CLOSE WINDOW

N1748: 'jam dpal ye shes sems dpa'i yid 'jug pa'i bsam gtan gyi 'khor lo zhes bya ba
Wyliee-texts based on the ACIP/ALL Input

ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་སཱ་མཱ་ཏི་ཙ་ཀྲ་མཱ་ནཱ་བ་ཏཱ་ར་ནཱ་མ། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་ཡིད་འཇུག་པའི་བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ། འཇམ ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་ལྟར་དཀར་ལ་དྲི་མ་མེད་པའི་སྐུ། །རབ་ཏུ་སྐུ་མཛེས་གཞོན་ནུར་བཞུགས་ཤིང་ཡིད་དང་གནས། །ཡེ་ཤེས་སེམས་དཔའ་སངས་རྒྱས་ཀུན་གྱི་རང་བཞིན་ནི། །ཐུགས ་ཀར་བཞུགས་ཤིང་ཉི་མ་སྟོང་ལྡན་འཁོར་ལོ་འཁྲུག་།སེམས་ཅན་ཁུར་ཁྱེར་གླང་པོ་དེ་ལ་ཕྱག་འཚལ་ཏེ། །རྒྱུད་ཀྱི་གསང་སྔགས་འཁོར་ལོ་ཡིད་འཇུག་པ། །གློག་གི་ཕྲེང་བ་ལྟ་བུས་བདུང་ཚོགས་ཟིལ་གནོན་ཅང། །བགེགས་དང་ལོར་པར? ་འདེན་པ་ཚང་གཅོད་མཚོན་ཆ་ཆེ། །རིགས་ལྔའི་དཔའ་པོའི་འཁྲུལ་འཁོར་བྲི་བར་བྱ། །དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་རྣལ་འབྱོར་བས། གནས་ཁང་ཡིད་དུ་འོང་ཞིང་དབེན་ལ་བཀྲ་ཤིས་པ་བལྟས་ཏེ། སངས་རྒྱས་གངྒཱ་ཀླུང་ག་བྱེ་མ ་དང་མཉམ་པ་ལ་མཆོད་བསྟོད་དེ། སྔགས་ཀྱི་ཕྲེང་བ་ལན་བདུན་དུ་བརྗོད་པས། སངས་རྒྱས་གི་གཱ་ཀླུང་གི་བྱེ་མ་དང་མཉམ་པ་ས་བོན་ལ་བསྡུས་པས། འོག་ནས་འབྱུང་བ་དང་མཐུན་པའི་སྐུར་གྱུར་ཏེ། སྔགས་ཀྱི་ཕྲེང་བ་འདི་མགལ་མེའི་འཁོར་ལོ་ལྟ་བུར ་སྟོང?་ཕྲག་བཅུའི་བཟླས་པར་བྱའོ། །ོཾ་སརྦ་དྷ་རྨཱ་དྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུ། ཨ་ཨ་ཨཾ་ཨ(རྒྱུད་འགྲེལ་ཨོཾ་ཧཱུཾ་ཧྲཱི་བྷ་ག་བཱ་ན། ཛྙ་ན་མཱུ་རྟི། བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙེ། སརྦ་དྷ་རྨ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷ་རྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱ(རྒྱུད་འགྲེལ་ནས་དཀྱིལ་དུ་མེ་ཏོག་སྔོན་པོ་དྲི་ཞིམ་པ་སྤུངས་ཏེ། ཨོཾ་སརྦ་དྷརྨཱ་བྷ་ག་སྭ་བྷཱ་བ་བི་ཤུ་དྡྷ་དྷ་རྨ་དྷཱ་ཏུ་ཛྙཱ་ན་ག་རྦྷ་ཨཱ(རྒྱུད་འགྲེལ་ལྡན་པས་ལྷོའི་ངོས་སུ་སྤུངས་ཏེ། ཨོཾ་ཙཀྵུ་ཨ་ཨ་ཨཾ་ཨ་པྲ་ཀྲི་ཏཾབ་རི་ཤུདྡྷ། དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ(རྒྱུད་འགྲེལ་པ་ཤར་གྱི་ངོས་སུ་སྤུངས་ཏེ། ཨོཾ་སརྦ་དྷརྨཱ་མེ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། དྷརྨ་དྷཱ་ཏུ་ཛྙཱ་ན་སརྦ་ཨ(རྒྱུད་འགྲེལ་པ་ནུབ་ཀྱི་ཕྱོགས་སུ་སྤུངས་ཏེ། ཨོཾ་མཉྫུ་ཤྲཱི་ཤུ་དྡྷི་ཏ་མུ་པ་ཏ་ཡེ། དྷ་རྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ(རྒྱུད་འགྲེལ་ལྗང་སེར་དྲི་ཞིམ་པ་བྱང་གི་ངོས་སུ་སྤུངས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། དྷ་རྨ་དྷཱ་ཏུ་ཛྙཱ་ན་ག་རྦྷ་ཨ(རྒྱུད་འགྲེལ་ཀྱང་ཞལ་གསུམ་པ་ཕྱག་བཞི་པ་ཁྲོ་ཞིང་ཅུང་ཟད་ཞི་བ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པའི། །དང་པོ་ནི་སྔོ་བ་དང་དཀར་བ་དང་དམར་བའི་ཞལ་ཅན། རལ་གྲི་དང། རྡོ་རྗེ་དང། པོ་ཏི་དང། དྲིལ་བུ་འཛིན་པའོ། །གཉིས་པ་ནི་དཀར་བ་དང། སྔོ་བ་དང། ་དམར་པའི་ཞལ་ཅན། རལ་གྲི་དང། པོ་ཏི་དང། འཁོར་ལོ་དང། དྲིལ་བུ་འཛིན་པའི། །གསུམ་པ་ནི་མེར་བ་དང་སྔོ་བ་དང། དཀར་བའི་ཞལ་ཅན། རལ་གྲི་དང། པོ་ཏི་དང། རིན་པོ་ཆེ་དང། དྲིལ་བུ་འཛིན་པའོ། །བཞི་པ་ནི་དམར་བ་དང། ་སྟོ་བ་དང། དཀར་བའི་ཞལ་ཅན། རལ་གྲི་དང། པོ་ཏི་དང། པདྨ་དང། དྲིལ་བུ་འཛིན་པའོ། །ལྔ་པ་ནི་ལྗང་ཁུ་དང། སྔོ་བ་དང། དཀར་བའི་ཞལ་ཅན། རལ་གྲི་དང། པོ་ཏི་དང། སྣ་ཚོགས་རྡོ་རྗེ་དང། དྲིལ་བུ་འཛིན་པའོ། །ཡུམ་རྣམས་ནི་ཞལ ་གཅིག་ཕྱག་གཉིས་པ། གཅེར་བུ་སྐྲ་གྲོལ་ཞིང་གཡོན་ནས་གཡས་སུ་འཁྱུད་པ་རྡོ་རྗེའི་དྲིལ་བུ་དང་ལྡན་པའོ། །དེ་དག་ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་རྒྱན་པ་ལ་བཞུགས་པ་སྟེ། རྣམ་པར་སྣང་མཛད་ནི་ཟླ་བའི ་དཀྱིལ་འཁོར་ལའོ། །དེ་ནས་རབ་ཏུ་གནས་པ་དང། དབང་བསྐུར་པ་དང། བྱིན་གྱིས་བརླབ་པ་དང། རྒྱས་གདབ་པ་དག་གིས་ཡོངས་སུ་རྫོགས་པར་བྱས་ནས། མཆོད་ཅིང་མཚན་ཡོང་དག་པར་བརྗོད་པའི་བསྟོད་པ་བརྒྱ་ཕྲག་བཅུའི་བར་དུ ་བྱས་ཏེ། དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་ཕོ་བྲང་དུ་ཞུགས་པ་ནི་ཐུན་མཚམས་ཀྱི་ངེ་ཉིད་དེ་ཉེ་བར་བསྙེན་པའི་ཆོ་གའོ། །དེ་ནས་སྲུང་བའི་འཁོར་ལོ་ཡོངས་སུ་རྫོགས་པའི་ནང་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་གསུམ ་ཕྱག་བཞི་པའི་རྣལ་འབྱོར་ལ་གནས་ཏེ། ཆོ་ག་རྫོགས་པ་དང། ནམ་མཁའ་ཨི་བདག་པོ་འཁོར་ལོ་དང་བཅས་པའི་སྙིང་ཁར་བཞག་སྟེ། རིགས་ཀྱི་བསྙེན་པ་ཡེ་ཤེས་སེམས་དཔའ་ཨི་ཡང་ཕོ་བྲང་དུ་ཇི་སྲིད་སྤྲོའི་བར་དུ་བླངས་ཤིང་གོ་རིམས་ཀྱིས་ཁྲི་ཕྲག་རེ་རེ ་ཆང་དུ་བྱའོ། །ཐུན་ཆེམ་སུ་ནི་སྔར་དང་མཐུན་པའི་མཚན་ཉིད་ཀྱི་བསྟོད་པ་དག་ཀྱང་བྱས་ཏེ། དེ་དག་ནི་སྒྲུབ་པའོ། །དེ་ནས་ནམ་མཁའ་ཨི་ཕོ་བྲང་ཅི་འབྱོར་བའི་མཆོད་བས་མཉེས་པར་བྱ་སྟེ། ཚོགས་ཀྱི་འཁྲོ་ལོའི་མཆོད་པ་ཆེན་པོ་ཡང་བྱས་ལ། མཚན ་གྱི་བསྟོང་པ་བྱས་ཏེ། སངས་རྒྱས་གོ་གཱ་ཀླུང་གི་བྱེ་མ་དང་མཉམ་པ་ལ་བདག་ཉིད་ཀྱི་ཐབས་དང་ཤེས་རབ་ཡན་ལག་མཆོག་གི་དབུས་སུ། ཨ་ཐུང་དུ་ལམ་ལུས་པར་རྫོགས་པར་བསྟིམ་ནས། འདོད་པའི་དོན་ཆེན་པོ་ལ་རོལ་ནས་བདེ་བའི་ཡེ་ཤེས་ཟད་མི་ཤེས་པའི ་པར་རིག་ལ་སྐད་ཅིག་དེ་ཉིད་ལ་རྒྱུན་མི་འཆད་པར་འགྱུར་བ་ནི། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་།རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། སངས་རྒྱས་ཀུན་གྱི་ཊུར་ལག་ནས། །སངས་རྒྱས? ་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། ། ་དཔལ་ལྡན་སངས་རྒྱས་པར་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང། །ཆེ་བའི་སངས་རྒྱས་རིག་སྔགས་རྒྱལ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག་།ཅེས་བྱ་བ་ནི་ངེའི་བར་དུ་བྱེད་པའ?། །རབ ་ཏུ་གནས་པ་ཡང་འདི་ཉིད་ཀྱིས་བྱ་སྟེ། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གིས་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག་།ཕྱག་བྱར་འོས་པ་བླ? ་མའི་རབ་ཅེས་བྱའོ། །སྲུང་བའི་འཁོར་ལོ་ནི་རས་དཀར་པའམ་ཏ་ལའི་ལོ་མ་ལ་དྲི་ཞིམ་པ་སྣ་ཚོགས་ཀྱིས་བྱུགས་ཏེ། གུར་ཀུམ་གྱིས་འཁོར་ལོ་རྩིབས་བཞི་བ་མུ་ཁྱུད་དང་ལྡན་པ་བྲིས་ལ། ཨོཾ་བཱ་གཱི་ཤྭ་རི་མུཾ་ན་མ་སྭཱ་ཧཱ། དཀྱིལ་དུའོ། ། ཨཱ། ་ཨི་ཨའི། ཨུ་ཨའུ། ཨེ་ཨི། ཨོ་ཨཽ། ཨི་ཨ(རྒྱུད་འགྲེལ་སྭཱཧཱ། ལྟེ་བའི་མུ་ཁྱུད་ལའོ། །རིགས་ཀྱི་དང་པོ་ནི་ལྟེ་བའི་ཁོར་ཡུག་ཏུའོ། །གཞན་རྣམས་ནི་འཁོར་ལོ་ལའོ། །དྲེ་ངེ་སྔགས་ནི་ཕྱིའི་ཡུ་ཁྱུད་ལའོ། །དེ་ལ་སྔར་བཞིན་བསྐྱེད་དེ། ཆོག་རྫོགས་པར་བྱས་ནས། འཁོར་ལོར་གྱུར་བདེ་སྤྱི་གཙུག་ཏུ་བཏགས་ན། ་དུས་སུ་འཆི་བའང་ཟློག་པར་འགྱུར་ཏེ། གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ནི་སྒྲུབ་པ་ཆེན་པོའོ། །བསོད་ནམས་ཡོངས་རྫོགས་ཡེ་ཤེས་ཟླ་བཞིན་འཕེལ། །དཀྲ་ཤིས་ཕུན་ཚོགས་བསྟན་པ་ཡུན་རིང་རྒྱུ། །བདུད་དགྲ་ཕམ་པར་བྱེད་པའི་སྒྲུབ ་ཐབས་འདིས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་ཞབས་གྲུབ་ཤོག་།བདག་ནི་བློ་དམན་རབ་འབྱེད་རྒྱུད་ལ་རྨོངས། །དམ་པ་སྙན་བརྒྱུད་ལ་བརྟན་ཚིག་འགའ་ཞིག་།བྲིས་པ་འདི་ལ་བློ་བཟང་དང་གྱུར་ན། །རང་གི་བུ་བཞིན་ཁྱེད་ཀྱིས་བཟོད་པ་མཛོད། ། ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་ཡིད་འཇུག་པའི། །བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱི་རྟིས་རང་འགྱུར་དུ ་མཛད་པའོ།། །།རྒྱ་གར་སྐད་དུ། ཏི་ལ་ཀ་སིདྡྷི། བོད་སྐད་དུ། ཐིག་ལེ་གྲུབ་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་བློ་དྲི་མའི་རྒྱུན་འཛག་གང། །ངེས་པར་བྱེད་པའི་ཐིག་ལེ་རིམ། གང་གིས ་