CLOSE WINDOW

N1743: 'phags pa 'jam dpal ye shes sems dpa'i mngon par rtogs pa
Wyliee-texts based on the ACIP/ALL Input

རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱི་རྟིས་རང་འགྱུར་དུ་མཛད་པའོ།། །།འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་མངོན་རྟོགས་དང། འཇམ་དཔལ་ཡེ་ཤེས ་སེམས་དཔའ་ཨི་རིན་པོ་ཆེའི་ཕྱག་རྒྱ་དྲི་མ་མེད་པའི་ཆོ་ག་གཉིས་མེད་རྡོ་རྗེས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། ཨཱ་རྱ་ཛྙཱ་ན་སཏྭ་མཉྫུ་ཤྲཱི་ནི་པ་ཀ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་མངོན་པར་རྟོགས་པ་ཞེས་བྱ་བ། ་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལེ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། །རྒྱལ་བ་ཀུན་གྱི་ཡབ་གྱུར་ཏེ། །འཁོར་ལོས་སྒྱུར་བཅས་ཐམས་ཅད་ཀྱིས། ། ་རང་གི་རིས་ལ་བསྟོང་བྱས་ཏེ། །བསྐྱེད་པའི་རིམ་པས་རྫོགས་འགྱུར་པའི། །བརྗོད་དང་ངེས་བརྗོད་བཤད་པར་བྱ།། །།ཐོག་མར་བསམ་གཏན་པས་དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་ཅུང་ཞིག་བློ་བདེ་བར་གནས་ཏེ་སེམས་བསྐྱེད་པར་བྱའོ། །དེ་ནས ་རང་གི་སྙིང་གར་ས་བོན་གྱི་ཡེ་གེ་གཟི་བརྗིད་དང་ལྡན་པས་འགྲོ་བ་མ་ལུས་པ་སྦྱངས་ཤིང་དག་པར་ཡིད་ཀྱིས་བལྟས་ཏེ། དབྱངས་ཀྱི་ཡི་གེས་བསྟོད་ལ་རྗེས་སུ་བྱ་བ་གཉིས་ཀྱིས་གཞུག་ཅིང་རྣམ་པར་བསྒོམ་པར་བྱའོ། །དེ་ནས་འཇམ་དཔལ་ཡེ་ཤེས་སེམས ་དཔའ་འགྲོ་བའི་བླ་མ་དང་ལྡན་པ་སྤྱན་དྲངས་ཏེ། འདུང་ཉི་ཤུས་བསྟོད་པར་བྱའོ། །དེ་ནས་སྔགས་ཀྱི་ཕྲེང་བ་ལན་བདུན་དུ་བླངས་ཏེ་མེ་ཏོག་གི་མཆོད་པས་སངས་རྒྱས་ཀྱི་དབང་བསྐུར་བ་མི་ཟད་པ་གནང་བས་བྱིན་གྱིས་བརླབ ་པའི་སེམས་མི་གཡོ་བར་བྱའོ། །དེ་ནས་ཡང་ཨཱ་ལིས་སྦྱངས་ཏེ། འོད་ཟེར་རྣོན་པོ་ཅན་དང་ལྡན་པའི་བསྲུང་བའི་འཁོར་ལོ་བྱའོ། །དེའི་དཀྱིལ་དུ་སྣ་ཚོགས་པའི་པདྨ་ཤེས་རབ་དང་ཐབས་ཡང་དག་པར་འདུས་པའི་བློ་གྲོས་ཆེན་པོ་ཡེ་ཤེས་ཀྱིས་མཚན་པའི་ས ་བོན་ལས་སྔར་གྱི་བདེ་བར་གཤེགས་པ་བླ་མ་དང་ལྡན་པའི་ཚོགས་ཇི་སྙེད་པ་བཅུག་སྟེ། དེ་དག་ལས་སྐྱེས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཞལ་གསུམ་པ་ཕྱག་དྲུག་པ་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་ཅུང་ཞིག་འགྱིང་བ། དཀར་བ་དང་སྔོ་ཞིང་དམར་བ་དང། ་དམར་ཞིང་དཀར་བའི་མདོག་ཅན། ཉི་མ་དང། མདའ་དང། ཨུ་ཏ་པ་ལ་བློ་གྲོས་ཆེན་པོས་མཚན་པ་དང། ཟླ་བ་དང། གཞུ་དང། གཞུ་དང། ཨུ་ཏཔ་ལ་རྩ་བ་དང་ལྡན་པ་ཡེ་ཤེས་ཆེན་པོས་མཚན་པའི་ཕྱག་རྒྱ་ཅན། །ཁྲོ་བ་དན་གཞི་བ་མཉམ་པའི་ཉམས་མདའ་བ། རིན ་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་སྤྲས་པ། ཟླ་བ་རྒྱས་པ་ལྟ་བུ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོ་སྤྱན་དྲངས་ཏེ། ཡང་བསྟོང་ནས། རབ་ཏུ་གནས་པ་དང། ་དབང་བསྐུར་བ་དང། བྱིན་གྱིས་བརླབ་པ་ནི་དེ་ཉིད་ལས་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཡང་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་ཐོབ་ནས། མཚན་ཡང་དག་པར་བརྗོད་པའི་བསྟོད་པ་བྱའོ། །དེ་དག་ནི་བརྗོད་པའོ། །ཡང་སྐད་ཅིག་གིས་འཇམ་དཔལ?་ཡེ ་ཤེས་སེམས་དབང་དམིགས་ཏེ། རང་གི་ས་བོན་ལས་སྤྱན་དྲངས་ནས། ཨ་དང་རེ་བ་ལས་གྱུར་པའི་ཤེས་རབ་དང་ཐབས་འདུས་བྱས་པའི་དབུས་སུ་ཡི་གེ་མུཾ་དམར་སེར་གྱི་འགྲོ་བ་སྦྱངས་ནས། གཅིག་ཏུ་གྱུར་པའི་བཅོམ་ལྡན་འདས་ནམ ་མཁའ་ཨི་ཁམས་སུ་བཞུགས་སུ་གསོལ་ཏེ། སྟེགས་བུ་དྲི་ཞིམ་པ་རིན་པོ་ཆེ་འམ། མེ་ཏོག་གཅལ་བཀྲམ་པའི་སྟེང་དུ་གླེགས་བམ་བཞག་ལ། སརྫ་ར་རྫ་ལ་སོགས་བཀུལ་ཏེ། ལྐོག་མ་སྦྱང་བ་བྱས་ནས། མཆན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ། །དེ་ནས ་