CLOSE WINDOW

N1755: 'jam dpal khro bo'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

འཇམ་དཔལ་གྱི་སྒྲུབ་ཐབས་ཞི་བ་འོད་ཀྱི་རིམ་པ་ཞེས་བྱ་བརྫོགས་སོ།། །།སྡོམ་པ་བཟང་པོའི་ཐུགས་དམ། ལོ་ཙཱ་བ་ད་མྲ་བྷིས་བསྒྱུར་བའོ།། །།འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་བཞུགས་སོ།། ། ་རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཀྲོ་དྷ་སཱ་དཏ་ནཱ་མ། བོད་སྐད་དུ། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གདུག་པའི་ཚོགས་རྣམས་ཐམས་ཅད་འཇོམས་མཛད་དེ། ། ་བདུད་ཀྱི་སྙིང་ཁར་ཞབས་ཀྱིས་གནོན་མཛད་དེ། །བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་བཤད། །དད་པའི་སྟོབས་དང་ལྡན་པ་ཡིས། །རྟེན་གྱི་གང་ཟག་ཐོ་རངས་ལངས། །སྙིང་ཁར་ཉི་དཀྱིལ་ཧཱུཾ་བསམས་ཏེ། །དེ་ལས་འོད་ཟེར་ལྕགས ་ཀྱུ་འཕྲོས། །འཇམ་དཔལ་གཤིན་རྗེ་གཤེད་ཉིད་དང། །བླ་མ་སངས་རྒྱས་སྤྱན་དྲངས་ལ། །མཎྜལ་མཆོད་པས་མཉེས་པར་བྱས། །ཡན་ལག་བདུན་པས་མཆོད་པ་བྱ། །ཐུགས་ཀར་ཧཱུཾ་གི་འཕྲོ་འདུ་ལས། །རྡོ་རྗེ་ཤུགས་ཅན་སྤྲོས་ཏེ་མཚམས ་ཀྱང་བཅད། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་པ་ཨཱ་ཏྨ་ཀོ་ཧཾ། ཞེས་བརྗོད་སྟོང་པའི་རང་ལས་ན། །ཧཱུཾ་ཉིད་ནམ་མཁའ་ཨི་དབྱིངས་སུ་བསྒེམ། །དེ་ལས་བྱུང་བའི་ཡིག་འབྲུ་ཆད། །དེ་སྟེང་བྷྲཱུཾ་གྱི་འཕྲོ་འདུ་ལས། །ཕོ་དྲང་རྒྱ་གྲམ་འཁོར་ལོར ་བཅས། །གཞལ་ཡས་སྒོ་བཞི་རྫོགས་པར་བསྐྱེད། ། ཡཾ་བཾ་ལཾ་རཾ་བྲུཾ་ཞེས་པའོ། །དེ་སྟེང་ཉི་ཟླ་པདྨ་དང། །དྲེགས་པ་མ་ཧེའི་གདན་ལ་བཞུགས། །ཧཱུཾ་ལས་འཇམ་པའི་རྡོ་རྗེ་བསམ། །དེ་ཞུ་གཤིན་རྗེ་གཤེད་དུ་ཀྱུར། །ཞལ་དྲུག་པ་ལུ ་ཕྱག་བཅུ་གཉིས། །སྐུ་མདོག་ནག་པོ་ནམ་མཁའ་ཨི་མདངས། །གཡས་སྔོ་གཡོན་དམར་དུང་ཁའོ། །སྟེང་དུ་ཞལ་ཉིད་སེར་པོའོ། །གཡས་པ་གྲི་གུག་རལ་གྲི་མདའ། །འཁོར་ལོ་ཏྲི་ཤཱུ་རྩེ་གསུམ་མདུང། །གཡོན་ན་ཐོང་པ་ཕུབ་དང་གཞུ། །བེ་ཅོན ་མགོ་བོ་སྡིགས་མཛུབ་ཞགས། །གླང་སྟག་ཞིང་ཆེན་སྦྲུལ་གྱིས་བརྒྱན། །རྒྱལ་ཐོང་བྲམ་སྙན་རྗེ་འགུར་རྨང་རིགས་ལྷུག་།ཐོད་སྐམ་དབུ་བརྒྱན་ཐོང་རློན་དོན་ཤལ་བྱས། །སྐྲ་ཁམ་རྣོ་སྡུག་མཆེ་བ་རབ་གཙིགས་ཤིང། །ཞལ་ནས་ཧ་ལའི་སྒྲ་སྒྲོགས ་འཇིགས་པར་བྱེད། །བསྐལ་པའི་མེ་དཔུང་དུས་མཛའ་ཨི་མེ་ལྟར་འབར། །ཞབས་བཞི་བརྐྱང་བསྐུམ་གྱང་ཀྱི་དོར་སྟབས་བཞུགས། །ཉི་ཟླ་པདྨ་དྲེགས་པ་ཕོ་མོ་དང། །མ་ཧེ་སྔོ་ནག་བརྗིད་པའི་གདན་ལ་འཇིགས་ཚུལ་བཞུགས། །པི་ལས་བསྐྱེད ་པའི་ཡུལ་ཉིད་ནི། །གཡས་པ་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་ཐོང་ཁྲག་གཙོ་ལ་སྟོབ། །གཉིས་མེད་འཁྱིལ་པའི་ཚུལ་དུ་གནས། །ཕོ་བྲང་རྡོ་རྗེ་རྒྱ་གྲམ་ལ། །ཡབ་ཡུམ་གཉིས་མེད་སྦྱོར་མཚམས་ནས། །ཤར་དུ་ཀྵེ་ལས་གྱུར་པས་དཀར ་ལྷོ་རུ་མ་ལས་གྱུར་པས་སེར། །ནུབ་ཏུ་མེ་ལས་གྱུར་པས་དམར། །བྱང་དུ་ང་ལས་གྱུར་པས་ལྗང། །ཐམས་ཅད་ཞལ་གསུམ་ཕྱག་ཀྱང་དྲུག་།གཏི་མུག་ང་རྒྱལ་གཤིན་རྗེ་གཤེད། །འདོད་ཆགས་ཕྲ་དོགས་གཤིན་རྗེ་གཤེད། །རྒྱན་དང་ཆ ་ལུགས་གཙོ་དང་མཐུན། །ཕྱི་རོལ་གྱི་ནི་རྩིབས་བཅུ་ལས། །སྦྱོར་བའི་མཚམས་ནས་ཧཱུཾ་བཅུ་འཕྲོས། །འཕྲོས་ཤིང་འདུས་པས་ཧཱུཾ་བཅུར་གྱུར། །ཤར་དུ་ཤེས་རབ་མཐར་བྱེད་ལ། །ལྷོ་རུ་གཤིན་རྗེ་མཐར་བྱེད་དོ། །ནུབ་དུ་པདྨ་མཐར་བྱེད་ངོ། ། ་བྱང་དུ་བགེགས་ནི་མཐར་བྱེད་དོ། །ཤར་ལྷོར་དུ་བྱུག་པ་སྔོན་པོ་ལ། །ལྟོ་ནུབ་མི་གཡོ་མགོན་པོའོ། །ནུབ་བྱང་འདོད་པའི་རྒྱལ་པོ་སྟེ། །བྱང་ཤར་ཁྲོ་པོ་གནོད་མཛེས་སོ། །སྟེང་དུ་ཧཱུཾ་མཐང་འོག་ཏུ་སྟོབས་པོ་ཧེ། །ཞལ་གཅིག་ཕྱག་གཉིས་ཐམས ་ཅད་མཐིང། །གཡས་པ་སྣ་ཚོགས་གཡོན་པ་སྡིགས་མཛུབ་བསྒྲེང། །བརྐྱང་བསྐུམ་དུར་ཁྲོད་ཆས་ཀྱིས་བརྒྱན། །བསྐལ་པའི་མེ་འབར་དྲེགས་པའི་གདན་ལ་བཞུགས། །སྦྱོར་མཚམས་ཛ(རྒྱུད་འགྲེལ་བཞིན་བསྐྱེད། །ཐུགས་ཁར་ཤེས་རབ་འཁོར་ལོ་ཧཱུཾ། །ཡེ་ཤེས་གསུམ་གྱིས་གནས་གསུམ་བརླབ། །ཛ(རྒྱུད་འགྲེལ་ཡ། ཡང་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། ཡ་ཏ་ཡ་ཏ་རྩ་སྔགས་སོ། །ོཾ་ཧྲཱི(རྒྱུད་འགྲེལ་ལས། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །རྐོང་རུ་མཆེ་བ་གཙིགས་པ་པོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིང། །ལུས་ནི་རྡོ་རྗེའི་བསྲུང་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས ་ལྡན་པ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཁྲོ་གཉེར་རིམ་པ་ལྡན་ལ་སོགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །འཇིགས་པ་ཆེན་པོ་རྡོ་རྗེ་ཞགས། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །གང་ཆེན་ཧ་ཧ་ཞེས་སྒྲོགས་པ། །གླང་ཆེན་ཀོ་རློན་གོས ་སུ་གྱོན། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རིགས་གསུམ་འཆང་བ་གསང་སྔགས་འཆང་ཞེས་གསུངས་སོ། །དེ་ནས་གཏོར་མ་དབུལ་བ་ནི། །ཡཾ་དང་རཾ་གྱིས་མེ་རླུང་བསྐྱོད། །ཀཾ་གསུམ་སྒྱེད་པོ་ཨ་ལས་ཐོད་པའི་སྣོད། །གོ་ཀུ ་ད་ཧ་ན་བི་མུར་སུ་ཁཾ། དམ་རྫས་བཅུ་སྦྱར་ཨ་ལས་ཟླ་བའི་ཁབས། །ཧཱུཾ་ཛ(རྒྱུད་འགྲེལ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུམ་ཧྲཱི(རྒྱུད་འགྲེལ་གཟུགས་སུ་བསྟན། །བཻ་ཌཱུ་རྱ་ཡི་མདོག་འདྲ་སྐུ་མངའ་ཞིང། །གདུག་པ་འདུལ་ཕྱིར་འཇིགས་བྱེད་སྐུ་ལ་བསྟོད། །ཤིན་ཏུ་ཁྲོ་ཞིང་གནག་པ་མ་ཧེའི་ཞལ། །གཡས་དང་གཡོན་གྱི་ཞལ་བཞི་འཇིགས་པའི་ཞ་ལ། །སྟེང་ཞལ་གཙིགས་པའི་ཞལ་ནི་ཤིན་ཏུ ་འཁྲུག་།ཞལ་དྲུག་སྤྱན་གསུམ་འཇིགས་བྱེང་ཞལ་ལ་འདུད། །གཡས་ཀྱི་ཕྱག་དྲུག་མཚོན་ཆ་གྲི་གུག་དང། །རལ་གྲི་མངའ་དང་འཁོར་ལོ་ཏྲི་ཤུལ་མདུང། །གཡོན་ན་གྲོང་པ་ཕུར་གཞུ་བེ་ཅོན་མགོ་བོ་བསྣམས། །བསྡིགས་པའི་མཚོན་ཆ་འཇིགས་བྱེད ་ཕྱག་འཚལ་བསྟོད། །བརྐྱང་བསྐུམ་ཚུལ་གྱིས་ཞབས་བཞི་ཐུར་དུ་བགྲང། །མ་ཧེ་སྔོ་ནག་བརྫིས་པའི་གདན་ལ་བཞུགས། །འཇིགས་བྱེད་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །གླང་སྟག་ཞིང་ཆེན་སྦྲུལ་གྱི་རྒྱན་གྱིས་བརྒྱན། །རུས་པའི་རྒྱན་ཆ་དྲུག ་ནི་དབང་དུ་འཁྲོལ། །ཐོད་སྐམས་དབུ་བརྒྱན་ཐོང་རློན་ངོ་ཤལ་བྱས། །རྡོ་རྗེ་འཇིགས་བྱེད་རྒྱན་ལ་རབ་ཏུ་བསྟོད། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །རྣེ་གདུག་མཆེ་བ་རང་ཏུ་གཙིགས། །ཧ་ཧ་ཞེས་བཞད་སྲིད་གསུམ་ཟིལ་གྱིས་མནོན། །ཕེཾ་གྱི་སྒྲ་སྒྲོགས ་རྒྱལ་པོ་ཁྱེད་ལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཞེ་སྤང་རྡོ་རྗེའི་འོད་ཟེར་ཚེ་ཚེ་འཕྲོ། །བདུད་དང་དགྲ་བགེགས་མ་ལུས་བསྐྲག་པར་བྱེད། །མ་ལུས་དབང་དུ་བདུད་ལ་ཕྱག་འཚལ་བསྟོད། །མུན་ནག་ལྟ་བུའི་སྐུ་བརྗིད་ཅིང། །ཉི་མ་འབུམ་གྱི ་གཟི་བརྗིད་ཅན། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བདུད་འདུལ་ཁྲོ་བོའི་རྒྱལ་པོ་ཁྱེད་ལ་བསྟོད། །ཧཱུཾ་དམར་ཉི་མའི་འོད་འཕྲེ་མ། །ཞལ་གཅིག་ཕྱག་གཉིས་མཛེས་པའི་སྐུ། །གཡས་པ་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་ཐོད་ཁྲག་གཙོ་ལ་སྟོབ། ། ་སྤྱན་གསུམ་མེ་སྟག་རབ་ཏུ་འཕྲོ། །ཞལ་ནས་ཧ་ཧ་ངེས་པར་སྒྲོགས། །དབུ་སྐྲ་དམར་སེར་རབ་ཏུ་འབར། །ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོང། །ཧཱུཾ་གཏི་མུག་ང་རྒྱལ་གཤིན་རྗེ་གཤེད། །འདོད་ཆགས་ཕྲག་དོག་གཤིན་རྗེ་གཤེད། །དབུ ་གསུམ་ཕྱག་དྲུག་ཞབས་བཞི་བགྲང། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །གླང་སྟག་ཞིང་ཆེན་རྒྱན་གྱིས་བརྒྱན། །ཐོང་པའི་དོ་ཤལ་རྒྱན་དྲུག་ལྡན། །སྐུ་ལ་མེ་འབར་གདུག་པ་འདུལ། །གཤེད་པོ་བཞི་ལ་ཕྱག་འཚལ་བསྟོད། །མིད་གེ་བཅུ ་སྤངས་བཅུ་བགྲོང། །ཕྱོགས་བཅུའི་བདུད་དུལ་ཁྲོ་བོ་བཅུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །གཡོན་པ་སྡིགས་མཛུབ་ཞགས་པ་བསྣམས། །ལྷ་དང་ལྷ་མིན་ཐམས་ཅད་འདུལ། །རྒྱན་དྲུག་ཐོང ་པའི་རྒྱན་གྱིས་བརྒྱན། །འཇིགས་བྱེད་བཅུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཡེ་ཤེས་རྣམ་བཞི་ཡང་དག་རྟོགས། །གཡོན་པ་ཐོད་པ་ཁ་ཊཝཱཾ་ག། རྒྱན་དང་ལྔ་བཅུས་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཧ་ཧ་ཟིལ་གྱིས་མནོན། །ལྕགས་ཀྱུ་མ་དང་ཞགས་པ་མོ། ། ་ལུ་གུ་རྒྱུད་དང་འབེབས་པ་མོ། །མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད། །ལྷག་བ་ཆད་ཡི་གེ་བརྒྱ་པས་བཤགས། །དེ་ནས་མཇུག་བསྡུ་བ་ནི། ཧཱུཾ་ཞེས་པ་ཡི་སྒྲ་བརྗོད་དེ། །གཅིག་གི་ངང་ལ་ཡབ་ལ་བསྡུ། །ཡབ་ཉིད་འོད་དུ་ཞུ་ལས་ཧཱུཾ། །ཧཱུཾ་དེ ་རིམ་གྱེས་ནུ་བ་ལས། །ཟག་མེད་བདེ་བའི་དང་ལ་གནས། །རྟག་པའི་མཛའ་ལས་གྲོལ་པར་འགྱུར། །རྡོ་རྗེ་སྐད་ཅིག་ལྷར་བསྒོམས་ལ། །སྔགས་ཀྱི་འཁོར་ལོ་རབ་བརྗོད་པས། །ཆད་པའི་མཛའ་ལས་གྲོལ་བར་འགྱུར། །དེ་ནས་སྤྱོད་ལམ ་ཅི་བདེར་གནས། །འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་རྡོ་རྗེ་འོད་ཀྱི་རིམ་པ་ཞེས་བྱ་པ། བླ་མ་སྡོམ་པ་བཟང་པོའི་ཐུགས་དམ། བླ་མའོ་ཙཱ་བར་དང་མ་བྷི་ཡིས་བསྒྱུར་བའོ། །རྫོགས་སོ།། །།སྐྱབས་འགྲོ་སེམས་བསྐྱིད་དབང་བཞིའི་གདམས་བ་སློབ་དཔོར? ་