཨུཏཔལ་གཡས་དང་གཡོན། །ནམ་མཁའ་ཨི་མདོག་ཅན་མི་ཞིང་ཁྲོ། །དམར་སེར་རལ་པ་གཅིག་འཕྱད་མ། །མི་ཐུང་གཟུགས་ཅན་བཞད་མོ་ཆེ། ་རྡོ་རྗེ་རིན་ཆེན་རུས་པས་བརྒྱན། །སངས་རྒྱས་ལྔ་ཡིས་དབུ་རྒྱན་ཅིང། །དུས་གསུམ་སངས་རྒྱས་རྟགས་འཆང་མ། །གར་གྱི་ཉམས་དགུགས་དགྱེས་བཞུགས་ཉིད། །ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་པའོ། །སྐུ་གསུང་ཐུགས་ཀྱི་དག་པ་ཡིས ་