| Wylie | e-texts based on the ACIP/ALL Input |
དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་བླ་མ་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། །།ད་ནི་སྨོན་འཇུག་གཉིས་དང་ལྡན་པའི་སེམས་བསྐྱེད་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིད་འདི་ཞེས་བགྱི་བ་སྐྱེ་བ་ནས་དེ་ལྟར ་ལུས་འདི་བླངས་པ་ཚུན་ཆུན་ཆད་མི་དགེ་བའི་ལས་བགྱིས་པ་དང། བགྱིད་དུ་སྣལ་བ་དང། བགྱིད་བ་ལ་རྗེས་སུ་ཡི་རང་བ་རྣམས། །བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོའི་སྦྱན་སྡར་མ་ཐོལ་ལོ་བཤགས་སོ། །ད་ནི་སྐྱབས་སུ་འགྲོ་སྟེ། །བདག་མིད་འདི ་ཞེས་བགྱི་བ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆོའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ནི་སྔོམ་པ་བཟུང་སྟེ། བླ་མ་དཀོན་མཆོག་གི་སྦྱན་སྡར། །སངས ་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་གསླབ་པ་དང། །དགེ་བའི་ཆོས་ནི་སྒུད་པ་དང། །སེམས་ཅན་དོམ་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་པར་གཟུང་བར་བགྱི། །དེ་ན་སྨོན་པའི་སེམས་བསྐྱེད་དོ། །ད་ནི་འདུག་པར་བྱ་སྟེ། ་དང་པོ་བཤགས་པ་བྱ་སྟ། །བླ་མ་ཡི་དམ་མཁའ་འགྲོ་རྣམས་བདག་ལ་དགོངས་སུ་གསོལ། །བདག་མིད་འདི་ཞེས་བགྱི་པས་སྐྱེ་བ་ཐོག་མ་མདོ་པ་ནས་ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ་མི་དགེ་བའི་ལས་བགྱིས་པ་དང། བགྱིད་དུ་སཅལ་བ་དང། གཞན་བགྱིལ་དེ ་ལ་རྗེས་སུ་ཡི་རང་བ་རྣམས། བླ་མ་ཡི་དམ་མཁའ་འགྲེ་རྣམས་ཀྱི་སྤྱན་སྡར་མཐོལ་ལོ་བཤགས་སོ། །བདག་མིང་འདི་ཞེས་བགྱི་བ་སྙིང་པོ་བྱང་ཆུབ་ལ་སྦུག་གི་བར་དུ་བླ་མ་ལ་སྐྱབས་སུ་མཅའོ། །ཡི་དམ་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ལ་སྐྱབས་སུ་མཆིའོ། ། ་དིན་སྡོམ་པ་བཟུང་བར་བྱ་སྟེ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་གཏོང་དོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡིས། །རྡོ་རྗེ་དྲེལ་བུ་ཕྱག་ཡང། །ཡང་དག་ཉིད ་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་དུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག ་པ་ལ། ཕྱི་ནང་གསང་པེ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་པ་གྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་གཉིད་དུ་གཟུང་བར་བགྱི། མཆོད་པའི་ལས་ཀྱང་ཅ་ནུས་བགྱི། །བྱང་ཆུབ་སེམས་ནི ་བ་ན་མེད། །དམ་བྲ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བདག་གིས་སྔོམ་བ་མ་ལུས་བཟུང། །མ་གྲོལ་བ་རྣམས་བདག་གིས་དགྲོད། མ་བསྒྲལ་བ་རྣམས་ད་དག་གིས་བསྒྲལ། །དབུགས་མ་ཕྱིན་པ་དབུགས་དབྱུང ་ཤིད། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་འཇུག་འོ། །ནུབ་དང་པོ་ལ་སྨོན་འཇུག་གི་སེམས་བསྐྱེད་དོ། །སོ་ཤིང་དང་ལ་རང་རའི་རྨི་ལམ་བརྟག་གོ། །དེ་ནས་དབང་བསྐུར་བར་བྱ་སྟེ། དཀྱིལ་འཁོར་སྒྲུབ་པའི་དུས་སུ་བཟླས་པ་བྱ་བ་ནི། ཨོཾ་བཱ་གཱི་ཤཱ་རིཾ་མུ། ། ་ཨོཾ་བཛྲ་ཏི་ཀྵ་དུ(རྒྱུད་འགྲེལ་མིག་རས་ཀྱིས་བཀབ་ལ་ལག་ཏུ་མེ་ཏོག་ཐོགས་ལ། སྒའི་ཕྱི་ལོགས་སུ་བཞིག་ལ། སློབ་དཔོན་ཀྱིས་འདི་སྐད་བརྗོད་དོ། །སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད། །དད་དང་མོས་པ་ཅི་ལ་དགའ་ཞེས་ལན་གསུམ་བརྗོད་པས། སློབ་མས་འདི་སྐད་བརྗོད། ། ་བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་གནས་སྦྱོད་བ། །དི་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ་ཞེས་ལན་ནོ། །ཡང་སློབ་དཔོན་གྱིས། །མ་རིག་རྨོངས་པའི ་བུ་མཆོག་ཁྱོད། །རྡོ་རྗེ་བྱང་ལམ་དྲངས་ནས་ནི། །གསང་བའི་དཀྱིལ་འཁོར་བསྟན་པར་བྱས། །བླ་མེད་བྱང་ཆུབ་ལམ་ནས་དྲང་བར་བྱའོ། །བཛྲཱཾ་ཀུ་ཤ་ཛ(རྒྱུད་འགྲེལ་ལག་ཏུ་རྡོ་རྗེ་གཏང་ལ། ལག་པ་ནས་དྲངས་ནས་གྲལ་སོ་སོར་བྱའོ། །རང་གི་གདོང་གཡོགས་བྱས་ལ་བཞག་གོ། ཡང་སློབ་དཔོན་ཁོང་རང་གིས། །སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད། །ལས་དང་སྤྱོད་པ་ཅི་ལ་དགའ་། །བྱས་པས། ཡང་སློབ་མས། ་བདག་ནི་སྐལ་ལྡན་བདེ་ཆེན་ལ། །འཕགས་པ་འཇམ་དཔལ་དངོས་གྲུབ་གསོལ། །ཞེས་སོ། །དེ་ནས་མེ་ཏོག་ལག་ཏུ་ཐོགས་ལ། །ཐལ་མོ་སྦྱར་ལ་འདི་སྐད་བརྗོད་དོ། །བྱང་ཆུབ་རྡོ་རྗེ་འཇམ་དཔལ་ལ། །རིན་ཆེན་མེ་ཏོག་དམ་པ་འབུལ། །བདག་ཀྱང་འཇམ ་དཔལ་སྐུར་གྱུར་ཅིག། འཇམ་དཔལ་སྐུ་ཨི་རྡོ་རྗེ་གསོལ། །པྲ་ཏདཙྪི་ཧོ་ཞེས་མེ་ཏོག་དབུལ་ལོ། །མེ་ཏོག་ལྷ་ལ་ཚུད་ན་དེས་ཆོག་གོ། །མ་ཚུད་ན་ལན་གསུམ་བསྐྱར་རོ། །དེ་ཡང་མཚུད་ན་ལས་ཐམས་ཅད་བསྐྱར་རོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་དོ ་དེ་རིང་དང་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་བསྟན་པར་བྱ། །སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས། །དམ་ཚིག་མཆོག་ཏུ་གྱུར་པར་བྱེད། །བཛྲ་ཏསྐྵྱ་པྲ་བེ་ཤ་ཕཊ། ཅེས་མིག་དབྱེའོ། །དེ་ནས་དབང་བསྐུར་ཏེ། དང་པོ་བུམ་པའི་དབང་བསྐུར་ཏེ་བདག ་གི་ཐུགས་ཀ་ནས་འོད་འཕྲོས་པས་བུམ་པ་འོད་དུ་ཞུ་བ་ལས་དེ་འཁོར་ལོར་གྱུར། །འཁོར་ལོ་འོད་དུ་ཞུ། ཧཱུཾ་དུ་གྱུར། དེ་ལ་རྡོ་རྗེ་མི་བསྐྱོད་པའི་དབང་ངོ། །དེ་སྦྱི་བོའི་ཐོག་ཏུ་གཞག་ལ་མཆོད་པ་དབུལ་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་སྒྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་སྒྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས ་པ་ཐམས་ཅད་སོལ་བར་བྱེད། །ོཾ་བཛྲ་པུཥཔཾ་ཧཱུཾ། ཧཱུཾ་པེ། ཨཱ་ལོ་ཀེ་།ག་ན་དྷེ། ནཻ་ཝི་ཏྱེ། ཤབད། ཧཱུཾ། ཨོཾ་བཛྲ་ཏིཀཤྞ་དུ(རྒྱུད་འགྲེལ་ཨ་སྠི་ཏོ་ཧྲི་ཏི། ཛྙཱ་ན་མུ་རྟོར་ཧཾ་བུ་དྡྷོ་བུདྡདྷཱ་ནཱཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པ་ལས་ཐམས་ཅད་པའི་སྔགས་བཏང། དེ་ནི་བུམ་པའི་དབང་བསྐུར་རོ། །དེ་ནས་དབུ་རྒྱན་དང་ཅོད་པན་གྱི་དབང་བསྐུར་ཏེ། དབུ་རྒྱུན་དང་ཅོད་པན་མདུན་དུ་བཞག་ལ། བདག་གི་ཐུགས ་ཀ་ནས་འོད་ཁ་དོག་ལྔ་འཕྲོས་ཏེ། དབུ་རྒྱན་དང་ཅོད་པན་འོད་དུ་ཞུ། རིན་པོ་ཆེའི་སུལ་མངས་གཅིག་ཏུ་གྱུར། །རིན་པོ་ཆེ་འོད་དུ་ཞུ་བས། རིན་ཆེན་འབྱུང་ལྡན་དབང་ངོ། །སློབ་མའི་མགོ་ལ་སྐོན་ལ། གོང་གི་མཆོད་པས་མཆོད་དོ། །དེ་ནས ་རྡོ་རྗེའི་བསྐུར་ཏེ་རྡོ་རྗེ་ལས་འོད་འཕྲོས་པས་རྡོ་རྗེ་འོད་དུ་ཞུ་ནས་པདྨ་དམར་པོ་གཅིག་ཏུ་གྱུར། །པདྨ་དེ་ཞུ་བས་ཨཾ་དུ་གྱུར། ཨཾ་ཞུ་བས་སྣང་བ་མཛའ་ཡས་ཀྱི་དབང་བསྐུར་རོ། །དེ་སློབ་མའི་ལག་ཏུ་བཞག་པས་མཆོད་བསྟོད་གོང་བཞིན་དུ་བྱའོ ་དེ་ནས་དྲིལ་བུའི་དབང་བསྐུར་ཏེ། སློབ་དཔོན་གྱི་མདུན་དུ་དྲིལ་བུ་བཞག་ལ་ཐུགས་ཀ་ནས་འོད་འཕྲིས་པས་དྲིལ་བུ་ཞུ། ཟླ་བའི་དཀྱིལ་འཁོར་ཅིག་ཏུ་གྱུར། །ཟླ་བའི་དཀྱིལ་འཁོར་དེ་ཧ་ཅིག་ཏུ་གྱུར། དེ་ལས་དོན་ཡོད་གྲུབ་པའི་དབང ་དྲིལ་བུ་སློབ་མའི་ལག་ཏུ་བཞག་ལ་མཆོད་བསྟོད་གོང་བཞིན་དུ་བྱའོ།། །།དེ་ནས་མིང་གི་དབང་བསྐུར་ཏེ། སློབ་དཔོན་གྱི་ཕྱག་གཡས་བའི་སྟེང་དུ་ཐུགས་ཀ་ནས་ཨ་དེ་འོད་དུ་ཞུ་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར། ཟླ་བ་འོད་ཏུ ་ཞུ་ཨོཾ་དུ་གྱུར། དེ་ལས་རྣམ་པར་སྣང་མཛད་ཀྱི་དབང་དོ།། །།སློབ་དཔོན་གྱི་ཕྱག་སློབ་མའི་སྤྱི་བོའི་སྟེང་དུ་བཞག་སྟེ། མཆོད་བསྟོད་གོང་བཞིན་དུ་བྱའོ། །དེ་ལྟར་དབང་བསྐུར་བ་ནི་ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ཏེ། ཡེ་ཤེས ་ལྔའི་དབང་ཐོབ་པའོ། །དེས་ནི་བུམ་པའི་དབང་ངོ། །གསང་བའི་དབང་ནི། །བདག་ལྷའི་རྣལ་འབྱོར་དུ་བྱས་ལ། དེའི་སྤྱི་གཙུག་ཏུ་བླ་མ་བསྒོམ། དེའི་སྤྱི་གཙུག་ཏུ་གཤིན་རྗེ་གཤེད་ཡབ་ཡུམ་བསྒོམ། དེའི་སྤྱི་གཙུག་ཏུ་དུས་གསུམ་གྱི་བདེ་བར་གཤེགས ་པ་རྣམས་བསྒོམ་མོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས། །གཤིན་རྗེ་གཤེད་ཡབ་ཡུམ་ལ་ཐིམ་པར་བསམ། གཤིན་རྗེ་གཤེད་ཡབ་ཡུམ་སྙོམས་པར་ཞུགས་བྱང་ཆུབ་ཀྱི་སེམས་ལ་བབས་ནས། ་བླ་མ་ཡབ་ཡུམ་ལ་ཐིམ་པར་བསམ། བླ་མ་ཡང་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་དག་གི་ལམ་དུ་ཞུགས་ནས་ལྕེ་སྟེངས་སུ་སྦྱར་ལ། ཨ་རྒྷ་དང་བསྲེས་ལ་སློབ་མའི་ལྕེ་སྟེངས་སུ་བཞག་ལ་སོགས་མའི་དག་སྐྱོན་དགེ་པར་བསམ ་དེ་མགྲིན་པར། དེ་སྙིང་ཁར། །དེ་ལྟེ་བར། དེ་རིམ་གྱིས་ཨར་དྲངས་ངག་གི་ལམ་དུ་ཞུགས། སྣ་བུག་གཡས་སུ་ཞུགས་ཏེ། །གཡོན་དུ་ཞུགས། །དག་གི་རླུང་ནི་འགྲོ་འོད་བཟླས་པ་བྱས་པས་སྒྲ་དོས་གཟུང་མེད་པས་ངག་གི་སྒྲ་གྲག་སྟོང་དུ ་འགྲོ་སྟེ་དོ་སྤྲང་དོ། །ཤེས་རང་ཡེ་ཤེས་ཀྱི་དབང་ནི། །རྣལ་འབྱོར་པ་གཡས་སུ་གཞག། རྣལ་འབྱོར་མ་གཡོན་དུ་བཞག། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་མདུན་དུ་བཞག་ལ། གཤིན་རྗེ་གཤེད་ཡབ་ཡུམ་དུ་བསྐྱེད་དོ། །རྡོ་རྗེ་དེ་ལ་བདག ་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་འོད་དུ་ཞུ་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། །སླར་འདུས་པས་ཡི་གེ་ཧཱུཾ་གཅིག་ཏུ་གྱུར། །ཧཱུཾ་འོད་དུ་ཞུ་བ་ལས་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག ་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་དབྱུག་ཐོ། །གཡོན་སྡིགས་མཛུབ་དང་ཞགས་པ་བཅས་པ། གླང་ཆེན་སྟོད་གཡོགས། ཞིང་ཆེན་གཡང་གཞི་སྟག་གི་ཤེམ་ཐབས་དང། སྦྲུལ་གྱི་ཆུན་པོ་དང་ཐོད་པའི་ཕྲེད་བ་དང། དུར་ཁྲོད་ཀྱི་ཆས་ཅན་དུ ་བསྐྱེད་ལ་སློབ་མའི་ཐུགས་ཀར་བཞག་ལ། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱའོ། །དེ་ནས་རྡོ་རྗེ་དེ་སློབ་མའི་ལག་ཏུ་གཏད་ཐབས་ཀྱི་རང་བཞིན་དུ་དབང་བསྐུར་རོ། །རྡོ་རྗེ་ལ་བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་དྲིལ་བུ་འོད་དུ་ཞུ། ་དྲིལ་བུའི་འོད་ཟེར་ཕྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། །ཚུར་འདུས་པས་ཡི་གེ་ཨ་ཅིག་ཏུ་གྱུར། ཨ་དེ་འོད་དུ་ཞུ་བ་ལས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །གཡས་གྲི་གུག། གཡོན་ཐོད་པ་བསྣམས་པ ་གཅིག་ཏུ་བསྐྱེད་ལ་སློབ་མའི་སྤྱི་བོ་ཐོག་ཏུ་བཞག་ལ་ཡེ་ཤེས་དགུག་གཞུག་བྱའོ། །དེ་ནས་མོའི་ལག་པ་གཡོན་དུ་བཞག་།དངོས་ཀྱི་རིག་མ་མེད་ན་དྲིལ་བུའི་འོད་ཀྱི་རིག་མར་བསྒོམ་མོ། །དེ་ལྟར་ཤེས་རབ་ཀྱི་རིམ་པར་དབང་བསྐུར་རོ། ། ་དེ་ནས་སློབ་དཔོན་གྱིས་མཁའ་གསང་བྱིན་གྱིས་བརླབ། སློབ་དཔོན་གྱིས་གསང་བའི་གནས་ནས་ཧཱུཾ་ཅིག་འཕྲོས་པས་སློབ་མའི་གསང་བར་ཐིམ། རྡོ་རྗེ་རྩེ་ལྔ་པ་ཕྱེད་མ་ཅིག་ཏུ་གྱུར། རྡོ་རྗེའི་བུམ་པར་ཨོཾ་གྱིས་མཚན་པ་ཅིག་ཏུ་གྱུར་པར ་བསྒོམ། ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་སྟེ། བདག་གི་ཡུམ་གྱི་མཁའ་ལས་མ་དམར་མོ་གཅིག་འཕྲོས་པས་སློབ་མའི་ཡུམ་གྱི་གསང་བར་ཐིམ། མ་དེ་ཞུབ་བ་ལས་པདྨ་འདབ་མ་བརྒྱད་ཟེ་འབྲུ་དང་བཅས་པ་? ་བསྒོམ། དེ་ནས་སློབ་དཔོན་གྱིས་ཧཱུཾ་ཞེས་བརྗོད་པས་རྡོ་རྗེ་བསྐུལ། ཨ་ཞེས་དྲིལ་བུ་བསྐུལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཏྲ་ད་ཡ། ཧ་ར་ཏ་ར། ཨོཾ་ཧཱུཾ་ཏྲི(རྒྱུད་འགྲེལ་ཤྡྡྷ་དྷ་རྨཱ་དཏྭ་ཏུ་ཛྙཱ་ན་གྲབྷ་ཨ(རྒྱུད་འགྲེལ་བསྲུབས་པས་རླུང་མེའི་དྲོད་ཅན་གྱི་མེ་ལྕེ་ཨ་བ་ལྡྷཱུ་ཏཱི་ན་ཡར་ཞུགས་ཏེ། སྤྱི་བོ་གཙུག་ཏོར་གྱི་ཞུ་བ་ལས། ཀླང་རྒྱས་འདེངས་པའི་འཁོར་ལོའི་རྩ་བ་འདབ་མ་སུམ་ཅུ་རྩ་གཉིས་སྒྲོལ། དེ་ལ་བདུད་རྩི་བྱང་ཆུབ་ཀྱི་སེམས་བབས་ཏེ་དགའ་བའོ། །བྱང་ཆུབ་ཀྱི་སེམས ་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བསྐྱིལ་བས་རྩ་འདབ་མ་བཅུ་དྲུག་གྲོལ་ཏེ་མཆོག་དགའ་། དེ་ཆོས་ཀྱི་འཁོར་ལོར་བསྐྱིལ་ལོར་བསྐྱིལ་བས་རྩ་འདབ་བརྒྱད་གྲོལ་ཏེ་དགའ་བྲལ། དེ་ལྟེ་པ་སྤྲུལ་པའི་དཀྱིལ་འཁོར་དུ་བབས་རྩ་འདབ་དྲུག་ཅུ་རྩ ་བཞི་གྲོལ་ཏེ། དེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལ་བླ་ནས་སུ་འཕགས་ཏེ་ཧ་ཧ་ཞེས་པས་ལྟེ་བ་ནས་སྙིང་ཁར་དྲང། ཧི་ཧི་ཞེས་པས་སྙིང་ཁ་ནས་མགྲིན་པར་དྲང། ཧཱུཾ་ཧཱུཾ་ཞེས་པས་མགྲིན་པ་ནས་ཀླད་པ་བདེ་ཆེན་དུ་དྲངས་པས་གཙུགས ་ཏོར་ཆེན་པོའི་ཧཾ་ལས་སྦུང་ལེན་ལ་སྦུར་འདུས་པ་འམ། ཁབ་ལེན་ལ་ལྕགས་འདུས་པ་བཞིན་དུ་འུབ་ཀྱིས་འདུས་སོ། །དེ་ལ་སེང་གེ་རྣམ་པར་རོལ་གྱིས་ཁྱབ་པར་བསྒོམ་མོ། །དེ་ལྟར་ཡར་དྲངས་མར་དབབ་བྱེད་ཡིན་བདེ་སྟོང་གི་ཉམས་ངོས ་ཟིན་པར་བྱའོ།། །།དབང་བཞི་པ་ནི་བཞི་པར་མིང་བཏགས་ཀྱང་གསུམ་པ་ལས་བསྐུར་བར་མི་འདོད་དོ། །གོང་མའི་ནམས་དེ་སེམས་ཉིད་ལ་ངོ་སྤྲོད་པ་ལ་བཞི་ལས་ཤེས་ཟེར་རོ། །དེ་ལ་བཞི་པ་དབང་གིས་པོ་སྤྲད་དེ། གདམས་ངག ་དོ་སྤྲད་ཀྱིས་སེམས་དོས་ཟུངས་ཤིག་བྱ། དར་ཅིག་ལོན་པ་དང། དེ་ཀ་རང་ཡིན་བྱས་ལ། ལག་པ་ནམ་མཁའ་ལ་ཡུག་བྱས་ལ། བཞི་པ་བདེ་བའི་དོན་ནོ། །ཕྱག་རྒྱ་ཆེན་པོའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གཟུགས་དང་ཁ་དོག་ཏུ་མ་གྲུབ་པས་ནམ་མཁའ་ ་ལ་ངོ་སྤྲོད་དོ། །གསུམ་པའི་ཉམས་དེ་ངོས་གཟུང་དང་བྲལ་བས། གཞོན་ནུ་མའི་བདེ་བ་ཉམས་སུ་མྱོང་དུ་ཡོད་པ་ལ་དབང་པོ་མངོན་སུམ་དུ་བསྟན་དུ་མེད། དེ་ཀ་ལ་ངོ་སྤྲད་པས་དབང་བཞི་པའི་གདམས་ངག་གོ། །ལྟ་སྟངས་བཞིས་རིག་པ་སྒྲོས་པ་དང ་བྲལ་བར་ངོ་སྦྲད་དོ། །བུམ་པའི་དབང་གིས་དུས་སུ་རིགས་ལྔའི་བཀྲ་ཤིས་གསོལ་ཞིང་དབང་བསྐུར། གསང་དབང་མན་ཆོད་དབང་བཞི་པ་རྫོགས་ནས་བཀྲ་ཤིས་ཀྱི་དབང་བསྐུར་ཏེ་དངོས་གྲུབ་བླང་ངོ། །བཀྲ་ཤིས་གསོལ་བ་ནི། རྒྱུད་ལས། བཀྲ་ཤིས ་ཀུན་གྱི་བཀྲ་ཤེས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཞེས་སོ། །རྫས་ལ་བརྟེན་བའི་བཀྲ་ཤིས་ཀྱི་སྟོན་མོ་ནི། །འབྲང་རྒྱས་དང། མིར་དང། ཐུད་དང། ཞོ་དང། མངར་གསུམ་དང། ཁུར་བ ་དང། ལ་ཕུག་དང་ཟས་སྣ་མད་དུ་ཐོགས་ལ་རིགས་ལྔའི་བཀྲ་ཤིས་གསོལ་ཏེ། བཀྲ་ཤིས་དམ་པ་ཆོས་དབྱིངས་བསྐྱོད་པ་མེད་མོད་ཀྱང། །རྒྱལ་བ་རིགས་ལྔའི་བཀྲ་ཤིས་བདེ་ལེགས་ཤོག་།བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི ་བཀྲ་ཤིས་སྙན་གྲགས་དགེ། དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཞིང་ཁམས་ནས། །སྤྲོས་དན་བྲལ་བའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།བཀྲ་ཤིས་འཕྲེ། ཤར་ཕོགས་རྡོ་རྗེ་རིགས ་ཀྱི་ཞིང་གནས་ནས། །རྡོ་རྗེ་རིགས་ཀྱི་བཀྲིས་སྐྱེ་མཆི་མེད། །བཀྲ་ཤིས་དམ་པ་དེས་ཀྱང་དང་འདིར་བདེ་ལེགས་ཤོག་།བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང ་ཁམས་ནས། །རིན་ཆེན་རིགས་ཀྱི་བཀྲ་ཤིས་དགོས་འདོད་འབྱུང། །བཀྲ་ཤིས་དམ་པ་དེས་ཀྱང་དེབ་འདིར་བདེ་ལེགས་ཤག་།བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་།ནུབ་ཕྱོགས་པདྨ་རིགས་ཀྱི་ཞིང་ཁམས ་ནས། །སྐྱོན་མེད་པདྨ་ལྟ་བུའི་བཀྲ་ཤིས་དེས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་།བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཞིང་ཁམས་ནས། །ལས ་རྣམས་གྲུབ་པའི་བཀྲ་ཤེས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེ་བ་འདིར་བདེ་ལེགས་ཤོག་།ོཾ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏན་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲི(རྒྱུད་འགྲེལ་ལ་ཤ་ཨ་བྷཱི་ཥཙུ་ཨ:། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པ་རྒྱལ་བ་རིགས་ལྔའི་བཀྲ་ཤིས་པ་དེ་བཞིན་དུ། བདག་ཅག་དཔོན་སློབ་བཀྲ་ཤིས་པར་གྱུར་ཅིག་།བཀྲ་ཤིས་རྫས་བརྒྱད་ཀྱི་བཀྲ་ཤིས་ནི། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས ་བ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །སངས་རྒྱས་སུ་ཡི་བཀྲ་ཤིས་ཤོག་།ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །བུདྡྷ་གསུང་གི་བཀྲ་ཤིས་ཤོག་།འོད་བཟང་འབར་བ་དཔལ་གྱི་བེའུ། །བུདྡྷ་ཐུགས་ཀྱི་བཀྲ་ཤིས་ཤོག་།ཁྱབ་བདག་ཆེན་པོ་རིན་ཆེན ་གདུགས། །བུདྡྷ་དེའུ་ཡི་བཀྲ་ཤིས་ཤོག་།སྤྱན་ལྔ་ཆགས་པ་ཡིད་པ་འཆད། །བུདྡྷ་སྤྱན་གྱི་བཀྲ་ཤིས་ཤོག་།བུམ་པ་བཟང་པོ་ཆེ་བའི་མཆོག་།བུདྡྷ་མགུལ་གྱི་བཀྲ་ཤིས་ཤོག་།ཉིད་ཀྱི་ཞེལ་ནས་ལྗགས་བཟང་བ། །བུདྡྷ་ལྗགས་ཀྱི་བཀྲ་ཤིས་ཤོག་། ་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲམས་དགེ། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆད། །སངས་རྒྱས་འབས་ཀྱི་བཀྲ་ཤིས་ཤོག། །།སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ་སླེབ་དཔོན་སྡོམ་པ་བཟང་པོས ་མཛད་པ་རྫོགས་སོ།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མར་དགེ་བའི་དོན། སྤྲུལ་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་བཛྲ་ཏཱི་ཀྵྞ་རྡོ་རྗེ་རྣོན་པོ་བཅོམ་ལྡན་སྣང་བ་མཛའ་ཡས་སོ། །དུ(རྒྱུད་འགྲེལ་