CLOSE WINDOW

N1747: sangs rgyas kyi byang chub bsam gtan dug sel bar byed pa'i mar me zhes bya ba
Wyliee-texts based on the ACIP/ALL Input

རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙ་ཤྲི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། ས་མཱ་ཏི་བུ་དྷཱི་བི་ཥ་གཱ་ཏ་བོ་དྷི་དཱི་པཾ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་བྱང་ཆུབ་བསམ་གཏན་དུག་སེལ་བར་བྱེད་པའི་མང་མེ ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་དམ་པའི་ཞབས་ཀྱི་པདམོ་ལ། །ཡུན་རིངས་བཏུད་པའི་མཐུ་ནི་གཟི་བརྗིད་ལྡན། །གང་ཞིག་རྒྱུད་ལ་བཅན་ཐབས་འཇུག་བྱེད་པ། །ཤེས་དྲས?་མིག་དང ་མི་ལྡན་ཉམ་ངར་རྒྱུག་།གདུང་བ་གཅོད་བྱེད་རྒྱུ་ནི་སེམས་དཔའ་ཨི་ཤེས་རབ་སྟེ། །ཐམས་ཅད་ཐེག་ཆེན་ལམ་དུ་འཇུག་པའི་རིགས། །རབ་ཏུ་བྱེད་པའི་ལམ་དུ་མ་ཞུགས་པའི། །བསམ་གཏན་པ་ནི་ནགས་ཀླུང་བུང་བ་བཞིན། །རིག་པའི་གནས་ལྔ་རྒལ་ཏེ་ཆར ་གཅོད་གང། ། གཞུང་ལུགས་མི་ལྡན་པས་ནི་དོན་མ་རྙེད། །ཚོགས་རྒྱས་པ་ཡིས་རབ་ཏུ་ང་རྒྱལ་བ། །རྒྱལ་བའི་སྒྲོ་བ་བཞིན་དུ་བདེ་བླག་བྲལ། །ཡེ་ཤེས་དྲུག་གི་ཡུལ་ལ་མ་ཞུགས་ན། །ཡིད་ནི་ངང་ཚུལ་ངན་པས་རྒྱ་ཆེར་མིན། །རྟོགས་དང་ཉམས་སུ ་མྱོང་བའི་མཛའ་བྲལ་བས། །བརྟན་དང་གོམས་པ་མ་རྙད་ཏ་ལ་འདྲ། །ཆོས་རྣམས་རྣམ་པར་དག་པའི་ཡེ་ཤེས་ནི། །གསེར་ལ་རྩིས་བསྒྱུར་རྒྱན་དུ་བྱས་པ་བཞིན། །གང་ཞིག་འབྲེལ་མེད་ཏིང་འཛིན་གང་བསྒོམ་པ། །ཐམས་ཅད་མཁྱེན་པར་མི ་རུང་སངས་རྒྱས་མིན། །བསྐྱེད་པའི་རིམ་ལ་གནས་ན་རྫོགས་རིམ་མཆོག་།དེ་ཡང་སྙིང་པོ་སྦྱངས་ནས་གཅིག་འགྱུར་བ། །རྣམ་པའི་མཆོག་དང་ལྡན་པའི་བདེ་ཆེན་དེ། །ཡིད་བཞིན་ནོར་བུ་གཙུག་ཏུ་བཏགས་པ་བཞིན། །བསྐྱེད་པའི་རིམ་པ ་གཅེས་སྤྲས་མཛོད་འཛིན་ན། །ལྷ་ཡི་བག་ཆགས་ཉིད་ཀྱིས་གྲོལ་མི་འགྱུར། །དེ་བཞིན་ནང་དང་ཟབ་མོའང་དེ་ཡིན་ཏེ། །གླང་ཆེན་མིག་སྲུང་ཟུག་རྡུར་གྱུར་པ་བཞིན། །ལྡོག་པ་གཅོད་ལ་ཆོས་རྣམས་བརྒྱད་ཁྲིར་བདེན། །དེ་ཕྱིར་རིགས་དང་ཡེ་ཤེས་བདེ་གཤེགས ་གསུང། །རང་བཞིན་ཤེས་ན་གར་ཡང་བདེ་བ་མེད། །མི་བདེན་མེད་ཕྱིན་ཀུན་མཁྱེན་ཚིག་གིས་དབུལ། །དེ་ལྟར་བྱ་བའི་རིམ་པ་ཞེས་པ་ནི། །ཀ་ཤི་ལྔ་རྣམས་མུ་ཏིག་རྙེད་པ་བཞིན། །སངས་རྒྱས་ཐམས་ཅད་བདེ་བ་ཆེ་ལ་གནས། །གོ་ཅིག་འདྲེས་ཤིང་འདུས་པས ་མཉམ་པ་ཉིད། །གཅིག་ལ་བསྟོད་པས་ཐམས་ཅད་བསྟོད་འགྱུར་བ། །ཡེ་ཤེས་སེམས་དཔའ་བརྗོད་པ་ཐུགས་མཐུན་ཡིན། །འཁོར་དང་མྱང་འདས་ཆོས་སུ་ཅི་སྣང་དང། །སྣ་ཚོགས་འབྲུ་དང་སྣ་ཚོགས་བྱེད་པ་དང། །སོ་སོའི་རྒྱུད་ལ་བདེན་པར་སྣང་མོད་ཀྱང། །བསོ ་ཤེས་སེམས་དཔའ་ཨི་སྤྲུལ་པ་ནོར་བུ་བཞིན། །འོན་ཀྱང་ཀུན་རྫོབ་ཙམ་དུ་ཐམས་ཅད་ཡོང། །གསུང་དག་པ་ལ་བརྟེན་ནས་འཕགས་པ་མཐོང། །ཡིད་འོང་དེ་ནི་དགེ་བའི་ལས་ལས་བྱུང། །སྡུག་བསྔལ་མི་སྟེན་ཕྱིར་ན་སྤང་པར་བྱ། ། ་དེ་ཕྱིར་གསང་སྔགས་རྟེན་འབྲེལ་འབྱུང་བ་ཞི་མན་ངག་རྒྱ་མཚོའི་གནས་ནི་རིན་ཆེན་བརྒྱུད། །འདི་ལས་འབྱུང་བཞིན་རྣལ་འབྱོར་པ་རྣམས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་རིམ་པར་བགྲོད། །མ་རིག་དང་བཅས་ཤེས་པ་འདི་ཡིས་ནི། །གོ་བར་མི་རིགས་ཞེན་པའི ་མཐུ་ལས་བྱུང། །མི་གནས་སྙིང་པོ་རྒྱུད་ལས་སྐྱེས་པས་ན། །འཁྲུལ་བར་མི་རིགས་གདོད་མའི་མཐུ་ལས་བྱུང། །རང་བཞིན་རྟག་ཅིང་མི་འགྱུར་རྟག་པ་ཉིད། །དྲི་ལྡན་དོ་ཤེས་རང་རིག་རྒྱུད་ལས་བྱུང། །རང་བཞིན་རྒྱུད་ལ་ཇི་ལྟར་ཡང་གནས་པ། །བསཾ ་པར་མི་ནུས་ཨེ་མ་ངོ་མཚར་ཆེ། །སངས་རྒྱས་ཀྱི་བྱང་ཆུབ་བསམ་གཏན་གྱི་དུག་སེལ་བའི་མར་མེ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན། ། ་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་སཱ་མཱ་ཏི་ཙ་ཀྲ་མཱ་ནཱ་བ་ཏཱ་ར་ནཱ་མ། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་ཡིད་འཇུག་པའི་བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ། འཇམ ་