CLOSE WINDOW

N1757: rdo rje glu'i gdams ngag
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མར་དགེ་བའི་དོན། སྤྲུལ་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་བཛྲ་ཏཱི་ཀྵྞ་རྡོ་རྗེ་རྣོན་པོ་བཅོམ་ལྡན་སྣང་བ་མཛའ་ཡས་སོ། །དུ(རྒྱུད་འགྲེལ་མི་བསྐྱོད་པའོ། །པྲ་ཛྙཱ་ཛྙཱ་ན་མུ་རྟ་ཡེ། ཤེས་རབ་ཡེ་ཤེས་གཏི་མུག་སེལ་བ་རྣམ་སྣང་ངོ། །ཛྙཱ་ན་ཀཱ་ཡ། ཡེ་ཤེས་ཀྱི་སྐུ་འཕྲིན་ལས་བྱེད་པ་དོན་ཡོད་གྲུབ་པའོ། །བཱ་གཱི་ཤྭ་ར་ངག་གི་དབང་ཕྱུག་གདུལ་བྱ་ཚིམ་པ། ཨ་ར་པ་ཙ་མ་སྐྱེས་པའི་དོན་རིན་ཆེན་འབྱུང ་ལྡན་ཨོཾ་ཏེ་ཏེ་ཧཱུཾ་བདེ་བའི་དོན་རྟོགས། དེ་ན་ཧཱུཾ་བདེ་བའི་དོན་རྟགས། ཏེ་ན་ཧཱུཾ་བདེ་བའི་ལམ་རྙེད། ཏེ་ཏེ་ཏེ་ན་ཧཱུཾ་གཉིས་སུ་མེད་པའི་བདེ་བ་ཐོབ་པའོ། །ཡ་ཏེ་ན་མ(རྒྱུད་འགྲེལ་ཏོ་དྲི་དི་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་ཀྱི་ངོ་བོར་གནས། ཛྙཱ་ན་མུརྟིར་ཧཾ། ཡེ་ཤེས་ཀྱི་བདེ་བ་རང་ལ་ཡང། བུདྡྷོ་བུདྡྷཱ་ནཱཾ། སངས་རྒྱས་སེམས་ཅན་ཡེ་ནས་གཉིས་སུ་མེད། ཏྲཻ་དྡྷཝ་བརྟི་ནཱཾ། དུས་གསུམ་གྱི་དོན་བརྗོད་པ་ལས་འདས་པའི་གནས་ཡིན། །བདེ་བའི ་དོན་སྟོན། ཏེ་ན་ཧཱུཾ། བདེ་བའི་ལམ་རྙེད། ཏེ་ཏེ་ཏེ་ན་ཧཱུཾ་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཐོབ་པོ། །མཐར་ཐུག་པའི་དོན་ནི། ཆོས་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་སརྦ་དྷརྨཱ་ཨ་ཨཱ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད། ཨོཾ་སརྦ་དྷརྨཱ་ཨི ་ཨའི་སྐྱེ་མེད་དེ་སྐྱེ་བ་མེད་པ་ཉིད་དུ་སྣང། ཨོཾ་སརྦ་དྷརྨཱ་ཨུ་ཨའུ། མ་སྐྱེས་ཆོས་རྣམས་དུས་གསུམ་ཡིད་ཀྱིས་དྲན། །ོཾ་སརྦ་དྷརྨཱ་ཨ་ཨེ། ཆོས་རྣམས་སྐྱེ་མེད་མི་འདའ་དམ་ཚིག་ཉིད། ཨོཾ་སརྦ་དྷརྨཱ་ཨ་ཨོ་ཨཽ། ཆོས་རྣམས་ཐམས་ཅད་ལོངས་སྤྱོད་མཆོག་། ་ཨོཾ་སརྦ་དྷརྨཱ་ཨཾ། ཆོས་རྣམས་ཐམས་ཅད་འབྲས་བུ་བདེ་བ་ཆེ། ཨོཾ་སརྦ་དྷརྨཱ་ཨ(རྒྱུད་འགྲེལ་ཏེ་ན་མ(རྒྱུད་འགྲེལ་