| Wylie | e-texts based on the ACIP/ALL Input |
པས་དུག་མི་མངའ་། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཆོས་དང་དགེ་འདུན་ཡང་དེ་བཞིན་དུ་སྦྱར་རོ། །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །ཚེ་འདས་དང་ནི ་དུག་མེད་ཤོག་།ལས་ཐམས་ཅད་པའི་སྔགས་ཀྱིས་ཁྲུས་དུས་གསུམ་དུ་བྱའོ། །ཞག་བདུན་པའི་ཐ་མ་ལ་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར། བུམ་པས་དབང་བསྐུར་ལ། ཕྱོགས་བཞིར་ཕྱིན་ལ་འདི་སྐད་དོ། །ཚེ་འདས་ཉོན་མོངས་སྙིང་རེ་རྗེ། །གལ་ཏེ་ལས་ཀྱི ་དབང་བཙན་ནས། ཤར་གྱི་ཕྱོགས་སུ་སྐྱེ་སྲིད་དོ། །ཤར་གྱི་ཕྱོགས་སུ་སྐྱེས་པ་ན། །དེ་ན་སྐྱོབ་པའི་མགོན་པོ་བཞུགས། །མགོན་པོའི་མིང་ནི་རྣམ་སྣང་མཛད། །མགོན་པོའི་མིང་ནི་ཡུལ་འཁོར་སྲུང། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །མགོན་པོ་དེ་ལ་སྐྱབས ་སོང་ཅིག་།ངེས་ཕྱོགས་འོག་མ་གསུམ་འདྲེའོ། །ལྷོར་རིན་འབྱུང། མགོན་པོའི་མིང་ནི་འཕགས་སྐྱེས་པོ། །ནུབ་སྣང་བ་མཛའ་ཡས། །མགོན་པོའི་མིང་ནི་སྤྱན་མི་བཟང། །བྱང་སངས་རྒྱས་དོན་ཡོད་གྲུབ་པ། །མགོན་པོའི་མིང་ནི་རྣམ་ཐོས་སྲས། །དེ་ནས་ཚེ ་ལས་འདས་པའི་རིག་པ་ཨ་དཀར་པོར་བསམ། ཨ་དེ་འཇམ་དཔལ་གྱི་ཐུགས་ཀར་འཕང་ངོ། །དེ་ནས་བྱང་བུ་མར་མེ་ལ་བསྲེག་།ཐ་མ་ལ་ཚ་ཚ་གདབ། ཚེ་འདས་པའི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །སྡོམ་པ་བཟང་པོས་མཛད་པ་འབྲོ་ལོ་ཙཱ་བ ་དྷརྨཱ་བྷིས་བསྒྱུར་བ་རོའི་རབ་གནས་ཆོ་ག་རྫོགས་སོ། ས་མ་ཡ། །འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤི་བ་ལ་ཕན་གདགས་པ་རོ་བསྲེག་པ། མཎྜལ་དྲུག་གི་ཆོ་ག་བྱ། དེ་ནས་རོ་ཁང་བུར་བཅུག་ལ། ལས ་ཐམས་ཅད་པའི་སྔགས་ཀྱིས་དེ་ལ་སྔགས་སམ། ཡུངས་ཀར་ལ་བསྔགས་ཏེ་མི་དམིགས་པར་བསམ། དེ་ལ་དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ། བདག་གི་ཐུགས་ཀའི་ཨ་ལས་འཕྲོས་པས་འགྲོ་བ་རིས་དྲུག་གི་སྒྲིབ་པ་སྦྱང་བར ་བསཾ་མོ་དེ་ནས་མེ་བཅུག་ལ་ཞི་བའི་སྦྱིན་སྲེག་བྱ། དེ་ནས་མཆོད་པ་དབུལ་འདུས་དང་འཇམ་དཔལ་གྱི་བསྟོད་པ་བྱ། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །རོ་སྲེག་པའི་ཆོ་ག་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། །། ་འཇམ་དཔལ་ཡེ་ཤེས་སེམས་ལ་ཕྱག་འཚལ་ལོ། །དེ་ནས་ཚ་ཚ་གདབ་པ་ནི། རུས་པ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བྲབ་བོ། །དེ་ནས་ལག་པ་རྡོ་རྗེ་རྩ་གསུམ་པའི་ཕྱག་རྒྱ་བཅས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བྱིན་གྱིས་བརླབ། ་ས་རིན་པོ་ཆེ་སྣ་ལྔའི་ཕྱེ་མར་བསམ། དེ་ལ་དྲི་སྣ་ཚོགས་པ་སྦྱར་བའི་ཆུས་སྒྲུས་ཤིང་བརྡུང་ངོ། །དེ་ལ་རིན་པོ་ཆེ་ཡང་བདར་རོ། །དེ་ནས་འཇིམ་པའི་གོང་བུ་ལ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་རེག་གེ་བྱས་ལ་ལས་ཐམས་ཅད་པའི་སྔགས་ལན་ཉི་ཤུ་རྩ ་གཅིག་བཟླས་ལ་རིན་པོ་ཆེའི་གོང་བུར་གྱུར་པར་བསམ། ལས་ཐམས་ཅད་པའི་སྔགས་ཀུན་ལ་སྦྱར་རོ། །འབི་འབི་ཐབས། སྐུ་པར་ཤེས་རབ། འདེབས་པ་ཐམས་ཅད་ཐབས་ཤེས་རབ་ཟུང་དུ་འབྲེལ། འབི་འབི་ཟབ་པ། སྐུ་པར་རྒྱན་ཆ་བ། ་འབི་འབི་ཆོས་སྐུ། སྐུར་གྱུར་པ་ལོངས་སྐུ། འོད་ཟེར་གྱི་འཕྲོ་འདུ་བྱེད་པ་སྤྲུལ་སྐུའི་དོན་ནོ། །ཚ་ཚ་གདབ་པའི་རིམ་པ་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། །།འཇམ་དཔལ་ཡེ་ཤེས་སེམས ་དཔའ་ལ་ཕྱག་འཚལ་ལོ། །ད་ནི་རབ་ཏུ་གནས་པ་བྱ་སྟེ། དཀྱིལ་འཁོར་བྲིས་ལ་མཚན་རྣམས་དཀྱིལ་འཁོར་ལ་བཀོད་ལ། སྐུའི་རབ་གནས་རྣམ་སྣང་ལ་བསྟིམ། གསུང་གི་རབ་གནས་སྣང་བ་མཛའ་ཡས་ལ་བསྟིམ། ཐུགས་ཀྱི་རབ་གནས་མི་བསྐྱོད་པ་ལ ་བསྟིམ་པར་བྱའོ། །གོང་ལྟར་ཚ་ཚ་བཏབ་ནས་མཆོད་རྟེན་གྱི་མངའ་གསོལ་ཏེ། མཆོད་པ་རྣམས་གཞུང་བཞིན་དུ་བསམས་ལ། དང་པོ་སྤྱན་དྲང་སྟེ། ཡེ་ཤེས་རང་སྣང་སངས་རྒྱས་ཀུན་གྱི་གནས། །འཁོར་ལོ་ཐིག་མ་ཐིག་བཞི་བར་རིམ་ཅན། །གནས ་