CLOSE WINDOW

N1766: bla ma'i maN+Dala yi dam gyi cho ga
Wyliee-texts based on the ACIP/ALL Input

དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་མཎྜལ་དབུལ་ཏེ། མཎྜལ་ཚད་དང་ལྡན་པ་ལ། བའི་རྣམ་ལྔ་བྱུགས་ལ་བཛྲ་རེ་ཁེ་ཧཱུཾ་ཞེས་པས་དྲི་ཞིམ་པོའི་འདེ་གུ་བྱས་ལ་ཕྱུག་པ་བྱ། ཨོཾ་ཧཾ་མཧཱ་མེ་ར་བ་ཡེ་ན་མ(རྒྱུད་འགྲེལ་ཨོཾ་ར་བུ་རུ་ཁ་རནྡྲཱ་ཡ་ན་མ(རྒྱུད་འགྲེལ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙནྡྲ?་མཎྜལ་ཞེས་གདན་དབུལ་ལོ། །གང་ན་དེའི་སྟེང་དུ་ཙནྟྲི་པ་ལ་སོགས་པའི་བླ་མ་རྣམས་སྤྱན་དྲངས་ལ། དེ་ལ་ཕྱག་བྱ་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག ་གསུམ་གྱི་རྩ་བ་སྟེ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་བསྐོར་བ་བྱ། དེ་ནས་མཆོད་པ་བྱ་སྟེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། ། ་མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་སྒྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ ་མགུ་བ་ཆེ། །ོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྟྟེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། ཨོཾ་བཛྲ་ཤབཏ་ཧཱུཾ། དེ་ནས་སྡིག་པ་བཤགས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ ་དེ་ནས་དགེ་བའི་རྩ་བ་བསྔོའོ། །དེ་ནས་ཡི་དམ་གྱི་མཎྜལ་དབུལ་ཏེ། མཎྜལ་ཚད་དང་ལྡན་པ་ལ་དྲིའི་ལྡེ་གུ་བྱུག་པར་བྱ། ཨོཾ་བཛྲ་རེ་ཁེ་ཧཱུཾ། ཨོཾ་བུདྡྷ་མཉྫུ་ཤྲཱི་ན་མ(རྒྱུད་འགྲེལ་ཀརྨ་ཧཱུཾ་ན་མ(རྒྱུད་འགྲེལ་སྣང་མི་བསྐྱོད་རིན་ཆེན་འབྱུང། །སྣང་མཛའ་དོན་ཡོད་གྲུབ་པ་ལ། །ལུས་དག་གུས་པས་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང། །འཇིག་རྟེན་གསུམ་གྱི་མུན་སེལ་བའི། །འཇམ་དཔལ ་དབྱངས་ལ་ཕྱག་འཚལ་ལོ། །མཆོད་པ་གོང་དང་མཐུན་སྡིག་པ་བཤགས་ནས་དགེ་བའི་རྩ་བར་བསྔོ་བ་ཡན་ཆད་གོང་དང་མཐུན། དེ་ནས་ཡེ་ཤེས་པ་གཤེགས་སུ་གསོལ། །དམ་ཚིག་པ་རང་ལ་བསྡུ། ཡི་གེ་བརྒྱ་པའི་བཤགས་པ་བྱ།? ་བླ་མའི་མཎྜ་ལ་ཡི་དམ་གྱི་ཆོ་ག་འབྲོ་ལོ་ཙཱ་བས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛཱ་ཊི་བྷ་ག་བི་མཎྜལ་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་གྱི ་