CLOSE WINDOW

N1764: sbyin sreg gi cho ga
Wyliee-texts based on the ACIP/ALL Input

ནས་མཆོད་པ་རྣམ་པ་ལྔ་དབུལ། །བསྟོད་པ་བྱ། །རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། །།འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །འདོད་པའི་དོན ་གྲུབ་དམ་པ་སྟེ། ཞེས་པས། ལས་བཞིའི་སྦྱིན་སྲེག་གི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང་ནུབ་དང་པོ་ལ་ལྷན་ཅིག་སྐྱེས་པའི་བདུད་དང་བྲལ་བའི་ཕྱིར། ཞི་བའི་སྦྱིན་སྲེག་བྱ། །དེ་ནས་བར་ཆོད་ཀྱི་བདུད་དང་དབྲལ་བར་བྱ་བའི་ཕྱིར་དྲག་པོའི་སྦྱིན་སྲེག ་བྱའོ། །དང་པོ་ཐབས་དང་རྫས་ཀྱི་མཚན་ཉིད་བསྟན་ཏེ། །བཞི་པ་ལ་དབྱིབས་ཟླུམ་པོ། །དཔངས་དང་ཞེང་དུ་སོར་བཞི་པ་བྱའོ། །རྒྱབ་དུ་གང་ཁ་དོག་དཀར་པོའོ། །ཡང་ན་ཆུར་མཛུབ་གང། །དཔངས་སུ་ཆག་གང་ངོ། །རྫས་ལ་མེ་ཏོག་དང། །དཀར་གསུམ ་མངར་གསུམ་གུ་གུལ་དཀར་པོ་དེ་རྣམས་སོ། །དྲས་པོ་ལ་ཟུར་གསུམ་དབང་སོར་བཞི་ཞེས་སོར་བཞི་ཚུར་ཁྲུ་རེའོ། །རྫུས་ཁྲག་དང་དུག་དང་ཏིལ་ནག་དང་ཉུང་ནག་ལིངྒ་དམར་ནག་དང་རྫས་རྣམས་ཐམས་ཅད་ནག་པོའོ། །དབང་ལ་ཟླ་གམ་ཞི་བའི་ཕྱེད ་དེ་ཁ་ཁྱེར་ལའོ། །དབངས་དང་ཞེང་གོང་དང་འདྲ། རྫས་དམར་པོ་ལ་སོགས་པ་བྱའོ། །ཙན་དན་དམར་པོ། མེ་ཏོག་དམར་པོ། མར་དང་ནས་སྨུག་པོ་རྣམས་སོ། །རྒྱས་པ་ལ་གྲུ་བཞི་རྩེ་ཁྲུ་གང་ཟེར། ཤིང་ཁྲུ་གང་པ། སྦོམ་ཕྲ་ཆག་གང་པ་མེ་ཏོག ་ལ་སོགས་པའི་རྫས་ཐམས་ཅད་སེར་པོར་བསག་གོ། །ཐུན་མོང་གི་མཆོད་པའི་རྫས་རྣམས་ནི། མར་དང་འབྲས་དང་སྲན་མ་དང། ཨུ་དུམ་པ་རིའོ། །དུས་ནི་ཞི་བ་ལས་ཉིན་ཕྱེད། །ཁ་ཤར་དུ་བལྟའོ། །དྲག་པོ་ལ་ནམ་ཕྱེད་ཁ་ལྷོར་བལྟམ་ལ ་བྱའོ། །དབང་ལ་ཉི་མ་ནུབ་ཀ་ཁ་ནུབ་ཏུ་བལྟས་ལ་བྱའོ། །རྒྱས་པ་ལ་དུས་སྔ་དྲོ་ཁ་བྱང་དུ་བལྟས་ལ་བྱའོ། །དགེང་གཟར་ནི་ཞི་བ་ལ་དངུལ། དབང་ལ་ཟངས། དྲག་པོ་ལ་ལྕགས། རྒྱས་པ་ལ་གསེར་ལ་བྱའོ། །དེ་ནས་མེ་ལྷ་བསྐྱེད་པ་ནི ་རང་འཇམ་དཔལ་དུ་གསལ་བའི་ཐུགས་ཀ་ནས། ཧཱུཾ་དང་ཛ་འཕྲོས་པས་ཐབ་ཐབ་ཀྱི་ནང་དུ་བབས། ཧཱུཾ་ཞུ་བ་ལ་གུནདྷེ་གྱུར། ཛ་ལས་ལྕགས་ཀྱུར་གྱུར་གུནདྷེ་ཞུ་བ་ལས་མེ་ལྷ་སྐུ་མདོག་དཀར་པོར་གྱུར། ཞལ་ཅིག་ཕྱག་བཞི་པ། གསུས ་པ་ལྡིང་འཚངས་པའི་སྐུང་པས་བརྒྱན་པ། གཡས་པ་ན་གུཾ་དྷེ། དེ་འོག་མཆོག་སྦྱིན། གཡོན་དང་པོ་ན་སོ་འབྲུ། དེ་འགོ་བགྲང་ཕྲེང་ངོ། །ཛ་ཞུ་བ་ལས་ཡུམ་སྐུ་མདོག་སེར་མོ་གཡས་ལྕགས་ཀྱུ་གཡོན་ཕྲེང་བ་འཛིན་པའོ། །ཡབ་ཀྱི ་གཡོན་ངོས་སུ་འཁྲིལ་བར་བསྒོམ་མོ། །མེ་ལྷའི་ཐུགས་ཀར་མེའི་དཀྱིལ་འཁོར་གྲུ་གསུམ་ཅིག་བསམ། བདག་གི་ཐུགས་ཀ་ནས་མེའི་དཀྱིལ་འཁོར་ལ་བྲུམ་ཅིག་འཕྲོས། དེ་ཞུ་བ་ལས་གཞལ་ཡས་ཁང་ཕན་དང་བཅས་པ་བསྒོམ ་དེའི་ནང་དུ་ལྷ་ཉི་ཤུ་བརྫུས་སྐྱེས་བུ་བསྒོམ། རྣམ་པ་ཉི་ཤུས་བྱང་ཆུབ་པ་གསུང་ངོ། །རྫུས་སྐྱེས་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཤེས་སོ། །དམ་ཚིག་སེམས་དཔའ་བསྐྱེད་པའི་རིམ་པའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དང ་པ་དང་ནི་དམ་ཚིག་གིས། ཚུང་གཤེགས་ཚུས་གཤེགས་སེམས་དཔའ་ཆེ། །ལྷ་ཡི་རྒྱལ་པོ་བྲམ་ཟེ་ཡིན། །འབར་བའི་ནང་དུ་གཤེགས་ནས་ཀྱང། །བསྲེག་རྫས་མཆོད་པ་འདི་བཞེས་ཤིག་།གནེ་དེ་བ་དྲི་ཤྱཱཾ་ཀུ་ཤ་ཛ(རྒྱུད་འགྲེལ་བསྟིམ། དེ་ནས་མེ་ལྷ་ལ་བསྲེག་རྫས་དབུལ་བ་ནི། རྫས་གོང་མ་རྣམས་དབུལ་ལོ། །ོཾ་བཱ་གཱི་ཤྭ་རི་བུཾ། སརྦ་ཏ་ཐཱ་ག་ཏཱགནེ་ཧ་བྱ་ཀ་བྱ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་སྭཱཧཱ། དབང་ལ་བ་ཤྱཾ་ཀུ་རུ་སྭཱཧཱ། དྲག་པོ་ལ་མཱ་ར་ཡ་ཕཊ ་སྭཱཧཱ། ཉི་ཤུ་རྩ་གཅིག་དབུལ་ལོ། །དེ་ནས་མེ་ལྷ་བསྟོད་དེ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག་།འཇིག་རྟེན་ཡོངས་ལ་བསྐྱབ་པའི་ཕྱིར། །ཐུགས་རྗེ་དབང་གི་སྐུ་སྤྲུལ་པ། །རིག་སྔགས་འཛིན་ཅིང་གསང་སྔགས ་གསུང། །བདུད་རྩི་བཅུད་ལྡན་གུནདྷེ་བསྣམས། །ཐབས་དང་ཤེས་རབ་གཉིས་མེད་པས། །ཐུགས་རྗེའི་སྤྲུལ་པ་ཁྱེད་ལ་བསྟོད་དོ། །ཅེས་བསྟོད་དོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དབུལ་ཏེ། །ོཾ་ན་མ(རྒྱུད་འགྲེལ་ཀུ་རུ་སྭཱཧཱ། །ོཾ་བཛྲ་པ་ཛི་ཡ་ཞི་བ་ཤཱནྟི་ཀུ་རུ་སྭཱཧཱ། ཨོཾ་བཛྲ་མ་ལེ་ཤ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་མཧཱ་བ་ལ་ཞི་བ་ཤཱནྟི་ཀུ་རུ་སྭཱཧཱ། ཨོཾ་ཀ་མ་རི་ཞི་བ་ཤཱནྟི་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཏི་ཏི་ཕྲ་བེ་ཞི་བ་ཤཱནྟི་རུ་རུ་སྭཱཧཱ། རྒྱས་པ་ལ་པུཥྚེ་ཀུ་རུ ་སྭཱཧཱ། དབང་ལ་བ་ཤྲཱི་ཀུ་རུ་སྭཱཧཱ། རག་པོ་ལ་མཱ་ར་ཡ་ཕཊ། ཉི་ཤུ་རྩ་གཅིག་དབུལ་ལོ། །ོཾ་བཛྲ་པུཥཔེ་ཞི་བ་ཤཱནྟ་ཀུ་རུ་སྭཱཧཱ། བཛྲ་དྷཱ་པ་ཞེ་བ་ཤཱནྟི་ཀུ་རུ་སྭཱཧཱ། བཛྲ་ཨཱ་ལོ་ཀེ་ཞི་པ་ཤཱནྟི་ཀུ་རུ་སྭཱཧཱ། བཛྲ་གནྟེ་ཞི་བ་ཤཱནྟི་ཀུ་རུ་སྭཱཧཱ། ་བཛྲ་ནི་བི་ཏྱེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱཧཱ། བཛྲ་ཤབཏ་ཞི་བ་ཤཱནྟི་ཀུ་རུ་སྭཱཧཱ། པ་ཤྱཾ་ཀུ་རུ་པུཥྚི་ཀུ་རུ། མཱ་ར་ཡ་ཕཊ། མཆོད་པའི་མཇུག་ཏུ་རེ་བརྗོད་དོ། །དེ་ནས་བསྟོད་པ་བྱ་བ་ནི། གཞན་ནུའི་སྐུ་ལུས་འཆར་བ་པོ། །ཡེ་ཤེས་སྒྲོན ་མེད་རབ་བརྒྱན་ཅིང། །འཇིག་རྟེན་གསུམ་གྱི་མུན་སེལ་བའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཉིད་ཀྱི་འདེབ་བཟང་ཚོགས་ཀྱིས་ནི། །ཟླ་བ་རྒྱས་པའི་ཟིལ་གནོན་ཅིང། །རིག་པ་རྣམ་པར་གསལ་འགྱུར་པ། །འཇམ་དཔལ་དེ་ལ་ཕྱག ་འཚལ་ལོ། །མ་བགྱིས་དོན་གྱིས་ཟུང་གསལ་བ། །ནོར་བུ་འབར་བའི་སྐུ་མངའ་ཞིང། །ཉིད་ནི་ཀུན་ཏུ་གསལ་བའི་སྐུ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །བདུད་རྩི་དྲི་ཞིམ་འཇམ་ལ་ཟབ། །ཡིད་འོང་གསུང་གིས་སྒྲ་སྒྲོགས་ལ། །དམ་པ ་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །གངས་ཀྱི་ཆུ་ལྟར་གསལ་བ་ལ། །འཇིག་རྟེན་ཁམས་རྣམས་རྣམ་པར་བཞུགས། །ཉོན་མོངས་དྲི་མ་རྣམ་སྤངས་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །མཆེ་བ་གཙིགས ་ཤིང་འཇིགས་པ་ཡིན། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །གཤིན་རྗེའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །རས་ཀྱི་སྤྱན་དང་མདངས་འདྲ་བ། །ུཏཔ་ལ་སྔོན་པོ་རབ་མཛེས་པ། །ཤེས་རབ་རལ་གྲི ་མངའ་གཞུ་འཛིན། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེའི་སྤྱོད་པ་རབ་སྟོན་པ། །འགྲོ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །དེ་ནས་འདུད ་ཉི་ཤུས་བསྟོད་དོ། །དེ་ནས་སྨོན་ལམ་གདབ་སྟེ། བར་ཆད་མ་ལུས་ཞི་བ་དང། གདུག་པ་ཚར་ནི་བཅད་པ་དང། །འཇིག་རྟེན་དབང་དུ་བསྟུ་བ་དང། །ཚེ་དང་དབང་ཐང་བསྐྱེད་པའི་ཕྱིར། །ཐུན་མོང་མཆོག་གི་དངོས་གྲུབ་གསོལ། ་ཨོཾ་བཛྲ་མུ(རྒྱུད་འགྲེལ་