CLOSE WINDOW

N1754: 'phags pa 'jam dpal gyi mtshan yang dag par brjod pa'i sgrub thabs
Wyliee-texts based on the ACIP/ALL Input

བའི་འགྲེལ་པ། མཁས་པ་ཆེན་པོ་དྲིལ་བུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་སཏྭ་དང། དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་བཞུག ་གོ།། །།རྒྱ་གར་སྐད་དུ། སཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་སཱདྷ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡོན་ཏན་ཡེ་ཤེས་མཆོག་གི ་མཆོག་གྱུར་བའི། །བདེ་བའི་སྟོབས་ཀྱིས་བདེ་བའི་རོ་མྱང་བའི། །རང་གི་རྒྱུད་གསུམ་དག་པའི་འཇམ་དཔལ་དེ་ལ་འདུད། །འཇམ་དཔལ་མཚན་ནི་བརྗོད་པ་ཡི། །གཞུང་ལུགས་ཐོབ་པར་གྱུར་པ་ཡི། །ཡོངས་བསྡུས་སྒྲུབ་ཐབས་གསལ་བར་བསྡེབས། ། ་དེའི་གཞུང་བདག་གིས་བཤད་པར་བྱ། །ཤེས་རབ་སྙིང་རྗེར་ལྡན་པ་ཡི། །ཟབ་མོའི་དོན་ལ་དགོངས་པ་ཡིས། །ཐེག་ཆེན་སྔགས་པའི་རྣལ་འབྱོར་པས། །ཡིད་དགའ་བ་ཡི་གནས་ཉིད་དུ། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །སྙིང་ཁར་ཉིད་དཀྱིལ་ཨ་བསམས་ལ། ་འོད་ཕྱུང་འཕགས་པ་བླ་མར་བཅས། །ཡིད་ཀྱི་མདུན་དུ་སྤྱན་དྲངས་ལ། །མཎྜལ་མཆོད་པ་ཕུལ་བྱས་ལ། །གསུམ་ལ་སྐྱབས་སུ་གསོལ་བ་དང། །སྡིག་པ་མ་ལུས་བཤགས་པ་དང། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་ཡང་རྒྱུད་ལས། དཔལ་ལྡན་པདྨ་སངས ་རྒྱས་སྐྱེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག་།རྡོ་རྗེ་དྲེགས་པ་རྡོ་རྗེའི་སྙིང། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང། །ཁ་དོག ་སྣ་ཚོགས་འབར་བའི་འོད། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །བླ་མ་གསང་སྔགས་ཆེ་བའི་མཆོག་།སེམས་ཅན་ཀུན་གྱི་ཡིད་ལྟར་འགྱོགས། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །དག ་པར་བྱེད་པ་སྡིག་སེལ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་གསུངས་སོ། །དེ་ནས་སྐད་ཅིག་མ་ལ་བདག་ཉིད་འཇམ་དཔལ་དུ་བསྒོམས་ལ། །དེའི་ཐུགས་ཀ་ནས་ཨ་ལས། །རྡོ་རྗེ་ཤུགས་ཅན་འཇིགས་པར་བྱེད། །ཧ་ལ་ཧ་ལ་གདོང་བརྒྱ་པ། །དཔལ་ལྡན ་ལག་པ་བརྒྱས་གང་ལ། །གདུང་བའི་མཚོན་ཆ་སྣ་ཚོགས་འཛིན། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ། །ོཾ་མཉྫུ་ཤྲཱི་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། བྷེ་རོ་ཧ་ན་ར་ད་ཧ་ར། པ་ཙ་ར་སརྦ་མུ་ཀ་བཛྲ་ཁརྒ་ཆོད་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་པས ་མཚོན་ཆ་དཔག་ཏུ་མེད་པས་མཚམས་བཅད་དོ། །དེ་ནས་ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་པཱ་བྷཱ་པཱ་ཨཏྨ་ཀ་ཧཾ་ཞེས་བརྗོད་པས་སྟོང་པར་བསམ། སྙིང་ཁའི་ས་བོན་ལས་བྱུང་བའི། །འབྱུང་བ་ལྔའི་ཡི་གེ་རང་བཞིན་ཆད་དོ། །ེ། ཨེ། བཾ། རཾ། ལཾ། ནམ་མཁའ་རླུང་ཆུ་རི ་རབ་མེ་དང་བཅས། །དེ་སྟེངས་པདྨའི་ལྟེ་བ་ལ། བྷཱཾ་ལས་ཡེ་ཤེས་གཞལ་ཡས་ཁང། །ཕོ་བྲང་པདྨ་འཁོར་ལོར་བཅས། །གྲུ་ཆད་སྒོ་བཞི་མུ་ཁྱུད་ལྡན། །རྒྱུད་ལས། སྟོང་པ་ཉིད་དགའ་འདོད་ཆགས་བློ། །རྡོ་རྗེ་སྙིང་པོ་མཁའ་ ་འདྲ་བ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་གསུངས་སོ། །དེ་ནས་གདན་སྒོམ་སྟེ། །པཾ་ལས་པདྨ་ཟླ་བའི་གདན། ། དང་མ་ལས་ཉི་མའི་གདན། །དེ་སྟེངས་ཨ་ཡི་འཕྲོ ་འདུ་ལས། ། ལས་འཇམ་དབྱངས་རྡོ་རྗེར་གྱུར། །སྐུ་མདོག་དམར་སེར་གདོང་ལྔ་པ། །དཀར་སྔོ་དམར་ལྗང་དམར་སེར་རོ། །ཟུར་ཕུད་ལྔ་ལྡན་ཅོད་པན་ཅན། །མེ་ཏོག་རིན་ཆེན་ཕྲེང་བས་བརྒྱན། །ཕྱག་རྒྱད་རིམ་པར་བསྣམས་པ་ནི། །རལ་གྲི་མདའ ་དར་ལྕགས་ཀྱུ་རྡོ་རྗེ་གཡས། །པོ་ཏི་གཞུ་དང་ཞགས་པ་པདྨ་གཡོན། །གཞོན་ནུ་མཛེས་པའི་རྒྱན་དང་ལྡན། །ཁ་དོག་ལྔ་ལྡན་འོད་ཀྱི་དབུས། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་ལ། །ཐུགས་ཀར་ཤེས་རབ་འཁོར་ལོའི་དབུས། །ཉི་མའི་སྟེང་ན་རལ་གྲི་ཨ ་ཡིས་མཚན། །འཁོར་ལོའི་རྩིབས་ལ་གསང་སྔགས་དགོད། །ཡང་ན་གནས་བཞིར་འཁོར་ལོ་བསམ། །དེ་ལྟར་བསམ་གཏན་ཏིང་འཛིན་དབེན། །དེ་ཡང་རྒྱུད་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད ་རྫོགས་པའི་སངས་རྒྱས་ཨ་ལས་བྱུང། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་སྤོས། །ལག་པ་བརྒྱ་པོ་ཀུན་སྐྱོད་ཅིང། །ཤེས་རབ་རལ་གྲི་མངའ་གཞུ་ཐོགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། ། ་རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག་།དཔལ་ལྡན་པདྨ་གར་གྱི་བདག་།འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་།ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང། །ཉི་མ་འཆར ་ཁའི་དཀྱིལ་ལྟར་མཛེས། །གསང་སྔགས་ཆེན་པོ་རིགས་གསུམ་པ་ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་དེའི་ཐུགས་ཀ་རུ། །ོཾ་ལས་གྱུར་བའི་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་བའི་རང་བཞིན་ལ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །དང་པོ་རལ་གྲི་པོ་ཏ་འོན།? ་ཐ་མ་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །སངས་རྒྱས་དེ་ཡི་ཐུགས་ཀ་རུ། །ཡེ་ཤེས་སེམས་དཔའ་མཚོན་གང་བ། །སྐུ་མདོག་དམར་སེར་གསེར་མདོག་ལ། །ཤེས་རབ་རལ་གྲི་མདའ་གཞུ་བསྣམས། །སངས་རྒྱས་དེའི་མདུན་ཉིད་དུ། །པདྨའི་གདན་ལ་ཤཱ་གཟུང་བསྒོམ། །?? ་ཕོ་བྲང་པདྨ་འདབ་བརྒྱད་ལ། །ཤར་དུ་ཧཱུཾ་ལས་གྱུར་པའི་རྡོ་མི་བསྐྱོད་པ། སྐུ་མདོག་སྔོ་སྐྱའི་རང་བཞིན་ལ། །དང་པོ་གཉིས་ནི་པོ་ཏི་རལ་གྲི་བསྣམས། །ཐ་མ་གསང་བ་ས་གནོན་ལ། །གཡོན་པ་མཉམ་གཞག་རྡོ་རྗེ་བསྣམས། །ལྷོ་རུ་ཏྲཾ་ལས་རིན་ཆེན་འགྱུར་ལྡན་ནི། །སེར ་དོག?་ཞལ་གཅིག་ཕྱག་བཞི་པ། །གཡས་གཡོན་ཀུན་གྱི་དང་པོ་འདྲེ། །ཐ་མ་མཆོག་སྦྱིན་རིན་པོ་ཆེ། །ནུབ་ཏུ་ཧྲཱི(རྒྱུད་འགྲེལ་གྲུབ་པ་ནི། །ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ། །ཁུ་ཚུར་ཕྱག་ན་རྒྱ་གྲམ་བསྣམས། །ཀུན་ལ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ། །གནས་གསུམ་འབྲུ་གསུམ་བྱིན་གྱིས་བརླབ། །ཞབས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད ་ལ། །ཱ་ལི་ཡོངས་སུ་གྱུར་པ་ལས། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཡབ་ཀྱི་ཐུགས་ཀ་ཨ་ཡི་འཕྲོ་འདུ་ལས། ཨི་ཨཱ་ཨུ་ཨའུ། ཨེ་ཨི་ཨོ་ཨཽ་འཕྲོས། །དབྱངས་ཡིག་འོད་དུ་ཞུ་བ་ལས། །ཆོས་འཁོར་རིམ་བཞིན་བསྐོར་བར་བྱ། །ཀུན་ཏུ་བཟང་པོ་ནམ་མཁའ་ཨི ་སྙིང་པོ་དང། །འཇམ་དཔལ་ས་ཡི་སྙིང་པོ་དང། །སྤྱན་རས་གཟིགས་དང་སྒྲིབ་པ་སེལ། །ཕྱག་ན་རྡོ་རྗེ་བྱམས་པའོ། །འཁོར་ལོ་པི་ཝཾ་ཨུཏཔ་ལ། །དུད་ཕོར་པདྨ་རིན་ཆེན་དང། །མྱུ་གུ་རྡོ་རྗེ་བུམ་པའོ། །གཡོན་པ་ཐམས་ཅད་མཆོག་སྦྱིན་ནོ། །རིན་ཆེན་ཕྲེང་བའི ་རྒྱན་གྱིས་བརྒྱན། །གདན་ལ་བཞུགས་ཤིང་འགྱིང་པའི་ཚུལ། །རྒྱུད་ལས་གསང་སྔགས་ཚུལ་ཆེན་ལས་བྱུང་བ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྣམ་ཤེས་བརྒྱད་པོ་རྟོགས་པ་འཆང། །ཁ་དོག་སྣ་ཚོགས་འབར་བའི ་འོད། །དཔལ་ལྡན་བློ་དང་སྒེག་པར་ལྡན་ཞེས་གསུངས་སོ། །ཕྱོགས་ཀྱི་སྒོ་བཞིར་བསྒོམ་པ་ནི། །གཙོ་བོའི་ཐུགས་ཀའི་འཕྲོ་འདུ་ལས། །ཛ(རྒྱུད་འགྲེལ་སྐུ་མདོག་རང་རང་ཕྱོགས་དང་མཐུན། །རྒྱུད་ལས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །འཛིན་པ་ཆེན་པོ་རྡོ་རྗེའི་ཞགས། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །ཞེས་གསུངས་སོ། །དེ་ནས་ཐུགས་ཀའི་ས་བོན་ཨ་ལས་འོད་འཕྲོས་ཡེ་ཤེས་འཁོར་ལོ་དགུག་གཞུག་ཕྱ། ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ། ཨཱ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙི་ཏྟཱ་བྷི་ཥི་ཉྩ་ཧཱུཾ་ཏྲཾ་ཧྲི་ཧཾ་ཨོཾ། ཞེས་དབང་བསྐུར་བར་བྱ། རྒྱུད་ལས། སངས་རྒྱས་བྱང་ཆུབ་བླ་ན་མེད། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན་ཞེས་གསུངས། །དེ་ནས་སྙིང་པོ་བཟླས་པ་བྱ། །ཐུགས ་ཀ་ཤེས་རབ་འཁོར་ལོ་ལ། །དེ་དབུས་ལྟེ་བའི་འཁོར་ལོ་ལ། །སྔགས་འཕྲེང་མེ་ཏོག་དཀྱུས་པ་ལྟར། །དེ་ལ་དམིགས་ཏེ་བཟླས་པར་བྱ། །ོཾ་བཱ་གཱི་ཤྭ་རི་མུཾ། ཨོཾ་བཛྲ་ཏི་ཀྵ་དུ(རྒྱུད་འགྲེལ་ཨཱ་སརྦཱ་ཏཱ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི་བྷ་ག་བཱ་ན། ཛྙཱ་ན་མཱུ་རྟི། བཱ་གི་ཤྭ་ར། མ་ཧཱ་པཱ་ཙ། སརྦ་དྷ་རྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུ་དྷ། དྷ་རྨལ་དྷཱ་ཏུ་ཛྙཱ་ན་ག་རྦྷ་ཨ:། དེ་ཡང་རྒྱུད་ལས། འོད་བཟངས་འབར་བ་དཔལ་གྱི་བེའུ། །འོད་ཆེན་རྣམ་པར་སྣང་བར ་བྱེད། །གཟི་བརྗིད་ཕྲེང་བ་བལྟ་ན་སྡུག་།གསང་སྔགས་ཆེན་པོ་རིགས་གསུམ་པ། །ཞེས་གསུངས་པས་སོ། །དེ་ནས་མཆོད་པ་རྒྱས་པ་དབུལ། ཨ་ཨཱ་ས་རྦཱ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་པ་ཎ་ས་མ་ཡེ་ཧཱུཾ། པུཥཔཾ། ཨཱ་ལོ་ཀེ། གན་དྷེ། ནཻ་བི་ཏྱེ། ཤབདེ། ་རྒྱུད་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ལ་སོགས་པ་དུག་ལྔ་རང་གྲོལ་གྱི་མཆོད་པའོ། །ོཾ་བཛྲ་གཱཾ་ཏི་ཧཱུཾ། ཨོཾ་བཛྲ་ནརེ་ཏྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་ལཱ་སྱེ་ཧྲི། དེ་ཡང་རྒྱུད་ལས། མཆོད་ཅིང་བརྗོད་པ་དང་གྲོ?་ཆེ ་ཞེས་གསུངས་སོ། །དེ་ནས་མཆོད་འོས་བསྟོང་འོས་ཕྱག་གི་གནས། །ཞེས་པས་བསྟོང་ངེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །གདོང་ལྔ་ཟུར་ཕུང་ལྔ་དང་ལྡན། །ལག་པ་བརྒྱ་པོས་ཀུན་བསྐྱོད་ཅིང། །སྤྲུལ་པའི་འཁོར་ལོ་སྣ་ཚོགས ་འཆང། །གོམས་པའི་སྟབས་ཀྱིས་བར་བྱེད་པ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །རྣམ་སྣང་གཙོ་ལ་ཕྱག་འཚལ་འདུད། །རིགས་ལྔ་ལ་འདུད་ཀྱི་བསྟོད་པ་བྱའོ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་།འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི ་ཡང་དག་བརྗོད་པ་མཆོག་།འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་གསལ་ཞིང། །འཇིག་རྟེན་གསུམ་གྱི་མུན་སེལ་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །ཉིད་ཀྱི་འདབ་བཟངས་ཚོགས་ཀྱིས་ནི། ། ་ཟླ་བ་རྒྱས་པ་ཟིལ་གནོན་ཅིང། །རིག་པ་རྣམ་པར་གསལ་བསྒྱུར་ལ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །མ་བགྱིས་ཟུར་ཕུང་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་ཞིང། །ཉིད་ནི་ཀུན་ཏུ་དགའ་བའི་སྐུ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། ། ་བདུད་རྩི་འདྲ་ཞིང་འཇམ་ལ་ཟབ། །ཡིད་དང་གསུང་གི་སྒྲ་སྒྲོགས་པ། །དམ་པ་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །གངས་ཀྱི་ཆུ་ལྟར་གདངས་གསལ་བ། །འཇིག་རྟེན་ཁམས་ན་རྣམ་པར་བཞུགས། །ཉོན་མོངས་དྲི་མ་རབ་སྤངས་པ། །འཇམ ་དཔལ་དེ་ལ་ཕྱག་འཚལ་འདུད། །མཆེ་བ་གཙིགས་དང་བསྒྱིངས་པ་ཡིས། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །ཡ་མའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུང། །རང་གི་སྤྱན་དང་མདངས་འདྲ་བ། །ུ་ཏཔལ་སྔོན་པོ་རབ་མཛེས་པ། ། ་ཤེས་རབ་རལ་གྲི་མདའ་གཞུ་འཛིན། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེར་བསྟོང་པ་རབ་བསྟོད་པ། །འགྲོ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་རིལ་ཕྱག་འཚལ ་འདུད། །དེ་ནས་སེམས་དཔའ་བརྒྱད་ལ་བསྟོད། །མཁས་པ་ཆེན་པོ་ཐབས་ཆེ་བ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཀུན་ཏུ་བཟང་པོ་ཁྱོད་ལ་འདུད། །རྫུ་འཕྲུལ་ཆེན་པོ་སྟོབས་ཆེན་ལྡན། །ནམ་མཁའ་ཨི་བདག་པོ་སྣ ་ཚོགས་སྟོན། །ནམ་མཁའ་ལས་བྱུང་རང་བྱུང་བ། །ནམ་མཁའ་ཨི་སྙིང་པོ་ཁྱོད་ལ་འདུད། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །འཇམ་དཔལ་ཤེས་རབ་ཁྱོད་ལ་འདུད། །རྫུ་འཕྲུལ་ཆེན་པོ་ཆི་རེ? ་གྲགས་པ། །རྫུ་འཕྲུལ་རྐང་པའི་སྟོབས་དང་ལྡན། །ས་ཡི་སྙིང་པོ་འགྲོ་བ་འཛིན། །ས་ཡི་སྙིང་པོ་ཁྱོད་ལ་འདུད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག་།སྙིང་རྗེ་ཆེ་དང་ཤེས་རབ་དང། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྱན་རས་གཟིགས་དབང་ཁྱོད་ལ་འདུད། ། ་ཤུགས་ཆེན་འགྱོགས་པ་ཆེན་པོ་སྟེ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ། །སྒྲིབ་པ་སེལ་བ་ཁྱོད་ལ་འདུད། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ ་སྟེ། །ཕྱག་ན་རྡོ་རྗེ་ཁྱོད་ལ་འདུད། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །བྱམས་པའི་གོ་ཆ་ཆས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་བྱམས་པ་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆ། །འཛིན་པ་ཆེན་པོ་རྡོ་རྗེ ་ཞགས། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །ཡེ་ཤེས་སྒོ་མ་ཁྱེད་ལ་འདུད། །རྡོ་རྗེ་ས་ཏྭ་ས་ཏྭ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །རྡོ་རྗེ་རྒྱལ་པོ་སངས་རྒྱས ་མཆོག་།རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་སངས་རྒྱས་མཆོག་།ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལའོ། །རྡོ་རྗེ་ཆགས་པ་བདེ་བ་ཆེ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལའོ། །རྡོ་རྗེ་ལེགས ་བདེ་བ་ཆེ། །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་བ་བུད་དྷ་མཆོག་།ཕྱག་འཚལ་རྡོ་རྗེ་དགྱེས་པ་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའ་ཨི་སྙིང་པོ་རྡོ་རྗེ་ཕྱུག་།ཕྱག་འཚལ་རྡོ་རྗེ་རིན་ཆེན་ལའོ། །རྡོ་རྗེ་གཟི་བརྗིད་ཆེར་འབར ་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོང་ཁྱོད་ལའོ། །རྡོ་རྗེ་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཆེན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་ཏོག་།ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལའོ། །རྡོ་རྗེ་བཞད་པ་བཞད་པ་ཆེ། ་རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལའོ། །རྡོ་རྗེ་ཆོས་རབ་དེ་བཞིན་དོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །རྡོ་རྗེ་དབང་རབ་རྡོ་རྗེའི་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལའོ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ ་རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་སས་ལའོ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །དཔང་སྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལའོ། །རྡོ་རྗེ་གསུང་བ་རང་རིག་མཆོག་། ་རྡོ་རྗེ་བཟླས་པ་རང་འགྲུབ་ཕྱིར། །མི་གསུང་རྡོ་རྗེ་མཆོག་བསྒྲུབས་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལའོ། །རྡོ་རྗེ་ལས་རབ་རྡོ་རྗེ་བཀའ་། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་རྒྱ་གྲམ་ལའོ། །རྡོ་རྗེ་སྐུ་ནི་བརྟན་པ་ཆེ། ་རྡོ་རྗེ་གོ་ཆ་སྲ་བ་སྟེ། །བརྩོན་འགྲུས་མཆོག་སྟེ་དཀའ་ཐུབ་ཆེ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལའོ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་གཙིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལའོ། །རྡོ་རྗེ་མཚམས་སྦྱོང? ་རབ་ཏུ་འདུད། །རྡོ་རྗེ་བཅིངས་པ་རབ་གྲོལ་ཅིང། །ཕྱག་འཚལ་རྡོ་རྗེ་གཉིས་མེད་ལའོ། །ལྷག་ཅད་ཡི་གེ་བརྒྱ་བས་བཤགས། ། ཏི་གཙྪ་མུ་བཤགས། །བདག་གི་དགེ་བའི་རྩ་བ་འདས། །འགྲོ་ཕམ?་ལུས་འདྲེན་པར་ཤོར། ། ་འཇམ་དཔལ་གྱི་སྒྲུབ་ཐབས་ཞི་བ་འོད་ཀྱི་རིམ་པ་ཞེས་བྱ་བརྫོགས་སོ།། །།སྡོམ་པ་བཟང་པོའི་ཐུགས་དམ། ལོ་ཙཱ་བ་ད་མྲ་བྷིས་བསྒྱུར་བའོ།། །།འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་བཞུགས་སོ།། ། ་