| Wylie | e-texts based on the ACIP/ALL Input |
བླ་མའི་མཎྜ་ལ་ཡི་དམ་གྱི་ཆོ་ག་འབྲོ་ལོ་ཙཱ་བས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛཱ་ཊི་བྷ་ག་བི་མཎྜལ་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་གྱི ་འཁོར་ལོའི་སྒྲུབ་ཐབས། །བཅོམ་ལྡན་འདས་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །ཆོས་སྐུ་རང་སེམས་བདེ་ཆེན་འོད་གསལ་རྣམས་མི་རྟོགས་འབར་བའི་སྐུ་མཆོག་སྣ་ཚོགས་ཆུལ་འཆང་མཁའ་འདྲ་བ། །ལོངས་སྤྱོད་རྫོགས་སྤྲུལ་ཆོས ་བདག་དབྱེར་མེད་ངོ་གཅིག་ཚུལ། རལ་པ་གཅིག་འཕྱད་རྡོ་རྗེའི་དཀྱིལ་འཁོར་གཙོ་ལ་འདུད། །ལྔ་ཕུང་དང་ནི་དྲི་མ་བཞི། །ཆེན་པོ་བཞི་དང་སྤྱོད་ཡུལ་བརྒྱད། །རྣམ་བཞི་ཚོར་བ་རྣམ་དག་ལྷ། །ཡེ་ཤེས་འཁོར་ལོ་འདིར་བཤད་བྱ། ། ་དང་པོ་ཁོ་ནར་རྣལ་འབྱོར་པས་བླ་མ་མཆོག་ལ་རིམ་གྲོ་ཡོངས་སུ་རྫོགས་པར་བྱས་ཏེ། དེའི་བཀའ་དྲིན་ཐོབ་པས་དཀྱིལ་འཁོར་ཆེན་པོའི་བདག་པོ་ལ་སྐྱབས་སུ་འགྲོ་བ་དང། མ་སྨིན་པ་ལ་སོགས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གོ ་འཕང་བླ་ན་མེད་པར་སེམས་བསྐྱེད་ལ། སྐུ་གསུང་ཐུགས་ཡེ་ཤེས་རོལ་པའི་ནང་དུ་ཆུད་པས་དབང་བསྐུར་བ་ཡང་དག་པར་བཟུང་ནས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་དེ་ཁོ་ན་ཉིད་ངེས་པར་འབྱུང་བ་འདི་བསྒོམ་པར་བྱའོ། །ཡིད་དང་རྗེས་སུ་མཐུན་ལམ ་བསམ། །དུར་ཁྲོད་དང་ནི་ཤིང་དྲུང་སོགས། །ཡང་ན་བདག་པོའི་ཚུལ་འདྲ་འམ། །དངོས་གྲུབ་གནས་ནི་རྒྱུད་ལས་བསྔགས། །དེར་བར་ཆད་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་བཀའ་བསྒོ་ཞིང་ལྷ་ལ་སོགས་པ་ཡང་དག་པར ་མཆོད་དེ་སྒྲུབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །གཞན་ཡང་ཇི་སྙེད་མཆོད་པའི་ཡོ་བྱད་དང། ཆོ་གའི་ཁྱད་པར་ཐམས་ཅད་ལ་དགོས་པའི་རྫས་རྣམས་ཐམས་ཅད་བསགས་པ་དང། གནས་ཉེ་བར་བཀོད་བས་དགྱེས་པ་བསྐྱེད་པའི་རྒྱུད་གྱུར ་པ་དང། ཅི་ནས་ཀྱང་བཅོམ་ལྡན་འདས་ཀྱི་མཚན་མ་མ་མཐོང་བར་ཕྱིར་མི་ནུར་འབད་པ་དང། བརྩོན་པ་དྲག་བོས་སྤྲོ་བར་བྱའོ། །དེ་ནས་སྒྲུབ་པར་དམ་ཚིག་ཅན། །རབ་ཏུ་བདེ་བའི་སྟན་ལ་འདུག་།ཤེལ་ལྟར་དངས་པའི་ཡིད་ཀྱིས་སུ། །ཚིགས ་རྟེན་དཀྱིལ་འཁོར་དགུག་པར་བྱ། སེ་གོལ་གཏོགས་ནས་ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་བཅིངས་ཏེ། གར་བསྐོར་ནས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་པས་སྤྱན་དྲང་བ་དང། མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་མདུད་དེ་འཁོར ་ལོ་ལྟར་བཞག་ལ་གཞུག་པར་བྱའོ། །ོཾ་ཨེ་ཧཡེ་ཧི་བྷ་ག་ཝན་ཤྲཱི་ཨེ་ཀ་ཛྲE་ཊི་མཎྜལ་ཙཀྲ་མཧཱ་ཀ་རུ་ཎི་ཀ་ཧོ་ས་མ་ཡ་ཛ(རྒྱུད་འགྲེལ་ཚིག་གིས། །ནམ་མཁའ་ལ་ནི་ཉི་མ་ལྟར། །དཀྱིལ་འཁོར་རྒྱལ་པོ་བྱོན་པར་འགྱུར། །ཇི་སྐད་འཆང་པར་འགྱུར་བའི་མཚན་ཉིད་ཅན་གྱི་རྟེན་བལྟ་བས་མི་ངོམས་པའི་རྣམ་པར་བཀོད་པ་རྒྱ་ཆེན་པོ་བདུན་གྱི་ནམ་མཁའ་ཨི་ངོས་ལ་བྱོན་པར་བལྟས་ལ་བདག ་ཉིད་ཀྱི་སྙིང་ཁར་ཉི་མ་ལ་གནས་པའི་ཧཱུཾ་མཐིང་ནག་ལས་འཕྲོས་པའི་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་ནས་གུས་པ་དྲག་པོས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཐོག ་མེད་དུས་ནས་དི་རིང་བར། །མི་དགེ་གང་བགྱིས་སོ་སོར་བཤགས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དགེ་བ་ལ་ནི་རྗེས་ཡི་རང། །རལ་པ་གཅིག་མཆོག་ལྷ་དང་སྔགས། །དེ་ཡི་སྲས་ལ་བདག་སྐྱབས་མཆི། །བདེ་ཆེན་འོད་གསལ་རྣམ ་མི་རྟོག་།བྱང་ཆུབ་མཆོག་སེམས་སྙིང་རྗེ་གཟུང། །ཇི་སྲིད་དུས་གསུམ་ཚོགས་བསགས་པ། །དེ་དག་འགྲོ་བའི་དོན་ཕྱིར་བསྔོ། །བདག་སོགས་མགོན་མེད་མགོན་གྱུང་པས། །དངོས་གྲུབ་བགྱི་ཕྱིར་བརྟན་པ་དགོངས། །ཞེས་བརྗོད་བར་བྱའོ། ། ་དེའི་འོག་ཏུ་ཚངས་པའི་གནས་པ་བཞིའི་ལྷག་པའི་བསམ་པ་བརྟན་པོས་བློ་གྲོས་ཡོངས་སུ་སྦྱངས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་དངོས་ཀུན་མ་ལུས་བསྡུས་པའི་སྔགས། །རྟེན་ཅིང་འབྲེལ་པ་འབྱུང་བ་ཆེ། །དེ་ཡི་རང་བཞིན་རང་བཞིན་མེད། །ནམ་མཁའ་ལྟར་བུར་མཁས་པས་བསྒོམ། །ོཾ་ཨ་སརྦ་དྷརྨམ་པྲ་ཏཱི་ཏ་ས་མུཏྟ་བ་ཧཱུཾ། །ོཾ་ཤཱུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བྷཱ་བ་ཨཾ་ཊམཱ་ཀོ་ཧཾ ་ཞེས་བྱ་བ་བརྗོད་དོ། །སྟོང་པ་ཉིད་ཆེན་པོའི་དང་ལས་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ལས་དག་པའི་སྐྱེས་པའི་སྣ་ཚོགས་རྡོ་རྗེ་འབར་བ་ཆེན་པོས་བསམས་ལ། དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕེ་རང་ཏུ་རྣོན་པོ་འཁྲིགས་པས་རྡོ་རྗེའི ་ས་གཞི་དང། རབ་དང། དྲ་བ་དང། གུར་དུ་གྲུབ་པར་བལྟའོ། །དེ་དབུས་ཨེ་དབྱིབས་ནམ་མཁའ་དྲི་མ་མེད་ལ། ཨིནྡྲ་གྱི་རུ་དུང་དང་གསེར་མདོག་ཅན། ཡཾ་རཾ་བཾ་ལཾ་གཞུ་དང་མེ་ཐབ་དང། །ཟླ་རྒྱས་རི་དབྱིབས་དེ་སྟེང་རྣམ་པར་ཤེས། །དེ་དག་ཉིད་གནས ་ཡོངས་སུ་གྱུར་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་གྲུ་བཞི་པ་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དྲ་བ་དང་དྲ་བ་ཕྱེད་བ་དང་ཏྭ་ར་ནལ་སོགས་པས་མཇོས་པར་བྱའོ། །ོཾ་བཛྲ་ཤུ་དྷཱ(རྒྱུད་འགྲེལ་པའི་པདྨའི་སྡོང་པོ་ཁ་ཕྱེ་བའི་སྟེང་དུ་གནས་པ་དབང་ཕྱུག་ཆེན་པོ་དང། ཨུ་མ་དེ་བ་བལྟས་ལ། དེའི་སྟེང་དུ་ཀཱ་ལི་ལས་གྲུབ་པའི་ཉི་མ་དང་ཨཱ་ལི་ལས་གྲུབ་པའི་ཟླ་བ་ཁ་སྦྱོར་གྱི་ནང་དུ་ཧཱུཾ་དང་བཾ་གི་ས་བོན་རབ་ཏུ་འཕྲོ་བར་བསམས་ཏེ། དེ་གྱུར་པ་ལས་རྡོ་རྗེ་གྲི་གུག? ་དང་ཐོད་པ་སྙིང་པོ་གཉིས་ཉིད་ཀྱིས་མཚན་པར་བལྟ་ཞིང། ཡང་འོད་ཟེར་ཅན་གྱི་མཛད་པ་ཡོངས་སུ་བསྒྲུབ་པས། བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པ་རལ་པ་གཅིག་པ་སྐུ་མདོག་མཐིང་ནག་གཡས་དང་གཡོན་གྱི་ཞབས་བསྐུམ་བ་དང་བརྐྱང་བས ་འཇིགས་བྱེད་དང། དུས་མཚན་མནན་ཅིང་བརྫིས་པ། ཞལ་གསུམ་དང་ཕྱག་དྲུག་པ། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཤིན་ཏུ་དབང་དུ་གྱུར་པའི་དབུ་སྐྲ་དམར་སེར་རལ་པའི་ཐོར་ཅོག་གཅིག་ཏུ་འཕྱང་བ། རྡོ་རྗེ་རལ་པ་གཅིག་མ་དང་ལྷན་ཅིག ་མཆོག་ཏུ་དགའ་བས་འཁྱུད་བ། རྡོ་རྗེ་དང་རིན་པོ་ཆེ་དང། རུས་པ་དང་སྒྲུལ་གྱི་རྒྱན་གྱིས་བརྒྱན་ཅིང། ཕྱག་རྒྱ་དྲུག་གིས་ཉེ་བར་སྤྲས་པ། མི་མགོ་མང་པོའི་ཕྲེང་བའི་དོ་ཤལ་བརྒྱུད་པ་དང། ཌ་མ་རུ་དང། གཡེར་ཁ་དང། སིལ་ཁྲོལ་གྱི་རྒྱས་སྤྱངས་པ། ་ཀེང་རུས་ཀྱི་ཐོད་པ་དང། ལག་པ་རློན་པ་དང། ཨུ་དུམ་པ་རའི་མེ་ཏོག་གི་ཕྲེང་བས་དབུ་སྤྲས་པ། གླང་པོ་ཆེའི་ལྤགས་པ་དང། སྟག་གི་ལྤགས་པས་གཡོགས་ཤིང་སྨད་དཀྲིས་པ། ཆུང་ཟད་ཁྲོས་པའི་ཆ་བྱང་ཅན། འཇིགས་པར་བྱེད་པའི་གད་མོ་རྒོད ་ཅིང་ཞལ་མཆེ་བ་ཅུང་ཟད་གཙིགས་པའི་བར་ནས་མེ་སྟག་རྣམ་པར་འཕྲོ་བ། ཉིད་ཀྱི་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་དཔུང་ཆེན་པོ་རྣམ་པར་འཁྱིལ་བའི་དབུས་ན་གར་གྱི་རོལ་བས་ཉེ་བར་མཛེས་པའི་བག་ཉིད་དོ། །གཡས་དཀར་གཡོན་དམང ་དབུས་མཐིང་ཞལ་སྤྱན་གསུམ། ཕྱག་དྲུག་གྲི་གུག་ཐོད་པ་རལ་གྲི་དང། །ུ་ཏཔལ་འཁོར་ལོ་ཚངས་པའི་མགོ་བོ་འཛིན། །ཇི་བཞིན་ཞལ་ཕྱག་ཡུམ་ནི་དམར་བའོ། །དེ་ནས་སྙོམས་པར་འཇུག་པའི་སྦྱོར་བ་ལས་ལྷའི་འཁོར ་ལོ་དབྱུང་བར་བྱ་སྟེ། ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་ལྷུང་བའི་ས་བོན་ནི། ཨ་ཨི་ཨུ་ཨེ་ཞེས་བྱ་བ་སྟེ། ཉི་མ་དང་ཟླ་བའི་སྤུབ་སུ་ཆུང་ཅིང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུའི་ཁ་དོག་ཅན་གྱི་འོད་ཀྱི་སྤྱོར་བར་འཁོར་ལོ ་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེ་རྒྱུ་གྲམ་སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་བའོ། །དེ་དག་ཡོངས་སུ་གྱུར་པ་ནི་རྡོ་རྗེ་འཁོར་ལོ་དང་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་པདམོ་དང། རྡོ་རྗེ་སྣ་ཚོགས་རྣམས་སུ་གྲུབ་པར་བལྟའོ། །དེ་དག་གིས་བོན་ནི་དང་གི་ཉེ་བའི་རྒྱུའོ། ། ་སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ་།བྱང་ཤར་ལ་སོགས་པ་མཚམས་ཀྱི་འདབ་མ་བཞི་ལ་ནི་ས་བོན་གྱི་འོད་ཟེར་ལས་མངོན་པར་གྲུབ་པའི་དྲི་ཆེན་དང་དྲི་ཆུ་དང། རཀྟ་དང། བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པའི་བདག་ཉིད་ཀྱི་བུམ་པ་ཀ་པཱ་ལས་མཚན ་པ་དག་བལྟའོ། །དེའི་ཕྱི་རོལ་དུ་འཁོརོ་ལོ་རྩིབས་བརྒྱད་ལ་ཤང་ནས་བརྩམས་པའི་རིམ་གྱིས་ཕྱོགས་བཞི་ལྷུང་བའི་ས་བོན་ནི། ཨཱ་ཨའི་ཨའུ་ཨི་ཞེས་བྱ་བ་སྟེ། སྔ་མ་བཞིན་དུ་དཀར་པོ་དང་སེར་པོ་དང། དམར་པོ་དང། ལྗང་ཁུའི་ཁ་དོག་ཅན་ནོ། ། ་ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་འོད་ཀྱི་སྦྱོར་བས་སྒྲོན་མ་དང། རྡོ་རྗེ་དང། ཞགས་པ་དང། རལ་གྲི་དང། སྙིང་པོ་དེ་ཉིད་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པ་ནི་གཏི་མུག་རྡོ་རྗེ་དང། བག་ཆགས་རྡོ་རྗེ་དང། འདོད་ཆགས་རྡོ་རྗེ་དང། ཞེ་སྡང་རྡོ་རྗེ་རྣམས ་སུ་གྲུབ་པར་བལྟའོ། །དེ་དག་གི་ཕྱག་མཆེན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ་།བྱང་ཤར་ལ་སོགས་པ་མཚམས་ཀྱི་རྩིབས་བཞིར་ལྷུང་བའི་ས་བོན་ནི། །ོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་སེར་པོ་དང་དཀར་པོ་དང། དམར་པོ་དང། ལྗང་ཁུའི་ཁ་དོག་ཅན་ནོ། །འོད་ཀྱི་སྦྱོར་བས་རི་རབ་དང་ཟླ་བ་དང། ཉི་མ་དང་བ་དན་དང། སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པས་ནི་བརྟན་པའི་རྡོ་རྗེ་མ་དང། སྦྱོར་བའི་རྡོ་རྗེ་མ་དང། ་འབར་བའི་རྡོ་རྗེ་མ་དང། སྟོབས་ཀྱི་རྡོ་རྗེ་མ་ཞེས་བྱ་བའི་ལྷ་མོར་མངོན་པར་གྲུབ་པར་བལྟའོ། །དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ་།དཔལ་ལྡན་ལྷ་ཚོགས་འདི་དག་ཐམས་ཅད་ཀྱང། ཉི་ཟླ་དབུགས་བྲལ ་གདན་ལ་བརྗིད་པ་དང། །གཡོན་ཕྱག་བདེ་ཆེན་རོས་གང་ཐོད་པ་འཛིན། །རིན་ཆེན་རུས་པ་སྤྲུལ་རྒྱན་མཚུངས་པ་ཡིན། དེ་བཞིན་དུ་ཁྱམས་ཤར་ལ་སོགས་པ་ཕྱོགས་བཞིར་ལྷུང་བའི་ས་བོན་ནི། ཀ་ཙ་ཊ་ཏ་ཞེས་པ་སྟེ། དཀར་པོ་དང། སྔོན་པོ་དང། སེར་པོ ་དང། དམར་པོའི་ཁ་དོག་ཅན་ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་འོད་ཀྱི་སྦྱོར་བས་མེ་ལོང་དང། པི་ཝང་དང་དྲི་མཆོག་དང། ཞལ་ཟས་སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པ་ནི། གཟུགས་རྡོ་རྗེ་མ་དང། སྒྲ་རྡོ་རྗེ་མ་དང། དྲི ་རྡོ་རྗེ་མ་དང། རོ་རྡོ་རྗེ་མའི་ལྷ་མོ་རྣམས་མངོན་པར་གྲུབ་པར་བལྟའོ། །དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ་།བྱང་ཤར་ལ་སོགས་པའི་ཁྱམས་ཀྱི་གྲར་ལྷུང་བའི་ས་བོན་ནི། པ་ཡ་ཤ་ཀྵ་ཞེས་པ་སྟེ། ལྗང་ཁུ་དང ་དཀར་པོ་དང། སྔོན་པོ་དང། དམར་པོའི་ཁ་དོག་ཅན། ཉི་མ་དང་ཟླ་བའི་སྦུབས་སུ་ཆུང་ཅིང། འོད་ཀྱི་སྦྱོར་བ་ནི་བཟའ་དང། ཆོས་འབྱུང་དང། མཎྜལ་དང། མར་མེས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པ་ནི། རེག་བྱ་རྡོ་རྗེ་མ་དང། ཆོས་རྡོ་རྗེ་མ་དང། ་ཞི་རྡོ་རྗེ་མ་དང། སྣང་བ་རྡོ་རྗེ་མའི་ལྷ་མོ་རྣམས་མངོན་པར་གྲུབ་པར་བལྟའོ། །དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ་།དེ་ནས་ཤར་ལ་སོགས་པའི་སྒོ་བཞིར་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། རི་དཀར་པོ་ལས་བྱུང ་བའི་ལྕགས་ཀྱུ་ཡོངས་སུ་གྱུར་པས་ནི་རྡོ་རྗེ་ལྕགས་ཀྱུའོ། །རཱ་སེར་པོ་ལས་བྱུང་བའི་ཞགས་པ་ཡོངས་སུ་གྱུར་བས་ན་རྡོ་རྗེ་ཞགས་པའོ། །ལི་དམར་པོ་ལས་བྱུང་བའི་ལྕགས་སྒྲོག་ཡོངས་སུ་གྱུར་པས་ནི་རྡོ་རྗེ་ལྕགས་སྒྲོག་བའོ། །ཌཱི? ་ལྗང་ཁུ་ལས་བྱུང་བའི་དྲིལ་བུ་ཡོངས་སུ་གྱུར་བས་ནི་རྡོ་རྗེ་དྲིལ་བུའོ། །ཁྱམས་གནས་ལྷ་བརྒྱད་པདྨ་ཉི་ཟླའི་གདན། །རིན་ཆེན་རུས་བརྒྱན་སྐྱིལ་ཀྲུང་ཕྱག་མཚན་གཅིག་།སྒོ་བཞིར་གནས་ནི་ཉི་ཟླ་དབུགས་བྲལ་གདན། །སྤྲུལ་རྒྱན་སྟེང་སྟབས་གཡོན ་ཕྱག་ཀ་པཱ་ལའོ། །དེ་ལྟར་འཁོར་ལོ་ཡོངས་སུ་རྫོགས་པའི་ཁོར་ཡུག་ཆེན་པོ་ལ་ནི་གྲུབ་པའི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྟེ། ཇི་སྐད་དུ། གཏུམ་དྲག་ཚང་ཆིང་དཀྲིགས་པ་དང། །འུར་འུར་འབར་བ་ཁྱབ་པ་དང། །ཀེང་རུས་འཇིགས ་རུང་ཤར་སོགས་ཀྱི། །ཕྱོགས་སུ་གཡོན་སྐོར་གྱིས་ལེགས་གནས། །ཧ་ཧ་རྒོད་པ་དང་དེ་ལྡན་དུ། །ཕྱིན་གྲར?་དཔལ་གྱི་ནགས་ཚལ་ལོ། །མུན་པ་མོ་བཟང་བདེན་བྲལ་དུ། །རླུང་དུ་ཀཱི་ལི་ཀཱི་ལར་སྒྲོགས། །ཞེས་བྱུང་བ་བཞིན་ནོ། །དེ་དག་རེ་རེར་ཡང ་ཤིང་དང་ཕྱོགས་སྐྱོང་དང་ཀླུ་དང། སྤྲིན་རང་ཞིང་སྐྱོང་དང། དགྲ་བཅོམ་པ་དང། གྲུབ་པ་དང་མཁའ་འགྲོ་དང། མཆོད་རྟེན་དང། མེ་དང་ཆུ་ཆེན་པོ་ལ་སོགས་པ་བརྒྱད་བརྒྱད་ཡོད་པར་བལྟའོ། །དེའི་འོག་བཅོམ་ལྡན་འདས་བདག་ཉིད་ཆེན ་པོ་དེའི་འོག་ཏུ་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་བདག་ཉིད་དེ་ཉིད་ཤིན་ཏུ་མི་འཕྲོས་པའི་བདེ་བ་བསམ་གྱིས་མི་ཁྱབ་པའི་རོས་རབ་ཏུ་འཇུངས་པས་ཧ་ཅང་དགའ་བས་མི་ཟད་པའི་ངོ་བོར་མོས་ཤིང། རིམ་གྱིས་སྟོང་པ་ཉིད་དུ ་ཐིམ་པར་གྱུར་ཏེ། བཅོམ་ལྡན་མ་དང་ལྷན་གཅིག་ཏུ་ཞུ་ནས་རབ་ཏུ་དང་བའི་གཟུགས་ཅན་གྱི་ནཱ་ད་དཀར་བ་དང་དམར་བའི་རྣམ་པར་གནས་པར་བསམ་མོ། །དེའི་ཚེ་ཕྱོགས་ཀྱི་འདབ་མ་བཞིར་རྒྱལ་བ་བཞིའི་ཐུགས་ཀ་ལས་ཚད?་མེད ་བཞིའི་ལྷ་མོ་སྤྲུལ་པས་སེམས་ཅན་གྱི་དོན་དུ་སླར་ལྡང་བར་གསོལ་བ་གདབ་བར་བྱའོ། །འཇིག་རྟེན་མགོན་པོ་བཅོམ་ལྡན་བཞེངས། འགྲོ་བ་ཉོན་མོངས་ཡོངས་སུ་སྐྱོབས། །སྟོང་པའི་ཏིང་འཛིན་སྤངས་ནས་སུ། །བྱམས་ཆེན་སྐུ་མཆོག་སྟས? ་བར་མཛོད། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་བཞེངས། །སེམས་ཅན་སྡུག་བསྔལ་རབ་ཏུ་སྒྲོལ། །ཞི་བའི་མཛའ་ལས་མི་གནས་པར། །བརྩེ་ཆེན་རྣམ་པར་འཕྲུལ་བར་མཛོད། །བདེ་ཆེན་རྒྱལ་པོ་བཅོམ་ལྡན་བཞེངས། །ལུས་ཅན་བདེ་དོན་ཡང་དག ་གཟིགས། །ཟག་མེད་དབྱིངས་ཐུགས་མ་གཞོམ་པར། །དགྱེས་ཆེན་ཀུན་ཏུ་སྣང་བར་མཛོད། །གཙོ་ཆེན་རྡོ་རྗེ་བཅོམ་ལྡན་བཞེངས། །སྐྱེ་བོ་དུབ་པ་མངོན་དགོངས་ལ། །མཛའ་གཅིག་རྒྱུན་ཆང་མི་བཞུགས་པར། །མ་ལུས་འཚལ་བ་སྒྲུབ་ཏུ་གསོལ ་ཞེས་བྱ་བའི་ཀླུས་གཉིད་སང་བ་དང་འདྲ་བར་བྱས་ཏེ། །སླར་ས་བོན་གྱི་ཡི་གེ་གཉིས་དང་མཚན་མ་གཉིས་ལས་བཅོམ་ལྡན་འདས་ཡབ་དང་ཡུམ་མདོན་པ་གྲུབ་བའི་རིམ་པ་སྔར་ཇི་སྐད་སྨོས་པ་བཞིན་དུ་སྤྲུལ་པར་བྱའོ། །གསང་སྔགས་པས ་གྲུབ་འཁོར་ལོ་སྒྱུར་རྒྱལ་བཞིན། །ཁྲག་མཐུར་རལ་པ་གཅིག་འཕྱང་ཐུགས་རྗེ་ཡི། །དབྱིངས་ལས་སྐུ་བལྟམས་མཁའ་ལས་ཉི་མ་ལྟར། མ་ལུས་དོན་གྲུབ་འབར་བ་དེ་རྗེས་བསམ། །དེ་ནས་གཞལ་ཡས་ཁང་དང་ལྷ་རྣམས་ཀྱི་རྣམ་པར་དགའ་ཁོང་དུ་ཆུད ་པར་བསྟེ། །འདི་སྐད་དུ་མི་མཉམ་མེད་པས་ཟུར་བཞི་ཡིན། །དྲན་དང་དབང་པོའི་སྒོ་བཞི་ཡིན། །བསམ་གཏན་བཞི་ནི་རྟ་བབས་བཞི། །རྣམ་ཐར་བརྒྱད་ཕྱག་ཀ་བ་བརྒྱད། །བྱང་ཆུབ་ཡན་ལག་བདུན་དག་ཕྱིར། །དྲ་བ་དང་ནི་དྲ་བ་བྱེད། །ཕྱོགས ་བཞི་ཚིར་མེད་བཞི་ཡིན་ཏེ། །པདྨ་འཁོར་ལོ་ཤེས་རབ་ཐབས། །རྣམ་པར་ཤེས་བརྒྱད་ཡོངས་དག་པ། །དེ་ནི་དུར་ཁྲོད་ཆེན་པོ་བརྒྱད། །ཅེས་བྱ་བ་ལྟ་བུ་དཀྱིལ་འཁོར་ཡོངས་སུ་དག་པ་གང་ཡིན་པའོ། །དཀྱིལ་འཁོར་པ་ཡོངས་སུ་དག་པ་ཡང། རེ་ཞི? ་ཟླ་བ་ནི་མེ་ལོང་ལྟ་བུར་རང་བཞིན་ནོ། །ཉི་མ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །ས་བོན་དང་མཚན་མ་ནི་སོ་སོར་ཀུན་ཏུ་རྟོག་པའི་རང་བཞིན་ནོ། །ཡོངས་སུ་གྱུར་པ་ནི་བྱ་བ་གྲུབ་པའི་རང་བཞིན་ནོ། །གཟུགས་བརྙན་ཉེ་བར་རྫོགས་པ ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ནི་དཔལ་རྡོ་རྗེ་རལ་པ་གཅིག་པའོ། །གཟུགས་ཀྱི་ཕུང་བོ་རྣམ་པར་དག་པ་ནི་རྡོ་རྗེ་འཁོར་ལོའོ། །ཚོར་བའི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་རིན་ཆེན་ནོ། །འདུ ་ཤེས་ཀྱི་ཕུང་པོ་རྩམ་པར་དག་པ་རྡོ་རྗེ་པདྨའོ། །འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་སྣ་ཚོགས་སོ། །གཏི་མུག་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེའོ། །བག་ལ་ཉལ་རྣམ་པར་དག་པ་ནི་བག་ཆགས་རྡོ་རྗེ་ནའོ། །འདོད་ཆགས་རྣམ་པར་དག་པ ་ནི་འདོད་ཆགས་རྡོ་རྗེའོ། །ཞེ་སྡང་རྣམ་པར་དག་པ་ནི་ཞེ་སྡང་རྡོ་རྗེའོ། །སའི་ཁམས་རྣམ་བར་དག་པ་ནི་བརྟན་པའི་རྡོ་རྗེ་མའོ། །ཆུའི་ཁམས་རྣམ་པར་དག་པ་ནི་སྤྱོད་པའི་རྡོ་རྗེ་མའོ། །མེའི་ཁམས་རྣམ་པར་དག་པ་ནི་འབར་བའི་རྡོ་རྗེ་མའོ། །སྨུང་གི་ཁམས ་རྣམ་པར་དག་པ་ནི་སྟོབས་ཀྱི་རྡོ་རྗེ་མའོ། །གཟུགས་རྣམ་པར་དག་པ་ནི་གཟུགས་རྡོ་རྗེ་མའོ། །སྒྲ་རྣམ་པར་དག་པ་ནི་སྒྲ་རྡོ་རྗེ་མའོ། །དྲི་རྣམ་པར་དག་པའི་དྲི་རྡོ་རྗེ་མའོ། །རོ་རྣམ་པར་དག་པ་ནི་རོ་རྡོ་རྗེ་མའོ། །རེག་རྣམ་པར་དག་པ་ནི་རོག་རྡོ་རྗེ་མའོ ་ཆོས་རྣམ་པར་དག་པ་ནི་ཆོས་རྗེ་མའོ། །ཞིང་རྣམ་པར་དག་པ་ནི་ཞིང་རྡོ་རྗེ་མའོ། །སྣང་བ་རྣམ་པར་དག་པ་ནི་སྣང་བ་རྡོ་རྗེ་མའོ། །ཚོར་བ་བདེ་པ་རྣམ་པར་དག་པ་ནི་རྡོ་རྗེ་ལྕགས་ཀྱུའོ། །ཆོར་བ་སྡུག་བསྔལ་རྣམ་པར་དག་པ་ནི་རྡོ་རྗེ་ཞགས་པའོ། ། ་ཚོར་བ་བཏང་སྙོམས་རྣམ་པར་དག་པ་ནི་ལྕགས་སྒྲོག་གོ་།དེ་དག་གི་བག་ཆགས་རྣམ་པར་དག་པ་ནི་དྲིལ་བུའོ། །འོད་གསལ་བདེ་ཆེན་མི་རྟོག་རྟག་ཆད་རྣམ་པར་དག་།པདམོ་ཐོད་པ་དབུགས་དྲལ་དབང་ཕྱུག་ཨུ་མའི་གདན། དུས་གསུམ? ་ཐར་ཕྱིན་སྐྱོབ་དྲུག་ཐབས་དང་ཤེས་དག་ཕྱིར། །ཞལ་གསུམ་ཕྱག་དྲུག་ཕྱག་རྒྱ་དྲུག་ཞབས་བརྐྱང་བསྐུམ་ཉིད། །དེ་བཞིན་དུ་རྡོ་རྗེ་འཁོར་ལོ་ལ་སོགས་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་གདན་དང་ཕྱག་མཚན་ལ་སོགས་པ་རྣམ་པར་དག་པ?་ཡང ་ཅི་རིགས་སུ་རིག་པར་བྱའོ། །གང་ཡང་དཀྱིལ་འཁོར་པ་ལ་རྒྱས་གདབ་པའི་ཕྱག་རྒྱ་ལྔ་འམ་དྲུག་ཀྱང་རྣམ་པར་རིག་པར་བྱ་སྟེ། རེ་ཞིག་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་པའི་དོན་དུ་སྤྱི་གཙུག་ཏུ་འཁོར་ལོ་སྟེ། །དེ་ནི་མི་བསྐྱོད་པའི་བདག་ཉིད་རྣམ ་པར་དག་པའོ། །རྡོ་རྗེ་འཛིན་པའི་བཀའ་བསྒོ་བ་ཉན་པའི་ཕྱིར་རྣ་བ་ལ་རྣ་ཆ་སྟ། །དེ་ནི་འོད་དཔག་མེད་ཀྱི་བར་གེ་ཉིད་རྣམ་པར་དག་པའོ། །གསང་སྔགས་ཟབ་མོ་བཟླས་པའི་ཕྱིར་མགུལ་པ་ལ་མགུལ་དོ་སྟེ། དེ་ནི་རིན་ཆེན་འབྱུང་བའི་བདག་ཉིད་རྣམ་པར་དག་པའོ ་སྲོག་ཆགས་ཐམས་ཅད་ལ་འཚེ་བ་སྤངས་པའི་ལག་པ་ལ་ལག་གདུབ་སྟེ། དེ་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་རྣམ་པར་དག་པའོ། །ཕྱག་རྒྱ་ཉེ་བར་བཀོད་པ་བསྟན་པའི་ཕྱིར་རྐེད་པ་སྐེ་རགས་ཏེ། དེ་ནི་དོན་ཡོང་གྲུབ་པའི་བདག་ཉིད་རྣམ་པར་དག་པའོ། ། ་རང་གི་ཤེས་རབ་ལྷན་ཅིག་པའི་ཕྱིར་ཚོམ་བུ་སྟེ། །དེ་ནི་རལ་བ་གཅིག་པའི་བདག་ཉིད་རྣམ་པར་དག་པའོ། །དེ་ནས་གཞལ་ཡས་ཁང་གི་ཆ་ཉི་ཤུ་རྩ་བཞི་ཤར་གྱི་འདབ་མ་ནས་བརྩམས་ཏེ་བྱང་སྒོའི་བར་ཡུལ་ཉི་ཤུ་རྩ་བཞིར་རྣམ་པར་དག་པ་སྦྱར་པར་ཤེས ་པར་བཞིང་རང་གི་ལུས་ཀྱི་ཆ་ཉི་ཤུ་རྩ་བཞི་ཡང་ཡུལ་ཉི་ཤུ་རྩ་བཞིར་རྣམ་པར་དག་པ་ལྷ་དང་སྦྱར་བ་ཡང་རྟོགས་པར་བྱ་སྟེ། དབང་པོ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གནས་སྙིང་གི་དབུས་སུ་དཔལ་རྡོ་རྗེ་རལ་གཅིག་པའོ། །ཞེས་པ་འདི་ནི་ཁྱད་པར་རོ། །པུ་ལི་ར་མ་ལ ་ཁ་ན་ཞོ་བ?་རྡོ་རྗེ་འཁྲོ་ལ་ཞེས་ནས། །ཇ་ལན་དྷ་ད་སྤྱི་གཙུག་དང། ཨོཾ་ཌཧཡན་རྣ་བ་གཡས། །ར་ར་བ་ཏ་སྟོ་གླང་པའི་རྒྱབ། །གོ་ཏ་བ་རི་རྣ་བ་གཡོན། །ར་མཱི་ཤྭ་ར་སྨིན་མའི་དབུ་མ། །དེ་བི་ཀོ་ཊ་མིག་གཉིས་དང། །མ་ལ་ཝ་ནི་ཕྲག་པ་གཉིས། །ཀ་མ་རུ ་ནི་མཆན་ཁུང་གཉིས། །ོཾ་ཏྲེ་ནུ་མ་གཉིས་ཡིན་ནོ། །ཏྲི་ཤ་ཀུ་ནེ་ལྟེ་བ་དང། །ཀོ་ས་ལ་ནི་སྣ་ཡི་རྩེ། །ཀ་ལིཾ་ཀ་ནི་ཁ་ཉིད་དེ། །ལམ་བ་ཀ་ནི་མགུལ་བའོ། །ཀ་ཉྩི་སྙིང་གི་རྩེ་མོ་དང། །ཧི་མ་ལ་ཡ་ལྒང་པ་གཉིས། །པྲེ་ཏ ་པུ་རི་མཚན་མ་དང། །གྲི་ཧ་དེ་བ་གསང་བའི་གནས། །སཽ་རཥྚ་ནི་བརླ་གཉིས་ཏེ། །སུ་བྲྞ་དེ་བྱིན་པ་གཉིས། །ན་ག་ར་ནི་སོར་མོ་རྣམས། །སིན་དྷཱུ་རྐང་བའི་རྒྱབ་ཏུའོ། །མ་རུ་མཐེ་བོ་རྣཾ་མེ་གཉིས་ཏེ། །ཀུ་ལུ་ཏ་ནི་བུས་མོ་གཉིས། །རྡོ ་རྗེ་དྲིལ་བུ་ཞེས་བྱ་བའི་བར་དུ་གྲངས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །དེ་རྗེས་ཡབ་དང་ཡུམ་རིམ་རྡོ་རྗེ་སྔོན་པོ་དང། །པདྨ་དམར་པོའི་རྒྱས་གདབ་གོ་ཆ་དྲུག་དྲུག་བཅིང། །དུང་མདོག་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་དང། ཁྲག་མདོག་ཨ་ཨི་ཨུ ་ཨེ་ཨོ་དང་ཨཾ་ཉིད་དོ། །དེ་ལ་སྙིང་ཁར་ནི་ཧ་འོ། །མགོ་བོ་ལ་ན་ཧིའོ། །སྤྱི་གཙུག་ཏུ་ཧུའོ། །ཕྲག་པ་གཉིས་ནི་ཧེའོ། །མིག་གཉིས་ལ་ནི་ཧོའོ། །ཡན་ལག་ཐམས་ཅད་ལ་ནི་ཧྲཾ་ངོ། །དེ་བཞིན་དུ་ལྟེ་བར་ནི་ཨའོ། །སྙིང་ཁར་ནི་ཨིའོ། །ཁ ་ནི་ཨུའོ། །མགོ་ལ་ནི་ཨེའོ། །སྤྱི་གཙུག་ཏུ་ཨོའོ། །ཡན་ལག་ཐམས་ཅད་ལ་ནི་ཨཾ་ངོ། །དེའི་འོག་ཏུ་དམ་ཚིག་པའི་འཁོར་ལོ་ཡོངས་སུ་རྫོགས་པ་ཉིད་བརྟུལ་ཞུགས་དང་ཆོ་ག་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་རླབས་བཅུག་པས་དེས་པར་བརྟན་པར་བྱ ་བའི་དོན་དུ། ཡེ་ཤེས་པའི་འཁོར་ལོ་དྲི་མ་མེད་པ་སྟེ། ཡང་དག་པར་གཞུགས་པར་བྱའོ། །མཛུབ་མོ་མདུད་བྱས་གུང་མོ་རྩེ་སྦྲང་ཅིང། །མཐེ་བོང་རྡོ་རྗེ་བརྟན་པོ་རབ་ཏུ་སྦྱར། །སོར་མོ་བཞག་གདེངས་དབྲལ་བའི་དབུས་བཞག་ལ། །བསྐོར་ཞིང ་བསྐོར་བས་ཡོངས་སུ་བསྐྱུར་བར་བྱ། །གཡོན་བརྐྱང་གཡས་མནན་གྱེན་དུ་བལྟ། །མིག་སྒྱུར་ཕེ་གེ་སྒྲ་སྒྲོགས་པས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་དགུག། ཅེས་བྱ་བ་འདི་ལ་བུས་ཉིད་ཀྱིས ་གནས་ནས་དམ་ཚིག་རྗེས་སུ་དྲན་པས་མདུན་གྱི་ནམ་མཁའ་ཨི་ངོས་འདིར་མངོན་པར་བྱོན་པར་འགྱུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཐོག་མར་སྐུ་ཁྲུས་གསོལ་བའོ། །ོཾ་པཱ་དབྱཾ་ཏཱིཙྪ་སྭཱཧཱ། ཞབས་བསིལ་དབུལ་བའོ། །ོཾ་ཨཉྩ་མ་ནོ ་ཕྲ་ཏཱིཙྪ་སྭཱཧཱ། ཞབས་བསིལ་བའོ། །ོཾ་པདྨ་སཱུ་རྱ་ཙནྡྲ་མཎྜལ་ས་མ་ཡེ་སྭཱཧཱ། གདན་དབུལ་བའོ། །དེ་ནས་ཐོག་མར་ལུས་ཐམས་ཅད་ཉེ་བར་འདུད་པས་ཕྱག་བྱས་ཏེ། གང་ཞིག་སྣ་ཚོགས་རོ་ཅིག་དབང་པོའི་གཞུ་འདྲ་བ། །ཉོན་མོངས་རྡུལ་བྲལ་བདེ་ཆེན་འོད ་གསལ་སྦྲོལ་བྲལ་ཞིང། །ཡེ་ཤེས་རྒྱུན་འབབ་རྡོ་རྗེའི་དཀྱིལ་འཁོར་ཆེར་འབྱུང་ལ། །གུས་པའི་ཁུར་གྱི་མགྲིན་པ་སྨད་ནས་བདག་ཕྱག་འཚལ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་ནས་དབུལ་བར་བྱ་སྟེ། ཨོཾ་བཛྲ་པུཥྡེ་ཨ(རྒྱུད་འགྲེལ་ཨོཾ་བརྫ་དཱི་པེ་ཨཱ(རྒྱུད་འགྲེལ་?་གཙར་མཚད་སྙིང་པོ་སྦྱར་བ་དཔག་མེད་དང། མདོག་བཟང་རོ་བརྒྱ་ལྡན་པའི་ཞལ་ཟས་མང་པོ་རྣམས། །གུས་བཅས་ཡིད་འོང་ལྷ་མཆོག་ཚོགས་ལ་འབུལ་ལགས་ཀྱིས། །སེམས་ཅན་མ་ལུས་སྲིད་པའི་གདུང་གཞི་བ་དང། །རྦག་མེད་བདེ་ཆེན་ཡེ་ཤེས་བདུད ་རྩིས་མྱོས་བར་མཇོད?། །ོཾ་ན་མོ་བྷ་ག་ལྡན་ཨེ་ཀ་ཛ་ཊི་སརྦ་མཎྜ་ལ་ཙ་ཀྲ་དེ་བ་ཏ་པུཥྛེ་པུ་ཛ་མེ་གྷ་ས་མུ་ད་སྤ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པ་ནས། །ནཻ་བི་དྱེ་པུ་ཛ་མེ་གྷ་ས་མུ་དྲ་སཕར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བའི་བར་དུ་སྦྱར་བས་དབུལ་བར་བྱའོ། །པི་ལྤང་གླིང་བུ་རྡོ་རྗེ་ཟླུམ་བཞད ་མ་དང། །སྒེག་མོ་གླུ་མ་གང་མ་གཟུགས་མཛེས་ར་དང་རེག། མཎྜལ་ཆོས་མ་རྒྱན་སོགས་དེ་བཞིན་བཀོང་བ་ནི། །ཟབ་ཅིང་རྒྱ་ཆེ་རྒྱ་མཚོ་སྤྲིན་འགྲོ་གཞིན་ཡང་མཆོད། །ོམ་ཨཱ(རྒྱུད་འགྲེལ་མི་ཏཾ་གེ་ཧཱུཾ། ཨོཾ་ཨཱ(རྒྱུད་འགྲེལ་ཨོཾ་ཨཱ(རྒྱུད་འགྲེལ་སྦྱར་ཏེ། མཚན་མ་བཟང་པོའི་ཀ་བཱ་ལ་གར་བར་བྱས་ནས་སྒྲོན་མ་དང། བདུད་རྩིའི་རོ་དང་ལྷན་ཅིག་ཏུ་གྱུར་པ་མདུན་དུ་བཞག་སྟེ་སྣོད་སྦྱངས་ལ། ཨོཾ་ཨཱ(རྒྱུད་འགྲེལ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། གཡས་ཀྱི་མཐེ་བོར་དང། མཛུབ་མེ་དང། གུང་མེ་དང། སྲིན་ལག་དང། མཐེའུ་ཆུང་དང། ལག་མ་ཐི་ལ་རྣམས་ལ་གོ་རིམ་ལྔར། ཧ་ཧི་ཧུ་ཧེ་ཧོ་ཧ། ཞེས་བྱ་བའི་ཡིག་འབྲུ་གནག་ལ་དཀར་བ་དང། སྔོ་བ་དང། ་སེར་པ་དང། དམར་བ་དང། ལྡན་པ་དང། མཐིང་ཀའི་མདོག་ཅན་ཡབ་ཀྱི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་རེག་པ་ལས་ཡོངས་སུ་གྱུར་བའི་གཟུགས་ཀུན་ཏུ་འོད་དང། རྡོ་རྗེ་འཛིན་པ་དང། ནོར་གྱི་དབྱིག་དང། འོད་ཟེར་དང་ལས་ཀྱི་བདེ་དང། ། ་འཇིགས་བྱེད་རྒྱལ་པོ་རྣམས། གཡོན་ཟླ་བའི་གདན་ལ་རྣམ་པར་གནོན་ཅིང། གཡས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མངོན་པར་དགྱིས་པ་རང་གི་ས་བོན་གྱི་ཁ་དོག་ཅན། འཁོར་ལོ་ལ་སོགས་པ་སངས་རྒྱས་ལྔའི་མཚན་མ་དང། གྲི་གུག་གིས ་གཡས་ཀྱི་ཕྱག་མཚན་པ་དང། ཐམས་ཅད་ཀྱང་གཡོན་ཁྲག་གིས་བདུད་རྩིས་རབ་ཏུ་གང་བའི་ཐོད་པ་ཅན་ནོ། །དེ་བཞིན་དུ་གཡོན་གྱི་མཐེ་བ་ལ་སོགས་པར་ཡང་གྲངས་ཇི་ལྟ་བས། ཨ་ཨི་ཨུ་ཨེ་ཨཾ་ཞེས་བྱ་བའི་ཡིག་འདྲུ་དན་ར་བ་ལ ་དཀར་བ་དང། སྔོ་བ་དང། སེར་བ་དང། རབ་ཏུ་དམར་བ་དང། ལྗང་གུ་དང། སིནདཉ་རའི་མདོག་ཅན། ཡུམ་གྱི་ཐུགས་ཀའི་བཾ་ལས་འཕྲོས་བའི་འོད་ཟེར་རེག་པ་ལས་ཡོངས་སུ་གྱུར་པའི་གཟུགས་རབ་གསལ་མ་དང། རབ་བརྟན་མ་དང་རྒྱན་ཅན་མ་དང་འོག? ་མ་དང། ཚོགས་ཅན་མ་དང། སྐྲག་མཛད་མ་རྣམས་གཡས་ཉི་མའི་གདན་གནོན་ཅིང་གཡོན་གྱི་སྐྱིལ་ཀྲུང་ཕྱེད་བའི་གར་བྱིས་ཡོངས་སུ་དགྱེས་མ། རང་གི་ས་བོན་གྱི་ཁ་དོག་ཅན་འཁོར་ལོ་ལ་སེགས་པ་སངས་རྒྱས་མ་ལྔའི་མཚན་མ་དང། ཀ་པཱ་ལ ་བ་ཡས་ཀྱི་ཕྱག་མཚན་པ། ཐམས་ཅད་ཀྱང་གཡོན་ན་ཁྲག་གིས་བདུད་རྩིས་རབ་ཏུ་གང་བའི་ཐོད་པ་ཅན་ནོ། །དེ་ནས་གོ་ཆ་དེ་དག་ལ་ཡེ་ཤེས་ཀྱི་ལྷ་ཡང་དག་པར་བཀུག་སྟེ། དམ་ཚིག་ལ་བཅུག་ནས་ཡིད་ལས་བྱུང་བའི་མཆོད་པས་མཆོད ་?་ཐལ་མ་མཉམ་པར་སྦྱར་བས་ཕན་ཚུན་རྗེས་སུ་ཞུགས་པ་དང། དེ་བསྡམས་པས་ཕན་ཚུན་ཡོངས་སུ་ཐིམ་པར་བལྟའོ། །གང་ཐིམ་པར་གྱུར་པ་དེ་ཡང་ཧཱུཾ་ཨ་ཅེས་གསང་མཐོན་པོས་བོས་པས་སྟོང་པ་ཉིད་དང་ཐིག་ལེར་མི་གནས་པར་ཡི ་གེ་གཉིས་ཀྱིས་གཟུགས་སུ་མངོན་པར་བལྟ་བར་འགྱུར་རོ། །དེ་ནས་གཡས་ཀྱི་སྲིན་ལག་གི་དམ་ཚིག་ལ་རེག་ཅིང་ཆོས་འབྱུང་སྣོལ་བ་པྲི་བར་བྱ་སྟེ། ཟུར་དྲུག་ལ་གོ་ཆའི་ཡི་གེ་དྲུག་བརྗོད་པས་ཡི་གེ་དེ་དག་གིས་མཚན་མར་བྱ་བ་དང། ་དེ་?་གཡོན་གྱི་མཐལ་གྱི་སྔར་གྱི་ས་བོན་ཨ་ལས་མངོན་པར་སྐྱེས་པའི་རྒྱུན་བདུད་རྩི་འཛག་པ་ནས་འབྱུང་བའོ། །མཐེར་གཡས་དང་གཡོན་གྱིས་ཡབ་དང་ཡུམ་གྱི་གོ་ཆའི་དཀྱིལ་འཁོར་གྱི་དབུས་སུ་རེག་པས་ཧོ་དང་བཾ་ལྷན ་ཅིག་གནས་པ་ཡང་བལྟས་ལ། སེ་གོལ་གཏོག་སྟེ་ཧ་ཅང་མི་རིང་བའི་སྟེང་གི་མཁར་འཕགས་པར་བཞུགས་སོ། །དེ་རྗེས་གཡས་གཡོན་སྙིང་ཁར་ཟླ་བ་ཉི་མ་དང། ཆུ་སྐྱེས་དབུས་ནས་སྐུ་གསུང་ཐུགས་པ་ལྟས་མིང་བརྗོད་? ་དཀར་བསིལ་དམར་ཚ་རབ་ཏུ་སྔོ་འཇམ་འོད་རེག་ཕྱིར། །དྲི་མེད་རབ་བཞུ་ལྟ་ཚོགས་སྦྱར་བས་བདུད་རྩི་དབབ། །དེ་ལྟར་འོད་ཀྱིས་སྐུལ་བ་ན་དབུས་ཀྱི་ཡི་གེ་ལས་གྱེན་དུ་འགྲེང་བའི། །ཟེར་གྱི་གོ་ཆ་དང་བཅས་པའི་བཅོམ་ལྡན་འདས ་ཡབ་ཡུམ་སྦྱན་དྲངས་ནས་ནམ་མཁའ་ཨི་ཡི་གེ་ལ་བསྟིམས་ཏེ། དེ་མ་ཐག་ཏུ་ལྟ་བཅུ་བཞིའི་བདག་ཉིད་དུ་གྱུར་ནས་སྙམས་པར་ཞུགས་པ་དང། ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཐིག་ལེ་བདུད་རྩི་རྒྱུན་ལྷུང་བས་དམ་ཚིག་བཞུ་བའི་ཁུ་བ་བསིལ་ཞིང་རྣམ་པར ་དཀར་བ་གྱ་ན་མ་པར་བྱའོ། །རིམ་གྱིས་བདེ་བ་ཆེན་པོའི་ཕྱིར་གོ་ཆ་བཅུ་འོད་ཀྱི་རྣམ་པར་ཞུ་བ་བདག་པོ་ལ་ཐིམ་པ་དང། དེ་ཡང་མི་འཕྲོགས་པའི་དགའ་བས་རྣམ་པར་མྱོས་པའི་ཕྱིར་ས་བོན་གྱི་ངོ་མཚར་ཞུ་བ་བསམ་མོ། །དེ་ནས་བཾ་ཧོ་བརྗོད་པས ་བསམ་གྱིས་མི་ཁྱབ་པའི་རོ་ཅན་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡོན་ཏན་བྱེད་པར་བལྟའོ། །དེ་བཞིན་དུ་ཡི་གེ་དེ་ཡང་རྩ་བའི་ཡི་གེ་ཐིམ་ཞིང་དེ་ཡང་འོད་ཀྱི་གོང་པུར་ཞུ་པས་དམ་ཚིག་ལ་ཁྱབ་པར་བསྟིམས་ལ། མ་ལུས་པའི ་དཀྱིལ་འཁོར་པ་ཐམས་ཅད་མཉམ་པར་གྱུར་པས་དགྱེས་པའི་རྒྱུར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཐལ་མོའི་གར་སྒྱུར་བ་དང་ལྡན་པས་ཡང་དག་པར་མཚད་པར་བྱའོ། །འདི་དག་ནི་ནང་གི་དམ་ཚིག་གིས་མཆོད་པའི་ཆོ་གའོ། །ལྟེ་བའི་དབུས ་ལས་བྱུང་བ་ཡིས། །དཔལ་མོ་དང་ནི་སྒ་ལྡེན་མ། །དུང་ཅན་མ་དང་བདུད་རྩི་འཛག། དགའ་བྱེད་མ་དང་མྱོས་བྱེད་མ། །ཞིང་སྐྱོང་མ་དང་འོད་ཀྱི་དཔུང། །སྣ་ཚོགས་གླུ་གར་རོལ་མོ་བྱེད། །རྫས་བཅུ་དག་པའི་བདུད་རྩིའི་རྒྱུན། །པདྨའི་སྣོད་ཐོགས་མཆོད ་པར་བསམས། །གཙོ་ཆེན་དུར་ཁྲོད་བཅས་དཀྱིལ་འཁོར། །དངོས་དད་བདག་བོ་ལས་སྤུལ་པའི། །ཤེས་རབ་ཐབས་ལྡན་སྙོམས་ཞུགས་པས། །ཟག་མེད་བདེ་ཆེན་མྱོས་གྱུར་མཆོད། །དགའ་བ་ཆེན་པོ་འོད་སྐྱེད་དེ། །ལུས་ཅན་ཀུན་གྱི་སྡག ་?་བསལ། །སླར་འདུས་ཆགས་པ་ཆེན་པོའི་རོ། །སར་པར་བྱས་ཏེ་སྙིང་རྗེ་བསླང། །འདི་དག་ནི་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རོ། །དེའི་འོག་ཏུ་སྡིག་པ་བཤགས་པ་ལ་སོགས་པ་རང་ཉིད་ཀྱི་འཕྲིན་ལས་ལ་ཉེ་བར་སྦྱར་བར་བྱ་སྟེ། འབྲོས ་མི་བཟང་རང་བཞིན་ཡེ་དགེ་དཔག་མེད་དང། །བགྱི་བ་མ་ལག་ཐུབ་པའི་བཀས་ལས་འདས་གྱུར་གང། །ཟབ་མོ་ལེགས་སྡགས་དམ་ཚིག་རྡོ་རྗེའི་རྒྱ་དྲལ་བ། །རིང་ནས་གང་བསགས་སྡིག་པའི་ཧུར་པོ་དི་རིང་བཤགས། །དཀྱིལ་འཁོར་བདག་པོ་རྒྱལ ་བ་ཡབ་ཡུམ་འགྲོ་དོན་བརྩོན། །ལྷ་ཚོགས་སྲས་མང་ངོའི་རྗེས་འཇུག་འཕྲིན་ལས་བྱེད། །སྡགས་འཆང་རྣམས་ཀྱང་ཉིན་རེ་མཆོད་པའི་ལས་བརྩོན་པ། །མ་ལུས་ངོ་མཚར་བསོད་ནམས་རྒྱ་མཚོ་རྗེས་ཡི་རང། །ཁྲག་མ་ཊུང་ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས ་གསལ་བ་ལ། །ཐུགས་རྗེའི་རྒྱུན་གྱིས་ཟག་མང་སྙོམས་འཇུག་རོལ་པ་དང། །འབར་བའི་འོད་བཀྱེ་གསང་སྔགས་རྒྱལ་པོ་བཀའ་བསྒོ་ཞིང། །བླ་མེད་ལམ་སྟོན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐྲུལ། །སྟོང་པར་བཞུགས་དང་ཧ་ཅང་སིམ་བརྙེས་ཞི་བ ་དང། སྒྲུབ་པོ་གང་ཞིག་དམ་ཚིག་མེད་དང་བག་མེད་ལ། །སྡར་མཛད་སྙོམས་མཛད་མི་སྣད་སྟོན་པར་བཞེད་རྣམས་ལ། །གདུང་བས་ཇི་སྲིང་དངོས་གྲུབ་པར་དུ་བརྟན་བཞུགས་གསོལ། །སྐུ་གསུང་རང་བཞིན་རལ་པ་གཅིག་མཆོག་སྟོན་པ་དང། །དེའི ་ཉེར་བསྟན་རིམ་གཉིས་བདུད་རྩིའི་རྒྱུན་འདྲའི་ཆོས། །རྗེས་འཇུག་བློ་བཟད་གི་ཆ་བཟང་ལ་རྟུལ་ཕང་པ། །མཉམ་མེད་སྐྱབས་མཚོག་རིན་ཆེན་གསུམ་ལ་བདག་སྐྱབས་མཆི། །ཤིན་ཏུ་དོ་མཚར་དེ་ཉིད་སྙིང་པོས་ཀུན་ཁྱབ་ཀྱང། །མ་རྟོགས་སྡུག་བསྔལ་རྣམ ་མ་སྐྱེན་གྱིས་གཟིངས་?། །མགོན་མེད་གཉེན་ཆགས་འགྲོ་བ་ནམ་མཁའ་མཉམ་པའི་ཕྱིར། །ས་གསུམ་དབང་ཕྱུག་རྡོ་རྗེའི་སྐུ་གསུང་ཐུགས་ཐོབ་བགྱི། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་ལས་ཀྱི་རིགས། །ཇི་བཞིན་ཇི་སྙེད་དམ་ཚིག་སྔོམ་པ་མ་ལུས་བཞུང? ་གང་ཞིག་སྔོན་ཆད་མ་སྨིན་མ་སྒྲོལ་མ་བསྒྲུལ་བ། །དེ་དག་སྨིན་ཅིང་མྱུར་གྲོལ་བསྒྲལ་ཕྱིར་བདག་གིས་འབད། །ཉི་ཟླའི་སྦྱོར་བས་མུན་པ་ཟད་འགྱུར་གྲོང་མཆོག་ལམ། །བདུད་རྩི་སྒྲོལ་མཚུ་གཏེར་ཡིད་འོང་རིན་པོ་ཆེ། །རྡུལ་མེད ་རྡུལ་བྲལ་ཡེ་ཤེས་དབང་ཕྱུག་ཕྱག་རྒྱ་ཆེ། །བདེ་ཆེན་འོད་གསལ་མི་རྟོག་འཕྲུལ་པ་ཐོབ་པར་ཤོག། །རྡོ་རྗེས་གཞན་ཡང་སྣ་ཚོགས་མཆོད་བྱས་བསྟོད་སྦྲིན་རྒྱ་མཚོ་རབ་བསྟོད་དེ། །དཀྱིལ་འཁོར་གཙོ་ལ་དབང་བསྐུར་ཕྱིར་གསོལ་བཏབ་རྩེ་གཅིག་ཡིད་ཀྱིས ་འདུག། དེ་ནས་དེས་སྦྲུལ་སྙིང་ཁ་ལས་འོངས་བདེ་གཤེགས་ལྔ་བདག་ལྷ་མོ་ལྔས། །རྣམ་དག་ཡེ་ཤེས་བདུད་རྩིའི་རྒྱུན་ཕབ་བདག་ལུས་ངག་ཡིད་དག་པར་བྱ། །རྣམ་པར་འཇོམས་དང་རྣམ་མཚན་བྲལ། །དགའ་དང་མཆོག་དགའ་བྲལ་དང། །ལྷན ་ཅིག་སྐྱེས་དགའ་ཨི་མཚན་ཉིད་དོ། །རྒོད་དང་ཕྲ་འཁྱུད་འཁྲིག་བ་དག། རྣམ་པར་དག་ཕྱིར་བུམ་པ་དང། །གསང་དབང་ཤེས་རབ་བདེ་བ་ཆེ། །དབང་བཞིར་རྒྱལ་པོ་ཐོབ་བར་འགྱུར། །ཐ་མའི་ཐིགས་བས་རིགས་འཇོག་པ། །གཙོ་བོ་མི་བསྐྱོད་རྡོ་རྗེས ་མཚན། །རྡོ་རྗེ་འཁོར་ལོ་ལ་སོགས་བཞི། །འཁོར་ལོ་ལ་སོགས་བཞི་ཉིད་དོ། །གཏི་མུག་རྡོ་རྗེ་སོགས་བཞི་ཡང། །འཁོར་ལོ་ལ་སོགས་རིམ་བཞིན་ཏེ། །སྦྱོར་བའི་རྡོ་རྗེ་མ་ལ་སོགས། །མཚམས་བཞིར་བདག་པོའི་རྒྱ་ཉིད་དམ། །ཡང་ན་འཁོར ་ལོ་སྭོ་རིམ་ཉིད། །དེ་བཞིན་གཟུགས་མཛེས་རྡོ་རྗེ་སྭོ། །འཁོར་ལོ་ལ་སོགས་རིམ་བཞིན་ཏེ། །ཕྱོགས་བཞིར་རེག་བྱ་རྡོ་རྗེ་སྭོ། །གྲངས་བཞིན་རིགས་བཞི་ཉིད་དང་ནི། །གཙོ་བོ་འམ་རིམ་དེ་ཉིད་བཞིན་བརྟག་།དེ་ནས་མདུན་གྱི་ནམ་མཁའ་ལ་གནས་པའི་དཀྱིལ ་འཁོར་དེ་ཉིད་ཆེར་དགུག་པ་དང། གཞུག་པ་དང། བཅིང་བ་དང། མཉེས་པར་བྱ་བའི་ཕྱག་རྒྱ་དང། སྡགས་ཀྱི་རང་གི་དམ་ཚིག་ལ། །མངོན་པར་གཞུག་པར་བྱའོ། །རྡོ་རྗེ་ཐལ་སྦྱར་མཛུབ་གཉིས་བཀུག་།རྡོ་རྗེ་བསྡམས་པ་ཉིད་དང་ནི། །དེ་བཞིན་མཐེ ་བོད་གཉིས་ནད་བཅུག། སླར་ཡང་གར་བསྐོར་འདི་ཡི་རྒྱ། །ཛ(རྒྱུད་འགྲེལ་པོ་དོན་ཀུན་སྒྲུབ་བྱེད་ཉི་ཤུ་དྲུག་བཅས་མགལ་མེའི་ཚུལ། །དེ་བཞིན་གང་ཡང་སྡགས་རིགས་གཞན་བླཟས་རང་རང་དབུས་གནས་འོད་འཕྲོ་བའོ། །ོཾ་ཨོ་ག་ཤུདྡྷ(རྒྱུད་འགྲེལ་དབུས་ཧཱུཾ་དང་པཾ། ཁ་དག་སྔོན་པོ་དམར་བསམས་ལ། དེ་མཛའ་ཉིད་གཉིས་སྡཌ་ཀྱིས་བསྐོར། །ོམ་ཨཱ(རྒྱུད་འགྲེལ་ཨཱ(རྒྱུད་འགྲེལ་ཨོཾ་ཨཱ(རྒྱུད་འགྲེལ་བཛྲ་ཛ་ལ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱ(རྒྱུད་འགྲེལ་སྭཱ་ཧཱ། ཨོཾ་ཨཱ(རྒྱུད་འགྲེལ་ཨཱ(རྒྱུད་འགྲེལ་བཞིན། །འབུམ་ཕྲག་གསུམ་དང་གཉིས་དང་གཅིག་བཟླས་མངོན་སུམ་གཞལ་ཡས་ཁང། །མཐོང་བ་འམ་རྨི་ལམ་བརྟན་དང་གསལ་སྣང་མཆོག་ཐོབ་ཏིང་འཛིན་མཐུ་གྲུབ་བརྟན་པའི་བལྟས། །དམིགས་པས་དུབ་པར་གྱུར་པ་དང། །རྩེ་གཅིག ་བསམ་གཏན་གོ་འཕད་གཉེར། །རིམ་པ་གཞན་ཡང་གོམས་འདོད་པས། །དེ་ནས་རྣམ་པར་མི་རྟོག་བསྒོམ། །སྦྱི་ཡི་སྙིང་ཁ་ལྟེ་བར་ནི། །ཟླ་བ་པདྨ་ཉི་སྟང་དུ། །ཧཾ་དང་ཧཱུཾ་དང་ཨོཾ་ཞེས་བཤད་པའི་ཆོ་ག་འདི་དག་ཉིན་རེ་བརྟན ་གཡོ་མཁའ་། །ཉི་མ་ཟླ་བ་སྒྲ་གཅན་འཛིན། །རྨི་ལམ་ནམ་མཁའ་ཨི་སྦྱོར་བ་ཡིས། །བློ་ཆེན་རྣལ་འབྱོར་བསྒྲུབ་པར་བྱ། །སྤྲོ་དང་སྡུད་དང་གཟུང་བ་དང། །དམིགས་བྲལ་དང་ནི་རྣམ་པར་དག་།སྣ་ཚོགས་མདོན་པར་སྒྲུལ་བ་ཡི། །རིམ་སོགས་བླ་མ་རྒྱས ་པར་འཆང། །ཐུན་མཚམས་རྟག་ཏུ་གཏོར་མ་སྔོན་འགྲོ་ཇི་སྙེད་འབྱོར་བའི་ཚོགས་འཁོར་ལོས། །ལེགས་མཆོད་ཐལ་སྦྱར་དངོས་གྲུབ་གསོལ་བཏབ་དམ་ཚིག་མ་གྱུར་ཀུན་བཟོད་གསོལ།། །།དེ་རྗེས་མདུན་པས་རྡོ་རྗེའི་གར་བསྙོས?་སེ ་གོལ་བརྡབས་པས་ཨེ་ཤེས་ཀྱི། །དཀྱིལ་འཁོར་མཁར་བསྐྱོད་ཤིན་ཏུ་ལེགས་ཤེས་དབུགས་ཕྱུང་མི་སྣང་གྱུར་པར་བསམ། །དེ་ལྟར་སྔགས་བ་བློ་གྲོས་ཅན་བརྟུལ་ཞུགས་ཟབ་མོ་སྦྱོད་པར་ནུས་པས། ཇི་སྐད་བཤད་པའི་ཆོ་ག་འདི་དག་ཉིན་རེ ་བཞིན་ཐུན་གསུམ་གསུམ་བསྙེན་པར་བྱེད་ཅིང། བླ་མ་དང་ལྷག་པའི་ལྷ་ལ་མངོན་པར་དང་པ་རྒྱུན་མི་འཆད་པས་སྦྱོར་བར་བྱེད་ན། དེས་ཅི་ནས་ཀྱང་ཟླ་བ་བདུན་ལས་མི་རིང་བར་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ལྷ་ཉི་ཤུ་རྩ ་ལྔའི་བདག་ཉིད་ཀྱི་མཚན་མ་གདོན་མི་ཟ་བར་མཐོང་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མི་བྱའོ། །ཇི་སྙེད་འདོད་པའི་དངོས་གྲུབ་དང་ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་དང་ཡེ་ཤེས་དང་གཟུང་ཀྱི་སྒོ་དཔག་ཏུ་མེད་པ་ཡང་མངོན་དུ ་འགྱུར་རོ། །སྦྱིན་བདག་དང་སློབ་མའི་ཚོགས་དང། རྒྱལ་པོ་དང། བྲམ་ཟེ་ལ་སོགས་པ་ཐམས་ཅད་ཀྱི་རྗེ་དཔོན་ཐོབ་པར་འགྱུར་ཞིང། །སྐྱེ་བོ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་འགྱུར་ཏེ། མདོར་ན་དེ་ནི་ལྷ་མི་དང་ལྷ་མ་ཡིན ་དང་བཅས་པའི་འཇིག་རྟེན་ན་སྟོན་པ་ལྟ་བུར་བལྟ་བར་བྱའོ། །དཔལ་ལྡན་བླ་མེད་རྒྱུད་རྒྱལ་དེ་ཉིད་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་མཛད་མ་ལུས་པ་ཡི་གཏེར་གང་ཡིན། །སྡགས་འཆང་ཉིད་ཀྱི་ཤིན་ཏུ་བཀའ་བསྒོས་རྡོ་རྗེ་ཅན་དང་ཐོང་ཕྲེང ་ཞེས་བྱ་མཁའ་འགྲོ་གཉིས་ཀྱི་རིམ་གསུམ་རྒྱས་བཏབ་སྤས་པ་ནི། །མགོན་པོ་དེ་ཉིད་མཐོད་པའི་བློ་མངའ་སྦྱན་གསུམ་ལྡན་པས་གློ་བུར་ཁ་ཕྱེ་ཁྲག་འཐུང་དཀྱིལ་འཁོར་ལས་བྱུང་བ། །སྤྲོས་མེད་རལ་པ་གཅིག་འཆད་ཇི་བཞིན་སྒྲུབ་ཐབས ་བདག་གི་བླ་མ་མཆོག་གི་སྒྲོན་མེ་ལ་བརྟེན་མཐོང། །གནས་འདིར་འབད་བྱས་པ་ལས་རྙེད་པ་ཡི། །དགེ་བ་དྲི་མེད་བདག་ལ་གང་ཞིག་ཡོང། །དེ་མྱུང་འགྲོ་འདིར་རལ་པ་གཅིག་མཆོག་གི་།གོ་འཕང་ཉི་ཤུ་ལྔ་ཡི་བདག་ཉིད་ཤོག་།དཔལ་བཙམ་ལྡན ་འདས་རལ་བ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཇི་ཏ་མི་ཏྲ་གུབཏས་མཛད་པ་རྗོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱན་ནད་དང། དེ ་ཉིད་ཀྱི་ཞབས་ཀྱི་པདྨའི་རྡུལ་ལ་སྦྱི་བོས་རེག་ཅིང་གསུང་གི་བདུད་རྩིའི་རོ་མྱང་བ། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པ་དཔལ་གྱིས་བསྒྱུར་ཅིད་ཞུས་ཏེ། གཏན་ལ་ཕབ་པའོ།། །།ིཊི།། །། ་