CLOSE WINDOW

N1758: khrus kyi cho ga
Wyliee-texts based on the ACIP/ALL Input

ཨོཾ་སརྦ་དྷརྨཱ་ཨཾ། ཆོས་རྣམས་ཐམས་ཅད་འབྲས་བུ་བདེ་བ་ཆེ། ཨོཾ་སརྦ་དྷརྨཱ་ཨ(རྒྱུད་འགྲེལ་ཏེ་ན་མ(རྒྱུད་འགྲེལ་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཁྲུས་ཀྱི་ཆོ་ག་བྱ་སྟེ། དེ་ཡང་རྒྱུད་ནས། དག་པར་བྱེད་ཅིང་སྡིག་སེལ་བ། ཞེས་པས། ཁྲུས་ཀྱི་ཆོ་ག་བཤད་དེ། དེ་ལ་གཉིས། ཕྱིའི་ཁྲུས་དང། ནང་གི་ཁྲུས་སོ། །དང་པོ་ཕྱིའི་ཁྲུས་བྱ་སྟེ། ས་གཙང་མ་ལ་མཎྜལ་བྱས ་ལ། དེའི་སྟེང་དུ་བུམ་པ་སྐྱོན་སྤངས་པ་བཞག་།རས་ཁ་ཚར་མ་ཉམས་པས་བུམ་པའི་མགུལ་ཆིངས་བྱ། འབྲས་བུ་ཅན་གྱི་ཤིང་གིས་བུམ་པའི་ཁ་རྒྱན་བྱ་བྱང་དུ་ཆུ་གཙང་མས་བཀང་ལ། སྙིང་པོ་རྣམ་པ་ལྔ་ལ། འབྲུའི་སྙིང་པོ་ཏིལ། རྩི་ཐོག་གི་སྙིང་པོ ་མར། ཤིང་ཐོག་གྲི་སྙིང་པོ་བུ་རམ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཆུའི་སྙིང་པོ་ལན་ཚྭའོ། །འབྲུ་ལྔ་ལ། ནས། གྲོ། ཏིལ། ཁྲེ། འབྲས་སོ། །སྨན་ལྔ་ལ། སྟག་ཚེར་མ། དབང་པོ་ལག་པ། ཕྱི་མོར། ཤུ་དག་།སླེ་ཏྲེས་སོ། །སྤོས་ལྔ་ལ། ཨ ་ཀ་རུ། ཙན་དན་དཀར་དམར། ག་བུར། ཛཱ་ཏི། གླ་རྩིའོ། །དེ་དུང་འགྲོའི་ས་བོན་ཡིན་པར་འདོད། །རྫས་དེ་རྣམས་བུམ་པའི་ནང་དུ་བླུགས་ལ། མཎྜལ་སྟེང་དུ་བཞག་།དེ་ནས་རང་འཇམ་དཔལ་དུ་སྐད་ཅིག་གིས་བསྐྱེད་ལ། ལས་ཐམས་ཅད་བའི ་སྔགས་ལན་ཅིག་བརྗོད་སྟོང་པར་བསམ་མོ། །དེའི་ངང་ལས་བུམ་པའི་ནང་དུ་བྲུཾ་འཕྲོས་པས་ཕྱི་རིན་པོ་ཆེ་གསེར་གྱི་བུམ་པ་ལ། ནང་རིན་པོ་ཆེ་ལྔའི་གཞལ་ཡས་ཁང་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བ། ཅིག་ཏུ ་བསྒོམ། བུམ་པའི་ཁར་པདྨ་འདབ་བརྒྱད་པ་ཅིག་བསམ། རྒྱུད་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་གསུང་ངོ། །དེ་ལ་ཛ(རྒྱུད་འགྲེལ་ལས་ཡེ་ཤེས་པ་དགུག་གཞུག་བྱ། ལས་ཐམས་ཅད་པའི་བསྔགས་བཟླས་པས། འཇམ་དཔལ་གྱི་གསང་བ་ནས་བདུད་རྩི་ཆུ་རྒྱུན་བྱུང་ནས་བུམ་པ་ཁེངས་པར་བསམ་མོ། །ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་འོད་དུ་ཞུ་ནས་ཁྲུས་ཆུ་དང་འདྲེས ་པར་བསམ་མོ། །ནང་ཟབ་མོ་སྔགས་ཀྱི་ཁྲུས་ནི། འཇམ་དཔལ་དུ་སྐད་ཅིག་གིས་བསྒོམས་ལ། བདུད་དང་སཇགས་ཀྱི་མཇུག་ལ་ཨ་ཉི་ཤུ་རྩ་ཅིག་བརྗོད་ལ། དེ་ནས་ཡེ་ཤེས་ཀྱི་མེ་ལོང་གི་ངང་ལ་གཞག་པས་སྒྲིབ་པ་ལྔ་ནི་སེམས་ཉིད་ལ་གསེར་གྱི་གཡའ ་ཙམ་ཡང་མ་གོས་ཏེ། དེ་ནི་ནང་གི་ཁྲུས་ཞེས་བྱའོ། །ཕྱིའི་དྲི་མ་འཁྲུ་བ་སྟེ། ནང་གི་རྣམ་རྟོག་གི་དྲི་མ་རྣམས་འཁྲུད་པའི་བརྡ་ཡིན། ཕྱི་ཁྲུས་ནང་ཁྲུས་སློབ་དཔོན་སྡོམ་པ་བཟང་པོའི་ལུགས་འབྲོ་ལོ་ཙཱ་བ་དྷ་རྨཱ་བྷིས་བསྒྱུར་བ་རྫོགས་སོ།། །། ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། གསུང་བས་གཏོར་མ་བཤད་དེ། དེ་ལ་རྣམ་པ་གཉིས་ཏེ། ཕྱིའི་གཏོར་མ་དང་ནང་གི་གཏོར་མ་གཉིས་སོ། །དང་པོ་ཕྱིའི་གཏོར་མ་གཏང་ངོ། །རིན་པོ་ཆེའི་སྣོད་དུ་ཁ་ཟས་གཙང་མ་དང་ཆུ་གཙང ་མས་བཀང་ལ། དང་པོ་སྐྱབས་འགྲོ་བྱ། ཚད་མེད་པ་བཞི་བསྒོམ། ཨོཾ་ཨཱ(རྒྱུད་འགྲེལ་གྱིས་བསྔོ། །དུས་གསུམ་གྱི་བདེ་བར་གཤེགས་པ་རྣམ་དང། གཙང་རིགས་ཀྱི་མགོན་པོ་རྣམས་དང། འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་ལ་འདོད་པའི་ལོངས་སྤྱོད་ཆར་བཞིན་འབབ་པར་གྱུར་ཅིག་ཅེས་བསྔོའོ།། །།ནང་གི་གཏོར་མ་ནི། ཡཾ ་